འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་པའི་ཆོ་ག་བཀྲ་ཤིས་འདོད་དགུའི་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-036
Wylie title 'jam dpal kun 'byung nor bu'i las tshogs la brten pa'i cho ga bkra shis 'dod dgu'i dpal ster DKR-KABUM-10-THA-036.pdf
Location dil mgo mkhyen brtse bka' 'bum
Volume 10, Text 36, Pages 177-186 (Folios 1a to 10a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Source Author(s) མི་ཕམ་རྒྱ་མཚོ་ (mi pham rgya mtsho)
Citation Khyentse, Dilgo. 'jam dpal kun 'byung nor bu'i las tshogs la brten pa'i cho ga bkra shis 'dod dgu'i dpal ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 177-186. Delhi: Shechen Publications, 1994.
Genre Activity Practices - las tshogs
Cycle འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ ('jam dpal kun 'byung nor bu'i las tshogs)
Deity 'jam dpal dbyangs
Colophon

།ཅེས་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཀུན་འབྱུང་ནོར་བུའི་ལས་ཚོགས་ཀྱི་དགོངས་པ་བཞིན་འཇུག་བདེའི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་བཀླག་ཆོག་ཞིག་བྲིས་ཞེས་མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི་བརྒྱུད་འཛིན་མཁན་པོ་ཟླ་བའི་འོད་ཟེར་ནས་ཡང་ཡང་གསུང་བསྐུལ་ནན་ཏན་མཛད་པ་ལྟར་རྙིང་སྔགས་རྒན་པོ་བཀྲ་ཤིས་དཔལ་འབྱོར་གྱི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་གི་མདུན་རོལ་སྨན་ལྗོངས་ཉམས་དགའ་བར་གནས་པའི་སྐབས་ཡི་གེ་བྲིས་པའི་མཐུན་སྦྱོར་སྔ་འགྱུར་ཆོས་གྲྭ་འཛིན་པའི་སྤྲུལ་སྐུ་ཨཱ་ནནྡ་མངྒ་ལས་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཕན་བདེའི་དབུགས་འབྱིན་མྱུར་དུ་སྟེར་བའི་རྒྱུར་གྱུར་ཅིག།

/ces 'jam mgon mi pham rin po che'i kun 'byung nor bu'i las tshogs kyi dgongs pa bzhin 'jug bde'i cho ga sbyor dngos rjes gsum tshang ba bklag chog zhig bris zhes mdo khams grub dbang rdzogs chen pa'i brgyud 'dzin mkhan po zla ba'i 'od zer nas yang yang gsung bskul nan tan mdzad pa ltar rnying sngags rgan po bkra shis dpal 'byor gyi sku rjes rdo rje brtsegs pa'i ke'u tshang gi mdun rol sman ljongs nyams dga' bar gnas pa'i skabs yi ge bris pa'i mthun sbyor snga 'gyur chos grwa 'dzin pa'i sprul sku A nan+da mang+ga las bgyis pa 'dis kyang 'gro kun phan bde'i dbugs 'byin myur du ster ba'i rgyur gyur cig/

[edit]
༄༅། འཇམ་དཔལ་ཀུན་འབྱུང་ནོར་བུའི་ལས་ཚོགས་ལ་བརྟེན་པའི་ཆོ་ག་བཀྲ་ཤིས་འདོད་དགུའི་དཔལ་སྟེར་བཞུགས།

༄༅། ཨོཾ་སྭསྟི་བི་ཛ་ཡནྟུ། །རྒྱལ་ཀུན་མཁྱེན་གཉིས་ཡེ་ཤེས་མཁར། །འདོད་དགུའི་སྐུ་མཚན་རིགས་སྔགས་ཀྱི། །དངོས་གྲུབ་མཆོག་གཏེར་མཉྫུ་ཤྲཱི། །དབྱེར་མེད་བླ་མ་མཆོག་ལ་འདུད། །འཇམ་དཔལ་དབྱངས་ཀྱི་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཀུན་འབྱུང་ནོར་བུའི་ལས་ཚོགས་སྦྱར་བར་འདོད་པས་རྟེན་གྱི་དྲུང་དུ་ཅི་འབྱོར་བའི་མཆོད་པ་བཤམས་ལ། སྐྱབས་སུ་འགྲོ་བ་ནི། ན་མོ། སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི། །ལན་གསུམ། སེམས་བསྐྱེད་པ་ནི། མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང༌། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག སོགས། མཆོག་གསུམ་ཚོགས་གཉིས་ཆོས་དབྱིངས་བདེན་སྟོབས་ཀྱིས། །སྣོད་བཅུད་དག་པའི་ཞིང་གི་འབྱོར་པའི་དབུས། །རིན་ཆེན་གཞལ་མེད་བཀོད་མཛེས་གདན་ཁྲི་དང༌། །ཕུལ་བྱུང་མཆོད་པའི་སྤྲིན་གྱིས་མཛེས་གྱུར་ཅིག །མཆོད་པའི་སྤྲིན་གཟུངས་དང་རྟེན་སྙིང་བཟླ། གུ་རུའི་ཚིག་བདུན་གསོལ་འདེབས་ལན་བདུན་བརྗོད་པས། ཕྱོགས་བཅུའི་ཞིང་རབ་འབྱམས་ནས་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་རྔ་ཡབ་གླིང་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་ཁྱབ་བདག་འཇམ་པའི་རྡོ་རྗེའི་རྣམ་པར་བཞུགས་པར་མོས། ཨོཾ། སྣང་སྲིད་རྣམ་དག་ཆོས་དབྱིངས་གཞལ་ཡས་སུ། །རང་བྱུང་ཡེ་ཤེས་འཇམ་དཔལ་གཞོན་ནུའི་སྐུ། །ཡིད་འོང་ཉི་མ་འཆར་ཀའི་ལང་ཚོ་ཅན། །དང་པོ་ཕྱག་གཉིས་རལ་གྲི་ཨུཏྤ་ལ། །ཐ་མའི་ཕྱག་གཉིས་ནོར་བུ་བུམ་བཟང་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་གིས། །རབ་མཛེས་པདྨ་ཟླ་བའི་གདན་སྟེང་ན། །དཔག་བསམ་ཤིང་ལ་སྐུ་རྒྱབ་བརྟེན་ནས་བཞུགས། །དེའི་མཐར་པད་འདབ་ཉི་ཤུ་རྩ་བདུན་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་ཟླ་བའི་གདན་རེ་རེའི་སྟེང་དུ་སྡུག་བསྔལ་ཞི་བའི་འཇམ་དཔལ་དཀར་པོ་ཞི་ཞིང་འཛུམ་པའི་ཉམས་ཅན་ཞལ་གཅིག་ཕྱག་བཞིའི་གཡས་དང་པོས་རལ་གྲི། གཡོན་དང་པོས་ཨུཏྤལ་གྱི་སྟེང་གླེགས་བམ་གྱི་མཚན་པ་བསྣམས་པ། གཡས་འོག་མའི་སྐྱབས་སྦྱིན་དང༌། གཡོན་འོག་མས་བདུད་རྩིའི་རྒྱུན་བླུད་པའི་བུམ་པ་བསྣམས་པ། ནད་ཀྱི་སྡུག་བསྔལ་སྐྱོབ་པའི་འཇམ་དཔལ་དཀར་པོ་ཕྱག་འོག་མ་གཉིས་ཀྱིས་ཨ་རུ་རའི་ལྗོན་ཤིང་དང་བུམ་པ་བསྣམས་པ། གདོན་དང་བར་ཆད་ཞི་བའི་འཇམ་དཔལ་དཀར་པོ། གཡས་འོག་མ་སྐྱབས་སྦྱིན་དང༌། གཡོན་མཉམ་བཞག་གིས་རྡོ་རྗེ་བསྣམས་པ། བཀྲ་མི་ཤེས་པའི་རྒུད་པ་ཞི་བའི་འཇམ་དཔལ་དཀར་པོ། གཡས་འོག་མས་མཆོག་སྦྱིན་གྱི་དཔལ་བེ་འཛིན་པ། གཡོན་མཉམ་བཞག་གི་བཀྲ་ཤིས་པའི་རྟགས་བརྒྱད་འཛིན་པ། འཇིགས་ཚོགས་ཞི་བའི་འཇམ་དཔལ་དཀར་པོ་གཡས་འོག་མས་སྐྱབས་སྦྱིན། གཡོན་འོག་མས་མཉམ་བཞག་མཛད་པ། ཉོན་མོངས་དུག་ལྔ་ཞི་བའི་འཇམ་དཔལ་དཀར་པོ། གཡས་འོག་མས་མཆོག་སྦྱིན་གྱིས་བདུད་རྩིའི་བུམ་པ། གཡོན་འོག་མས་མཉམ་བཞག་གིས་ནོར་བུ་འཛིན་པ། རྒྱས་པའི་ལས་རབ་འབྱམས་མཛད་པའི་འཇམ་དཔལ་གུར་གུམ་གྱི་མདོག་ཅན། འཆར་ཀའི་འོད་སྣང་བཀྲ་བ། གཡས་འོག་མས་མཆོག་སྦྱིན་གྱིས་ནོར་བུ། གཡོན་མཉམ་བཞག་གིས་གཏེར་བུམ་བསྣམས་པ། དཔག་བསམ་གྱི་ཤིང་ལ་སྐུ་རྒྱབ་བརྟེན་པ། འཆི་མེད་ཚེ་མཆོག་སྟེར་བའི་འཇམ་དཔལ་དམར་སེར། ཕྱག་འོག་མ་མཆོག་སྦྱིན་གྱིས་རྡོ་རྗེ། གཡོན་མཉམ་བཞག་གིས་ཚེ་བུམ་འཛིན་པ། འདོད་དགུ་རྒྱས་མཛད་འཇལ་དཔལ་གསེར་མདོག །གཡས་འོག་མས་ནོར་བུ། གཡོན་འོག་མས་གཏེར་བུམ་འཛིན་པ། སྙན་གྲགས་འཕེལ་བའི་འཇམ་དཔལ་དམར་སེར། གཡས་འོག་མས་བ་དན་དཀར་པོ། གཡོན་འོག་མས་དབྱངས་གསལ་གྱི་སྒྲ་སྒྲོགས་པའི་དུང་བསྣམས་པ། ཆེ་དགུའི་འཁོར་ཚོགས་འདུ་ཤིང་རྒྱས་པའི་འཇམ་དཔལ་དམར་སེར། གཡས་འོག་མས་ལྕགས་ཀྱུ། གཡོན་འོག་མས་བཀྲ་ཤིས་རྫས་བརྒྱད་འཛིན་པ། མཁྱེན་གཉིས་ཤེས་རབ་རྒྱས་པའི་འཇམ་དཔལ་གསེར་མདོག །གཡས་འོག་མས་རིན་པོ་ཆེ་སྒྲོན་མེ། གཡོན་འོག་མས་གཤིན་འཛིན་པ། །གཟི་བརྗིད་རྒྱས་མཛད་འཇམ་དཔལ་གཡས་འོག་མས་ཉི་མ། གཡོན་འོག་མས་ཟླ་བ་བསྣམས་པ། སྙིང་སྟོབས་རྒྱས་མཛད་འཇམ་དཔལ་དམར་སེར། གཡས་འོག་མས་རྡོ་རྗེ། གཡོན་འོག་མས་གོ་ཆ་བསྣམས་པ། རྩི་ཤིང་ལོ་འབྲས་རྒྱས་མཛད་འཇམ་དཔལ་སེར་པོ། གཡས་འོག་མས་མེ་ཏོག །གཡོན་འོག་མས་སྙེ་མ་བསྣམས་པ། མངོན་ཤེས་འཆར་མཛད་འཇམ་དཔལ་དམར་སེར། གཡས་འོག་མས་ཨཱ་ལི་ཀཱ་ལིའི་ཕྲེང་བ། གཡོན་འོག་མས་དངུལ་དཀར་གྱི་མེ་ལོང་བསྣམས་པ། དབང་གི་ལས་མཛད་འཇམ་དཔལ་དམར་པོ། སྒེག་ཅིང་ཆགས་པའི་ཉམས་ཅན། ཉི་མའི་རྒྱབ་ཡོལ་ཅན། གཡས་འོག་མས་ལྕགས་ཀྱུ། གཡོན་འོག་མས་ཨུཏྤ་ལའི་ཞགས་པ་བསྣམས་པ། དྲག་པོའི་ལས་མཛད་འཇམ་དཔལ་ནམ་མཁའི་མདོག་ཅན། སྤྱན་གསུམ་ཁྲོ་ཚུལ་འཇིགས་སུ་རུང་བ། བདུད་བཞིའི་གདན་དང་མེ་དཔུང་གི་དབུས་སུ་བཞུགས་པ། གཡས་གནམ་ལྕགས་ཀྱི་འཁོར་ལོ། གཡོན་རྡོ་རྗེའི་བེ་ཅོན་བསྣམས་པ། མཆོག་གི་ཡེ་ཤེས་སྩོལ་བའི་འཇམ་དཔལ་དམར་སེར། གཡས་འོག་མས་མདའ། གཡོན་འོག་མས་གཞུ་བསྣམས་པ། ཉམས་རྟོགས་མྱུར་དུ་བསྐྱེད་པའི་འཇམ་དཔལ་དམར་སེར། གཡས་འོག་མས་སྡིག་མཛུབ་སྙིང་གར་གཏོད་ཅིང༌། གཡོན་འོག་མས་མཉམ་བཞག་ཐོད་བུམ་བསྣམས་པ། དྲག་པོ་མ་གཏོགས་གཞན་ཐམས་ཅད་ཞི་ཞིང་འཛུམ་ལ། གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་ཀྱི་དང་པོས་རལ་གྲི་འཕྱར་ཞིང༌། གཡོན་མཐེབ་མཛུབ་ཀྱི་ཨུཏྤལའི་ཡུ་བ་ནས་བཟུང་ཞིང༌། སྙན་གྱི་ཐད་སོར་ཁ་ཕྱེ་བའི་ཟེའུ་འབྲུར་ཡེ་ཤེས་ཀྱི་རྡོ་རྗེ་འོད་འབར་བས་མཚན་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་ཤ་ཅན། དབུ་སྐྲ་མཐོན་མཐིང་ཟུར་ཕུད་ལྔ་དང་ལྡན་པ་ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་ཀྱི་རང་འོད་ཁྲིགས་པའི་ཀློང་ན་བཞུགས་པའོ། །དེ་ཡི་ཕྱོགས་མཚམས་སྟེང་འོག་ཐམས་ཅད་དུ། །སྲིད་ཞིའི་དཔལ་འབྱོར་མཆོད་སྤྲིན་འཁྲིགས་པའི་ཀློང༌། བཀྲ་ཤིས་ལྷ་མོ་བརྒྱད་ལ་སོགས་པ་ཡིས། །རབ་འབྱམས་མཆོད་པའི་སྤྲིན་གྱིས་མཁའ་དབྱིངས་འགེངས། །དྲན་པ་ཙམ་གྱིས་ཕུན་ཚོགས་དཔལ་ཡོན་ཀུན། །ཡིད་བཞིན་ལེགས་པར་སྩོལ་བའི་བདག་ཉིད་ལ། །མ་ལུས་ཕྱོགས་དུས་ཞིང་གི་རྒྱལ་བ་དང༌། །རྒྱལ་བ་སྲས་བཅས་ཏིལ་གོང་ལྟར་བཞུགས་པས། །མེ་ཏོག་ཆར་འབེབས་ཤིས་པའི་གླུ་དབྱངས་སྒྲོགས། །ཡེ་ཤེས་འོད་ཟེར་འབར་བས་མཁའ་ཁྱབ་གསལ། །ཞེས་གསལ་གདབ། དེ་ནས་ཕྱག་མཆོད་སོགས་འབུལ་བ་ནི། ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི། །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང༌། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང༌། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྐྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང༌། །འཕགས་སྐྱེས་པོ་དང་གླུ་དབང་མིག་མི་བཟང༌། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང༌། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་ཡིད་ཀྱིས་རྣམ་སྤྲུལ་བའི། །དྲི་མེད་ཡིད་འོང་ལྷ་རྫས་བཀོད་པའི་ཆར། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཡི་མཆོག །ཞལ་ཟས་རོལ་མོ་རྣམ་ལྔའི་འདོད་ཡོན་རྫས། །བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བའི་རིན་ཆེན་བདུན་དང་གླུ་གར་མ། །མཛེས་སྡུག་བཀོད་པའི་རོལ་མོ་མཐའ་ཡས་པ། །འབུལ་ལོ་བཞེས་ནས་བཀྲ་ཤིས་འཕེལ་བར་མཛོད། །ཁྱད་པར་བདག་ལུས་ལོངས་སྤྱོད་དགེ་རྩར་བཅས། །རང་རང་ཡིད་ལ་གང་བསམ་འདོད་རྒུའི་སྤྲིན། །སྲིད་ཞིའི་འབྱོར་ཚོགས་མ་ཚང་མེད་པའི་ཆར། །མི་ཕྱེད་རོ་མཉམ་རྡོ་རྗེའི་དམ་ཚིག་རྫས། །ཀུན་བཟང་སྨོན་ལམ་སྟོབས་བཞིན་སྤྲུལ་ཏེ་འབུལ། །ངག་འདོན་འདི་ལ་གང་འདོད་ཀྱི་མཆོད་པ་སོ་སོར་ཡིད་ཀྱིས་དམིགས་ནས་འབུལ་ཞིང༌། སྤྲོ་ན་མཎྜལ་རྒྱས་བསྡུས་ཀྱང་འབུལ། བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །མི་ཤེས་ཉོན་མོངས་སྒྲིབ་པའི་ཚོགས་ཀུན་བཤགས། །བསོད་ནམས་ཀུན་ལ་དགའ་བས་ཡི་རངས་ཤིང༌། །ཆོས་འཁོར་བསྐོར་ཞིང་རྟག་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བྱེད་ཅིང༌། །རྒྱལ་བ་སྲས་བཅས་དགྱེས་པའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི། །མགོན་པོ་ཡེ་ཤེས་སྒྲིབ་པ་མི་མངའ་བས། །བདག་གི་ལྷག་པའི་བསམ་པ་ཁྱེད་ཀྱིས་མཁྱེན། །ཐུགས་དམ་མ་བསྙེལ་དགོངས་པའི་རྩལ་བསྐྱེད་ལ། །ཇི་ལྟར་གསོལ་བཏབ་འབྲས་བུ་མཆིས་པར་མཛོད། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད། །ཅེས་ལན་གསུམ་སོགས་ཅི་རིགས་དང༌། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱེད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱེད་ཀྱི་ངང་གྱུར་ཀྱང༌། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་སྟོན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པ་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུ། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་ཁྱེད་ཀྱིས་རྗེས་བཟུང་སྟེ། །མི་མཐུན་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །དངོས་གཞི་གསོལ་བ་གདབ་པ་ནི། དད་མོས་རྩེ་གཅིག་པས། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཞེས་གཙོ་བོ་གྲངས་བསགས་ལས་སྣ་ཚོགས་བྱེ་བྲག་གི་གསོལ་བ་འདེབས་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་རྡོ་རྗེ་རྣོན་པོར་གསོལ་བ་འདེབས། །སྡུག་བསྔལ་མ་ལུས་ཞི་བར་བྱིན་གྱི་རློབས། །དེ་བཞིན་དུ་ནད་ཞི་བ་ལ། ཚིག་རྐང་ཕྱི་མ་གཉིས་འཇམ་དཔལ་སྨན་པའི་རྒྱལ་པོར་གསོལ་བ་འདེབས། །ནད་རིམ་ཉེར་འཚེ་ཞི་བར་བྱིན་གྱིས་རློབས། །གདོན་ཞི་བ་ལ། འཇམ་དཔལ་རྡོ་རྗེ་བསྣམས་པར་གསོལ་བ་འདེབས། །གདོན་བགེགས་བར་ཆད་ཞི་བར་བྱིན་གྱིས་རློབས། །སྡིག་སྒྲིབ་ཞི་བ་ལ། འཇམ་དཔལ་རྡོ་རྗེ་སེམས་དཔར་གསོལ་བ་འདེབས། །ལས་ཉོན་སྡིག་སྒྲིབ་ཞི་བར་བྱིན་གྱིས་རློབས། །བཀྲ་མི་ཤིས་པ་ཞི་བ་ལ། འཇམ་དཔལ་བཀྲ་ཤིས་དམ་པར་གསོལ་བ་འདེབས། མི་ཤེས་རྒུད་པ་ཞི་བར་བྱིན་གྱིས་རློབས། །འཇིགས་པ་ཀུན་ཞི་བ་ལ། འཇམ་དཔལ་འཇིགས་ཀུན་སྐྱོབ་ལ་གསོལ་བ་འདེབས། །དབུགས་འབྱིན་ཆེན་པོ་ཐོབ་པར་བྱིན་གྱིས་རློབས། །ཉོན་མོངས་དུག་ལྔ་ཞི་བ་ལ། འཇམ་དཔལ་རྡོ་རྗེ་རྣོན་པོར་གསོལ་བ་འདེབས། །ཉོན་མོངས་རྒྱུ་འབྲས་ཞི་བར་བྱིན་གྱིས་རློབས། །སྔགས་སྒྲུབ་པ་ལ། འཇམ་དཔལ་རིགས་སྔགས་བདག་པོར་གསོལ་བ་འདེབས། །སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །རྒྱས་པའི་ལས་སྤྱི་ལ། འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བདེ་སྐྱིད་རྒྱས་པ་ལ། འཇམ་དཔལ་བདེ་ཆེན་རྒྱལ་པོར་གསོལ་བ་འདེབས། །བདེ་སྐྱིད་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །རྟོགས་བསྐྱེད་རྒྱས་པས་འཐུས། ཚེ་སྒྲུབ་པ་ལ། འཇམ་དཔལ་འཆི་མེད་དབང་པོར་གསོལ་བ་འདེབས། ཚེ་ཡི་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས། འབྱོར་དགུ་རྒྱས་པ་དང༌། ནོར་རྒྱས་པ་ལ། འཇམ་དཔལ་ཀུན་འབྱུང་ནོར་བུར་གསོལ་བ་འདེབས། །དགོས་འདོད་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སྙན་གྲགས་རྒྱས་པ་ལ། འཇམ་དཔལ་སྙན་གྲགས་རོལ་མོར་གསོལ་བ་འདེབས། །སྙན་གྲགས་ཀུན་ཏུ་ཁྱབ་པར་བྱིན་གྱིས་རློབས། །འཁོར་ཚོགས་འདུ་ཞིང་རྒྱས་པ་ལ། འཇམ་དཔལ་ཚོགས་ཀྱི་བདག་པོར་གསོལ་བ་འདེབས། །མངའ་ཐང་འཁོར་ཚོགས་རྒྱས་པར་བྱིན་གྱིས་རློབས། །ཤེས་རབ་རྒྱས་པ་ལ། འཇམ་དཔལ་ཤེས་རབ་སྒྲོན་མེར་གསོལ་བ་འདེབས། །བློ་གྲོས་སྣང་བ་གསལ་བར་བྱིན་གྱིས་རློབས། །བསྟན་པ་རྒྱས་པ་ལ། འཇམ་དཔལ་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །རྒྱལ་བསྟན་ཕྱོགས་བཅུར་རྒྱས་པར་བྱིན་གྱིས་རློབས། །གཟི་བརྗིད་རྒྱས་པ་ལ། འཇམ་དཔལ་གཟི་བརྗིད་ཆེན་པོར་གསོལ་བ་འདེབས། །བཀྲག་མདངས་གཟི་བརྗིད་རྒྱས་པར་བྱིན་གྱིས་རློབས། །སྙིང་སྟོབས་རྒྱས་པ་ལ། འཇམ་དཔལ་དཔའ་བོ་ཆེན་པོར་གསོལ་བ་འདེབས། །འཇིགས་མེད་སྙིང་སྟོབས་རྒྱས་པར་བྱིན་གྱིས་རློབས། །རྩི་ཤིང་ལོ་འབྲས་རྒྱས་པ་ལ། འཇམ་དཔལ་ས་ཡི་སྙིང་པོར་གསོལ་བ་འདེབས། །རྩི་ཤིང་མེ་འབྲས་རྒྱས་པར་བྱིན་གྱིས་རློབས། །མངོན་ཤེས་འཆར་བ་ལ། འཇམ་དཔལ་ཀུན་རིག་དམ་པར་གསོལ་བ་འདེབས། །མངོན་པར་ཤེས་པ་འཆར་བར་བྱིན་གྱིས་རློབས། །དབང་གི་ལས་སྤྱི་ལ། འཇམ་དཔལ་རྡོ་རྗེ་ལྕགས་ཀྱུར་གསོལ་བ་འདེབས། །འཇམ་དཔལ་དགའ་ཆེན་རོལ་མོ། སངས་རྒྱས་ཆགས་པ། སངས་རྒྱས་དགྱེས་པ། དབང་ཕྱུག་ཆེན་པོ་རྣམས་གང་འདོད་སྦྱར་གསུང༌། མཆན། གང་བསམ་དབང་དུ་འདུ་བར་བྱིན་གྱིས་རློབས། དྲག་པོའི་ལས་སྤྱི་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་གསོལ་བ་འདེབས། མི་མཐུན་བདུད་དཔུང་ཐལ་བར་བྱིན་གྱིས་རློབས། །འཇམ་དཔལ་རྡོ་རྗེ་དྲག་པོ། རྡོ་རྗེ་འབར་བ། རྡོ་རྗེ་ཧཱུྃ་མཛད་རྣམས་གང་འདོད་སྦྱར་གསུང༌། མཆན། མཆོག་གི་ཡེ་ཤེས་རྒྱས་པར། འཇམ་དཔལ་ཡེ་ཤེས་སེམས་དཔར་གསོལ་བ་འདེབས། རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཉམས་རྟོགས་མྱུར་དུ་བསྐྱེད་པར། འཇམ་དཔལ་སངས་རྒྱས་དགྱེས་པར་གསོལ་བ་འདེབས། ཉམས་རྟོགས་ཡེ་ཤེས་འབར་བར་བྱིན་གྱིས་རློབས། །ཞེས་གྲངས་བསགས་མཐར། ཨེ་མ་ཧོ། རང་བྱུང་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས། །མཁྱེན་བརྩེ་ནུས་པ་མཚུངས་མེད་རྡོ་རྗེའི་སྐུ། །མ་ལུས་འགྲོ་བའི་གཏན་གྱི་མགོན་གྱུར་པ། །སྐྱབས་མཆོག་དམ་པ་བདག་ལ་དགོངས་སུ་གསོལ། །ཁྱེད་ནི་རང་བྱུང་ཡེ་ཤེས་བདེ་བ་ཆེ། །མ་ལུས་འགྲོ་ཀུན་ཁྱེད་ཀྱི་ངང་གྱུར་ཀྱང༌། །མི་ཤེས་རྒུད་པས་མནར་བ་བདག་ཅག་ལ། །དེང་ནས་རྟག་པ་དམ་པའི་མཆོག་སྩོལ་ཅིག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་བླ་མེད་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་མཚན་ལྡན། །དབུགས་འབྱིན་ཆེན་པོ་དགའ་སྟོན་རྒྱ་ཆེ་བ། །དགའ་ཆེན་རོལ་མོ་ཆེན་པོས་དབུགས་དབྱུང་སྩོལ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག་གྱུར་པ། །མཆོག་སྦྱིན་རྡོ་རྗེས་བདག་ལ་མཆོག་སྩོལ་ཅིག །དེ་བཞིན་གཤེགས་པ་ཀུན་གྱི་ཡེ་ཤེས་སྐུའི། །ཡེ་ཤེས་རྡོ་རྗེའི་དབང་བསྐུར་བདག་ལ་སྩོལ། །འདོད་འབྱུང་ཡིད་བཞིན་ནོར་བུ་ཆེན་པོ་འཆང༌། །དཔག་བསམ་ཤིང་ཆེན་རྒྱས་པ་འགྲོ་ཀུན་གསོས། །ཁྱབ་བདག་རིན་ཆེན་ཀུན་མཆོག་དབུལ་བ་སེལ། །བུམ་བཟང་ཆེ་མཆོག་བདག་ལ་དཔལ་གྱུར་ཅིག །དེང་ནས་བླ་མེད་བྱང་ཆུབ་མ་ཐོབ་བར། །ཚེ་རབས་ཀུན་ཏུ་ཁྱོད་ཀྱིས་རྗེས་བཟུང་སྟེ། །མི་མཐུན་རྒུད་པ་ཐམས་ཅད་རྒྱུན་ཆད་ནས། །དཔལ་དང་སྐལ་བཟང་བཀྲ་ཤིས་བདེ་ལེགས་མཛོད། །ཅེས་ལན་གསུམ་གྱིས་འདོད་དོན་གསོལ། སྐབས་འདིར་སྤྲོ་ན། འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་བཀྲ་ཤིས་མཆོག་གྲུབ་དང༌། བཀྲ་ཤིས་དོན་ཀུན་འགྲུབ་པའི་དབྱངས་སྙན་སོགས་སྦྱར་ན་ལེགས། མཐར། འཁོར་རྣམས་འོད་ཞུ་རིམ་གྱིས་གཙོ་ལ་ཐིམ། །གཙོ་བོའི་སྐུ་ལས་བདུད་རྩིའི་ཆར་རྒྱུན་བབ། །སྤྱི་བོ་ནས་ཞུགས་ལུས་གང་སྒྲིབ་ཀུན་ཞི། །བྱིན་རླབས་དབང་བསྐུར་རྡོ་རྗེའི་ཡེ་ཤེས་བསྐྱེད། །མཐར་ནི་འོད་ཞུ་རང་ཐིམ་གཉིས་མེད་ངང༌། །འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས། །སྣང་སྲིད་བདེ་ཆེན་མཉམ་ཉིད་བྱང་ཆུབ་སེམས། །མ་བཅོས་བློ་འདས་རྫོགས་པ་ཆེན་པོའོ། །ཞེས་མོས་ལ་མཉམ་པར་བཞག་ཅིང༌། གཟུངས་སྔགས་ཨ་ར་པ་ཙ་དང༌། ཨོཾ་མཉྫུ་ཤྲཱི་པ་ར་བཛྲ་བཾ་སྭཱཧཱ། ཞེས་ཅུང་ཟད་བཟླ་ཞིང༌། སྤྲོ་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་རྒྱས་བསྡུས་དག་ཀྱང་བཀླག་པར་བྱའོ། །མགོན་པོ་ཁྱེད་ཀྱི་རྡོ་རྗེའི་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་བཟུང་བར་མཛོད། །ཐོས་བསམ་སྒོམ་པའི་དཀྱིལ་འཁོར་ཡོངས་སུ་རྫོགས། །འཆད་རྩོད་རྩོམ་པའི་འོད་ཟེར་རབ་ཏུ་གསལ། །སྙེམས་མེད་ཞི་བ་གཞན་ཕན་སྙིང་བརྩེ་དང༌། །དད་སོགས་ཡོན་ཏན་རྒྱ་མཚོས་མཛེས་གྱུར་ཅིག །དེ་ཡི་མཐུ་ལས་རྒྱལ་བའི་བསྟན་པ་ལ། །བྱ་བ་རྒྱ་ཆེན་མཆོག་ཏུ་རབ་བགྱིད་ཅིང༌། །འཇམ་དཔལ་དཔའ་བོས་དགྱེས་བཞིན་རྗེས་བཟུང་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་རྒྱས་གྱུར་ཅིག །འགྲོ་ཀུན་ཕྱག་གཅིག་སངས་རྒྱས་ཐོབ་པར་ཤོག །ཆོས་ཚུལ་འདི་ཡང་ཕྱོགས་ཀྱི་ཐ་གྲུ་ཀུན། །རབ་ཁྱབ་སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་སྒོ། །འབྱེད་ཅིང་མཆོག་ཐུན་ཕྲིན་ལས་མཐའ་དག་ཀུན། །ཡིད་བཞིན་འགྲུབ་པའི་དགེ་མཚན་རྒྱས་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ། །མ་ལུས་སྐྱེས་དགུའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །རྟེན་སྙིང་དང་ཕུན་སུམ་ཚོགས་པ་སོགས་བརྗོད་པས་བདེ་ལེགས་སུ་བྱའོ། །རྒྱུད་ཀྱི་དགོངས་པ་རྨད་བྱུང་བ། །མན་ངག་འདོད་དགུའི་དཔལ་སྤྱོད་གཏེར། །སྐལ་བཟང་བཙས་སུ་བསྩལ་བ་བཞིན། །འཇུག་བདེར་སྤེལ་བས་དགེ་ལེགས་ཤོག །ཅེས་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཀུན་འབྱུང་ནོར་བུའི་ལས་ཚོགས་ཀྱི་དགོངས་པ་བཞིན་འཇུག་བདེའི་ཆོ་ག་སྦྱོར་དངོས་རྗེས་གསུམ་ཚང་བ་བཀླག་ཆོག་ཞིག་བྲིས་ཞེས་མདོ་ཁམས་གྲུབ་དབང་རྫོགས་ཆེན་པའི་བརྒྱུད་འཛིན་མཁན་པོ་ཟླ་བའི་འོད་ཟེར་ནས་ཡང་ཡང་གསུང་བསྐུལ་ནན་ཏན་མཛད་པ་ལྟར་རྙིང་སྔགས་རྒན་པོ་བཀྲ་ཤིས་དཔལ་འབྱོར་གྱི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་གི་མདུན་རོལ་སྨན་ལྗོངས་ཉམས་དགའ་བར་གནས་པའི་སྐབས་ཡི་གེ་བྲིས་པའི་མཐུན་སྦྱོར་སྔ་འགྱུར་ཆོས་གྲྭ་འཛིན་པའི་སྤྲུལ་སྐུ་ཨཱ་ནནྡ་མངྒ་ལས་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཕན་བདེའི་དབུགས་འབྱིན་མྱུར་དུ་སྟེར་བའི་རྒྱུར་གྱུར་ཅིག། །།
[edit]

@#/_'jam dpal kun 'byung nor bu'i las tshogs la brten pa'i cho ga bkra shis 'dod dgu'i dpal ster bzhugs/_@#/_oM swasti bi dza yan+tu/_/rgyal kun mkhyen gnyis ye shes mkhar/_/'dod dgu'i sku mtshan rigs sngags kyi/_/dngos grub mchog gter many+dzu shrI/_/dbyer med bla ma mchog la 'dud/_/'jam dpal dbyangs kyi bla ma'i rnal 'byor la brten nas kun 'byung nor bu'i las tshogs sbyar bar 'dod pas rten gyi drung du ci 'byor ba'i mchod pa bshams la/_skyabs su 'gro ba ni/_na mo/_skyabs kyi dam pa skyabs su 'os/_/'jig rten dgra ste rab kyi mchog_/'jigs pa ma lus sel ba po/_/skyabs gnas rnams la skyabs su mchi/_/lan gsum/_sems bskyed pa ni/_mi shes 'dam du bying ba yi/_/sems can kun la sman pa dang*/_/bla med 'bras bu thob bya'i phyir/_/rdzogs pa'i byang chub sems bskyed do/__/lan gsum/_sems can bde dang ldan gyur cig_sogs/_mchog gsum tshogs gnyis chos dbyings bden stobs kyis/_/snod bcud dag pa'i zhing gi 'byor pa'i dbus/_/rin chen gzhal med bkod mdzes gdan khri dang*/_/phul byung mchod pa'i sprin gyis mdzes gyur cig_/mchod pa'i sprin gzungs dang rten snying bzla/_gu ru'i tshig bdun gsol 'debs lan