མཁའ་སྤྱོད་ཞིང་མཆོག་བགྲོད་པའི་སྨོན་ལམ་རྡོ་རྗེ་བཙུན་མོའི་བདེན་ཚིག། །ཆགས་རྟོག་དབྱིངས་སུ་ནུབ་པའི་ཕྱོགས་ཀྱི་ཆར་སོགས། ནཱ་རོ་མཁའ་སྤྱོད་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན་གྱི་ཞལ་སྐོང་།

From Khyentse Lineage - A Tsadra Foundation Project
Wylie title mkha' spyod zhing mchog bgrod pa'i smon lam rdo rje btsun mo'i bden tshig/ chags rtog dbyings su nub pa'i phyogs kyi char sogs/ nA ro mkha' spyod bkra shis dge legs mchog sbyin gyi zhal skong DKR-KABUM-23-A-011.pdf
Location dil mgo mkhyen brtse bka' 'bum
Volume 23, Text 11, Pages 273-280 (Folios 1a1 to 4b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Mkha' spyod zhing mchog bgrod pa'i smon lam rdo rje btsun mo'i bden tshig chags rtog dbyings su nub pa'i phyogs kyi char sogs nA ro mkha' spyod bkra shis dge legs mchog sbyin gyi zhal skong. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 273-280. Delhi: Shechen Publications, 1994.
Genre Prayers - smon lam
Colophon
  • First colophon page 278: །གང་གི་ཚེ་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱ་མཚོའི་དཔལ་ལ་སྤྱོད་ཅིང༌། སྔགས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་དབང་ཆེན་དགྱེས་པ་རྩལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པ་གང༌། ངེས་པ་མེད་པའི་ཡུལ་ཀུན་ཏུ་རྒྱུ་བའི་ཚེ་མཁའ་སྤྱོད་དཔལ་གྱི་ཌཱ་ཀིས་རྗེས་སུ་བཟུང་བའི་རྗེ་བཙུན་ཕམ་ཐིང་པའི་སྒྲུབ་གནས་སོགས་རང་བྱུང་གནས་ཆེན་དུ་མས་ཀུན་དུ་མཛེས་པའི་ཉེ་བའི་ཚནྡྷོ་ཧ་ནེ་པ་ལའི་རྒྱལ་ཁམས་སུ་ཕྱིན་པའི་ཚེ་ཆོས་བཞིན་སྤྱོད་པའི་རྡོ་རྗེ་འཛིན་དབང་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། །མཁྱེན་རྟོགས་རྨད་བྱུང་མཆོག་སྤྲུལ་ཨོ་རྒྱན་དབང་ཕྱུག་སོགས་ལ་ལམ་འདིའི་སྨིན་གྲོལ་ཕུལ་ཞིང་ཚོགས་ཀྱི་འཁོར་ལོ་དུ་མ་བགྱིས་པའི་ཚེ་ལྷ་རྫས་ཀྱི་རྟེན་བཅས་དམ་པ་ཟུང་གི་བཀས་བསྐུལ་བ་བཞིན་ས་སྤྲེལ་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུའི་སྐབས་བྲིས་པ་འདིས་ཀྱང་རྡོ་རྗེ་བཙུན་མོའི་ལྷན་སྐྱེས་ཀྱི་དགའ་བས་དབུགས་དབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག
  • Second colophon page 279: །ཅེས་པའང་མཁན་ཆེན་བློ་བཟང་མདོ་སྔགས་བསྟན་འཛིན་ནས་དབང་མདོག་གི་ཆོས་གོས་བཅས་གསུང་བསྐུལ་བཞིན་རྡོ་རྗེ་ཐེག་པའི་བཙུན་པ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་བལ་ཡུལ་མཆོད་སྡོང་ཆེན་པོའི་མདུན་ནས་བྲིས་ཤིང་རྩེ་གཅིག་ཏུ་སྨོན་པ་སིདྡྷི་རསྟུ།
  • Third colophon page 280: །ཞེས་སོགས་དཀྱུས་ལ་འཇུག་གོ །ཅེས་པའང་རྡོ་རྗེ་འཛིན་དབང་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིའི་གསུང་གིས་ཆེད་བསྐུལ་བཞིན་རང་ཉིད་ལ་བཀའ་དྲིན་ཐོབ་པའི་བརྒྱུད་རིམ་ལྟར་མཁྱེན་བརྩེའི་འོད་ཟེར་པདྨ་དྲི་མེད་རྩལ་དུ་འབོད་པས་ཆུ་བྱི་ཆོ་འཕྲུལ་ཟླ་བའི་འཆར་ཚེས་གཅིག་ལ་བྲིས་ཤིང་སྨོན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་རྟག་པའི་ཉིན་བྱེད་ཁོར་ཡུག་ཏུ་འཆར་བའི་རྟེན་འབྱུང་དུ་གྱུར་ཅིག།
  • First colophon page 278: /gang gi tshe rdo rje theg pa'i smin grol rgya mtsho'i dpal la spyod cing*/_sngags kyi rig pa 'dzin pa'i gzugs brnyan pad+ma dbang chen dgyes pa rtsal lam bkra shis dpal 'byor du 'bod pa gang*/_nges pa med pa'i yul kun tu rgyu ba'i tshe mkha' spyod dpal gyi DA kis rjes su bzung ba'i rje btsun pham thing pa'i sgrub gnas sogs rang byung gnas chen du mas kun du mdzes pa'i nye ba'i tshan+d+ho ha ne pa la'i rgyal khams su phyin pa'i tshe chos bzhin spyod pa'i rdo rje 'dzin dbang 'gyur med mdo sngags bstan 'dzin dang*/_/mkhyen rtogs rmad byung mchog sprul o rgyan dbang phyug sogs la lam 'di'i smin grol phul zhing tshogs kyi 'khor lo du ma bgyis pa'i tshe lha rdzas kyi rten bcas dam pa zung gi bkas bskul ba bzhin sa sprel rgyal zla'i dmar phyogs kyi tshes bcu'i skabs bris pa 'dis kyang rdo rje btsun mo'i lhan skyes kyi dga' bas dbugs dbyung ba'i rgyu kho nar gyur cig
  • Second colophon page 279: /ces pa'ang mkhan chen blo bzang mdo sngags bstan 'dzin nas dbang mdog gi chos gos bcas gsung bskul bzhin rdo rje theg pa'i btsun pa 'gyur med bslab gsum rgyal mtshan gyis bal yul mchod sdong chen po'i mdun nas bris shing rtse gcig tu smon pa sid+d+hi rastu/
  • Third colophon page 280: /zhes sogs dkyus la 'jug go_/ces pa'ang rdo rje 'dzin dbang zhwa de'u 'khrul zhig mchog sprul rin po che d+harma ma ti'i gsung gis ched bskul bzhin rang nyid la bka' drin thob pa'i brgyud rim ltar mkhyen brtse'i 'od zer pad+ma dri med rtsal du 'bod pas chu byi cho 'phrul zla ba'i 'char tshes gcig la bris shing smon pa phyogs dus gnas skabs kun tu dge legs rtag pa'i nyin byed khor yug tu 'char ba'i rten 'byung du gyur cig/
[edit]
༄༅། །མཁའ་སྤྱོད་ཞིང་མཆོག་བགྲོད་པའི་སྨོན་ལམ་རྡོ་རྗེ་བཙུན་མོའི་བདེན་ཚིག་ཅེས་བྱ་བ་བཞུགས་སོ། མཆོག་ཏུ་མི་འགྱུར་བདེ་བའི་རོས་གང་བའི། །རྣམ་ཀུན་མཆོག་ལྡན་འཕགས་བཞིའི་ཡུམ་ཆེན་མོ། །སྲིད་ཞིའི་དཔལ་གྱུར་འཁོར་འདས་ཀུན་ཁྱབ་མ། །རང་བྱུང་ལྷན་སྐྱེས་གྲུབ་པའི་དབྱིངས་ནས་བཞེངས། །ངེས་པའི་དོན་དུ་འཁོར་འདས་བརྟན་གཡོའི་སྲོག །རྣམ་འགྱུར་སྒོ་གསུམ་ཆོས་ཀྱི་དབྱིངས་ཆེན་པོ། །སྨྲ་བསམ་བརྗོད་བྲལ་ཤེས་རབ་ཕ་རོལ་ཕྱིན། །ཆོས་ཀུན་འབྱུང་ཞིང་གནས་པའི་ཚུལ་དུ་བཞུགས། །ཀུན་རྫོབ་རྟེན་འབྱུང་སྒྱུ་མ་ཆེན་པོའི་ཚུལ། །བདེ་སྟོང་ལྷན་སྐྱེས་ཡེ་ཤེས་དཔལ་འཛིན་མ། །རྡོ་རྗེ་ཐེག་པའི་དངོས་གྲུབ་རབ་འབྱམས་སྒོ། །འབྱེད་པའི་མ་མ་སྡུག་གུའི་བརྩེ་དགས་སྐྱོངས། །ཀུན་འབྱུང་འཁྲུལ་པའི་བླ་རུ་ལེགས་འཕགས་ཤིང༌། །བདེ་མྱུར་རྡོ་རྗེའི་ལམ་གྱིས་གྲོང་ཁྱེར་བགྲོད། །བཅུ་དྲུག་དགའ་བའི་རོལ་རྩེད་མཆོག་སྦྱིན་མཁན། །མཁའ་སྤྱོད་ཌཱ་ཀིའི་རྒྱལ་མོ་དེང་འདིར་དྲན། །ཁྱེད་ནི་བདེ་ཆེན་དགྱེས་པ་བཙུན་མོའི་དབྱིངས། །རྣམ་ཐར་སྒོ་གསུམ་གནས་དང་འདུ་བྲལ་མེད། །ཟག་མེད་དགའ་བས་བརྒྱན་པའི་ཞིང་མཆོག་དེར། །བདག་ཀྱང་རྩེན་པའི་དགའ་སྟོན་མྱུར་དུ་སྩོལ། །རང་བྱུང་རིན་ཆེན་ལས་གྲུབ་གཞལ་མེད་ཁང༌། །དབང་མདོག་འོད་དང་ས་གཞི་མཉམ་པར་བརྡལ། །མཛེས་སྡུག་པད་ཚལ་བདུད་རྩིའི་རྫིང་ལྗོན་ཤིང༌། །འདོད་ཡོན་གཏེར་གྱིས་གཏམས་དེར་སྐྱེ་བར་ཤོག །གཉིས་སྣང་བདུད་བགེགས་བསྒྲལ་བའི་ལོངས་སྤྱོད་ཀྱིས། །འཇིགས་ཤིང་སྐྱི་གཡའི་དུར་ཁྲོད་བརྒྱད་ཀྱིས་བསྐོར། །བདེ་ཆེན་སྒྱུ་འཕྲུལ་མ་འགག་ཅིར་ཡང་འཆར། །ཧེ་རུ་ཀ་དཔལ་དགྱེས་དེར་སྐྱེ་བར་ཤོག །ལྟེ་བར་ཆོས་འབྱུང་ཟག་མེད་ལམ་གྱི་མཆོག །ཕ་རོལ་ཕྱིན་པའི་ཟུར་དྲུག་བསྣོལ་བའི་ཚུལ། །བདེ་སྟོང་དཀར་དམར་འོད་ཀྱི་ཁང་བུ་ཡིས། །མཛེས་པར་བརྒྱན་པའི་ཞིང་དེར་སྐྱེ་བར་ཤོག །ཙཎྜ་ལིས་དྲངས་ཞུ་བདེའི་འཛུམ་བཞད་ཀྱིས། །རབ་སྒེག་དགའ་བ་བཞི་ཡི་ཡེ་ཤེས་ཀྱིས། །ཁྱེད་ཐུགས་མཛེས་མཚོན་གྲྭ་བཞིར་དགའ་བ་འཁྱིལ། །ཤེས་རབ་ཕྱོགས་སུ་འཁྱིལ་དེར་སྐྱེ་བར་ཤོག །འདབ་བཞི་པདྨའི་གེ་སར་ཉིན་བྱེད་ཀྱིས། །སྤ་དབུས་ཡེ་ཤེས་སྲོག་གི་སྙིང་པོ་བྃ། །ཡོངས་གྱུར་རྒྱལ་ཡུམ་སིནྡྷུ་ཝ་རའི་མདངས། དགྱེས་མ་རྩེན་པའི་ཞིང་དེར་སྐྱེ་བར་ཤོག །ཡེ་ཤེས་རླུང་གིས་བཅུ་དྲུག་དགའ་བཞིའི་འགྲོས། །འཁོར་ལོ་བཞིའི་དབྱིངས་རྒྱུ་བའི་བྱེད་ལས་ཀྱིས། །སྟོང་ཆེན་བརྒྱད་ཟུང་ལང་ཚོའི་དཔྱིད་ལྡན་མ། །ཐུན་མཚམས་གཟུགས་སྐུར་བཞེངས་དེར་སྐྱེ་བར་ཤོག །སྲིད་རྩ་གཅོད་བྱེད་གྲི་གུག་ཐུར་དུ་གདེངས། །བདེ་ཆེན་མཆོག་སྦྱོར་བྷནྡྷ་སྟེང་དུ་གཏོད། །རྗེས་ཆགས་ལྷན་སྐྱེས་རཀྟའི་རྒྱུན་གསོལ་བཞིན། །མཁའ་སྤྱོད་དབྱིངས་སུ་གཟིགས་དེར་སྐྱེ་བར་ཤོག །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ཚུལ་གྱིས་འཁྱུད། །སྲིད་ཞིར་དབང་བསྒྱུར་བརྐྱང་བསྐུམ་ཞབས་ཀྱིས་འགྱིངས། །བྱང་ཆུབ་སྤྱོད་རྫོགས་རུས་པའི་ཕྱག་རྒྱ་དྲུག །ཐོད་ཕྲེང་རྒྱན་མཛེས་དྲུང་དེར་སྐྱེ་བར་ཤོག །དབུ་སྐྲའི་ལན་ཚར་གནག་སྣུམ་སིལ་བུར་གྲོལ། །ཐོད་སྐམ་དབུར་བརྒྱན་དར་བབ་ལང་ཚོའི་སྐུས། །ཆགས་སྡང་ཟིལ་གནོན་འཇིགས་བྱེད་དུས་མཚན་མནན། །བདེ་ཆེན་མེ་འོད་འཁྱིལ་དེར་སྐྱེ་བར་ཤོག །ཡེ་ཤེས་སྒྱུ་མར་རོལ་པའི་ཆོ་འཕྲུལ་ལས། །གནས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ། །འབུམ་ཕྲག་ཌཱ་ཀིས་རི་རབ་སོ་གཉིས་ཀྱི། །རྡུལ་སྙེད་སྤྲུལ་པ་སྤྲོ་དེར་སྐྱེ་བར་ཤོག །གཞལ་མེད་སྟེང་དུ་རིགས་བདག་རྡོ་རྗེ་ཆོས། །དཔལ་མོས་རྗེས་འཛིན་རྩ་བརྒྱུད་བླ་མའི་ཚོགས། །རྡོ་རྗེའི་གླུ་གར་བདེ་སྟོང་བརྟུལ་ཞུགས་ཀྱི། །བཀོད་པ་ཅིར་ཡང་སྟོན་དེར་སྐྱེ་བར་ཤོག །ཟབ་མོའི་མཐར་ཐུག་རྣལ་འབྱོར་གསང་མཐའི་རྒྱུད། །མཁའ་འགྲོ་རྒྱ་མཚོའི་ཁྱབ་བདག་རྣལ་འབྱོར་མ། །བཀླགས་པས་གྲུབ་པའི་སྔགས་དང་དབུ་མའི་ལམ། །བརྩོན་པས་ཕྱི་ཡི་མཁའ་སྤྱོད་འགྲུབ་པར་ཤོག །འཕོ་མེད་དྭངས་མའི་དཔྱིད་ཐིག་འགྲོ་འོང་གིས། །གཟུང་འཛིན་འཁྲི་ཤིང་དྷུ་ཏིའི་དབྱིངས་བཅོམ་ནས། །ཕྱི་ནང་ཁམས་གསུམ་བསམ་མི་ཁྱབ་པའི་ངང༌། །ལྷན་སྐྱེས་ནང་གི་མཁའ་སྤྱོད་འགྲུབ་པར་ཤོག །འོད་གསལ་གཉུག་མའི་ཡེ་ཤེས་ཆོས་ཀྱི་དབྱིངས། །ཟུག་འཇུག་བློ་འདས་རང་སེམས་དཔལ་མོའི་འཛུམ། རང་ངོ་ཤེས་པས་འཁྲུལ་རྟོག་དབྱིངས་གྲོལ་བའི། །དོན་གྱི་མཁའ་སྤྱོད་མངོན་སུམ་འགྲུབ་མཛོད་ཀྱེ། །མི་ཤིགས་ཡེ་ཤེས་སྲོག་གི་གསེར་འགྱུར་རྩིས། །བརྟན་གཡོ་འཁོར་འདས་ལྕགས་ཁམས་ཐེབས་པའི་མོད། །ལྷན་སྐྱེས་ཡེ་ཤེས་ཌཱ་ཀི་དཔལ་མོའི་ཞིང༌། །མངོན་གྱུར་རྟེན་འདིར་མཁའ་སྤྱོད་འགྲུབ་པར་ཤོག །འདི་སྣང་ནུབ་ཚེ་མཁའ་འགྲོའི་བསུ་མ་བཅས། །བླ་མ་རྡོ་རྗེ་བཙུན་མོའི་ཞལ་མཇལ་ཞིང༌། །རྡོ་རྗེའི་ལམ་མཆོག་ཟུང་འཇུག་གོ་འཕང་ཆེར། །བདེ་བླག་རྩེན་པའི་དགའ་སྟོན་མངོན་འགྱུར་ཤོག །སྐྱེ་འཆི་བར་དོའི་འཁྲུལ་པ་སྐུ་གསུམ་གྱི། །བདག་ཉིད་རྣལ་འབྱོར་མ་དཔལ་ངོ་ཤེས་ནས། །ཐུན་མོང་མཆོག་གི་དངོས་གྲུབ་རྨད་བྱུང་བས། །བསྟན་འགྲོའི་དཔལ་ཀུན་འབད་མེད་སྦྱིན་ནུས་ཤོག །ཕོ་ཉ་གསུམ་གྱིས་ཉེ་རྒྱུའི་གྲོགས་བྱས་པས། །འབར་བ་གསུམ་ལྡན་འདུ་བ་རྣམ་གསུམ་དང༌། །སྤྱོད་པ་གསུམ་གྱིས་གནས་གསུམ་མཁའ་འགྲོ་དང༌། །ཚོགས་ཀྱི་འདུ་བས་རྟག་ཏུ་དགྱེས་པར་ཤོག །ཆོས་ཉིད་དབྱིངས་ཀྱི་མཁའ་སྤྱོད་མཐུ་བཙན་ཞིང༌། །ཆོས་ཅན་རྟགས་ཀྱི་མཁའ་འགྲོ་བྱིན་རླབས་མྱུར། །ཟུང་འཇུག་རིམ་གཉིས་མཁའ་སྤྱོད་གསེང་ལམ་ནས། །སྐུ་བཞི་འབྲས་བུའི་མཁའ་སྤྱོད་མངོན་འགྱུར་ཤོག །བཀྲ་ཤིས་བདེ་ཆེན་ཆོས་ཀུན་འབྱུང་བའི་གནས། །ཟག་མེད་བདེ་བ་མཆོག་དང་མི་འབྲལ་བས། །འཕགས་བཞིའི་སྤང་རྟོགས་འདུ་འབྲལ་མེད་པ་དེས། །ས་གསུམ་ཀུན་ཏུ་དགེ་མཚན་རྒྱས་གྱུར་ཅིག །གང་གི་ཚེ་རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱ་མཚོའི་དཔལ་ལ་སྤྱོད་ཅིང༌། སྔགས་ཀྱི་རིག་པ་འཛིན་པའི་གཟུགས་བརྙན་པདྨ་དབང་ཆེན་དགྱེས་པ་རྩལ་ལམ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པ་གང༌། ངེས་པ་མེད་པའི་ཡུལ་ཀུན་ཏུ་རྒྱུ་བའི་ཚེ་མཁའ་སྤྱོད་དཔལ་གྱི་ཌཱ་ཀིས་རྗེས་སུ་བཟུང་བའི་རྗེ་བཙུན་ཕམ་ཐིང་པའི་སྒྲུབ་གནས་སོགས་རང་བྱུང་གནས་ཆེན་དུ་མས་ཀུན་དུ་མཛེས་པའི་ཉེ་བའི་ཚནྡྷོ་ཧ་ནེ་པ་ལའི་རྒྱལ་ཁམས་སུ་ཕྱིན་པའི་ཚེ་ཆོས་བཞིན་སྤྱོད་པའི་རྡོ་རྗེ་འཛིན་དབང་འགྱུར་མེད་མདོ་སྔགས་བསྟན་འཛིན་དང༌། །མཁྱེན་རྟོགས་རྨད་བྱུང་མཆོག་སྤྲུལ་ཨོ་རྒྱན་དབང་ཕྱུག་སོགས་ལ་ལམ་འདིའི་སྨིན་གྲོལ་ཕུལ་ཞིང་ཚོགས་ཀྱི་འཁོར་ལོ་དུ་མ་བགྱིས་པའི་ཚེ་ལྷ་རྫས་ཀྱི་རྟེན་བཅས་དམ་པ་ཟུང་གི་བཀས་བསྐུལ་བ་བཞིན་ས་སྤྲེལ་རྒྱལ་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུའི་སྐབས་བྲིས་པ་འདིས་ཀྱང་རྡོ་རྗེ་བཙུན་མོའི་ལྷན་སྐྱེས་ཀྱི་དགའ་བས་དབུགས་དབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག ༈ ཆགས་རྟོག་དབྱིངས་སུ་ནུབ་པའི་ཕྱོགས་ཀྱི་ཆར། །ཁྲིམས་གསུམ་སྡོམ་གསུམ་རྣམ་དག་ཆོས་འབྱུང་དབུས། །བདེ་ནས་བདེ་བའི་མཐར་སོན་ཝཱ་ར་ཧི། །ཐུན་མཚམས་ལི་ཁྲིའི་མཚན་དཔེ་བཞད་དེར་འདུད། །སྡུག་བསྔལ་སྲིད་པའི་གཡང་ལས་ངེས་འབྱུང་གིས། །རྣམ་གྲོལ་མཁའ་སྤྱོད་ཞིང་དུ་རྩེན་འདོད་བློས། །བྱམས་བརྩེའི་མ་མ་སྡུག་གུར་བུ་ཆུང་ངས། །ཡུས་པའི་ངུ་ཅོས་འབོད་ན་མྱུར་དུ་དགོངས། །གཅེས་པའི་བུ་ངུ་མ་ཡིས་མི་བཟོད་པས། །མྱུར་མགྱོགས་ཕྱག་གིས་བདག་ལ་བཟུང་ནས་ཀྱང༌། །སྡུག་བསྔལ་རྒྱུན་གཅོད་ཀུན་འབྱུང་ནད་འཇོམས་པའི། །བདུད་རྩིའི་ནུ་ཞོ་སྩོལ་གཅིག་ཨ་མ་ལགས། །མ་མ་སྡུག་གུས་བུ་ལ་བྱམས་བརྩེ་བཞིན། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་ནས། །ཉེས་པའི་ཚོགས་སྐྱོབས་ལེགས་རྒུ་ལྷུན་གྲུབ་པས། །བཅོམ་ལྡན་འདས་མའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པའང་མཁན་ཆེན་བློ་བཟང་མདོ་སྔགས་བསྟན་འཛིན་ནས་དབང་མདོག་གི་ཆོས་གོས་བཅས་གསུང་བསྐུལ་བཞིན་རྡོ་རྗེ་ཐེག་པའི་བཙུན་པ་འགྱུར་མེད་བསླབ་གསུམ་རྒྱལ་མཚན་གྱིས་བལ་ཡུལ་མཆོད་སྡོང་ཆེན་པོའི་མདུན་ནས་བྲིས་ཤིང་རྩེ་གཅིག་ཏུ་སྨོན་པ་སིདྡྷི་རསྟུ། ༈ ནཱ་རོ་མཁའ་སྤྱོད་བཀྲ་ཤིས་དགེ་ལེགས་མཆོག་སྦྱིན་གྱི་ཞལ་སྐོང་ནི། །ཐར་རྩེ་མཁན་ཆེན་ཀུན་དགའ་བསྟན་འཛིན་འཕྲོས་སུ། མཁྱེན་བརྩེའི་དབང་པོ་ཡོངས་རྫོགས་རྒྱལ་བསྟན་འཁོར་ལོས་བསྒྱུར། །བློ་གཏེར་དབང་པོ་གསང་ཆེན་རྒྱུད་སྡེའི་ཤིང་རྟ་ཆེ། །བསམ་གཏན་བློ་གྲོས་འཇིགས་མཛད་དུས་དགྲའི་དབང་པོ་དངོས། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །ངག་དབང་ལེགས་པ་སྙན་བརྒྱུད་བསྟན་པའི་ཤིང་རྟ་ཆེ། །བྱང་ཆུབ་བསྟན་འཕེལ་ཟུང་འཇུག་གོ་འཕང་མངོན་སུམ་བརྙེས། །ཆོས་ཀྱི་བློ་གྲོས་རྡོ་རྗེ་བཙུན་མོས་རྗེས་སུ་བཟུང༌། །བདེན་པ་དེས་ཀྱང་བདེ་མཆོག་ལ་གནས་བཀྲ་ཤིས་ཤོག །རྩ་བའི་བླ་མ་རིགས་ཀུན་བདག་པོའི་རྣམ་རོལ་གྱིས། །ཞེས་སོགས་དཀྱུས་ལ་འཇུག་གོ །ཅེས་པའང་རྡོ་རྗེ་འཛིན་དབང་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིའི་གསུང་གིས་ཆེད་བསྐུལ་བཞིན་རང་ཉིད་ལ་བཀའ་དྲིན་ཐོབ་པའི་བརྒྱུད་རིམ་ལྟར་མཁྱེན་བརྩེའི་འོད་ཟེར་པདྨ་དྲི་མེད་རྩལ་དུ་འབོད་པས་ཆུ་བྱི་ཆོ་འཕྲུལ་ཟླ་བའི་འཆར་ཚེས་གཅིག་ལ་བྲིས་ཤིང་སྨོན་པ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་རྟག་པའི་ཉིན་བྱེད་ཁོར་ཡུག་ཏུ་འཆར་བའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/_/mkha' spyod zhing mchog bgrod pa'i smon lam rdo rje btsun mo'i bden tshig ces bya ba bzhugs so/ mchog tu mi 'gyur bde ba'i ros gang ba'i/_/rnam kun mchog ldan 'phags bzhi'i yum chen mo/_/srid zhi'i dpal gyur 'khor 'das kun khyab ma/_/rang byung lhan skyes grub pa'i dbyings nas bzhengs/_/nges pa'i don du 'khor 'das brtan g.yo'i srog_/rnam 'gyur sgo gsum chos kyi dbyings chen po/_/smra bsam brjod bral shes rab pha rol phyin/_/chos kun 'byung zhing gnas pa'i tshul du bzhugs/_/kun rdzob rten 'byung sgyu ma chen po'i tshul/_/bde stong lhan skyes ye shes dpal 'dzin ma/_/rdo rje theg pa'i dngos grub rab 'byams sgo/_/'byed pa'i ma ma sdug gu'i brtse dgas skyongs/_/kun 'byung 'khrul pa'i bla ru legs 'phags