སྐྱབས་རྗེ་རྡོ་རྗེ་འཆང་གི་གསོལ་འདེབས་ཕྱོགས་བསྡུས།

From Khyentse Lineage - A Tsadra Foundation Project
DKR-KABUM-03-GA-004
Wylie title skyabs rje rdo rje 'chang gi gsol 'debs phyogs bsdus DKR-KABUM-03-GA-004.pdf
Location dil mgo mkhyen brtse bka' 'bum
Volume 3, Text 4, Pages 15-34 (Folios 1a1 to 20a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Skyabs rje rdo rje 'chang gi gsol 'debs phyogs bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 15-34. Delhi: Shechen Publications, 1994.
Genre Supplications - gsol 'debs
[edit]
ན་མོ་གུ་རུ། འཇྃམ་པའི་དབྱངྃས་དངོས་མཁྱེནྃ་གཉིས་ཡེ་ཤེས་གཏེར། །བརྩེྃ་ཆེན་མཁའ་ཁྱབ་པད་དཀར་འཆང་བ་དངོས། །ཕུལ་བྱུང་ནུས་སྟོབས་དབྃང་པོའིྃ་རྡོ་རྗེ་འཛིན། །རིགས་གསུམ་དབྱེར་མེད་བླ་མར་གསོལ་བ་འདེབས། །གང་གི་བྱིན་རླབས་བདུད་རྩིའི་རེག་པ་ལས། །མཐའ་ཀླས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱིས། །ཐོས་བསམ་བསྒོམ་པའི་ཡོན་ཏན་དཔལ་གྱིས་འབྱོར། །བྃཀྲ་ཤིསྃ་དཔྃལ་འབྱོརྃ་ཞབས་ལ་གསོལ་བ་འདེབས། །སྲིད་པའི་རྒྱུ་འབྲས་གནས་ལས་ངེས་འབྱུང་ཡིད། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་སྦྲང་རྩིས་མཛེས། །ཉེས་སྤྱོད་དྲི་མས་མ་གོས་རྡོ་རྗེ་འཛིན། །འགྱུརྃ་མེདྃ་བསླབྃ་གསུམྃ་རྒྱལྃ་མཚནྃ་གསོལ་བ་འདེབས། །ཐེག་ཆེན་སྡེ་སྣོད་རྒྱ་མཚོའི་མཇིང་ལ་ཞུགས། །གཞན་ཕན་སེམས་ཀྱི་རིན་ཆེན་གྲུར་ཞོན་ནས། །ཚོགས་གཉིས་ནོར་བུའི་དགའ་སྟོན་ལོངས་སྤྱོད་པ། །རྒྱལ་སྲས་ཆོསྃ་ཀྱིྃ་མྱུྃ་གུརྃ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་དབང་བཞིའི་ཆུ་ཀླུང་ཀུན། །རྡོ་རྗེ་བཞི་ཡི་ཞིང་སར་སྨིན་པ་ལས། །རྡོ་རྗེའི་རིག་འཛིན་ཀུན་ཏུ་དགའ་བའི་དཔྱིད། །རྡོྃ་རྗེྃ་ཐུགསྃ་མཆོྃག་རྩལྃ་ལ་གསོལ་བ་འདེབས། །སྒྲུབ་པ་བཀའ་བརྒྱད་ལ་སོགས་རབ་འབྱམས་ལྷའི། །བསྙེན་སྒྲུབ་ཡན་ལག་བཞི་ཡི་རྣལ་འབྱོར་གྱིས། །ངེས་གསང་བསྟན་ལ་ཞུགས་པ་དོན་ལྡན་སྤྱོད། །གཟིྃ་བརྗིདྃ་རབྃ་དགྃའི་དཔྃལ་ལ་གསོལ་བ་འདེབས། །རྣམ་བཅས་བདེ་ཆེན་ཕྱག་རྒྱའི་རོལ་རྩེད་ཀྱིས། །རྣམ་མེད་སྟོང་ཉིད་རྡོ་རྗེ་བཙུན་མོའི་ཀློང༌། །རྣམ་གྲོལ་མཆོག་དངོས་སྦྱོར་བའི་བརྟུལ་ཞུགས་ཅན། །པྃདྨྃ་དབྃང་ཆེནྃ་དགྱེསྃ་པརྃ་གསོལ་བ་འདེབས། །ཟག་བཅས་འཁྲུལ་རྟོག་སྐྱེ་མེད་ཀ་དག་དབྱིངས། །རང་གྲོལ་མ་བཅོས་གཉུག་མའི་རྣལ་འབྱོར་གྱིས། །དགོངས་བརྒྱུད་བྱིན་རླབས་ཟབ་མོའི་དབུགས་འབྱིན་ཐོབ། །འོད་གསལ་སྣྃ་ཚོགསྃ་རངྃ་གྲོལྃ་གསོལ་བ་འདེབས། །སྔོན་གྱི་སྨོན་ལམ་དད་དང་ལྷག་བསམ་གྱིས། །འོད་གསལ་རྡོ་རྗེ་སྙིང་པོའི་བཤད་སྒྲུབ་ཀྱིས། །འབྲེལ་ཚད་དོན་ལྡན་འདུན་པའི་ཀུན་སྤྱོད་ཅན། །ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱལྃ་མཚྃན་གསོལ་བ་འདེབས། །རབ་འབྱམས་རྒྱལ་བའི་གསང་གསུམ་ཡེ་ཤེས་རྩལ། །རྡོ་རྗེ་སློབ་དཔོན་གཟུགས་སུ་བཞེངས་པ་ལ། །ཡིད་ཆེས་མོས་པས་རྒྱུན་དུ་གསོལ་འདེབས་ན། །མངོན་སུམ་བྱིན་རླབས་སྩོལ་ཅིག་བླ་མ་རྗེ། །འཆི་མེད་ཡེ་ཤེས་རྡོ་རྗེའི་དབང་བཅུའི་ཚེ། །མངོན་གྱུར་སྲས་བཅས་རྒྱལ་བའི་བྱིན་རླབས་ཀྱིས། །སྐྱེ་འཆི་མེད་པ་རྗོ་རྗེ་ལྟ་བུའི་སྐུ། །གྲུབ་ནས་འགྲོ་ཀུན་འདྲེན་པར་མཛད་དུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར་དག་ཏུ། །ཀུན་མཁྱེན་བླ་མ་ཡབ་སྲས་མི་འབྲལ་བས། །ཐེག་མཆོག་ལྟ་སྒོམ་སྤྱོད་པ་མཐར་སོན་པས། །འཕོ་ཆེན་ཡེ་ཤེས་ཕྱག་རྒྱ་གྲུབ་པར་མཛོད། །ཁྱད་པར་དབེན་ཞིང་ཉམས་དགའི་རི་ཕུག་ཏུ། །འདིར་སྣང་དྲི་མས་མ་སྦགས་དཀའ་ཐུབ་ཀྱིས། །སྙིང་པོའི་རྣལ་འབྱོར་འབའ་ཞིག་ལྷུར་ལེན་ནས། །ཉམས་རྟོགས་ཟད་སར་འཁྱོལ་བར་བྱིན་གྱིས་རློབས། །གསང་ཆེན་བསྟན་པའི་དཔལ་ཡོན་རབ་ཏུ་རྒྱས། །བསྟན་འཛིན་དམ་པའི་ཕྲིན་ལས་མཁའ་ཁྱབ་བརྡལ། །འགྲོ་ཀུན་རྣམ་དཀར་ལས་ཀྱིས་ཐར་པར་སྦྱོར། །རྒྱལ་སྲས་སྤྱོད་པས་དབུགས་འབྱིན་མྱུར་ཐོབ་ཤོག །ཅེས་རྣམ་པར་དཀར་བའི་ཐུགས་སྨོན་བཅས་དད་ལྡན་བསྟན་འཛིན་ཆོས་སྒྲོན་ནས་ལྷ་རྫས་ཀྱི་རྟེན་བཅས་ཆེད་དུ་བསྐུལ་ངོར་བྲག་དཀར་བཀྲ་ཤིས་སྡིངས་རང་བྱུང་གྲུབ་པས་བསྔགས་པའི་སྦས་གནས་ནས་སྙིང་ཐིག་གསར་སྙིང་གི་སྨིན་གྲོལ་གྲུབ་པའི་རྗེས་རང་གིས་རང་ལ་བསྔགས་པས་དཔྱོད་ལྡན་རྣམས་ཐུགས་ཁྲེལ་མེད་པ་དང༌། དད་ལྡན་དབུགས་དབྱུང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཏྟ། ༈ ཀ་དག་ཀུན་བཟང་འོད་གསལ་ཆོས་ཀྱི་སྐུ། །ལྷུན་གྲུབ་བདེ་ཆེན་རབ་འབྱམས་དཀྱིལ་འཁོར་གྱི། །ཁྱབ་བདག་ཐུགས་རྗེའི་རིག་རྩལ་སྤྲུལ་སྐུའི་ཚུལ། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས། །དེང་ནས་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །མཚན་ལྡན་བླ་མས་རྗེས་བཟུང་བྱིན་གྱིས་བརླབ། །སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དབྱིངས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་མཛད་དུ་གསོལ། །ཞེས་པའང་བཙུན་མ་ཚེ་ལྷ་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། ༈ འཇིགས་མེད་པདྨ་དགྱེས་པའི་མཁྱེནྃ་བརྩེའིྃ་འོདྃ། །སྐལ་བཟང་གདུལ་བྱའི་པད་ཚལ་བཞད་པའི་གཉེན། །བཀའ་གཏེར་སྨིན་གྲོལ་གདམས་པའི་ཟེརྃ་ཕྲེང་ཅན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཁོར་བར་ངེས་འབྱུང་ཐར་ལམ་དད་པ་བརྟན། །བླ་མར་ཡིད་ཆེས་གཞན་ཕན་བསམ་བཟང་གིས། །ཚོགས་གཉིས་མཐར་ཕྱིན་གནས་ལུགས་རང་ངོ་མཐོང༌། །སྐུལ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་དད་ལྡན་བཀྲ་ཤིས་ཚེ་རིང་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དགེ ༈ སྲས་བཅས་རྒྱལ་བའི་ཡེ་ཤེས་འཇྃམ་པའི་དབྱངྃས། །མཁྱེནྃ་བརྩེྃ་ནུས་པའི་རང་གཟུགས་མཁས་གྲུབ་དབང༌། །མཆོག་གིས་བྱིན་བརླབས་རིག་པ་འཛིན་པའི་ཚུལ། །འགྱུར་མེད་བསླབ་གསུམ་རྒྱལ་མཚན་གསོལ་བ་འདེབས། །འཆི་མེད་སྐུ་བརྙེས་ཨོ་རྒྱན་རྡོ་རྗེ་འཆང༌། །བི་མ་བཻ་རོ་མཚོ་རྒྱལ་ཁྲི་སྲོང་རྗེ། །ནམ་སྙིང་གནུབས་ཆེན་ཐང་རྒྱལ་ལ་སོགས་པས། །ཞབས་པད་བསྐལ་བརྒྱར་བརྟན་པར་བྱིན་གྱིས་རློབས། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་ཆེ། །གཉིས་སུ་མེད་པར་མཁའ་ཁྱབ་སེམས་ཅན་གྱི། །སྡིག་ལྟུང་གང་བྱས་སྙིང་ནས་བཤགས་ལགས་ན། །བྱང་དག་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །རང་སེམས་མ་བཅོས་གཉུག་མ་ཆོས་སྐུའི་གཤིས། །འགྱུ་འཕྲོའི་རྣམ་རྟོག་རང་དག་མ་བཅོས་ཀློང༌། །དགོངས་ཀློང་གདིང་ཐོབ་ཆོས་ཉིད་ཟད་པའི་སྦུབས། །བླ་མ་སྐུ་གསུམ་གོ་འཕང་མངོན་གྱུར་ཤོག །ཅེས་པའང་དད་ལྡན་སྒ་པ་རྡོ་རྐོ་བློ་གྲོས་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་འཕེལ། ༈ ཕྱོགས་དུས་རྒྱལ་ཀུན་ངོ་བོ་པདྨ་འབྱུང༌། །མདོ་སྔགས་ཟུང་འཇུག་བསྟན་པ་སྤེལ་པའི་ཕྱིར། །མཁྱེན་བརྩེའི་འོད་ཟེར་རྒྱལ་བའི་མྱུ་གུའི་ཚུལ། །ཐེག་མཆོག་བསྟན་པའི་རྒྱལ་མཚན་གསོལ་བ་འདེབས། །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ཀུན། །བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཏེ། །དྲན་པས་ཐར་པའི་མཆོག་སྟེར་རིགས་ཀུན་བདག །མི་ཕྱེད་དད་དང་མོས་པས་གསོལ་བཏབ་མཐུས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་སུ་བཟུང༌། །སྨིན་གྲོལ་གདམས་པས་སྐལ་བཟང་དཔལ་ལ་སྤྱོད། །ཟུང་འཇུག་སྲིད་ཞིར་མི་གནས་གོ་འཕང་མཆོག །མཐོང་བའི་ཆོས་ལ་ཐོབ་པར་མཛད་དུ་གསོལ། །ཅེས་པའང་ཀ་ཆུའི་སྔགས་བན་ཀླུ་རྒྱལ་ཚེ་རིང་ནས་བསྐུལ་ངོར་རང་ཉིད་ཀྱི་སྨྲས་པའོ། ༈ རང་བྱུང་སངས་རྒྱས་དཔལ་ལྡན་པདྨ་སྐྱེས། །མཁྱེན་བརྩེ་ནུས་པའི་ཡེ་ཤེས་རང་གཟུགས་ཆེ། །པདྨ་མདོ་སྔགས་གླིང་པར་གསོལ་བ་འདེབས། །རང་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །ཞེས་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་འགྱིང་བའི་སྒོམ་ཆེན་ས་མནྟ་བྷདྲ་བཱ་ལ་རཱ་ཛས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། ༈ ཀུན་ཁྱབ་འགྱུྃར་མེྃད་བདེ་ཆེན་རྡོ་རྗེ་སེམས། །ཐེྃག་མཆོྃག་བསྟནྃ་པ་བསམ་འཕེལ་དབང་གི་རྒྱལ། །བཤད་དང་སྒྲུབ་པྃའི་རྒྱྃལ་མཚྃན་རྩེར་མཆོད་མཛད། །དཔལ་མགོན་བླ་མ་མཆོག་ལ་གསོལ་བ་འདེབས། །བྃཀྲ་ཤིྃས་ཕན་བདེའི་སྣང་བ་འབུམ་གྱི་གཏེར། །ཟག་མེད་ཡོན་ཏན་དཔྃལ་རྒྱས་འབྱོྃར་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་མྱུར་སྩོལ་ཏེ། །མི་སློབ་འབྲས་བུའི་གོ་འཕང་མྱུར་ཐོབ་མཛོད། །མདོར་ན་འདི་ཕྱི་བར་དོའི་གནས་སྐབས་ཀུན། །ཁྱེད་དང་མི་འབྲལ་ཐུགས་རྗེའི་ལེགས་བཟུང་སྟེ། །ཐེག་མཆོག་རྡོ་རྗེའི་ས་ལམ་མཐར་ཕྱིན་ནས། །མགོན་པོ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །ཞེས་པའང་ཞྭ་ལམ་རབ་འབྱམས་དྲུག་པའི་སྐུལདབོན་འགྱུར་མེད་འཇིགས་བྲལ་རྒྱ་མཚོ་ནས་ཆེད་དུ་བསྐུལ་ངོར་བརྩེ་བའི་སེམས་ཀྱིས་སྣྲོན་ཟླའི་ཚེས་༡༠ལ་བྲིས་པ་དོན་ལྡན་དུ་གྱུར་ཅིག ༈ ཨོཾ་སྭ་སྟི། །འཕོ་འགྱུརྃ་མཚན་མེདྃ་རྣམ་ཐར་སྒོ་གསུམ་ཀློང༌། །འོད་གསལ་སྒྱུ་འཕྲུལ་དཀྱིལ་འཁོར་འཁོར་ལོའི་མགོན། །ཐུགས་རྗེའི་རིག་རྩལ་ཐེགྃ་མཆོྃག་ཤིང་རྟའི་ཚུལ། །བསྟནྃ་པའིྃ་རྒྱལྃ་མཚྃན་འཛིན་ལ་གསོལ་བ་འདེབས། །དད་དང་སྙིང་རྗེས་སེམས་རྒྱུད་ལས་རུང་ཞིང༌། །རང་རིག་བླ་མའི་ཞལ་བཟང་དངོས་སུ་མཇལ། །འོད་གསལ་དགོངས་པའི་རང་རྩལ་ཡོངས་རྫོགས་ནས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །སྐྱེ་འཆི་བར་དོའི་གནས་སྐབས་ཐམས་ཅད་དུ། །འཁྲུལ་མེད་སྐུ་གསུམ་བླ་མས་རྗེས་སུ་བཟུང༌། །འོད་གསལ་ལྷུན་གྲུབ་ཡེ་ཤེས་ཆེན་པོའི་སྦུབས། །ཡུད་ཀྱིས་བཙན་ས་ཟིན་པར་མཛད་དུ་གསོལ། །ཞེས་པའང་རྣམ་པར་དཀར་བའི་དད་མོས་ཅན་སྦྱིན་བདག་པདྨ་སྐལ་བཟང་ནས་བཀྲ་ཤིས་པའི་ལྷ་རེག་རིན་གཉིས་འཁོར་ལོ་ཉེར་གཅིག་དབང་གཞུ་ལྟར་བཀྲ་བའི་ཝསྟྲ་བཅས་བསྐུལ་བ་ལྟར་ངེས་དོན་བླ་མའི་གསོལ་འདེབས་ཀྱི་བརྗོད་བྱར་བྱས་པ་འདིའང་རྒན་པོ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་ཤིང་སྨོན་པའོ། ༈ པདྨ་འཇམ་པའི་རྡོ་རྗེའི་ཡེ་ཤེས་དཔྱིད། །འཇིགས་བྲལ་མཁྱེན་བརྩེའི་དབང་པོའི་ཐུགས་རྗེའི་གར། །རིགས་བདག་ཐེགྃ་མཆོྃག་བྃསྟན་པའིྃ་རྒྱལྃ་མཚྃན་ཆེར། །ཡིད་ཆེས་དད་པས་རྟག་ཏུ་གསོལ་བ་འདེབས། །འདི་ཕྱི་བར་དོ་ཀུན་ཏུ་ཐུགས་རྗེས་ཟུངས། །སྐྱེ་དང་ཚེ་རབས་ཐམས་ཅད་འབྲལ་མེད་པས། །ཅི་མཛད་ལེགས་མཐོང་ཐུགས་ཡིད་གཅིག་ཏུ་འདྲེས། །ས་ལམ་ཡོན་ཏན་དགོངས་བརྒྱུད་འཕོ་བས་བགྲོད། །བསྟན་འགྲོའི་དཔལ་ཡོན་སྤེལ་བས་འབྲེལ་ཚད་ཀུན། །རྣམ་མཁྱེན་ས་ལ་དབུགས་འབྱིན་སྟེར་ནུས་ཤོག །ཅེས་པའང་མཁས་བཙུན་བཟང་སོགས་དམ་པའི་ཡོན་ཏན་རྨད་བྱུང་རྡོ་རྫོང་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་ནས་གསུང་ནན་བཞིན་རང་ཉིད་ཀྱིས་རང་བྱུང་མཆོད་རྟེན་ཆེན་པོའི་མདུན་བྲིས་པ་སྐུ་ཚེ་དང་ཡོན་ཏན་འཕེལ་རྒྱས་བརྟན་པའི་དཔལ་དུ་གྱུར་ཅིག ༈ རྩ་གསུམ་ཀུན་འདུས་རིག་འཛིན་ཤྲཱི་སེང་ཧའི་གསོལ་འདེབས་ཡེ་ཤེས་མཆོག་སྦྱིན་བཞུགས། ཆོས་དབྱིངས་འོད་གསལ་གཞོན་ནུ་བུམ་པ་སྐུར། །ཡེ་ཤེས་རང་སྣང་འཕོ་ཆེན་རྡོ་རྗེའི་ཚུལ། །རིག་འཛིན་ཆེན་པོ་ཤྲཱི་སེང་ཧ་ལ། །རང་ངོ་ཤེས་པའི་ངང་ནས་གསོལ་བ་འདེབས། །ཀུན་རྟོག་ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་དུ། །རིག་པ་བརྟུལ་ཞུགས་ཡེ་ཤེས་ཕྱག་རྒྱའི་གར། །སྣང་སྲིད་དབང་བསྒྱུར་རིག་འཛིན་ཤྲཱི་སིངྷར། །ཡིད་ཆེས་དད་པའི་ངང་ནས་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་སངས་རྒྱས་གཉིས། །རྩ་གསུམ་ཀུན་འདུས་རྡོ་རྗེ་ཐོད་ཕྲེང་ལ། །རིག་པ་རྩལ་གྱི་དབང་མཆོག་ཁྱོད་ཀྱིས་བསྐུར། །དགོངས་ཀློང་གཅིག་ཏུ་འདྲེས་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཡེ་ཤེས་རྡོ་རྗེའི་གསང་མཛོད་དུ། །བརྒྱུད་གསུམ་བླ་མའི་བྱིན་རླབས་གཅིག་ཏུ་འཁྱིལ། །དྲན་པ་ཙམ་གྱིས་དགོངས་བརྒྱུད་བཙན་ཐབས་འཕོ། །ཡིད་ཆེས་མོས་གུས་གདུང་བས་གསོལ་བ་འདེབས། །ཡེ་ཤེས་ཀློང་དགུ་འབར་བའི་ཐིག་ལེ་རུ། །དཔལ་ཆེན་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་རྫོགས། །མཆོག་དང་ཐུན་མོང་དངོས་གྲུབ་ཆར་དུ་འབེབས། །ཡི་དམ་ཀུན་གྱི་ཁྱབ་བདག་གསོལ་བ་འདེབས། །འཇིགས་མེད་རོལ་པ་ཆེན་པོའི་བརྟུལ་ཞུགས་ཀྱིས། །མ་ཚོགས་གནས་གསུམ་མཁའ་འགྲོ་དབང་དུ་སྡུད། །དཔའ་བོ་ཌཱ་ཀིའི་ཚོགས་རྗེ་ཧེ་རུ་ཀཿ །དཔལ་ཆེན་གྲུབ་པའི་དབང་ཕྱུག་གསོལ་བ་འདེབས། །རྡོ་རྗེའི་བཀའ་ཡི་ཐ་ཚིག་ཕོག་ཙམ་གྱིས། །སྣང་སྲིད་རྒྱུད་གསུམ་དྲེགས་པ་བྲན་དུ་བཀོལ། །རིག་རྩལ་ཕྲིན་ལས་གང་འདུལ་ཐོགས་པ་མེད། །རྡོ་རྗེའི་ཆོས་སྲུང་སྤྱི་རྗེར་གསོལ་བ་འདེབས། །སྡེ་གསུམ་ཀློང་དགུའི་མན་ངག་རྫོགས་པ་ཆེའི། །སྨིན་གྲོལ་གདམས་པས་སྐལ་ལྡན་བསམ་ཡས་པ། །རང་གྲོལ་གདོད་མར་བྱང་ཆུབ་མཛད་པའི་མགོན། །རིག་འཛིན་ཤྲཱི་སེང་ཧར་གསོལ་བ་འདེབས། །སྣང་སྲིད་འཁོར་འདས་ཀུན་ཁྱབ་ཡེ་ཤེས་གཞིར། །ཁྱད་པར་དྲུག་གིས་མངོན་པར་བྱང་ཆུབ་སྟེ། །སྐྱེ་འཆི་འཕོ་མེད་རྡོ་རྗེའི་ཡེ་ཤེས་སྐུས། །ཕྱོགས་དུས་ཞིང་ཀུན་ཁྱབ་ལ་གསོལ་བ་འདེབས། །འཁོར་འདས་མ་ལུས་ཁྱེད་ཀྱི་ཡེ་ཤེས་ཀློང༌། །རང་ངོ་ཤེས་ན་དག་ཆེན་ཉག་གཅིག་བརྡལ། །སྲིད་ཞི་ཀུན་ཁྱབ་རྒྱ་ཆད་ཕྱོགས་ལྷུང་བྲལ། །འཕོ་མེད་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས། །རྟོགས་ན་རང་རིག་ཆོས་སྐུ་ཟང་ཐལ་གཤིས། །རང་བྱུང་བདེ་མཆོག་རྡོ་རྗེའི་ཀློང་དུ་རྫོགས། དབྱིངས་རིག་ཟུང་འཇུག་ཆོས་སྐུ་ཉག་གཅིག་གི །ངོ་བོ་འདུ་འབྲལ་མེད་ལ་གསོལ་བ་འདེབས། །འཇམ་དཔལ་གཞོན་ནུ་ཆོས་ཀྱི་བཤེས་གཉེན་གྱིས། །རྗེས་བཟུང་ཡེ་ཤེས་དགོངས་པ་ཚད་ལ་ཕེབས། །འཁོར་འདས་དབང་བསྒྱུར་རིག་འཛིན་ཤྲཱི་སེང་ཧ། །ཀུན་རྫོབ་ཕྱི་ཡི་བླ་མར་གསོལ་བ་འདེབས། །གདོད་ནས་དག་པའི་ཆོས་ཉིད་འདུས་མ་བྱས། །ཐིག་ལེ་ཉག་གཅིག་ཆོས་དབྱིངས་བརྡལ་བ་ཆེ། །རང་རིག་སྐུ་གསུམ་ཡེ་ཤེས་ཤྲཱི་སེང༌། །དོན་དམ་ནང་གི་བླ་མར་གསོལ་བ་འདེབས། །དཔྃལ་ནི་ཟག་མེད་ཆོས་ཁམས་ལྷུན་གྲུབ་སྟེ། །སེངྃ་གེྃ་བཞིན་དུ་གཉིས་སྣང་བདུད་ཚོགས་འཇོམས། །ཟུང་འཇུག་ཆོས་ཉིད་དབྱིངས་སུ་མངོན་སངས་རྒྱས། །གསང་བ་ཆོས་སྐུའི་བླ་མར་གསོལ་བ་འདེབས། །ཁྱེད་ནི་ཡེ་ཤེས་འདོད་དགུར་མངའ་དབང་བརྙེས། །མོས་གུས་ཅན་ལ་མངོན་སུམ་བྱིན་རླབས་སྩོལ། །ཡིད་ཆེས་དད་པས་ཁྱེད་གཅིག་རྗེས་དྲན་ན། །ཐུགས་རྗེས་མྱུར་དུ་ཟུངས་ཤིག་བླ་མ་རྗེ། །ཟག་མེད་ལམ་གྱི་ཡོན་ཏན་མ་ལུས་པ། །བླ་མ་གཅིག་པུའི་བཀའ་དྲིན་ལས་བྱུང་བས། །དུས་གསུམ་ཀུན་ཏུ་ཁྱེད་དྲན་ཁྱེད་བསྐུལ་ན། །སྐད་ཅིག་འདུ་བྲལ་མེད་པར་ཐུགས་རྗེས་ཟུངས། །ཐུན་མོང་ལམ་གྱི་ཡོན་ཏན་ངེས་འབྱུང་སྐྱེ། །ཐུན་མིན་ལམ་གྱིས་གཞན་ཕན་བྱང་སེམས་འབྱོངས། །བླ་མའི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ། །དབྱེར་མེད་འཇུག་པས་བདག་རྒྱུད་སྨིན་གྲོལ་མཛོད། །སྣང་གྲགས་རིག་པ་བླ་མའི་གསང་གསུམ་རྫོགས། །བདེ་གསལ་མི་རྟོག་ཆོས་སྐུའི་ཡེ་ཤེས་བརྙེས། །ཟག་པ་རང་ཟད་ཆོས་ཟད་ཆེན་པོའི་ཀློང༌། །འཁྲུལ་པ་རང་དག་བཙན་ས་ཟིན་པར་མཛོད། །ཆོས་ཀུན་ཀུན་བྱེད་བྱང་ཆུབ་སེམས་སུ་རྟོགས། །མ་བཅོས་ངང་སྒོམ་ཆེན་པོའི་རྣལ་འབྱོར་གྱིས། །འཁྲུལ་སྣང་གཞི་ལ་དག་པ་ཆོས་ཀྱི་སྐུ། སེམས་སྡེའི་དགོངས་པ་མངོན་དུ་འགྱུར་བར་མཛོད། །ཆོས་དབྱིངས་སྟོང་གསལ་ཀུན་ཏུ་བཟང་མོའི་ཀློང༌། །རིག་པ་ཀུན་གསལ་གནད་ཀྱི་དོན་སྒོམ་ཕྱིར། །གནད་བཞིས་འཁྲུལ་པ་རང་སར་དག་པ་ཡི། །ཀློང་སྡེའི་དགོངས་པ་ཚད་དུ་ཕྱིན་པར་མཛོད། །ཀ་དག་ཅོག་བཞག་བཞི་ཡི་རྣལ་འབྱོར་དང༌། ལྷུན་གྲུབ་གནད་ཀྱི་གསེང་ལམ་ལ་བརྟེན་ནས། སྣང་བཞི་མཐར་ཕྱིན་འཕོ་ཆེན་རྡོ་རྗེའི་སྐུར། །མན་ངག་སྡེ་ཡི་གསེང་ལམ་མཐར་ཕྱིན་མཛོད། །ཡེ་ཤེས་ཀུན་ཁྱབ་འོད་གསལ་མཉམ་ཉིད་ཀློང༌། །འཕོ་མེད་རྡོ་རྗེ་གསུམ་གྱི་ཀློང་ཆེན་པོར། །མངོན་སངས་རྒྱས་ནས་དྲུག་ལྡན་གྲོལ་བ་ཆེའི། །མངོན་པར་བྱང་ཆུབ་ཁྱེད་དང་དབྱེར་མེད་ཤོག །ཅེས་པའང་དད་བརྩོན་རྣམ་པར་དཀར་བའི་སྒྲུབ་བརྩོན་འགྱུར་མེད་ཡེ་ཤེས་ཀློང་གྲོལ་ནས་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་ཐེག་མཆོག་རྫོགས་པ་ཆེན་པོའི་ལམ་མཐར་སོན་པའི་ཁྱབ་བདག་རིག་འཛིན་བླ་མ་དུ་མས་རྗེས་སུ་བཟུང་ཞིང༌། ཁྱད་པར་པཎ་ཆེན་བི་མ་དངོས་བྱོན་འཇམ་དཔལ་ཆོས་ཀྱི་བློ་གྲོས་མཆོག་གི་བཀའ་དྲིན་ལས་སྡེ་གསུམ་རྫོགས་པ་ཆེན་པོའི་སྨིན་གྲོལ་གྱི་གསང་མཛོད་བཀའ་དྲིན་དུ་ཐོབ་པའི་རྒྱལ་ཁམས་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་འོད་གསལ་གྲུབ་པའི་རྡོ་རྗེས་བལ་ཡུལ་རྣ་གྱི་རི་ཁྲོད་ཐེག་མཆོག་ཆོས་འཕེལ་གླིང་དུ་རྫོགས་པ་ཆེན་པོའི་སྙིང་ཐིག་གོང་འོག་གི་སྨིན་གྲོལ་སྐྱེས་ཆེན་དུ་མར་ཕུལ་བའི་སྐབས་དད་མོས་ཀྱི་སྣང་བས་བྲིས་ཏེ་གསོལ་བ་བཏབ་པ་དོན་དང་ལྡན་པར་གྱུར་ཅིག ༈ གུ་རུའི་གསོལ་འདེབས་རྡོ་རྗེའི་ཚིག་ཕྲེང་བཞུགས། །མཆོག་གི་དང་པོ་སྐུ་གསུམ་འཆང༌། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཚེ་མཐའ་ཡས་པ་ལ་ཕྱག་འཚལ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །སྣང་སྲིད་ཟིལ་གནོན་ལ་ཕྱག་འཚལ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །པདྨ་འབྱུང་གནས་ལ་ཕྱག་འཚལ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དུས་གསུམ་སངས་རྒྱས་ལས་བྱེད་པ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །པདྨ་སཾ་བྷ་ལ་ཕྱག་འཚལ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །སྨྲ་བའི་སེང་གེ་མཚུངས་པ་མེད། །བློ་ལྡན་མཆོག་སྲེད་ལ་ཕྱག་འཚལ། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོའི་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །པདྨ་རྒྱལ་པོ་ལ་ཕྱག་འཚལ། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཉི་མ་འོད་ཟེར་ལ་ཕྱག་འཚལ། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཤཱཀྱ་སེང་གེ་ལ་ཕྱག་འཚལ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས་པ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །བདག་མེད་སེང་གེའི་སྒྲ་དང་ལྡན། །སེང་གེ་སྒྲ་སྒྲོགས་ལ་ཕྱག་འཚལ། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ། །རིག་གསུམ་འཆང་བ་གསང་སྔགས་ཅན། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །མཚོ་སྐྱེས་རྡོ་རྗེ་ལ་ཕྱག་འཚལ། །ཁྱེད་ལ་ཕྱག་འཚལ་གསོལ་བཏབ་པས། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་དམ་པ་མངོན་གྱུར་ནས། །བསྟན་འགྲོའི་དཔལ་ཀུན་སྤེལ་བྱེད་ཤོག །ཅེས་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་ལུང་གི་ཚུལ་དུ་བཏུས་པ་འདིས་ཀྱང་སྐྱེ་ཀུན་སངས་རྒྱས་གཉིས་པས་རྗེས་སུ་འཛིན་པའི་རྒྱུར་དམིགས་ནས་མངྒ་ལ་ཤྲཱི་བྷུ་ཏིས་བཀྲ་ཤིས་དཔལ་འབར་གླིང་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ།། ༈ ཡེ་ཤེས་མཁའ་འགྲོའི་ཚོགས་ལ་གསོལ་འདེབས་ཐུགས་རྗེའི་འོད་སྣང་ཞེས་བྱ་བཞུགས། ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་དབྱིངས། །བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕྲེང་ལས། །བྱིན་རླབས་དངོས་གྲུབ་ཕྲིན་ལས་གློག་གར་གྱིས། །ཕན་བདེའི་ཆར་འབེབས་མཁའ་འགྲོར་གསོལ་བ་འདེབས། །ཐུབ་པའི་སྤྱན་སྔར་གངྒའི་ལྷ་མོའི་ཚུལ། །རྒྱལ་ཀུན་གསུང་གི་རྡོ་རྗེ་དབྱངས་ཅན་མ། །གུ་རུའི་དགྱེས་སྡེ་གསང་སྔགས་བཀའ་སྡུད་མོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ཕྲིན་ལས་མྱུརྃ་མའིྃ་ཚུལ། །གདུལ་དཀའི་འགྲོ་ཀུན་སྒྲོལ་བ་དཔྃལ་མོའིྃ་མཚན། །སྲིད་ཞིའི་གདུངྃ་སྐྱོབྃ་རྒྱལ་བ་ཀུན་ཡུམ་མ། །རྗེ་བཙུན་འཕགས་མ་སྒྲོལྃ་མརྃ་གསོལ་བ་འདེབས། །རྣམ་ཐར་གསུམ་རྫོགས་དབྱིངས་ཡུམ་ཀུན་བཟང་མོ། །ཡེ་ཤེས་ཀློང་ལྔ་རིགས་ཀྱི་ཡུམ་ཆེན་ལྔ། །གནས་གསུམ་མཁའ་འགྲོའི་རྗེ་མོ་ཁྲོས་མ་ནག །དབྱིངས་ཕྱུག་རྡོ་རྗེ་ཕག་མོར་གསོལ་བ་འདེབས། །མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་གཟུགས། །གར་གྱི་དབང་ཕྱུག་དགྱེས་མའི་ཡུམ་གྱི་ཚུལ། །ཨོ་རྒྱན་ཌཱ་ཀིའི་གཙོ་མོར་དངོས་གྲུབ་བདག །གསང་བ་ཡེ་ཤེས་ཞབས་ལ་གསོལ་བ་འདེབས། །དངོས་གཅིག་དུ་མའི་རོལ་པའི་དྷཀི་མ། །དོན་དམ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་དབྱིངས། །འཁོར་འདས་ཀུན་ཁྱབ་མཉམ་ཡངས་བརྡལ་བ་ཆེའི། །ངོ་བོར་འདུ་འབྲལ་མེད་པས་གསོལ་བ་འདེབས། །ངེས་འབྱུང་སྐྱོ་ཤས་ལམ་གྱིས་རྒྱུད་སྦྱངས་ནས། །དད་མོས་བརྩོན་པས་བྱང་ཆུབ་སྤྱོད་པ་རྫོགས། །ཁྱད་པར་སྨིན་གྲོལ་ཟབ་མོའི་གསེང་ལམ་གྱིས། །ཟུང་འཇུག་བདེ་ཆེན་རྡོ་རྗེའི་གྲོང་རྩེན་ཤོག །སྤྱོད་པ་གསུམ་གྱི་ཉེ་རྒྱུ་མཐར་སོན་པས། །འབར་བ་གསུམ་གྱི་རླུང་སེམས་དབུ་མར་བཅིང༌། །འདུ་བ་གསུམ་གྱིས་དོན་གཉིས་ལྷུན་གྲུབ་ནས། །གནས་གསུམ་མཁའ་འགྲོའི་ཚོགས་དང་སྐལ་མཉམ་ཤོག །ཚེ་རབས་ཀུན་ཏུ་ཡེ་ཤེས་མཁའ་འགྲོ་མས། །རྗེས་སུ་བཟུང་སྟེ་རྡོ་རྗེ་ཐེག་མཆོག་གིས། །གསང་མཛོད་འདོད་རྒུར་སྤྱོད་པ་ལྷན་སྐྱེས་ཀྱིས། །ཡེ་ཤེས་ཐིག་ལེར་གཉིས་མེད་བྱང་ཆུབ་ཤོག །ཅེས་པའང་མཁྱེན་རྟོགས་བདུད་རྩིའི་སྣང་བས་མཛེས་པའི་མཆོག་སྤྲུལ་རིན་པོ་ཆེ་ཨོ་ཌི་ཡ་ནའི་གསང་ཡུམ་བདེ་ཆེན་ནས་གསུང་བསྐུལ་བཞིན་སྙོམས་ལས་པ་མཁྱེན་བརྩེའི་འོད་ཟེར་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་རྣ་གྱིས་རི་ཁྲོད་ཐེག་མཆོག་ཆོས་འཕེལ་གླིང་དུ་སྙིང་ཐིག་གོང་འོག་གི་སྨིན་གྲོལ་བཏོན་པའི་སྐབས་བྲིས་པ་གསང་ཆེན་རྡོ་རྗེའི་མྱུར་ལམ་མཐར་སོན་པས་དངོས་གྲུབ་འདོད་རྒུའི་གསང་མཛོད་ལ་དབང་ཐོབ་པའི་རྒྱུར་གྱུར་ཅིག ༈ ཤེས་བྱ་ཀུན་མཁྱེན་རིས་མེད་འགྲོ་བའི་མགོན། །རྒྱལ་བའི་དགོངས་ཟབ་ཀློང་ཆེན་ཆོས་ཀུན་ལ། །རབ་འབྱམས་སྨྲ་བའི་ཉི་མ་ངག་གི་དབང༌། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཆོས་དབྱིངས་ཀ་དག་གཞོན་ནུ་བུམ་སྐུའི་ཀློང༌། །འོད་གསལ་འགག་མེད་སྐུ་དང་ཡེ་ཤེས་གཏེར། །འཕགས་པའི་འབྱུང་གནས་ཀུན་བཟང་ཡུམ་ཆེན་མོར། །གནས་ལུགས་རང་ངོ་ཤེས་པས་གསོལ་བ་འདེབས། །རྣམ་ཐར་གསུམ་ལྡན་རྡོ་རྗེ་དབྱིངས་ཀྱི་ཞིང༌། །མཆོག་ཏུ་མི་འགྱུར་བདེ་ཆེན་གར་གྱིས་རྩེན། །རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུར། །བདེ་སྟོང་མི་འབྱེད་སྡོམ་པས་གསོལ་བ་འདེབས། །རང་བྱུང་ཀུན་ཁྱབ་ཐུགས་རྗེའི་སྒྱུ་མར་རོལ། །མཆོག་གི་རིག་འཛིན་དགྱེས་སྡེའི་བཙུན་མོའི་ཚུལ། །རབ་འབྱམས་བཀའ་ཡི་སྡུད་མོ་མཁར་ཆེན་བཟར། །བཀའ་དྲིན་རྗེས་སུ་དྲན་པས་གསོལ་བ་འདེབས། །ཟབ་གསལ་ཡེྃ་ཤེསྃ་གཟུངས་དང་ཏིང་འཛིན་མཛོད། །ངོ་མཚར་རྣམ་ཐར་རྨད་བྱུང་གངས་ཆེན་མཚོྃ། །རྒྱལྃ་བའི་ཡུམ་ཆེན་ཛྙཱ་ན་ཌཱ་ཀི་མར། །ཡིད་ཆེས་དད་པའི་ངང་ནས་གསོལ་བ་འདེབས། །ལྔ་བརྒྱའི་ཐ་མར་གངས་ཅན་གདུལ་བྱའི་ཚོགས། །བུ་གཅིག་མ་བཞིན་སྐྱོང་བའི་རྡོ་རྗེའི་གསུང༌། །ཡིད་ཆེས་དད་པའི་ངང་ནས་རྟག་བསྐུལ་ན། །མྱུར་དུ་ཐུགས་རྗེས་ཟུངས་ཤིག་རིན་པོ་ཆེ། །བོད་ཡུལ་འགྲོ་བ་སྡུག་བསྔལ་ཉམས་ཐག་ཚེ། །སྐྱབས་གནས་གཅིག་ཆོག་གུ་རུ་ཡབ་ཡུམ་ལ། །དུས་ཀུན་བརྗེད་མེད་གསོལ་བ་འདེབས་ལགས་ན། །བྱིན་རླབས་དབུགས་འབྱིན་སྩོལ་ཅིག་མ་གཅིག་པུ། །མདོར་ན་ཨོ་རྒྱན་རྡོ་རྗེ་འཆང་སྟངས་དཔྱལ། །སྐྱེ་ཀུན་མི་འབྲལ་བརྩེ་བས་རྗེས་སུ་ཟུངས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཡེ་ཤེས་དབྱིངས། །གཉིས་མེད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་ལ་མི་ཕྱེད་པའི་དད་མོས་ཅན་ཟུར་བླ་བཀྲ་ཤིས་དང༌། རང་སློབ་འཇིགས་མེད་མཆོག་གྲུབ་སྟེ་སྡེ་གཉིས་དགེ་འདུན་རྟགས་ཅན་གྱིས་རྟེན་ལྷ་རྫས། རིན་ཆེན་གཉིས་པ་བཅུ་དྲུག་དགའ་བཞིའི་རེ་ཁཱ་བཀྲ་བས་བསྐུལ་བ་བཞིན། རྒྱལ་ཁམས་པ་རྙིང་སྔགས་རྒན་པོ་པདྨ་དབང་ཆེན་དགྱེས་པའམ་མངྒ་ལའི་མིང་གིས་སྒྲགས་མདའ་མཚོ་རྒྱལ་བླ་མཚོའི་གཙུག་ལག་ཁང་བདེ་ཆེན་མཆོག་དགའི་ཚལ་ནས་བྲིས་ཤིང་གསོལ་བ་བཏབ་པ་ཛྙཱ་ན་ཝརྡྷ་སིདྡྷི་རསྟུ། ༈ ཆོས་ཉིད་གདོད་མའི་གནས་ལུགས་ཇི་བཞིན་གཟིགས། །མཐའ་ཡས་ཤེས་བྱ་ཀུནྃ་མཁྱེནྃ་ཆོས་ཀྱི་རྗེ། །ཐེག་མཆོག་བསྟན་པའི་ཉིན་བྱེད་དཔལ་མགོན་མཆོག །ཆོསྃ་ཀྱིྃ་རྒྱལྃ་པོའིྃ་ཞབས་ལ་གསོལ་བ་འདེབས། །སྤྲོས་མཚན་བློ་ཡི་འདུ་བྱེད་ཀ་དག་དབྱིངས། །ཀློང་གསལ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་གཤིས། །དྲི་མེད་སོ་སོ་ཡང་དག་རིག་པས་གཟིགས། །རྟོགས་བྱ་གཞིྃ་ཡི་བླ་མར་གསོལ་བ་འདེབས། །རིག་སྟོང་རྡོ་རྗེའི་དགོངས་པ་ཀློངྃ་དུ་གྱུར། །འོད་གསལ་མཁྱེན་བརྩེ་ནུས་པའི་གཏེར་ཆེནྃ་བརྡོལ། །རབྃ་འབྱམྃས་མདོ་སྔགས་ཆོས་ཀུན་འབྱུང་བའི་གནས། །རྟོགས་བྱེད་ལམྃ་གྱི་བླ་མར་གསོལ་བ་འདེབས། །ཟབ་གསལ་དྲིྃ་མེདྃ་ཆོས་སྐུ་མངོན་དུ་གྱུར། །བདེ་ཆེན་རང་བྱུང་ལོངས་སྐུའི་རིགས་ཀྱི་གདན། །ཐུགས་རྗེ་འགག་མེད་སྤྲུལ་སྐུའི་འོདྃ་ཟེརྃ་འཕྲོ། །མཐར་ཐུག་འབྲས་བུའིྃ་བླ་མར་གསོལ་བ་འདེབས། །གདོད་ནས་ལྷུན་རྫོགས་ཀུན་མཁྱེན་བླ་མའི་ཞལ། །མོས་གུས་དད་པས་མངོན་སུམ་མཇལ་བའི་མཐུས། །སྣྃ་ཚོགྃས་འཁོར་འདས་གཉིས་འཛིན་རྟོག་པ་ཀུན། །རངྃ་གྲོལྃ་དགོངས་པའི་བཙན་ས་ཟིན་པར་ཤོག །དེ་སྐད་ཀུན་མཁྱེན་བླ་མའི་མཚན་གྱི་དོན། །གསོལ་འདེབས་རྒྱུད་མང་སྦྱར་བའི་ངག་གི་རྒྱུན། །ཐེག་མཆོག་ཐར་པ་གླིང་གི་དབེན་གནས་ནས། །རྒྱལ་ཁམས་ཉུལ་བའི་བུང་བས་གསོལ་བཏབ་དགེ ༈ གདོད་ནས་ལྷུན་གྲུབ་འོད་གསལ་རིག་པའི་གཤིས། །འགྱུར་མེད་རྒྱལ་བ་ཀུན་དང་རོ་མཉམ་པ། །མངོན་སུམ་གཟིགས་པ་ཀུན་མཁྱེན་ཆོས་ཀྱི་རྗེ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཐེག་མཆོག་ལུང་དོན་ཚང་ལ་མ་ནོར་བ། །དྲི་མེད་རིགས་པའི་ཚུལ་བཟང་གསལ་བྱེད་ཅིང༌། །ཟབ་མོ་གནད་ཀྱི་མན་ངག་དང་ལྡན་པ། །གསུང་རབ་ལེགས་བཤད་ཚོགས་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བའི་གསུང་དབྱངས་སེང་གེའི་སྒྲས། །ལུང་བསྟན་ཇི་བཞིན་ནམ་ཞིག་མགོན་པོ་ཁྱོད། །རྣམ་འདྲེན་རི་རབ་མར་མེའི་རྒྱལ་མཚན་དུ། །མངོན་པར་བྱང་ཆུབ་བརྙེས་པ་དེ་ཡི་ཚེ། །བདག་དང་བདག་གི་མ་གྱུར་འགྲོ་བ་ཀུན། །ཞིང་དེར་རྒྱལ་སྲས་གཞོན་ནུའི་རྣམ་རོལ་གྱིས། །བདེན་གསུང་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་ནས། །སྟོབས་བཅུ་མངའ་བར་ལུང་བསྟན་རྙེད་གྱུར་ཅིག །ཅེས་འཇམ་པའི་དབྱངས་མི་ཕམ་རིན་པོ་ཆེའི་གསུང་རྣམས་ཁ་བསྒྱུར་ཅུང་ཟད་བཅས་གསོལ་འདེབས་ཀྱི་ཚུལ ་དུ་མངྒ་ལ་ཤྲཱི་བྷཱུ་ཏིས་བྲིས་པ་འདིས་ཀྱང་དགོངས་བརྒྱུད་ཡེ་ཤེས་ཀྱི་ཉིན་བྱེད་སྙིང་དབུས་ཀྱི་པདྨོར་འཆར་བའི་རྒྱུར་གྱུར་ཅིག ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་དང་པོ་སྔ་འགྱུར་རྙིང་མའི་བརྒྱུད་འདེབས་སྤྱི་ཁྱབ་ནི། ཀུན་བཟང་རྡོར་སེམས་རིགས་ལྔ་གངས་ཆེན་མཚོ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་སྒེག་རྡོར་སངས་རྒྱས་གསང༌། །ལས་ཀྱི་དབང་མོ་བཀའ་བབ་རིག་འཛིན་བརྒྱད། །དགའ་རབ་ཤྲཱི་སེང་ཀུན་འདུས་པདྨ་འབྱུང༌། །རྗེ་འབངས་ལོ་པཎ་ཁྱད་པར་སོ་ཟུར་གནུབས། །རྨ་གཉགས་རོང་ཟོམ་དམ་གཙང་བྱམས་གསུམ་དང༌། །ཉང་རལ་ཆོས་ཀྱི་དབང་སོགས་གཏེར་ཆེན་བརྒྱ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །མངའ་རིས་པཎ་ཆེན་རིག་འཛིན་པད་ཕྲིན་ཞབས། །བཀའ་གཏེར་བསྟན་པའི་ཉིན་བྱེད་གཏེར་བདག་གླིང༌། །ཐེག་མཆོག་ཤིང་རྟ་འཇིགས་མེད་གླིང་པ་སོགས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་བསྒྱུར། །མདོ་སྔགས་སྲོལ་འབྱེད་གཞན་ཕན་མཐའ་ཡས་དང༌། །བཀའ་བབ་བདུན་གྱི་མངའ་བདག་མཁྱེན་བརྩེའི་དབང༌། །པདྨའི་རྒྱལ་ཚབ་མཆོག་གྱུར་བདེ་ཆེན་གླིང༌། །རྣམ་སྣང་ལོ་ཙཱ་ཀུན་མཁྱེན་བློ་མཐའ་ཡས། །ཆོས་ཀྱི་དབང་པོ་མི་ཕམ་འཇམ་པའི་དབྱངས། །ཆོས་ཀྱི་རྒྱ་མཚོ་ཐུབ་བསྟན་ཆོས་རྡོར་དང༌། །བསྟན་པའི་ཉི་མ་སྣ་ཚོགས་རང་གྲོལ་རྗེ། །གདོད་མའི་མགོན་པོ་པདྨ་བི་ཛ་ཡ། །ཀུན་གཟིགས་ཆོས་ཀྱི་བློ་གྲོས་ལ་སོགས་པའི། །སྔ་འགྱུར་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །དབང་གིས་རྒྱུད་སྨིན་དད་དང་དམ་ཚིག་དག །བསྐྱེད་རྫོགས་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱིས། །རིག་འཛིན་རྣམ་བཞིའི་ས་ལམ་ཡོངས་རྫོགས་ནས། །སྐུ་དང་ཡེ་ཤེས་དཔལ་ཐོབ་བྱིན་གྱིས་རློབས། །ཞེས་སྔ་འགྱུར་ནང་རྒྱུད་ཡོ་ག་གསུམ་གྱི་བསྟན་པའི་ཤིང་རྟ་ཆེན་པོ་རྣམས་ཀྱི་མཚན་སྡོམ་བརྒྱུད་པའི་གསོལ་འདེབས་སུ་ཕྱོགས་མེད་ཀྱི་དག་པའི་སྣང་བ་ཅན་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་འཕེལ། ༈ གསོལ་འདེབས་བསྡུས་པ་ནི། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང༌། །པདྨཱ་ཀ་ར་རྗེ་འབངས་ཉི་ཤུ་ལྔ། །སོ་ཟུར་གནུབས་ཉང་གཏེར་སྟོན་བརྒྱ་རྩ་སོགས། །བཀའ་གཏེར་བླ་མ་རྣམས་ལ་གསོལ་བ་འདེབས། ༈ ཡོ་ག་གསུམ་དང་ཁྱད་པར་རྫོགས་པ་ཆེ། །རྩོལ་མེད་གྲོལ་བ་བཞི་ལྡན་ཐེག་པའི་རྩེ། །སྔ་འགྱུར་བསྟན་པས་འཇིག་རྟེན་ཀུན་ཏུ་ཁྱབ། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཉིས་པ་བཀའ་གདམས་ལམ་གྱི་སྙིང་པོ་སྐྱེས་བུ་གསུམ་གྱི་ལམ་རིམ་བརྒྱུད་འདེབས་ནི། ཐུབ་དབང་བྱམས་པ་ཐོགས་མེད་དབྱིག་གི་གཉེན། །གྲོལ་སྡེ་རྣམ་གཉིས་སྣང་མཛད་སེང་གེ་བཟང༌། །ཀུ་སཱ་ལི་གཉིས་གསེར་གླིང་ཇོ་བོ་རྗེ། །ལེགས་པའི་ཤེས་རབ་གྲོ་ལུང་བློ་གྲོས་འབྱུང༌། །མཁས་པ་གཙང་ནག་གཏུམ་སྟོན་བློ་གྲོས་གྲགས། །བདུད་རྩི་གྲགས་དང་ཞང་སྟོན་ཆོས་བླ་མ། །སངས་རྒྱས་སྒོམ་པ་མཆིམས་ཆེན་ནམ་མཁའ་གྲགས། །སྨོན་ལམ་ཚུལ་ཁྲིམས་ཟེའུ་བརྩོན་འགྲུས་གྲགས། །གྲགས་པ་ཤེས་རབ་མཆིམས་སྟོན་བློ་གྲོས་གྲགས། །བྱང་ཆུབ་རྩེ་མོ་སེང་གེ་རྒྱལ་མཚན་དང༌། །དཔལ་ལྡན་བཟང་པོ་གནས་བརྟན་བསམ་འཕེན་པ། །ཡོན་ཏན་དཔལ་བ་ཀུན་དགའ་མཆོག་གྲུབ་ཞབས། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲ་ཎཱི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་ཞབས། །བྱང་ཆུབ་སེམས་ཀྱི་མངའ་བདག་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་འདེབས། །སྐྱེས་བུ་ཆུང་ངུ་སྡིག་སྤོང་དགེ་སྒྲུབ་ལམ། །སྐྱེས་འབྲིང་བྱམས་དང་སྙིང་རྗེ་ཟུང་འབྲེལ་ལམ། །སྐྱེས་ཆེན་བྱང་ཆུབ་སེམས་གཉིས་མངོན་གྱུར་ཏེ། །འགྲོ་ཀུན་བདེ་ལ་འགོད་པར་བྱིན་གྱིས་རློབས། །གསོལ་འདེབས་བསྡུས་པ་ནི། དཔལ་ལྡན་མར་མེ་མཛད་དང་ཁུ་རྔོག་འབྲོམ། །སྐུ་མཆེད་རྣམ་གསུམ་འཇམ་དབྱངས་ཙོང་ཁ་བ། །བཀའ་གདམས་གསར་རྙིང་རིང་ལུགས་འཛིན་མཛད་པའི། །དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། ༈ མཉམ་མེད་ཇོ་བོ་རྗེ་དང་ཙོང་ཁ་བའི། །ལྟ་སྤྱོད་དྲི་མེད་འཛིན་མཛད་བཀའ་གདམས་པ། །གསར་རྙིང་རིང་སྲོལ་དར་བས་ཐུབ་བསྟན་གྱི། །དགའ་ཚལ་དབྱར་གྱི་དཔལ་བཞིན་རྒྱས་པར་ཤོག །ཅེས་བྱའོ། ༈ པད་དཀར་འཆང་དངོས་བསྟན་འཛིན་རྒྱ་མཚོ་དང༌། །པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི། །རྡོ་རྗེ་འཆང་ཆེན་ངག་དབང་བསྟན་འཛིན་སོགས། །དྲིན་ཐོབ་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་གསུམ་པ་དཔལ་ས་སྐྱ་པའི་ཆོས་ཀྱི་སྙིང་པོ་ལམ་འབྲས་ཀྱི་བརྒྱུད་འདེབས་ནི། རྡོ་རྗེ་འཆང་དབང་བདག་མེད་བིརཝ་པ། ནག་པོ་པ་དང་ཌཱ་མ་རུ་པ་དང༌། །ཨ་ཝ་དྷཱུ་ཏི་ག་ཡ་དྷཱ་རའི་ཞབས། །འབྲོག་མི་ལོ་ཙ་སེ་སྟོན་ཀུན་རིག་དང༌། །ཞང་སྟོན་ཆོས་འབར་ས་སྐྱ་གོང་མ་ལྔ། །དཀོན་མཆོག་དཔལ་དང་ན་བཟའ་བྲག་ཕུག་པ། །ཆོས་རྗེ་བླ་མ་དཔལ་ལྡན་ཚུལ་ཁྲིམས་རྗེ། །བུདྡྷ་ཤྲཱི་ངོར་ཆེན་ཀུན་དགའ་བཟང༌། །དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲ་ཎཱི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་ཞབས། །ཁྱབ་བདག་རྡོ་རྗེ་སེམས་དངོས་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པ་ནི་ཇོ་ནང་ཁྲིད་བརྒྱ་སྤྱིའི་བརྒྱུད་རིམ་ལྟར་ལ། བྱེ་བྲག་གསང་ཆེན་སློབ་བཤད་ཐུན་མོང་མ་ཡིན་པའི་བརྒྱུད་པ་ནི། ངོར་ཆེན་ཀུན་དགའ་བཟང་ཞེས་པའི་འཕྲོར། མུས་ཆེན་ཀུན་དགའ་དབང་ཕྱུག་དཀོན་མཆོག་འཕེལ། །ལྷ་མཆོག་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །སངས་རྒྱས་སེང་གེ་ནམ་མཁའ་དཔལ་བཟང་དང༌། །བསོད་ལྷུན་དཔལ་མཆོག་སངས་རྒྱས་ཕུན་ཚོགས་ཆེ། །བསོད་དཔལ་དཔལ་ལྡན་ཆོས་སྐྱོང་ཆོས་སྐྱོང་བཟང༌། །ནམ་མཁའ་འཆི་མེད་རྣལ་འབྱོར་འཇམ་དཔལ་བཟང༌། །ཀུན་གཟིགས་མཁྱེན་བརྩེའི་དབང་པོ་བློ་གཏེར་ཞབས། །འཇམ་མགོན་ལེགས་པ་མངྒ་ལ་ས་ར། །རྡོ་རྗེ་འཆང་དངོས་ཆོས་ཀྱི་བློ་གྲོས་དང༌། །འཁོན་སྟོན་ངག་དབང་ཀུན་དགའ་བསོད་ནམས་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་པའི་ཁྱད་པར་རོ། མདོ་སྔགས་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །རྒྱུ་ལམ་འབྲས་བུའི་ཏིང་འཛིན་ཉེ་ལམ་གྱིས། །དབང་བཞིའི་ཉམས་ལེན་ཐུན་བཞིར་བསྒོམས་པའི་མཐུས། །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །གསོལ་འདེབས་བསྡུས་པ་ནི། དཔལ་ལྡན་ཆོས་སྐྱོང་ས་སྐྱ་གོང་མ་ལྔ། །ངོར་ཆེན་རྫོང་པ་ཚར་ཆེན་ཡབ་སྲས་ཀྱི། །བརྒྱུད་འཛིན་མཁས་དང་གྲུབ་པ་རིམ་བྱོན་སོགས། །ལམ་འབྲས་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ༈ དཔལ་ལྡན་ཆོས་སྐྱོང་སྙན་དུ་བརྒྱུད་པ་ཡི། །གདམས་ངག་ལམ་དང་འབྲས་བུ་བཅས་པ་སོགས། །གསང་བསྟན་མངའ་བདག་ས་ངོར་ཚར་གསུམ་གྱི། །བསྟན་པའི་ཉི་མ་འགྲིབ་མེད་འཆར་བར་ཤོག ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་བཞི་པ་བཀའ་བརྒྱུད་པའི་གདམས་ངག་སྙིང་པོ་ནཱ་རོ་ཆོས་དྲུག་གི་བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་གསུམ་མཁྱེན། །རས་ཆེན་སྤོམ་བྲག་གྲུབ་ཆེན་ཀརྨ་པ། །གཉན་རས་རང་བྱུང་མགོན་པོ་རྒྱལ་མཚན་པ། །རོལ་རྡོར་མཁའ་སྤྱོད་དབང་པོ་དེ་བཞིན་གཤེགས། །སོག་དབོན་རིག་རལ་མཐོང་བ་དོན་ལྡན་ཞབས། །འཇམ་དཔལ་བཟང་པོ་ཆོས་གྲགས་རྒྱ་མཚོ་དང༌། །སྐྱབས་ཆེ་རྟོགས་ལྡན་ཏྲེ་ཧོ་ཆོས་རྒྱ་མཚོ། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲ་ཎི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་ཞབས། །ཟུང་འཇུག་གྲུབ་བརྙེས་རྒྱལ་པོ་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ཞེས་པ་ཇོ་ནང་ཁྲིད་བརྒྱ་སྤྱིའི་བརྒྱུད་རིམ་ལྟར་ལ། བྱེ་བྲག་ཀརྨ་བཀའ་བརྒྱུད་རྟོགས་པ་དོན་བརྒྱུད་གསེར་ཕྲེང་ལྟར་ན། ཆོས་གྲགས་རྒྱ་མཚོ་དང༌། །ཞེས་པའི་འཕྲོར། སངས་རྒྱས་མཉན་པ་མི་བསྐྱོད་དཀོན་མཆོག་འབངས། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང༌། །ཆོས་དབྱིངས་རྡོ་རྗེ་ཡེ་ཤེས་སྙིང་པོའི་ཞབས། །ཡེ་ཤེས་རྡོ་རྗེ་ཆོས་ཀྱི་དོན་ཀུན་གྲུབ། །བྱང་ཆུབ་རྡོ་རྗེ་ཆོས་ཀྱི་འབྱུང་གནས་དང༌། །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོ་དང༌། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེའི་མཚན། །བློ་གྲོས་མཐའ་ཡས་མཁའ་ཁྱབ་རྡོ་རྗེ་དང༌། །པདྨ་དབང་མཆོག་མཁྱེན་བརྩེའི་འོད་ཟེར་ཞབས། །རྒྱལ་དབང་རང་བྱུང་རིག་པའི་རྡོ་རྗེ་འཆང༌། །དྷརྨ་ཤྲཱི་བི་མ་ལ་རསྨི། །རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །ཞེས་པའི་ཁྱད་པར་རོ། །གཏུམ་མོའི་བདེ་དྲོད་སྒྱུ་ལུས་ཇི་བཞིན་རྟོགས། །རྨི་ལམ་འོད་གསལ་འཕོ་བ་བར་དོ་འབྱོངས། །ཆོས་དྲུག་ལམ་གྱི་མྱོང་རྟོགས་མཐར་ཕྱིན་ཏེ། །རྡོ་རྗེ་འཆང་དངོས་འགྲུབ་པར་བྱིན་གྱིས་རློབས། ༈ གསོལ་འདེབས་བསྡུས་པ་ནི། རྡོ་རྗེ་འཆང་དངོས་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་རྗེ་བཙུན་སྒམ་པོ་པ། །ཆེ་བཞི་ཆུང་བརྒྱད་གྲུབ་ཐོབ་བགྲང་འདས་པ། །དྭགས་པོ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། ༈ གངས་ཅན་གྲུབ་པའི་ཆུ་འགོ་གཅིག་པུ་པ། །མཉམ་མེད་དྭགས་པོའི་བཀའ་བརྒྱུད་ཆེ་བཞི་དང༌། །ཆུང་བརྒྱད་སྒྲུབ་བརྒྱུད་ཆུ་ཀླུང་ཆེན་པོའི་རྒྱུན། །ཆད་མེད་འཛམ་གླིང་གྲུབ་པས་ཁེངས་པར་ཤོག ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་ལྔ་པ་དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་གསེར་ཆོས་ནཱི་གུ་ཆོས་དྲུག་གི་བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་མཁའ་འགྲོ་ནཱི་གུ་མ། །ཁྱུང་པོ་རྣལ་འབྱོར་རྨོག་ལྕོག་སྐྱེར་སྒང་པ། །གཉན་སྟོན་སངས་རྒྱས་སྟོན་པ་ཤངས་སྟོན་རྗེ། །ཁྱུང་པོ་ཚུལ་མགོན་རི་ཁྲོད་རས་ཆེན་པ། །ཤངས་དཀར་རིན་རྒྱལ་སྐུང་ལུང་སངས་རྒྱས་དཔལ། །ནམ་མཁའ་རྒྱལ་མཚན་རྒྱ་སྒོམ་ལེགས་རྒྱལ་མཚན། །རྗེ་བཙུན་གྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲ་ཎཱི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་མཐུ་སྟོབས་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་མཁྱེན་བརྩེའི་དབང་པོ་དང༌། །བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་ཞབས། །སྒྲོལ་མགོན་དངོས་སྣང་ཁྱབ་བདག་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །གཏུམ་མོའི་བདེ་དྲོད་སྒྱུ་མའི་རང་ཉམས་དང༌། །རྨི་ལམ་ལེགས་ཟིན་རྩོལ་མེད་འོད་གསལ་འཆར། །འཕོ་མེད་ལེགས་རྟོགས་བར་དོ་དང་པོ་ལ། །རང་སེམས་ཆོས་སྐུར་འཆར་བར་བྱིན་གྱིས་རློབས། །གསོལ་འདེབས་བསྡུས་པ་ནི། ཡེ་ཤེས་མཁའ་འགྲོ་ཁྱུང་པོ་རྣལ་འབྱོར་སོགས། །རིན་ཆེན་བདུན་བརྒྱུད་ཕྲེང་བ་རྣམ་པ་གཉིས། །ཐང་རྒྱལ་ལ་སོགས་ཉེ་བརྒྱུད་ལས་བྱོན་པའི། །ཤངས་པ་བཀའ་བརྒྱུད་རྣམས་ལ་གསོལ་བ་འདེབས། ༈ རིན་ཆེན་རྣམ་བདུན་རིམ་བརྒྱུད་རྡོ་རྗེའི་ཚིག །བྱིས་བློས་མ་བསླད་བྱིན་རླབས་གཟི་བརྗིད་ཅན། །དཔལ་ལྡན་ཤངས་པ་བཀའ་བརྒྱུད་གསེར་ཆོས་ཀྱིས། །ས་སྟེང་ཀུན་ཁྱབ་དཔག་མེད་འགྲོ་སྒྲོལ་ཤོག །ཅེས་བྱའོ། ༈ གངས་ཅན་སྒྲུབ་བརྒྱུད་ཤིང་རྟ་དྲུག་པ་ཞི་བྱེད་ཀྱི་བརྒྱུད་འདེབས་ནི། ཐུབ་པའི་དབང་པོ་སྨྲ་བའི་སེང་གེ་དང༌། །དམ་པ་རྒྱ་གར་བྱང་སེམས་ཀུན་དགའི་ཞབས། །པ་ཚབ་སྒོམ་པ་རྒྱལ་བ་ཏེ་ནེ་དང༌། །ཞིག་པོ་ཉི་སེང་འཁྲུལ་ཞིག་དར་མ་སེང༌། །སྙེ་མདོ་ཡབ་སྲས་དཔལ་ཆེན་ཀུན་ལྷུན་པ། །ཆོས་རྒྱལ་ཤེར་བཟང་རོང་སྟོན་གུང་རུ་དང༌། །མཁྱེན་རབ་ཆོས་ཀྱི་རྗེ་དང་སྤྱང་ལུང་པ། །རྗེ་བཙུན་སྒྲོལ་མཆོག་ཆོས་སྐུ་ལྷ་དབང་གྲགས། །སྒྲོལ་བའི་མགོན་པོ་རཏྣ་བཛྲ་ཎཱི། །རིན་ཆེན་རྒྱ་མཚོ་སྙིང་པོ་མཐའ་ཡས་པ། །ཀུན་བཟང་དབང་པོ་ཚེ་དབང་ནོར་བུའི་དཔལ། །ཆོས་དབྱིངས་རང་གྲོལ་ཀུན་བཟང་ཆོས་འབྱོར་དང༌། །བློ་བཟང་ཆོས་འབྱོར་ཉི་མ་ཆོས་འཕེལ་བ། །བློ་གསལ་བསྟན་སྐྱོང་ཀུན་གཟིགས་མཁྱེན་བརྩེའི་དབང༌། །བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་ཞབས། །འཁྲུལ་ཞིག་ཆེན་པོ་ཁྱབ་བདག་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དཀའ་ཐུབ་གསུམ་གྱི་ཉམས་ལེན་སྐྱ་བར་ནས། །ལམ་ལྔའི་རིམ་པ་ཇི་བཞིན་བསྒོམས་པའི་མཐུས། །ས་ལམ་སྤང་རྟོགས་མ་ལུས་མངོན་གྱུར་པའི། །ཞི་བྱེད་ལམ་མཆོག་འགྲུབ་པར་བྱིན་གྱིས་རློབས། །གསོལ་འདེབས་བསྡུས་པ་ནི། དམ་པ་སངས་རྒྱས་མ་གཅིག་ལབ་ཀྱི་སྒྲོན། །རྨ་སོ་ཀམ་གསུམ་བརྒྱུད་པའི་རྣལ་འབྱོར་བཞི། །བཀའ་བབ་སྔ་ཕྱི་བར་གསུམ་ལ་སོགས་པ། །ཞི་བྱེད་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ༈ ཕ་གཅིག་དམ་པའི་སྡུག་བསྔལ་ཞི་བྱེད་དང༌། །མ་གཅིག་ལབ་སྒྲོན་བདུད་ཀྱི་གཅོད་ཡུལ་སྟེ། །བདག་འཛིན་བཙན་ཐབས་གཅོད་པའི་ཆོས་ཀྱི་སྤྲིན། །ནམ་མཁའི་ཁྱོན་བརྡལ་སྙིགས་འགྲོ་ཀུན་སྐྱོབ་ཤོག །ཅེས་བྱའོ། ༈ ཁྲིད་བརྒྱའི་གཞུང་དུ་མི་གསལ་ཡང་གཅོད་ཡུལ་བརྒྱུད་འདེབས་སྒེར་དུ་བྱེད་ན། ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་ཤཱཀྱ་ཐུབ། །འཇམ་དབྱངས་སྒྲོལ་མ་ཕག་མོ་སུ་ཁའི་མཚན། །ཨརྻ་དེ་ཝ་དམ་པ་སངས་རྒྱས་དང༌། །བསོད་ནམས་བླ་མ་ལབ་སྒྲོན་རྒྱལ་ཐང་པ། །ནམ་མཁའ་འོད་ཟེར་ཤཱཀྱ་འོད་ཟེར་དང༌། །བདེ་ལེགས་རྒྱལ་མཚན་དབོན་སྲས་ཡེ་ཤེས་དཔལ། །གྲོལ་མཆོག་ལྷ་དབང་གྲགས་པ་ལུང་རིགས་མཆོག །སྒྲོལ་མགོན་ཀུན་བསོད་ཀུན་ཡེ་ཡོན་ཏན་མགོན། །ཀུན་ལྷུན་ཆོས་དབྱིངས་སངས་རྒྱས་རྡོ་རྗེ་དང༌། །ངག་ཕྲིན་ཆོས་རྒྱལ་ཀུན་རྣམ་འཇིགས་མེད་དབང༌། །དཀོན་མཆོག་སེང་གེ་དཀོན་བསྟན་བསྟན་འཛིན་དང༌། །ལྷ་བཙུན་དོན་གྲུབ་འཇམ་དབྱངས་མཁྱེན་བརྩེའི་དབང༌། བློ་གྲོས་མཐའ་ཡས་བཀྲ་ཤིས་འོད་ཟེར་དང༌། །ཧེ་རུ་ཀ་དཔལ་དངོས་སྣང་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། ཞེས་མངྒ་ལས་བྲིས་པའོ། ༈ སྒྲུབ་བརྒྱུད་ཤིང་རྟ་བདུན་པ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་བརྒྱུད་འདེབས་ནི། དང་པོའི་སངས་རྒྱས་ཆོས་ལོངས་སྤྲུལ་པའི་སྐུ། །ཆོས་རྒྱལ་བདུན་དང་རིགས་ལྡན་ཉི་ཤུ་ལྔ། །དུས་ཞབས་ཆེ་ཆུང་ཁ་ཆེ་ཟླ་བ་མགོན། །སྒོམ་པ་དཀོན་མཆོག་སྒྲོ་སྟོན་ཡུ་མོ་རྗེ། །ཆོས་ཀྱི་དབང་ཕྱུག་ཌཱ་ཀི་ཇོ་འབུམ་མ། །ནམ་འོད་སེ་མོ་ཆེ་བ་འཇམ་གསར་བ། །ཆོས་སྐུ་འོད་ཟེར་ཐུགས་རྗེ་བརྩོན་འགྲུས་དང༌། །རྒྱལ་བ་ཡེ་ཤེས་ཡོན་ཏན་རྒྱ་མཚོའི་སྡེ། །ཀུན་མཁྱེན་དོལ་པོ་ཕྱོགས་ལས་རྣམ་རྒྱལ་ཞབས། །ཉ་དབོན་ཀུན་དགའ་གྲུབ་ཆེན་ཀུན་བློ་བ། །འཇམ་དབྱངས་དཀོན་བཟང་ནམ་མཁའ་ཆོས་སྐྱོང་དང༌། །ནམ་མཁའ་དཔལ་བཟང་ལོ་ཆེན་རཏྣའི་མཚན། །བརྒྱུད་པའི་ཆུ་བོ་ཀུན་འདུས་གྲོལ་མཆོག་རྗེ། །ཆོས་ཉིད་གཉུག་མའི་དོན་གཟིགས་ལྷ་དབང་གྲགས། །མདོ་རྒྱུད་ཤིང་རྟ་ཆེན་པོ་སྒྲོལ་བའི་མགོན། །མཁའ་སྤྱོད་གྲུབ་གཙོ་ཕྲིན་ལས་དཔལ་དབང་མོ། །རིན་ཆེན་རྒྱལ་མཚན་གནས་བརྟན་རྡོ་རྗེ་འཛིན། །སྙིང་པོ་མཐའ་ཡས་གྲུབ་བརྙེས་སྦས་པའི་གཙོ། །འཁོར་ལོའི་མགོན་པོ་བརྩེ་ཆེན་ཀུན་བཟང་དབང༌། །ཚེ་དབང་ནོར་བུ་ངག་དབང་རྣམ་པར་རྒྱལ། །ཀུན་བཟང་ཆོས་འབྱོར་དྲིན་ཆེན་མཐུ་སྟོབས་མཚན། །ལྕགས་ཟམ་པ་དང་བློ་གསལ་རི་ཁྲོད་པ། །བཀའ་བབ་བདུན་གྱི་མངའ་བདག་མཁྱེན་བརྩེའི་དབང༌། །མཛོད་ལྔའི་ཤིང་རྟ་འཇམ་མགོན་བློ་མཐའ་ཡས། །མི་ཕམ་རྣམ་རྒྱལ་བཀྲ་ཤིས་འོད་ཟེར་དང༌། །དང་པོའི་སངས་རྒྱས་ཁྱབ་བདག་ཞེ་ཆེན་པ། །ཆོས་ཀྱི་བློ་གྲོས་དྷརྨ་ཤྲཱི་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །ཐོག་མར་དགེ་བ་སོར་སྡུད་བསམ་གཏན་དང༌། །བར་དུ་དགེ་བ་སྲོག་རྩོལ་འཛིན་པ་དང༌། །ཐ་མར་དགེ་བ་རྗེས་དྲན་ཏིང་འཛིན་ཏེ། །སྦྱོར་དྲུག་ཉམས་སུ་ལོངས་པར་བྱིན་གྱིས་རློབས། ༈ གསོལ་འདེབས་བསྡུས་པ་ནི། ཆོས་རྒྱལ་རིགས་ལྡན་དུས་ཞབས་ཆེ་ཆུང་དང༌། །རྭ་འབྲོ་ཙ་མི་རང་བྱུང་དོལ་པོ་པ། །མཁས་མཆོག་བུ་སྟོན་ཡབ་སྲས་གཙོར་གྱུར་པ། །སྦྱོར་དྲུག་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ༈ ས་བཅུའི་དབང་ཕྱུག་རྣམས་ཀྱི་ཐུགས་ཀྱི་བཅུད། །རྒྱུད་དོན་མཐར་ཐུག་དང་པོའི་སངས་རྒྱས་ཀྱི། །བཤད་སྒྲུབ་བཀའ་བབ་ཇོ་ཞལ་རྣམ་པ་གཉིས། །བསྟན་པའི་སྒྲོན་མེ་ཕྱོགས་བརྒྱར་འབར་བར་ཤོག ༈ སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་བརྒྱུད་འདེབས་ནི། རྡོ་རྗེ་འཆང་ཆེན་རྡོ་རྗེ་ཕག་མོ་དང༌། །མཁས་གྲུབ་ཨོ་རྒྱན་པ་དང་བསོད་ནམས་འོད། །རྒྱལ་མཚན་དཔལ་བཟང་ནམ་མཁའ་སེང་གེ་དང༌། །འཁྲུལ་ཞིག་ཆོས་རྒྱལ་མོན་རས་ཟླ་རྒྱལ་མཚན། །མཁྱེན་རབ་ཆོས་ཀྱི་རྗེ་དང་སྤྱང་ལུང་པ། །བརྒྱུད་པའི་ཆུ་བོ་ཀུན་འདུས་གྲོལ་མཆོག་རྗེ། །ཆོས་ཉིད་གཉུག་མའི་དོན་གཟིགས་ལྷ་དབང་གྲགས། །མདོ་རྒྱུད་ཤིང་རྟ་ཆེན་པོ་སྒྲོལ་བའི་མགོན། །མཁའ་སྤྱོད་གྲུབ་གཙོ་ཕྲིན་ལས་དཔལ་དབང་མོ། །རིན་ཆེན་རྒྱལ་མཚན་གནས་བརྟན་རྡོ་རྗེ་འཛིན། །སྙིང་པོ་མཐའ་ཡས་གྲུབ་བརྙེས་སྦས་པའི་གཙོ། །འཁོར་ལོའི་མགོན་པོ་བརྩེ་ཆེན་ཀུན་བཟང་དབང༌། །ཚེ་དབང་ནོར་བུ་ངག་དབང་རྣམ་པར་རྒྱལ། །ཀུན་བཟང་ཆོས་འབྱོར་དྲིན་ཆེན་མཐུ་སྟོབས་མཚན། །ལྕགས་ཟམ་པ་དང་བློ་གསལ་རི་ཁྲོད་པ། །བཀའ་བབ་བདུན་གྱི་མངའ་བདག་མཁྱེན་བརྩེའི་དབང༌། །མཛོད་ལྔའི་ཤིང་རྟ་འཇམ་མགོན་བློ་མཐའ་ཡས། །གནས་བརྟན་ཆེན་པོ་བཀྲ་ཤིས་འོད་ཟེར་དང༌། །ངེས་པ་དོན་གྱི་སངས་རྒྱས་ཞེ་ཆེན་པ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །སྐུ་ཡི་བསྙེན་པ་ལུས་གནད་བྱེད་བཅིངས་དང༌། །གསུང་གི་སྒྲུབ་པ་རྡོར་བཟླས་སྲོག་རྩོལ་དང༌། །ཐུགས་ཀྱི་སྒྲུབ་ཆེན་དྭངས་མ་འཛག་མེད་འཆིང༌། །བསྙེན་སྒྲུབ་མཐར་ཕྱིན་རྟོགས་པར་བྱིན་གྱིས་རློབས། ༈ གསོལ་འདེབས་བསྡུས་པ་ནི། རྡོ་རྗེ་བཙུན་མོ་མཁས་གྲུབ་ཨོ་རྒྱན་པ། །རང་བྱུང་རྡོ་རྗེ་མཁར་ཆུ་པུ་ཏྲ་པ། །ནཻ་རིང་པ་སོགས་རྣལ་འབྱོར་དྲུག་པ་ཡི། །བསྙེན་སྒྲུབ་བརྒྱུད་པ་རྣམས་ལ་གསོལ་བ་འདེབས། ༈ རྡོ་རྗེ་བཙུན་མོའི་ཞལ་ལུང་བསྙེན་སྒྲུབ་སོགས། །བསྒོམས་ན་འབྲས་བུ་འཕྲལ་དུ་འཐོབ་བྱེད་པའི། །བརྒྱུད་ལྡན་གདམས་པའི་བཀའ་སྲོལ་ཇི་སྙེད་ཀུན། །སྲིད་པའི་མཐར་ཡང་ཉམས་མེད་དར་རྒྱས་ཤོག། ༈ བློ་སྦྱོང་དོན་བདུན་མའི་གསོལ་འདེབས་ཡིད་ཀྱི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །ལྷ་ཆོས་བདུན་ལྡན་བསྟན་པའི་མངའ་བདག་ཇོ་བོ་བཀའ་གདམས་པའི་མན་ངག་བློ་སྦྱོང་དོན་བདུན་ཞེས་བྱ་བ་འཆད་ཁ་བ་ཡེ་ཤེས་རྡོ་རྗེའི་བཀའ་སྲོལ་འཆད་པ་ལ་གསུམ། ཐོག་མར་དགེ་བ་ལ་གཉིས་ལས་དང་པོ་གསོལ་འདེབས་ཀྱི་མཚན་ནི། བློ་སྦྱོང་དོན་བདུན་མའི་གསོལ་འདེབས་ཡིད་ཀྱི་བདུད་རྩི་ཞེས་བྱ་བ། གཉིས་པ་མཆོད་བརྗོད་ནི། སྲིད་ཞིའི་ཡོན་ཏན་ཀུན་གྱི་འབྱུང་གནས། །ཐེག་མཆོག་དགེ་བའི་བཤེས་ལ་འདུད་དོ། །དད་པ་གསུམ་གྱི་བློ་རྒྱུད་དག་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །གཉིས་པ་བར་དུ་དགེ་བ་གཞུང་དོན་དངོས་ལ་བདུན་ལས། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ནི། དལ་འབྱོར་རྙེད་དཀའ་འཇིག་སླར་ཤེས་པས། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་ཅིང༌། །བཅོས་མིན་ངེས་འབྱུང་སྔོན་འགྲོ་འབྱོངས་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། གཟུང་འཛིན་བདེན་མེད་དབྱིངས་སུ་སྦྱངས་ཏེ། །བདག་གཞན་བདེ་སྡུག་གཏོང་ལེན་ཟབ་མོའི། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྒོམ་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། རྐྱེན་ངན་སྡུག་བསྔལ་ཇི་ལྟར་བྱུང་ཡང༌། །བདག་འཛིན་འགོང་པོའི་འཕྲུལ་དུ་མཐོང་ནས། །བྱང་ཆུབ་སེམས་ཀྱིས་ལམ་དུ་འཁྱེར་བར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། བསམ་སྦྱོར་དག་པས་ཚོགས་བསགས་སྒྲིབ་སྦྱོང༌། །སྨོན་ལམ་དང་བཅས་སྟོབས་ལྔ་ལྡན་པའི། །ཚེ་གཅིག་ཉམས་ལེན་སྙིང་པོར་དྲིལ་བར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །ལྔ་པ་བློ་སྦྱོང་བའི་ཚད་ནི། ཆོས་ཀུན་བདག་འཛིན་གཉེན་པོར་འཆར་ཞིང༌། །རང་སེམས་དབང་ཐོབ་ཡིད་བདེའི་གདེངས་ཀྱིས། །འགལ་རྐྱེན་ཐམས་ཅད་ལམ་དུ་ལོངས་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །དྲུག་པ་བློ་སྦྱོང་གི་དམ་ཚིག་ནི། ཁས་བླངས་དོན་ལྡན་ཚུལ་འཆོས་དང་བྲལ། །ཕྱོགས་རིས་མེད་པར་མངོན་ཚན་ཆུང་ངུས། །བློ་སྦྱོང་དམ་ཚིག་སྲོག་བཞིན་བསྲུང་བར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །བདུན་པ་བློ་སྦྱོང་གི་བསླབ་བྱ་ནི། མདོར་ན་བྱང་ཆུབ་སེམས་གཉིས་འཕེལ་བའི། །བསླབ་བྱ་ཐམས་ཅད་ཚུལ་བཞིན་སློབ་པས། །ཚེ་འདིར་ཐེག་མཆོག་བཟོད་པ་ཐོབ་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །གསུམ་པ་ཐ་མར་དགེ་བའི་དང་པོ་སྨོན་ལམ་ནི། མཉམ་མེད་ཇོ་བོ་ཡབ་སྲས་ཐུགས་བཅུད། །དོན་ཚན་བདུན་ལྡན་དགེ་སྦྱོང་ཚུལ་ལ། །སྙིང་ནས་སྨོན་པའི་ལེགས་བྱས་འདིས་ཀྱང༌། །འགྲོ་ཀུན་བྱང་ཆུབ་ཐོབ་པར་མཛོད་ཅིག །ཞེས་པའང་སྐྱིད་ཤོད་སྙེ་ཐང་གི་དཔལ་ལྡན་ཨ་ཏི་ཤའི་སྐུ་འདྲ་རིན་པོ་ཆེའི་དྲུང་དུ་རྩེ་གཅིག་གསོལ་བ་འདེབས་པ་པོ་ནི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་བཀའ་གདམས་རིན་པོ་ཆེའི་རིང་ལུགས་ལ་མཆོག་ཏུ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ས་བཅད་ཡིག་ཆུང་རྣམས་མངྒ་ལས་སོ། ༈ དག་པའི་རྩ་ཁམས་ལྷ་ཡི་ཕྱག་རྒྱར་སྨིན། །སྲོག་རྩོལ་གཞོམ་བྲལ་རྡོ་རྗེ་ནཱ་དའི་གསུང༌། །བདེ་ཆེན་ལྷན་སྐྱེས་དགའ་བཞིས་མྱོས་པའི་ཐུགས། །རྗེ་བཙུན་བཞད་པ་རྡོ་རྗེར་གསོལ་བ་འདེབས། །སྲིད་པར་ཞེན་ལོག་ཆོས་བརྒྱད་འཆིང་ལས་གྲོལ། །མོས་གུས་ཚད་བྱིན་བླ་མ་སངས་རྒྱས་མཐོང༌། །དབེན་པར་རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་གྱིས། །སྐུ་བཞིའི་བཙན་ས་ཚེ་འདིར་ཟིན་པར་མཛོད། །ནམ་ཞིག་ཚེ་འཕོས་མགོན་ཁྱོད་དགྱེས་པའི་ཞིང༌། །རང་སྣང་མངོན་པར་དགའ་བའི་ཚལ་སྐྱེས་ཏེ། །འབྲེལ་ཐོག་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །རྣལ་འབྱོར་དབང་ཕྱུག་གོ་འཕང་འགོད་ནུས་ཤོག །ཅེས་པའང་དཔལ་གྲུབ་པ་ཆེན་པོའི་རྣམ་ཐར་སྙིང་གི་ནོར་བུར་འཆང་བའི་ཁྱེའུ་ཆུང་མངྒ་ལའི་དད་པའི་ཆུ་གཏེར་ལས་བྱུང་བའོ།། །།