bdun brjod pas/_phyogs bcu'i zhing rab 'byams nas bla ma rgyal ba sras dang bcas pa thams cad dang rnga yab gling nas o rgyan rin po che 'khor dpa' bo mkha' 'gro'i tshogs dang bcas pa spyan drangs nas mdun gyi nam mkhar khyab bdag 'jam pa'i rdo rje'i rnam par bzhugs par mos/_oM/_snang srid rnam dag chos dbyings gzhal yas su/_/rang byung ye shes 'jam dpal gzhon nu'i sku/_/yid 'ong nyi ma 'char ka'i lang tsho can/_/dang po phyag gnyis ral gri ut+pa la/_/tha ma'i phyag gnyis nor bu bum bzang bsnams/_/dar dang rin chen rgyan rdzogs skyil krung gis/_/rab mdzes pad+ma zla ba'i gdan steng na/_/dpag bsam shing la sku rgyab brten nas bzhugs/_/de'i mthar pad 'dab nyi shu rtsa bdun la mdun nas brtsams te g.yas bskor du zla ba'i gdan re re'i steng du sdug bsngal zhi ba'i 'jam dpal dkar po zhi zhing 'dzum pa'i nyams can zhal gcig phyag bzhi'i g.yas dang pos ral gri/_g.yon dang pos ut+pal gyi steng glegs bam gyi mtshan pa bsnams pa/_g.yas 'og ma'i skyabs sbyin dang*/_g.yon 'og mas bdud rtsi'i rgyun blud pa'i bum pa bsnams pa/_nad kyi sdug bsngal skyob pa'i 'jam dpal dkar po phyag 'og ma gnyis kyis a ru ra'i ljon shing dang bum pa bsnams pa/_gdon dang bar chad zhi ba'i 'jam dpal dkar po/_g.yas 'og ma skyabs sbyin dang*/_g.yon mnyam bzhag gis rdo rje bsnams pa/_bkra mi shes pa'i rgud pa zhi ba'i 'jam dpal dkar po/_g.yas 'og mas mchog sbyin gyi dpal be 'dzin pa/_g.yon mnyam bzhag gi bkra shis pa'i rtags brgyad 'dzin pa/_'jigs tshogs zhi ba'i 'jam dpal dkar po g.yas 'og mas skyabs sbyin/_g.yon 'og mas mnyam bzhag mdzad pa/_nyon mongs dug lnga zhi ba'i 'jam dpal dkar po/_g.yas 'og mas mchog sbyin gyis bdud rtsi'i bum pa/_g.yon 'og mas mnyam bzhag gis nor bu 'dzin pa/_rgyas pa'i las rab 'byams mdzad pa'i 'jam dpal gur gum gyi mdog can/_'char ka'i 'od snang bkra ba/_g.yas 'og mas mchog sbyin gyis nor bu/_g.yon mnyam bzhag gis gter bum bsnams pa/_dpag bsam gyi shing la sku rgyab brten pa/_'chi med tshe mchog ster ba'i 'jam dpal dmar ser/_phyag 'og ma mchog sbyin gyis rdo rje/_g.yon mnyam bzhag gis tshe bum 'dzin pa/_'dod dgu rgyas mdzad 'jal dpal gser mdog_/g.yas 'og mas nor bu/_g.yon 'og mas gter bum 'dzin pa/_snyan grags 'phel ba'i 'jam dpal dmar ser/_g.yas 'og mas ba dan dkar po/_g.yon 'og mas dbyangs gsal gyi sgra sgrogs pa'i dung bsnams pa/_che dgu'i 'khor tshogs 'du shing rgyas pa'i 'jam dpal dmar ser/_g.yas 'og mas lcags kyu/_g.yon 'og mas bkra shis rdzas brgyad 'dzin pa/_mkhyen gnyis shes rab rgyas pa'i 'jam dpal gser mdog_/g.yas 'og mas rin po che sgron me/_g.yon 'og mas gshin 'dzin pa/_/gzi brjid rgyas mdzad 'jam dpal g.yas 'og mas nyi ma/_g.yon 'og mas zla ba bsnams pa/_snying stobs rgyas mdzad 'jam dpal dmar ser/_g.yas 'og mas rdo rje/_g.yon 'og mas go cha bsnams pa/_rtsi shing lo 'bras rgyas mdzad 'jam dpal ser po/_g.yas 'og mas me tog_/g.yon 'og mas snye ma bsnams pa/_mngon shes 'char mdzad 'jam dpal dmar ser/_g.yas 'og mas A li kA li'i phreng ba/_g.yon 'og mas dngul dkar gyi me long bsnams pa/_dbang gi las mdzad 'jam dpal dmar po/_sgeg cing chags pa'i nyams can/_nyi ma'i rgyab yol can/_g.yas 'og mas lcags kyu/_g.yon 'og mas ut+pa la'i zhags pa bsnams pa/_drag po'i las mdzad 'jam dpal nam mkha'i mdog can/_spyan gsum khro tshul 'jigs su rung ba/_bdud bzhi'i gdan dang me dpung gi dbus su bzhugs pa/_g.yas gnam lcags kyi 'khor lo/_g.yon rdo rje'i be con bsnams pa/_mchog gi ye shes stsol ba'i 'jam dpal dmar ser/_g.yas 'og mas mda'/_g.yon 'og mas gzhu bsnams pa/_nyams rtogs myur du bskyed pa'i 'jam dpal dmar ser/_g.yas 'og mas sdig mdzub snying gar gtod cing*/_g.yon 'og mas mnyam bzhag thod bum bsnams pa/_drag po ma gtogs gzhan thams cad zhi zhing 'dzum la/_gzhon nu bcu drug lon pa'i na tshod can/_phyag g.yas kyi dang pos ral gri 'phyar zhing*/_g.yon mtheb mdzub kyi ut+pala'i yu ba nas bzung zhing*/_snyan gyi thad sor kha phye ba'i ze'u 'brur ye shes kyi rdo rje 'od 'bar bas mtshan pa/_thams cad kyang dar dang rin po che'i sha can/_dbu skra mthon mthing zur phud lnga dang ldan pa zhabs gnyis rdo rje'i skyil krung gis pad+ma dang zla ba'i gdan la ye shes kyi rang 'od khrigs pa'i klong na bzhugs pa'o/__/de