shing*/_/bde myur rdo rje'i lam gyis grong khyer bgrod/_/bcu drug dga' ba'i rol rtsed mchog sbyin mkhan/_/mkha' spyod DA ki'i rgyal mo deng 'dir dran/_/khyed ni bde chen dgyes pa btsun mo'i dbyings/_/rnam thar sgo gsum gnas dang 'du bral med/_/zag med dga' bas brgyan pa'i zhing mchog der/_/bdag kyang rtsen pa'i dga' ston myur du stsol/_/rang byung rin chen las grub gzhal med khang*/_/dbang mdog 'od dang sa gzhi mnyam par brdal/_/mdzes sdug pad tshal bdud rtsi'i rdzing ljon shing*/_/'dod yon gter gyis gtams der skye bar shog_/gnyis snang bdud bgegs bsgral ba'i longs spyod kyis/_/'jigs shing skyi g.ya'i dur khrod brgyad kyis bskor/_/bde chen sgyu 'phrul ma 'gag cir yang 'char/_/he ru ka dpal dgyes der skye bar shog_/lte bar chos 'byung zag med lam gyi mchog_/pha rol phyin pa'i zur drug bsnol ba'i tshul/_/bde stong dkar dmar 'od kyi khang bu yis/_/mdzes par brgyan pa'i zhing der skye bar shog_/tsaN+Da lis drangs zhu bde'i 'dzum bzhad kyis/_/rab sgeg dga' ba bzhi yi ye shes kyis/_/khyed thugs mdzes mtshon grwa bzhir dga' ba 'khyil/_/shes rab phyogs su 'khyil der skye bar shog_/'dab bzhi pad+ma'i ge sar nyin byed kyis/_/spa dbus ye shes srog gi snying po ba~M/_/yongs gyur rgyal yum sin+d+hu wa ra'i mdangs/_dgyes ma rtsen pa'i zhing der skye bar shog_/ye shes rlung gis bcu drug dga' bzhi'i 'gros/_/'khor lo bzhi'i dbyings rgyu ba'i byed las kyis/_/stong chen brgyad zung lang tsho'i dpyid ldan ma/_/thun mtshams gzugs skur bzhengs der skye bar shog_/srid rtsa gcod byed gri gug thur du gdengs/_/bde chen mchog sbyor b+han+d+ha steng du gtod/_/rjes chags lhan skyes rak+ta'i rgyun gsol bzhin/_/mkha' spyod dbyings su gzigs der skye bar shog_/he ru ka dpal kha T+wAM tshul gyis 'khyud/_/srid zhir dbang bsgyur brkyang bskum zhabs kyis 'gyings/_/byang chub spyod rdzogs rus pa'i phyag rgya drug_/thod phreng rgyan mdzes drung der skye bar shog_/dbu skra'i lan tshar gnag snum sil bur grol/_/thod skam dbur brgyan dar bab lang tsho'i skus/_/chags sdang zil gnon 'jigs byed dus mtshan mnan/_/bde chen me 'od 'khyil der skye bar shog_/ye shes sgyu mar rol pa'i cho 'phrul las/_/gnas yul nyer bzhi'i dpa' bo rnal 'byor ma/_/'bum phrag DA kis ri rab so gnyis kyi/_/rdul snyed sprul pa spro der skye bar shog_/gzhal med steng du rigs bdag rdo rje chos/_/dpal mos rjes 'dzin rtsa brgyud bla ma'i tshogs/_/rdo rje'i glu gar bde stong brtul zhugs