[edit]

na mo gu ru/_'ja~Mm pa'i dbyanga~Ms dngos mkhyena~M gnyis ye shes gter/_/brtse~M chen mkha' khyab pad dkar 'chang ba dngos/_/phul byung nus stobs dba~Mng po'i~M rdo rje 'dzin/_/rigs gsum dbyer med bla mar gsol ba 'debs/_/gang gi byin rlabs bdud rtsi'i reg pa las/_/mtha' klas bstan 'gror sman pa'i lhag bsam gyis/_/thos bsam bsgom pa'i yon tan dpal gyis 'byor/_/ba~Mkra shisa~M dpa~Ml 'byora~M zhabs la gsol ba 'debs/_/srid pa'i rgyu 'bras gnas las nges 'byung yid/_/tshul khrims ting 'dzin shes rab sbrang rtsis mdzes/_/nyes spyod dri mas ma gos rdo rje 'dzin/_/'gyura~M meda~M bslaba~M gsuma~M rgyala~M mtshana~M gsol ba 'debs/_/theg chen sde snod rgya mtsho'i mjing la zhugs/_/gzhan phan sems kyi rin chen grur zhon nas/_/tshogs gnyis nor bu'i dga' ston longs spyod pa/_/rgyal sras chosa~M kyi~M myu~M gura~M gsol ba 'debs/_/rdo rje theg pa'i dbang bzhi'i chu klung kun/_/rdo rje bzhi yi zhing sar smin pa las/_/rdo rje'i rig 'dzin kun tu dga' ba'i dpyid/_/rdo~M rje~M thugasa~M mcho~Mg rtsala~M la gsol ba 'debs/_/sgrub pa bka' brgyad la sogs rab 'byams lha'i/_/bsnyen sgrub yan lag bzhi yi rnal 'byor gyis/_/nges gsang bstan la zhugs pa don ldan spyod/_/gzi~M brjida~M raba~M dga~M'i dpa~Ml la gsol ba 'debs/_/rnam bcas bde chen phyag rgya'i rol rtsed kyis/_/rnam med stong nyid rdo rje btsun mo'i klong*/_/rnam grol mchog dngos sbyor ba'i brtul zhugs can/_/pa~Md+ma~M dba~Mng chena~M dgyesa~M para~M gsol ba 'debs/_/zag bcas 'khrul rtog skye med ka dag dbyings/_/rang grol ma bcos gnyug ma'i rnal 'byor gyis/_/dgongs brgyud byin rlabs zab mo'i dbugs 'byin thob/_/'od gsal sna~M tshogasa~M ranga~M grola~M gsol ba 'debs/_/sngon gyi smon lam dad dang lhag bsam gyis/_/'od gsal rdo rje snying po'i bshad sgrub kyis/_/'brel tshad don ldan 'dun pa'i kun spyod can/_/thega~M mcho~Mg bstana~M pa'i~M rgyala~M mtsha~Mn gsol ba 'debs/_/rab 'byams rgyal ba'i gsang gsum ye shes rtsal/_/rdo rje slob dpon gzugs su bzhengs pa la/_/yid ches mos pas rgyun du gsol 'debs na/_/mngon sum byin rlabs stsol cig bla ma rje/_/'chi med ye shes rdo rje'i dbang bcu'i tshe/_/mngon gyur sras bcas rgyal ba'i byin rlabs kyis/_/skye 'chi med pa rjo rje lta bu'i sku/_/grub nas 'gro kun 'dren par mdzad du gsol/_/deng nas byang chub snying po'i bar dag tu/_/kun mkhyen bla ma yab sras mi 'bral bas/_/theg mchog lta sgom spyod pa mthar son pas/_/'pho chen ye shes phyag rgya grub par mdzod/_/khyad par dben zhing nyams dga'i ri phug tu/_/'dir snang dri mas ma sbags dka' thub kyis/_/snying po'i rnal 'byor 'ba' zhig lhur len nas/_/nyams rtogs zad sar 'khyol bar byin gyis rlobs/_/gsang chen bstan pa'i dpal yon rab tu rgyas/_/bstan 'dzin dam pa'i phrin las mkha' khyab brdal/_/'gro kun rnam dkar las kyis thar par sbyor/_/rgyal sras spyod pas dbugs 'byin myur thob shog_/ces rnam par dkar ba'i thugs smon bcas dad ldan bstan 'dzin chos sgron nas lha rdzas kyi rten bcas ched du bskul ngor brag dkar bkra shis sdings rang byung grub pas bsngags pa'i sbas gnas nas snying thig gsar snying gi smin grol grub pa'i rjes rang gis rang la bsngags pas dpyod ldan rnams thugs khrel med pa dang*/_dad ldan dbugs dbyung ba'i rgyur gyur cig_/sarba mang+ga lat+ta/_!_ka dag kun bzang 'od gsal chos kyi sku/_/lhun grub bde chen rab 'byams dkyil 'khor gyi/_/khyab bdag thugs rje'i rig rtsal sprul sku'i tshul/_/'jigs med mkhyen brtse'i 'od zer gsol ba 'debs/_/deng nas byang chub snying po mchis kyi bar/_/mtshan ldan bla mas rjes bzung byin gyis brlab/_/sku gsung thugs kyi gsang ba zab mo'i dbyings/_/thugs yid gcig tu 'dres par mdzad du gsol/_/zhes pa'ang btsun ma tshe lha nas bskul ngor rang nyid kyis bris pa'o/_!_'jigs med pad+ma dgyes pa'i mkhyena~M brtse'i~M 'oda~M/_/skal bzang gdul bya'i pad tshal bzhad pa'i gnyen/_/bka' gter smin grol gdams pa'i zera~M phreng can/_/dpal ldan bla ma'i zhabs la gsol ba 'debs/_/'khor bar nges 'byung thar lam dad pa brtan/_/bla mar yid ches gzhan phan bsam bzang gis/_/tshogs gnyis mthar phyin gnas lugs rang ngo mthong*/_/skul bzhi'i go 'phang thob par byin gyis rlobs/_/zhes pa'ang dad ldan bkra shis tshe ring nas bskul ngor rang nyid kyis bris pa dge_!_sras bcas rgyal ba'i ye shes 'ja~Mm pa'i dbyanga~Ms/_/mkhyena~M brtse~M nus pa'i rang gzugs mkhas grub dbang*/_/mchog gis byin brlabs rig pa 'dzin pa'i tshul/_/'gyur med bslab gsum rgyal mtshan gsol ba 'debs/_/'chi med sku brnyes o rgyan rdo rje 'chang*/_/bi ma bai ro mtsho rgyal khri srong rje/_/nam snying gnubs chen thang rgyal la sogs pas/_/zhabs pad bskal brgyar brtan par byin gyis rlobs/_/dpal ldan bla ma rdo rje sems dpa' che/_/gnyis su med par mkha' khyab sems can gyi/_/sdig ltung gang byas snying nas bshags lags na/_/byang dag tshangs pa'i dngos grub bstsal du gsol/_/rang sems ma bcos gnyug ma chos sku'i gshis/_/'gyu 'phro'i rnam rtog rang dag ma bcos klong*/_/dgongs klong gding thob chos nyid zad pa'i sbubs/_/bla ma sku gsum go 'phang mngon gyur shog_/ces pa'ang dad ldan sga pa rdo rko blo gros nas bskul ngor rang nyid kyis bris pa dge legs 'phel/_!_phyogs dus rgyal kun ngo bo pad+ma 'byung*/_/mdo sngags zung 'jug bstan pa spel pa'i phyir/_/mkhyen brtse'i 'od zer rgyal ba'i myu gu'i tshul/_/theg mchog bstan pa'i rgyal mtshan gsol ba 'debs/_/rab 'byams skyabs gnas rgya mtsho'i tshogs rnams kun/_/bla ma'i sku gsung thugs kyi dkyil 'khor te/_/dran pas thar pa'i mchog ster rigs kun bdag_/mi phyed dad dang mos pas gsol btab mthus/_/tshe rabs kun tu 'bral med rjes su bzung*/_/smin grol gdams pas skal bzang dpal la spyod/_/zung 'jug srid zhir mi gnas go 'phang mchog_/mthong ba'i chos la thob par mdzad du gsol/_/ces pa'ang ka chu'i sngags ban klu rgyal tshe ring nas bskul ngor rang nyid kyi smras pa'o/_!_rang byung sangs rgyas dpal ldan pad+ma skyes/_/mkhyen brtse nus pa'i ye shes rang gzugs che/_/pad+ma mdo sngags gling par gsol ba 'debs/_/rang rgyud chos dang 'dres par byin gyis rlobs/_/zhes stag tshang seng ge bsam 'grub tu 'gying ba'i sgom chen sa man+ta b+hadra bA la rA dzas bskul ngor rang nyid kyis bris pa'o/_!_kun khyab 'gyu~Mr me~Md bde chen rdo rje sems/_/the~Mg mcho~Mg bstana~M pa bsam 'phel dbang gi rgyal/_/bshad dang sgrub pa~M'i rgya~Ml mtsha~Mn rtser mchod mdzad/_/dpal mgon bla ma mchog la gsol ba 'debs/_/ba~Mkra shi~Ms phan bde'i snang ba 'bum gyi gter/_/zag med yon tan dpa~Ml rgyas 'byo~Mr pa yi/_/ye shes chen po'i byin rlabs myur stsol te/_/mi slob 'bras bu'i go 'phang myur thob mdzod/_/mdor na 'di phyi bar do'i gnas skabs kun/_/khyed dang mi 'bral thugs rje'i legs bzung ste/_/theg mchog rdo rje'i sa lam mthar phyin nas/_/mgon po khyed dang mnyam par byin gyis rlobs/_/zhes pa'ang zhwa lam rab 'byams drug pa'i skuladabon 'gyur med 'jigs bral rgya mtsho nas ched du bskul ngor brtse ba'i sems kyis snron zla'i tshes 10la bris pa don ldan du gyur cig_!