yi phyogs mtshams steng 'og thams cad du/_/srid zhi'i dpal 'byor mchod sprin 'khrigs pa'i klong*/_bkra shis lha mo brgyad la sogs pa yis/_/rab 'byams mchod pa'i sprin gyis mkha' dbyings 'gengs/_/dran pa tsam gyis phun tshogs dpal yon kun/_/yid bzhin legs par stsol ba'i bdag nyid la/_/ma lus phyogs dus zhing gi rgyal ba dang*/_/rgyal ba sras bcas til gong ltar bzhugs pas/_/me tog char 'bebs shis pa'i glu dbyangs sgrogs/_/ye shes 'od zer 'bar bas mkha' khyab gsal/_/zhes gsal gdab/_de nas phyag mchod sogs 'bul ba ni/_oM/_snang srid rnam dag rang bzhin lhun grub pa'i/_/bkra shis phyogs bcu'i zhing na bzhugs pa yi/_/sangs rgyas chos dang dge 'dun 'phags pa'i tshogs/_/kun la phyag 'tshal mchod 'bul skyabs su mchi/_/sgron me'i rgyal po rtsal brtan don grub dgongs/_/byams pa'i rgyan dpal dge grags dpal dam pa/_/kun la dgongs pa rgya cher grags pa can/_/lhun po ltar 'phags rtsal grags dpal dang ni/_/sems can thams cad la dgongs grags pa'i dpal/_/yid tshims mdzad pa rtsal rab grags dpal te/_/mtshan tsam thos pas bkra shis dpal 'phel ba/_/bde bar gshegs pa brgyad la phyag 'tshal lo/_/'jam dpal gzhon nu dpal ldan rdo rje 'dzin/_/spyan ras gzigs dbang mgon po byams pa'i dpal/_/sa yi snying po sgrib pa rnam par sel/_/nam mkha'i snying po 'phags mchog kun tu bzang*/_/ut+pal rdo rje pad dkar klu shing dang*/_/nor bu zla ba ral gri nyi ma yi/_/phyag mtshan legs bsnams bkra shis dpal gyi mchog_/byang chub sems dpa' brgyad la phyag 'tshal lo/_/rin chen gdugs mchog bkra shis gser gyi nya/_/'dod 'byung bum bzang yid 'ong ka ma la/_/snyan grags dung dang phun tshogs dpal be'u/_/mi nub rgyal mtshan dbang bskyur 'khor lo ste/_/rin chen rtags mchog brgyad kyi phyag mtshan can/_/phyogs dus rgyal ba mchod cing dgyes bskyed ma/_/sgeg sogs ngo bo dran pas dpal spel ba'i/_/bkra shis lha mo brgyad la phyag 'tshal lo/_/tshangs pa chen po bde 'byung sred med bu/_/mig stong ldan dang rgyal po yul 'khor srung*/_/'phags skyes po dang glu dbang mig mi bzang*/_/rnam thos sras te lha rdzas 'khor lo dang*/_/tri shu la dang mdung thung rdo rje can/_/pi waM ral gri mchod rten rgyal mtshan 'dzin/_/sa gsum gnas su dge legs bkra shis spel/_/'jig rten skyong ba brgyad la phyag 'tshal lo/_/dngos su bshams dang yid kyis rnam sprul ba'i/_/dri med yid 'ong lha rdzas bkod pa'i char/_/me tog bdug spos snang gsal dri yi mchog_/zhal zas rol mo rnam lnga'i 'dod yon rdzas/_/bkra shis rtags rdzas rgyal srid rin chen bdun/_/nye ba'i rin chen bdun dang glu gar ma/_/mdzes sdug bkod pa'i rol mo mtha' yas pa/_/'bul lo bzhes nas bkra shis 'phel bar mdzod/_/khyad par bdag lus longs spyod dge rtsar bcas/_/rang rang yid la gang bsam 'dod rgu'i sprin/_/srid zhi'i 'byor tshogs ma tshang med pa'i char/_/mi phyed ro mnyam rdo rje'i dam tshig rdzas/_/kun bzang smon lam stobs bzhin sprul te 'bul/_/ngag 'don 'di la gang 'dod kyi mchod pa so sor yid kyis dmigs nas 'bul zhing*/_spro na maN+Dal rgyas bsdus kyang 'bul/_bdag gzhan thog med dus nas da lta'i bar/_/mi shes nyon mongs sgrib pa'i tshogs kun bshags/_/bsod nams kun la dga' bas yi rangs shing*/_/chos 'khor bskor zhing rtag par bzhugs gsol 'debs/_/'dis mtshon dus gsum bsags pa'i dge tshogs rnams/_/byang chub chen por yongs su bsngo byed cing*/_/rgyal ba sras bcas dgyes pa'i brtul zhugs mchog_/srog gi phyir yang mi gtong bzung bar bgyi/_/mgon po ye shes sgrib pa mi mnga' bas/_/bdag gi lhag pa'i bsam pa khyed kyis mkhyen/_/thugs dam ma bsnyel dgongs pa'i rtsal bskyed la/_/ji ltar gsol btab 'bras bu mchis par mdzod/_/bdag cag deng 'dir bya ba rtsom pa la/_/gegs dang nye bar 'tshe ba kun zhi nas/_/'dod don dpal 'phel bsam don yid bzhin 'grub/_/bkra shis bde legs phun sum tshogs par mdzod/_/ces lan gsum sogs ci rigs dang*/_e ma ho/_rang byung thugs rje'i bdag nyid bcom ldan 'das/_/mkhyen brtse nus pa mtshungs med rdo rje'i sku/_/ma lus 'gro ba'i gtan gyi mgon gyur pa/_/skyabs mchog dam pa bdag la dgongs su gsol/_/khyed ni rang byung ye shes bde ba che/_/ma lus 'gro kun khyed kyi ngang gyur kyang*/_/mi shes rgud pas mnar ba bdag cag la/_/deng nas rtag pa dam pa'i mchog stsol cig_/bkra shis kun gyi bkra shis bla