kyi/_/bkod pa cir yang ston der skye bar shog_/zab mo'i mthar thug rnal 'byor gsang mtha'i rgyud/_/mkha' 'gro rgya mtsho'i khyab bdag rnal 'byor ma/_/bklags pas grub pa'i sngags dang dbu ma'i lam/_/brtson pas phyi yi mkha' spyod 'grub par shog_/'pho med dwangs ma'i dpyid thig 'gro 'ong gis/_/gzung 'dzin 'khri shing d+hu ti'i dbyings bcom nas/_/phyi nang khams gsum bsam mi khyab pa'i ngang*/_/lhan skyes nang gi mkha' spyod 'grub par shog_/'od gsal gnyug ma'i ye shes chos kyi dbyings/_/zug 'jug blo 'das rang sems dpal mo'i 'dzum/_rang ngo shes pas 'khrul rtog dbyings grol ba'i/_/don gyi mkha' spyod mngon sum 'grub mdzod kye/_/mi shigs ye shes srog gi gser 'gyur rtsis/_/brtan g.yo 'khor 'das lcags khams thebs pa'i mod/_/lhan skyes ye shes DA ki dpal mo'i zhing*/_/mngon gyur rten 'dir mkha' spyod 'grub par shog_/'di snang nub tshe mkha' 'gro'i bsu ma bcas/_/bla ma rdo rje btsun mo'i zhal mjal zhing*/_/rdo rje'i lam mchog zung 'jug go 'phang cher/_/bde blag rtsen pa'i dga' ston mngon 'gyur shog_/skye 'chi bar do'i 'khrul pa sku gsum gyi/_/bdag nyid rnal 'byor ma dpal ngo shes nas/_/thun mong mchog gi dngos grub rmad byung bas/_/bstan 'gro'i dpal kun 'bad med sbyin nus shog_/pho nya gsum gyis nye rgyu'i grogs byas pas/_/'bar ba gsum ldan 'du ba rnam gsum dang*/_/spyod pa gsum gyis gnas gsum mkha' 'gro dang*/_/tshogs kyi 'du bas rtag tu dgyes par shog_/chos nyid dbyings kyi mkha' spyod mthu btsan zhing*/_/chos can rtags kyi mkha' 'gro byin rlabs myur/_/zung 'jug rim gnyis mkha' spyod gseng lam nas/_/sku bzhi 'bras bu'i mkha' spyod mngon 'gyur shog_/bkra shis bde chen chos kun 'byung ba'i gnas/_/zag med bde ba mchog dang mi 'bral bas/_/'phags bzhi'i spang rtogs 'du 'bral med pa des/_/sa gsum kun tu dge mtshan rgyas gyur cig_/gang gi tshe rdo rje theg pa'i smin grol rgya mtsho'i dpal la spyod cing*/_sngags kyi rig pa 'dzin pa'i gzugs brnyan pad+ma dbang chen dgyes pa rtsal lam bkra shis dpal 'byor du 'bod pa gang*/_nges pa med pa'i yul kun tu rgyu ba'i tshe mkha' spyod dpal gyi DA kis rjes su bzung ba'i rje btsun pham thing pa'i sgrub gnas sogs rang byung gnas chen du mas kun du mdzes pa'i nye ba'i tshan+d+ho ha ne pa la'i rgyal khams su phyin pa'i tshe chos bzhin spyod pa'i rdo rje 'dzin dbang 'gyur med mdo sngags bstan 'dzin dang*/_/mkhyen rtogs rmad byung mchog sprul o rgyan dbang phyug sogs la lam 'di'i smin grol phul zhing tshogs kyi 'khor lo du ma bgyis pa'i tshe lha rdzas kyi rten bcas dam pa zung gi bkas bskul ba bzhin sa sprel rgyal zla'i dmar phyogs kyi tshes bcu'i skabs bris pa 'dis kyang rdo rje btsun mo'i lhan skyes kyi dga' bas dbugs dbyung ba'i rgyu kho nar gyur cig__!