_oM swa sti/_/'pho 'gyura~M mtshan meda~M rnam thar sgo gsum klong*/_/'od gsal sgyu 'phrul dkyil 'khor 'khor lo'i mgon/_/thugs rje'i rig rtsal thega~M mcho~Mg shing rta'i tshul/_/bstana~M pa'i~M rgyala~M mtsha~Mn 'dzin la gsol ba 'debs/_/dad dang snying rjes sems rgyud las rung zhing*/_/rang rig bla ma'i zhal bzang dngos su mjal/_/'od gsal dgongs pa'i rang rtsal yongs rdzogs nas/_/thugs yid gcig tu 'dres par byin gyis rlobs/_/skye 'chi bar do'i gnas skabs thams cad du/_/'khrul med sku gsum bla mas rjes su bzung*/_/'od gsal lhun grub ye shes chen po'i sbubs/_/yud kyis btsan sa zin par mdzad du gsol/_/zhes pa'ang rnam par dkar ba'i dad mos can sbyin bdag pad+ma skal bzang nas bkra shis pa'i lha reg rin gnyis 'khor lo nyer gcig dbang gzhu ltar bkra ba'i was+t+ra bcas bskul ba ltar nges don bla ma'i gsol 'debs kyi brjod byar byas pa 'di'ang rgan po mang+ga la shrI b+hU tis bris shing smon pa'o/_!_pad+ma 'jam pa'i rdo rje'i ye shes dpyid/_/'jigs bral mkhyen brtse'i dbang po'i thugs rje'i gar/_/rigs bdag thega~M mcho~Mg ba~Mstan pa'i~M rgyala~M mtsha~Mn cher/_/yid ches dad pas rtag tu gsol ba 'debs/_/'di phyi bar do kun tu thugs rjes zungs/_/skye dang tshe rabs thams cad 'bral med pas/_/ci mdzad legs mthong thugs yid gcig tu 'dres/_/sa lam yon tan dgongs brgyud 'pho bas bgrod/_/bstan 'gro'i dpal yon spel bas 'brel tshad kun/_/rnam mkhyen sa la dbugs 'byin ster nus shog_/ces pa'ang mkhas btsun bzang sogs dam pa'i yon tan rmad byung rdo rdzong ngag dbang yon tan chos kyi nyi ma nas gsung nan bzhin rang nyid kyis rang byung mchod rten chen po'i mdun bris pa sku tshe dang yon tan 'phel rgyas brtan pa'i dpal du gyur cig_!_rtsa gsum kun 'dus rig 'dzin shrI seng ha'i gsol 'debs ye shes mchog sbyin bzhugs/_chos dbyings 'od gsal gzhon nu bum pa skur/_/ye shes rang snang 'pho chen rdo rje'i tshul/_/rig 'dzin chen po shrI seng ha la/_/rang ngo shes pa'i ngang nas gsol ba 'debs/_/kun rtog tshogs brgyad bsgral ba'i dur khrod du/_/rig pa brtul zhugs ye shes phyag rgya'i gar/_/snang srid dbang bsgyur rig 'dzin shrI sing+har/_/yid ches dad pa'i ngang nas gsol ba 'debs/_/dus gsum rgyal ba'i spyi gzugs sangs rgyas gnyis/_/rtsa gsum kun 'dus rdo rje thod phreng la/_/rig pa rtsal gyi dbang mchog khyod kyis bskur/_/dgongs klong gcig tu 'dres la gsol ba 'debs/_/khyed kyi ye shes rdo rje'i gsang mdzod du/_/brgyud gsum bla ma'i byin rlabs gcig tu 'khyil/_/dran pa tsam gyis dgongs brgyud btsan thabs 'pho/_/yid ches mos gus gdung bas gsol ba 'debs/_/ye shes klong dgu 'bar ba'i thig le ru/_/dpal chen sgrub sde brgyad kyi dkyil 'khor rdzogs/_/mchog dang thun mong dngos grub char du 'bebs/_/yi dam kun gyi khyab bdag gsol ba 'debs/_/'jigs med rol pa chen po'i brtul zhugs kyis/_/ma tshogs gnas gsum mkha' 'gro dbang du sdud/_/dpa' bo DA ki'i tshogs rje he ru kaH_/dpal chen grub pa'i dbang phyug gsol ba 'debs/_/rdo rje'i bka' yi tha tshig phog tsam gyis/_/snang srid rgyud gsum dregs pa bran du bkol/_/rig rtsal phrin las gang 'dul thogs pa med/_/rdo rje'i chos srung spyi rjer gsol ba 'debs/_/sde gsum klong dgu'i man ngag rdzogs pa che'i/_/smin grol gdams pas skal ldan bsam yas pa/_/rang grol gdod mar byang chub mdzad pa'i mgon/_/rig 'dzin shrI seng har gsol ba 'debs/_/snang srid 'khor 'das kun khyab ye shes gzhir/_/khyad par drug gis mngon par byang chub ste/_/skye 'chi 'pho med rdo rje'i ye shes skus/_/phyogs dus zhing kun khyab la gsol ba 'debs/_/'khor 'das ma lus khyed kyi ye shes klong*/_/rang ngo shes na dag chen nyag gcig brdal/_/srid zhi kun khyab rgya chad phyogs lhung bral/_/'pho med ye shes rdo rjer gsol ba 'debs/_/rtogs na rang rig chos sku zang thal gshis/_/rang byung bde mchog rdo rje'i klong du rdzogs/_dbyings rig zung 'jug chos sku nyag gcig gi_/ngo bo 'du 'bral med la gsol ba 'debs/_/'jam dpal gzhon nu chos kyi bshes gnyen gyis/_/rjes bzung ye shes dgongs pa tshad la phebs/_/'khor 'das dbang bsgyur rig 'dzin shrI seng ha/_/kun rdzob phyi yi bla mar gsol ba 'debs/_/gdod nas dag pa'i chos nyid 'dus ma byas/_/thig le nyag gcig chos dbyings brdal ba che/_/rang rig sku gsum ye shes shrI seng*/_/don dam nang gi bla mar gsol ba 'debs/_/dpa~Ml ni zag med chos khams lhun grub ste/_/senga~M ge~M bzhin du gnyis snang bdud tshogs 'joms/_/zung 'jug chos nyid dbyings su mngon sangs rgyas/_/gsang ba chos sku'i bla mar gsol ba 'debs/_/khyed ni ye shes 'dod dgur mnga' dbang brnyes/_/mos gus can la mngon sum byin rlabs stsol/_/yid ches dad pas khyed gcig rjes dran na/_/thugs rjes myur du zungs shig bla ma rje/_/zag med lam gyi yon tan ma lus pa/_/bla ma gcig pu'i bka' drin las byung bas/_/dus gsum kun tu khyed dran khyed bskul na/_/skad cig 'du bral med par thugs rjes zungs/_/thun mong lam gyi yon tan nges 'byung skye/_/thun min lam gyis gzhan phan byang sems 'byongs/_/bla ma'i rdo rje bzhi yi dkyil 'khor du/_/dbyer med 'jug pas bdag rgyud smin grol mdzod/_/snang grags rig pa bla ma'i gsang gsum rdzogs/_/bde gsal mi rtog chos sku'i ye shes brnyes/_/zag pa rang zad chos zad chen po'i klong*/_/'khrul pa rang dag btsan sa zin par mdzod/_/chos kun kun byed byang chub sems su rtogs/_/ma bcos ngang sgom chen po'i rnal 'byor gyis/_/'khrul snang gzhi la dag pa chos kyi sku/_sems sde'i dgongs pa mngon du 'gyur bar mdzod/_/chos dbyings stong gsal kun tu bzang mo'i klong*/_/rig pa kun gsal gnad kyi don sgom phyir/_/gnad bzhis 'khrul pa rang sar dag pa yi/_/klong sde'i dgongs pa tshad du phyin par mdzod/_/ka dag cog bzhag bzhi yi rnal 'byor dang*/_lhun grub gnad kyi gseng lam la brten nas/_snang bzhi mthar phyin 'pho chen rdo rje'i skur/_/man ngag sde yi gseng lam mthar phyin mdzod/_/ye shes kun khyab 'od gsal mnyam nyid klong*/_/'pho med rdo rje gsum gyi klong chen por/_/mngon sangs rgyas nas drug ldan grol ba che'i/_/mngon par byang chub khyed dang dbyer med shog_/ces pa'ang dad brtson rnam par dkar ba'i sgrub brtson 'gyur med ye shes klong grol nas rten dang bcas te bskul ba bzhin theg mchog rdzogs pa chen po'i lam mthar son pa'i khyab bdag rig 'dzin bla ma du mas rjes su bzung zhing*/_khyad par paN chen bi ma dngos byon 'jam dpal chos kyi blo gros mchog gi bka' drin las sde gsum rdzogs pa chen po'i smin grol gyi gsang mdzod bka' drin du thob pa'i rgyal khams pa 'jigs med mkhyen brtse'i 'od zer 'od gsal grub pa'i rdo rjes bal yul rna gyi ri khrod theg mchog chos 'phel gling du rdzogs pa chen po'i snying thig gong 'og gi smin grol skyes chen du mar phul ba'i skabs dad mos kyi snang bas bris te gsol ba btab pa don dang ldan par gyur cig_!