med pa/_/grags pa'i bkra shis snyan grags dge mtshan ldan/_/dbugs 'byin chen po dga' ston rgya che ba/_/dga' ston rol mo chen pos dbugs dbyung stsol/_/'jam dpal dpal dang ldan pa mchog gyur pa/_/mchog sbyin rdo rjes bdag la mchog stsol cig_/de bzhin gshegs pa kun gyi ye shes sku/_/ye shes rdo rje'i dbang bskur bdag la stsol/_/'dod 'byung yid bzhin nor bu chen po 'chang*/_/dpag bsam shing chen rgyas pa 'gro kun gsos/_/khyab bdag rin chen kun mchog dbul ba sel/_/bum bzang che mchog bdag la dpal gyur cig_/deng nas bla med byang chub ma thob bar/_/tshe rabs kun tu khyed kyis rjes bzung ste/_/mi mthun rgud pa thams cad rgyun chad nas/_/dpal dang skal bzang bkra shis bde legs mdzod/_/dngos gzhi gsol ba gdab pa ni/_dad mos rtse gcig pas/_phyogs dus rgyal ba kun gyi ye shes sku/_/dpal ldan rdzogs pa'i sangs rgyas pad+ma skyes/_/'jam dpal yid bzhin nor bur gsol ba 'debs/_/bkra shis don kun 'grub par byin gyis rlobs/_/zhes gtso bo grangs bsags las sna tshogs bye brag gi gsol ba 'debs ni/_phyogs dus rgyal ba kun gyi ye shes sku/_/dpal ldan rdzogs pa'i sangs rgyas pad+ma skyes/_/'jam dpal rdo rje rnon por gsol ba 'debs/_/sdug bsngal ma lus zhi bar byin gyi rlobs/_/de bzhin du nad zhi ba la/_tshig rkang phyi ma gnyis 'jam dpal sman pa'i rgyal por gsol ba 'debs/_/nad rim nyer 'tshe zhi bar byin gyis rlobs/_/gdon zhi ba la/_'jam dpal rdo rje bsnams par gsol ba 'debs/_/gdon bgegs bar chad zhi bar byin gyis rlobs/_/sdig sgrib zhi ba la/_'jam dpal rdo rje sems dpar gsol ba 'debs/_/las nyon sdig sgrib zhi bar byin gyis rlobs/_/bkra mi shis pa zhi ba la/_'jam dpal bkra shis dam par gsol ba 'debs/_mi shes rgud pa zhi bar byin gyis rlobs/_/'jigs pa kun zhi ba la/_'jam dpal 'jigs kun skyob la gsol ba 'debs/_/dbugs 'byin chen po thob par byin gyis rlobs/_/nyon mongs dug lnga zhi ba la/_'jam dpal rdo rje rnon por gsol ba 'debs/_/nyon mongs rgyu 'bras zhi bar byin gyis rlobs/_/sngags sgrub pa la/_'jam dpal rigs sngags bdag por gsol ba 'debs/_/sngags kyi dngos grub thob par byin gyis rlobs/_/rgyas pa'i las spyi la/_'jam dpal yid bzhin nor bur gsol ba 'debs/_/bsam pa lhun gyis 'grub par byin gyis rlobs/_/bde skyid rgyas pa la/_'jam dpal bde chen rgyal por gsol ba 'debs/_/bde skyid phun sum tshogs par byin gyis rlobs/_/rtogs bskyed rgyas pas 'thus/_tshe sgrub pa la/_'jam dpal 'chi med dbang por gsol ba 'debs/_tshe yi rig 'dzin 'grub par byin gyis rlobs/_'byor dgu rgyas pa dang*/_nor rgyas pa la/_'jam dpal kun 'byung nor bur gsol ba 'debs/_/dgos 'dod phun sum tshogs par byin gyis rlobs/_/snyan grags rgyas pa la/_'jam dpal snyan grags rol mor gsol ba 'debs/_/snyan grags kun tu khyab par byin gyis rlobs/_/'khor tshogs 'du zhing rgyas pa la/_'jam dpal tshogs kyi bdag por gsol ba 'debs/_/mnga' thang 'khor tshogs rgyas par byin gyis rlobs/_/shes rab rgyas pa la/_'jam dpal shes rab sgron mer gsol ba 'debs/_/blo gros snang ba gsal bar byin gyis rlobs/_/bstan pa rgyas pa la/_'jam dpal chos kyi rgyal por gsol ba 'debs/_/rgyal bstan phyogs bcur rgyas par byin gyis rlobs/_/gzi brjid rgyas pa la/_'jam dpal gzi brjid chen por gsol ba 'debs/_/bkrag mdangs gzi brjid rgyas par byin gyis rlobs/_/snying stobs rgyas pa la/_'jam dpal dpa' bo chen por gsol ba 'debs/_/'jigs med snying stobs rgyas par byin gyis rlobs/_/rtsi shing lo 'bras rgyas pa la/_'jam dpal sa yi snying por gsol ba 'debs/_/rtsi shing me 'bras rgyas par byin gyis rlobs/_/mngon shes 'char ba la/_'jam dpal kun rig dam par gsol ba 'debs/_/mngon par shes pa 'char bar byin gyis rlobs/_/dbang gi las spyi la/_'jam dpal rdo rje lcags kyur gsol ba 'debs/_/'jam dpal dga' chen rol mo/_sangs rgyas chags pa/_sangs rgyas dgyes pa/_dbang phyug chen po rnams gang 'dod sbyar gsung*/_mchan/_gang bsam dbang du 'du bar byin gyis rlobs/_drag po'i las spyi la/_'jam dpal rdo rje 'jigs byed gsol ba 'debs/_mi mthun bdud dpung thal bar byin gyis rlobs/_/'jam dpal rdo rje drag po/_rdo rje 'bar ba/_rdo rje hU~M mdzad rnams gang 'dod sbyar gsung*/_mchan/_mchog gi ye shes rgyas par/_'jam dpal ye shes sems dpar gsol ba 'debs/_rang gzhan don gnyis 'grub par byin gyis rlobs/_/nyams rtogs myur du bskyed