__chags rtog dbyings su nub pa'i phyogs kyi char/_/khrims gsum sdom gsum rnam dag chos 'byung dbus/_/bde nas bde ba'i mthar son wA ra hi/_/thun mtshams li khri'i mtshan dpe bzhad der 'dud/_/sdug bsngal srid pa'i g.yang las nges 'byung gis/_/rnam grol mkha' spyod zhing du rtsen 'dod blos/_/byams brtse'i ma ma sdug gur bu chung ngas/_/yus pa'i ngu cos 'bod na myur du dgongs/_/gces pa'i bu ngu ma yis mi bzod pas/_/myur mgyogs phyag gis bdag la bzung nas kyang*/_/sdug bsngal rgyun gcod kun 'byung nad 'joms pa'i/_/bdud rtsi'i nu zho stsol gcig a ma lags/_/ma ma sdug gus bu la byams brtse bzhin/_/tshe rabs kun tu khyed kyis rjes bzung nas/_/nyes pa'i tshogs skyobs legs rgu lhun grub pas/_/bcom ldan 'das ma'i go 'phang myur thob shog_/ces pa'ang mkhan chen blo bzang mdo sngags bstan 'dzin nas dbang mdog gi chos gos bcas gsung bskul bzhin rdo rje theg pa'i btsun pa 'gyur med bslab gsum rgyal mtshan gyis bal yul mchod sdong chen po'i mdun nas bris shing rtse gcig tu smon pa sid+d+hi rastu/__!__nA ro mkha' spyod bkra shis dge legs mchog sbyin gyi zhal skong ni/_/thar rtse mkhan chen kun dga' bstan 'dzin 'phros su/__mkhyen brtse'i dbang po yongs rdzogs rgyal bstan 'khor los bsgyur/_/blo gter dbang po gsang chen rgyud sde'i shing rta che/_/bsam gtan blo gros 'jigs mdzad dus dgra'i dbang po dngos/_/bden pa des kyang bde mchog la gnas bkra shis shog_/ngag dbang legs pa snyan brgyud bstan pa'i shing rta che/_/byang chub bstan 'phel zung 'jug go 'phang mngon sum brnyes/_/chos kyi blo gros rdo rje btsun mos rjes su bzung*/_/bden pa des kyang bde mchog la gnas bkra shis shog_/rtsa ba'i bla ma rigs kun bdag po'i rnam rol gyis/_/zhes sogs dkyus la 'jug go_/ces pa'ang rdo rje 'dzin dbang zhwa de'u 'khrul zhig mchog sprul rin po che d+harma ma ti'i gsung gis ched bskul bzhin rang nyid la bka' drin thob pa'i brgyud rim ltar mkhyen brtse'i 'od zer pad+ma dri med rtsal du 'bod pas chu byi cho 'phrul zla ba'i 'char tshes gcig la bris shing smon pa phyogs dus gnas skabs kun tu dge legs rtag pa'i nyin byed khor yug tu 'char ba'i rten 'byung du gyur cig/_//

Footnotes

Other Information