ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་ལྷ་མོའི་ལས་ཚོགས་པི་ཝང་སྒྲུབ་ཕྲིན་གབ་དོན་མངོན་གསལ༔

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-044
Wylie title yang zab bde chen dpal mo'i thugs kyi me long las: dbyangs can lha mo'i las tshogs pi wang sgrub phrin gab don mngon gsal: DKR-KABUM-08-NYA-044.pdf
Location dil mgo mkhyen brtse bka' 'bum
Volume 8, Text 44, Pages 302 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dbyangs can lha mo'i las tshogs pi wang sgrub phrin gab don mngon gsal. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 302. Delhi: Shechen Publications, 1994.
Genre Activity Practices - las tshogs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can ma
Colophon

མངོན་དུ་ཕྱུང་བ་འདི་ཉིད་ནི༔ དུས་བབ་མེ་མོ་ལུག་གི་ལོར༔ རིགས་སྲས་མཁྱེན་རབ་ཉི་མ་དང༔ དབྱིངས་རིག་དྲི་མེད་རྣམ་གཉིས་ཀྱིས༔ རྟེན་འབྲེལ་རྫས་ཀྱིས་མཚམས་སྦྱར་ཏེ༔ བསྐུལ་ངོར་ཆོས་ཀྱི་གོ་ཆ་ཡིས༔ རང་རིག་དག་པའི་སྣང་ངོ་ལ༔ ཤར་བཞིན་ཡི་གེའི་ལམ་དུ་ཕབ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔

mngon du phyung ba 'di nyid ni:_dus bab me mo lug gi lor:_rigs sras mkhyen rab nyi ma dang:_dbyings rig dri med rnam gnyis kyis:_rten 'brel rdzas kyis mtshams sbyar te:_bskul ngor chos kyi go cha yis:_rang rig dag pa'i snang ngo la:_shar bzhin yi ge'i lam du phab:_sa mA ya:_rgya rgya rgya:

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་ལྷ་མོའི་ལས་ཚོགས་པི་ཝང་སྒྲུབ་ཕྲིན་གབ་དོན་མངོན་གསལ་བཞུགས༔ ༁ྃ༔ ༠༠༠༠༠༔ དབྱིངས་རིག་གཉིས་མེད་ཡེ་ཤེས་ཀྱི༔ རྩལ་སྣང་མ་འགག་སྒྱུ་མའི་འཕྲུལ༔ ངག་གི་དབང་ཕྱུག་དབྱངས་ཅན་མའི༔ མན་ངག་པི་ཝང་སྒྲུབ་ཕྲིན་བྲི༔ དང་པོ་ཤིན་ཏུ་དབེན་གནས་སུ་དབྱངས་ཅན་མའི་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་རྣལ་འབྱོར་པས་མཆོད་རྫས་གྱ་ནོམ་པ་སྤྱི་དང༔ ཁྱད་པར་དམ་རྫས་པི་ཝང་རྒྱུད་ལྔ་ལྡན༔ ཤིན་ཏུ་མཛེས་ཤིང་སྤུས་ལེགས་པ་གཅིག་འདུ་བྱ་ཞིང༔ དེ་ལ་བྱུག་རྫས་ནི༔ གུར་གུམ༔ སིནྡྷུ་ར༔ གླ་རྩི༔ བིལ་བའི་ཤིང༔ དབང་ལག༔ སྒྲོན་ཤིང་བཅས་རྫས་བདུན་པ་ཀ་ར་བུ་རམ༔ སྦྲང་རྩི་སྟེ་མངར་གསུམ་དང༔ བ་དམར་སེར་གྱི་འོ་མས་རིལ་བུ་བྱས་པ་དང༔ སླར་བསྡུས་ཏེ་སྤོས་དཀར་དང་སྦྱར་ནས་ལྡེ་གུས་རྒྱུད་ལ་ཡང་ཡང་བྱུགས་པར་བྱ་བ་མན་ངག་གོ༔ དེ་ནས་ཐུན་མཚམས་སུ་བབ་པ་དང༔ བསྙེན་པ་ཅུང་ཟད་ཀྱི་མཐར༔ ཀ་དག་སྤྲོས་བྲལ་ཆོས་སྐུའི་རྩལ༔ ལྷུན་གྲུབ་ལོངས་སྐུའི་རོལ་པ་ལས༔ སྣ་ཚོགས་ཅིར་ཡང་སྤྲུལ་པ་སྟོན༔ དབྱངས་ཅན་ལྷ་མོ་སྟོན་ཀའི་ཟླ༔ བརྒྱ་ཕྲག་བརྩེགས་པའི་ཞལ་མངའ་ཞིང༔ སྐར་མ་སྟོང་ཕྲག་ཚོགས་པ་ཡི༔ ཞི་བའི་འོད་ཟེར་རབ་འཕྲོ་མ༔ སྒྱུ་འཕྲུལ་པི་ཝང་གཟུགས་ཀྱིས་ནི༔ བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས༔ མདོ་རྒྱུད་དགོངས་དོན་གླུ་རུ་ལེན༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ངང༔ སྨྲ་བསམ་བརྗོད་བྲལ་དོན་གྱི་དབྱིངས༔ རོལ་རྩལ་ཉམས་རྟོགས་ཡོན་ཏན་གྱི༔ སྤོབས་པའི་གཏེར་མཛོད་གྲོལ་བར་གྱུར༔ ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿ ཏམྦུ་ར་ས་མ་ཡ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃཿ ཞེས་པ་འབུམ་ཕྲག་གསུམ་བཟླས་པར་བྱའོ༔ དེ་ལྟར་རབ་ཏུ་གསང་སྟེ་སྒྲུབ༔ དང་པོ་ཉམས་དང་རྨི་ལམ་ལ༔ པི་ཝང་སྒྲ་ནི་མ་འཁྲོལ་སྒྲོགས༔ ཉམས་དང་རྟོགས་པ་ཆེས་ཆེར་འཕེལ༔ རྗེས་ཐོབ་ཉམས་ཀྱི་སྣང་བ་ལ༔ མ་བསླབ་ཡོན་ཏན་ཕུན་སུམ་ཚོགས༔ བསླབ་པས་ཤེས་རབ་ཐོགས་མེད་རྡོལ༔ བསྟན་དང་འགྲོ་ལ་ཕན་ཐོགས་འབྱུང༔ དམ་རྫས་མི་ལག་འགྲིམ་མི་བྱ༔ རེ་ཞིག་ལོ་གསུམ་བར་དུ་རྒྱ༔ པི་ཝང་སྒྲུབ་ཡིག་གབ་པའི་དོན༔ མངོན་དུ་ཕྱུང་བ་འདི་ཉིད་ནི༔ དུས་བབ་མེ་མོ་ལུག་གི་ལོར༔ རིགས་སྲས་མཁྱེན་རབ་ཉི་མ་དང༔ དབྱིངས་རིག་དྲི་མེད་རྣམ་གཉིས་ཀྱིས༔ རྟེན་འབྲེལ་རྫས་ཀྱིས་མཚམས་སྦྱར་ཏེ༔ བསྐུལ་ངོར་ཆོས་ཀྱི་གོ་ཆ་ཡིས༔ རང་རིག་དག་པའི་སྣང་ངོ་ལ༔ ཤར་བཞིན་ཡི་གེའི་ལམ་དུ་ཕབ༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ ༈ གདུལ་བྱའི་ཁམས་དང་བསམ་པ་བཞིན༔ གང་འདུལ་སྤྲུལ་པའི་ཟློས་གར་ཅན༔ དགའ་མའི་ཚུལ་བཟང་དབྱངས་ཅན་ལྷ༔ མགྲིན་པར་བཞུགས་ལ་ངག་བྱིན་སྩོལ༔ ཅེས་གཏེར་གཞུང་རྩ་བ་ཡིན་ནོ། མཆན།

Footnotes

Other Information