par/_'jam dpal sangs rgyas dgyes par gsol ba 'debs/_nyams rtogs ye shes 'bar bar byin gyis rlobs/_/zhes grangs bsags mthar/_e ma ho/_rang byung thugs rje'i bdag nyid bcom ldan 'das/_/mkhyen brtse nus pa mtshungs med rdo rje'i sku/_/ma lus 'gro ba'i gtan gyi mgon gyur pa/_/skyabs mchog dam pa bdag la dgongs su gsol/_/khyed ni rang byung ye shes bde ba che/_/ma lus 'gro kun khyed kyi ngang gyur kyang*/_/mi shes rgud pas mnar ba bdag cag la/_/deng nas rtag pa dam pa'i mchog stsol cig_/bkra shis kun gyi bkra shis bla med pa/_/grags pa'i bkra shis snyan grags dge mtshan ldan/_/dbugs 'byin chen po dga' ston rgya che ba/_/dga' chen rol mo chen pos dbugs dbyung stsol/_/'jam dpal dpal dang ldan pa'i mchog gyur pa/_/mchog sbyin rdo rjes bdag la mchog stsol cig_/de bzhin gshegs pa kun gyi ye shes sku'i/_/ye shes rdo rje'i dbang bskur bdag la stsol/_/'dod 'byung yid bzhin nor bu chen po 'chang*/_/dpag bsam shing chen rgyas pa 'gro kun gsos/_/khyab bdag rin chen kun mchog dbul ba sel/_/bum bzang che mchog bdag la dpal gyur cig_/deng nas bla med byang chub ma thob bar/_/tshe rabs kun tu khyod kyis rjes bzung ste/_/mi mthun rgud pa thams cad rgyun chad nas/_/dpal dang skal bzang bkra shis bde legs mdzod/_/ces lan gsum gyis 'dod don gsol/_skabs 'dir spro na/_'jam mgon mi pham rin po che'i gsung bkra shis mchog grub dang*/_bkra shis don kun 'grub pa'i dbyangs snyan sogs sbyar na legs/_mthar/_'khor rnams 'od zhu rim gyis gtso la thim/_/gtso bo'i sku las bdud rtsi'i char rgyun bab/_/spyi bo nas zhugs lus gang sgrib kun zhi/_/byin rlabs dbang bskur rdo rje'i ye shes bskyed/_/mthar ni 'od zhu rang thim gnyis med ngang*/_/'jam dpal ye shes sems dpa'i skur gyur nas/_/snang srid bde chen mnyam nyid byang chub sems/_/ma bcos blo 'das rdzogs pa chen po'o/__/zhes mos la mnyam par bzhag cing*/_gzungs sngags a ra pa tsa dang*/_oM many+dzu shrI pa ra badz+ra baM swAhA/_zhes cung zad bzla zhing*/_spro na 'jam dpal sgyu 'phrul drwa ba'i rgyud rgyas bsdus dag kyang bklag par bya'o/__/mgon po khyed kyi rdo rje'i mtshan/_/yang dag brjod pas rab bsngags bdag_/deng nas byang chub snying po'i bar/_/dgyes bzhin rjes su bzung bar mdzod/_/thos bsam sgom pa'i dkyil 'khor yongs su rdzogs/_/'chad rtsod rtsom pa'i 'od zer rab tu gsal/_/snyems med zhi ba gzhan phan snying brtse dang*/_/dad sogs yon tan rgya mtshos mdzes gyur cig_/de yi mthu las rgyal ba'i bstan pa la/_/bya ba rgya chen mchog tu rab bgyid cing*/_/'jam dpal dpa' bos dgyes bzhin rjes bzung nas/_/rang gzhan don gnyis lhun gyis 'grub par shog_/dge ba 'di yis skye bo kun/_/bsod nams ye shes tshogs rdzogs shing*/_/bsod nams ye shes las byung ba/_/dam pa sku gnyis thob par shog_/phan bde'i 'byung gnas bstan pa 'phel gyur cig_/tshe rabs kun tu chos la spyod gyur cig_/rgyal khams kun tu bkra shis rgyas gyur cig_/'gro kun phyag gcig sangs rgyas thob par shog_/chos tshul 'di yang phyogs kyi tha gru kun/_/rab khyab spobs pa'i gter chen brgyad kyi sgo/_/'byed cing mchog thun phrin las mtha' dag kun/_/yid bzhin 'grub pa'i dge mtshan rgyas gyur cig_/rgyal ba'i bstan pa dar zhing rgyas pa dang*/_bstan 'dzin rnams kyi bzhed pa'i don kun 'grub/_/ma lus skyes dgu'i 'gal rkyen kun zhi zhing*/_/phun tshogs mtha' dag yid bzhin 'byor gyur cig_/rten snying dang phun sum tshogs pa sogs brjod pas bde legs su bya'o/__/rgyud kyi dgongs pa rmad byung ba/_/man ngag 'dod dgu'i dpal spyod gter/_/skal bzang btsas su bstsal ba bzhin/_/'jug bder spel bas dge legs shog_/ces 'jam mgon mi pham rin po che'i kun 'byung nor bu'i las tshogs kyi dgongs pa bzhin 'jug bde'i cho ga sbyor dngos rjes gsum tshang ba bklag chog zhig bris zhes mdo khams grub dbang rdzogs chen pa'i brgyud 'dzin mkhan po zla ba'i 'od zer nas yang yang gsung bskul nan tan mdzad pa ltar rnying sngags rgan po bkra shis dpal 'byor gyi sku rjes rdo rje brtsegs pa'i ke'u tshang gi mdun rol sman ljongs nyams dga' bar gnas pa'i skabs yi ge bris pa'i mthun sbyor snga 'gyur chos grwa 'dzin pa'i sprul sku A nan+da mang+ga las bgyis pa 'dis kyang 'gro kun phan bde'i dbugs 'byin myur du ster ba'i rgyur gyur cig/__//

Footnotes

Other Information