_gu ru'i gsol 'debs rdo rje'i tshig phreng bzhugs/_/mchog gi dang po sku gsum 'chang*/_/sangs rgyas thams cad bskyed pa po/_/'od chen rnam par snang bar byed/_/tshe mtha' yas pa la phyag 'tshal/_/byams dang snying rje'i dkyil 'khor can/_/'gro kun dga' ba'i mig dang ldan/_/smon lam ye shes rgya mtsho ste/_/'jig rten dbang phyug la phyag 'tshal/_/dpal ldan sangs rgyas pad+ma skyes/_/kun mkhyen ye shes mdzod 'dzin pa/_/rgyal po sgyu 'phrul sna tshogs 'chang*/_/snang srid zil gnon la phyag 'tshal/_/rdo rje las skyes rdo rje'i bdag_/rdo rje snying po mkha' 'dra ba/_/rdo rje rgyal po bde ba che/_/pad+ma 'byung gnas la phyag 'tshal/_/'phags lam shin tu mtho la gnas/_/dus gsum sangs rgyas las byed pa/_/mgon po sems can kun gyi mchog_/pad+ma saM b+ha la phyag 'tshal/_/mi shes dgra yi dregs pa 'joms/_/blo ldan sgeg 'chang dpal dang ldan/_/smra ba'i seng ge mtshungs pa med/_/blo ldan mchog sred la phyag 'tshal/_/sgyu 'phrul chen po don sgrub pa/_/sgyu 'phrul chen po'i dga' bas dga'/_/sgyu 'phrul chen po'i mig 'phrul can/_/pad+ma rgyal po la phyag 'tshal/_/gsang sngags tshul chen las byung ba/_/pha rol phyin bcu thob pa ste/_/bden don rnam pa bcu gnyis ldan/_/nyi ma 'od zer la phyag 'tshal/_/rnam dag phung po lnga 'chang ba/_/nges 'byung kun gyi mtha' la gnas/_/thub pa chen po thub chen ldan/_/shAkya seng ge la phyag 'tshal/_/zab cing rgya che'i sgra sgrogs pa/_/rdo rje drag po dga' ba che/_/bdag med seng ge'i sgra dang ldan/_/seng ge sgra sgrogs la phyag 'tshal/_/bdud kyi dpung rnams pham byed pa/_/rdo rje hU~M ste hU~M zhes sgrogs/_/tshugs pa med cing che bar grags/_/rdo rje gro lod la phyag 'tshal/_/rig gsum 'chang ba gsang sngags can/_/gdul dka' 'dul ba rnams kyi mchog_/sems can thams cad rab grol byed/_/mtsho skyes rdo rje la phyag 'tshal/_/khyed la phyag 'tshal gsol btab pas/_/bdag cag yang dag rdzogs pa yi/_/byang chub dam pa mngon gyur nas/_/bstan 'gro'i dpal kun spel byed shog_/ces pa 'jam dpal sgyu 'phrul drwa ba'i rgyud las lung gi tshul du btus pa 'dis kyang skye kun sangs rgyas gnyis pas rjes su 'dzin pa'i rgyur dmigs nas mang+ga la shrI b+hu tis bkra shis dpal 'bar gling nas bris pa'o/_/dge'o/_/dge'o/_/dge'o//_!_ye shes mkha' 'gro'i tshogs la gsol 'debs thugs rje'i 'od snang zhes bya bzhugs/_chos dbyings rdo rje btsun mo'i ye shes dbyings/_/bde stong sgyu 'phrul drwa ba'i sprin phreng las/_/byin rlabs dngos grub phrin las glog gar gyis/_/phan bde'i char 'bebs mkha' 'gror gsol ba 'debs/_/thub pa'i spyan sngar gang+ga'i lha mo'i tshul/_/rgyal kun gsung gi rdo rje dbyangs can ma/_/gu ru'i dgyes sde gsang sngags bka' sdud mo/_/ye shes mtsho rgyal zhabs la gsol ba 'debs/_/sangs rgyas kun gyi phrin las myura~M ma'i~M tshul/_/gdul dka'i 'gro kun sgrol ba dpa~Ml mo'i~M mtshan/_/srid zhi'i gdunga~M skyoba~M rgyal ba kun yum ma/_/rje btsun 'phags ma sgrola~M mara~M gsol ba 'debs/_/rnam thar gsum rdzogs dbyings yum kun bzang mo/_/ye shes klong lnga rigs kyi yum chen lnga/_/gnas gsum mkha' 'gro'i rje mo khros ma nag_/dbyings phyug rdo rje phag mor gsol ba 'debs/_/mchog tu mi 'gyur bde chen rdo rje'i gzugs/_/gar gyi dbang phyug dgyes ma'i yum gyi tshul/_/o rgyan DA ki'i gtso mor dngos grub bdag_/gsang ba ye shes zhabs la gsol ba 'debs/_/dngos gcig du ma'i rol pa'i d+haki ma/_/don dam lhan cig skyes ma'i ye shes dbyings/_/'khor 'das kun khyab mnyam yangs brdal ba che'i/_/ngo bor 'du 'bral med pas gsol ba 'debs/_/nges 'byung skyo shas lam gyis rgyud sbyangs nas/_/dad mos brtson pas byang chub spyod pa rdzogs/_/khyad par smin grol zab mo'i gseng lam gyis/_/zung 'jug bde chen rdo rje'i grong rtsen shog_/spyod pa gsum gyi nye rgyu mthar son pas/_/'bar ba gsum gyi rlung sems dbu mar bcing*/_/'du ba gsum gyis don gnyis lhun grub nas/_/gnas gsum mkha' 'gro'i tshogs dang skal mnyam shog_/tshe rabs kun tu ye shes mkha' 'gro mas/_/rjes su bzung ste rdo rje theg mchog gis/_/gsang mdzod 'dod rgur spyod pa lhan skyes kyis/_/ye shes thig ler gnyis med byang chub shog_/ces pa'ang mkhyen rtogs bdud rtsi'i snang bas mdzes pa'i mchog sprul rin po che o Di ya na'i gsang yum bde chen nas gsung bskul bzhin snyoms las pa mkhyen brtse'i 'od zer pad+ma dbang chen dgyes pa rtsal gyis rna gyis ri khrod theg mchog chos 'phel gling du snying thig gong 'og gi smin grol bton pa'i skabs bris pa gsang chen rdo rje'i myur lam mthar son pas dngos grub 'dod rgu'i gsang mdzod la dbang thob pa'i rgyur gyur cig_!_shes bya kun mkhyen ris med 'gro ba'i mgon/_/rgyal ba'i dgongs zab klong chen chos kun la/_/rab 'byams smra ba'i nyi ma ngag gi dbang*/_/dri med 'od zer zhabs la gsol ba 'debs/_/chos dbyings ka dag gzhon nu bum sku'i klong*/_/'od gsal 'gag med sku dang ye shes gter/_/'phags pa'i 'byung gnas kun bzang yum chen mor/_/gnas lugs rang ngo shes pas gsol ba 'debs/_/rnam thar gsum ldan rdo rje dbyings kyi zhing*/_/mchog tu mi 'gyur bde chen gar gyis rtsen/_/rab 'byams dkyil 'khor rgya mtshor mnga' dbang bsgyur/_/bde stong mi 'byed sdom pas gsol ba 'debs/_/rang byung kun khyab thugs rje'i sgyu mar rol/_/mchog gi rig 'dzin dgyes sde'i btsun mo'i tshul/_/rab 'byams bka' yi sdud mo mkhar chen bzar/_/bka' drin rjes su dran pas gsol ba 'debs/_/zab gsal ye~M shesa~M gzungs dang ting 'dzin mdzod/_/ngo mtshar rnam thar rmad byung gangs chen mtsho~M/_/rgyala~M ba'i yum chen dz+nyA na DA ki mar/_/yid ches dad pa'i ngang nas gsol ba 'debs/_/lnga brgya'i tha mar gangs can gdul bya'i tshogs/_/bu gcig ma bzhin skyong ba'i rdo rje'i gsung*/_/yid ches dad pa'i ngang nas rtag bskul na/_/myur du thugs rjes zungs shig rin po che/_/bod yul 'gro ba sdug bsngal nyams thag tshe/_/skyabs gnas gcig chog gu ru yab yum la/_/dus kun brjed med gsol ba 'debs lags na/_/byin rlabs dbugs 'byin stsol cig ma gcig pu/_/mdor na o rgyan rdo rje 'chang stangs dpyal/_/skye kun mi 'bral brtse bas rjes su zungs/_/sku gsung thugs kyi rdo rje'i ye shes dbyings/_/gnyis med gcig tu 'dres par byin gyis rlobs/_/zhes pa'ang o rgyan chos kyi rgyal po yab yum la mi phyed pa'i dad mos can zur bla bkra shis dang*/_rang slob 'jigs med mchog grub ste sde gnyis dge 'dun rtags can gyis rten lha rdzas/_rin chen gnyis pa bcu drug dga' bzhi'i re khA bkra bas bskul ba bzhin/_rgyal khams pa rnying sngags rgan po pad+ma dbang chen dgyes pa'am mang+ga la'i ming gis sgrags mda' mtsho rgyal bla mtsho'i gtsug lag khang bde chen mchog dga'i tshal nas bris shing gsol ba btab pa dz+nyA na war+d+ha sid+d+hi rastu/_!_chos nyid gdod ma'i gnas lugs ji bzhin gzigs/_/mtha' yas shes bya kuna~M mkhyena~M chos kyi rje/_/theg mchog bstan pa'i nyin byed dpal mgon mchog_/chosa~M kyi~M rgyala~M po'i~M zhabs la gsol ba 'debs/_/spros mtshan blo yi 'du byed ka dag dbyings/_/klong gsal ye shes lhun gyis grub pa'i gshis/_/dri med so so yang dag rig pas gzigs/_/rtogs bya gzhi~M yi bla mar gsol ba 'debs/_/rig stong rdo rje'i dgongs pa klonga~M du gyur/_/'od gsal mkhyen brtse nus pa'i gter chena~M brdol/_/raba~M 'byama~Ms mdo sngags chos kun 'byung ba'i gnas/_/rtogs byed lama~M gyi bla mar gsol ba 'debs/_/zab gsal dri~M meda~M chos sku mngon du gyur/_/bde chen rang byung longs sku'i rigs kyi gdan/_/thugs rje 'gag med sprul sku'i 'oda~M zera~M 'phro/_/mthar thug 'bras bu'i~M bla mar gsol ba 'debs/_/gdod nas lhun rdzogs kun mkhyen bla ma'i zhal/_/mos gus dad pas mngon sum mjal ba'i mthus/_/sna~M tshoga~Ms 'khor 'das gnyis 'dzin rtog pa kun/_/ranga~M grola~M dgongs pa'i btsan sa zin par shog_/de skad kun mkhyen bla ma'i mtshan gyi don/_/gsol 'debs rgyud mang sbyar ba'i ngag gi rgyun/_/theg mchog thar pa gling gi dben gnas nas/_/rgyal khams nyul ba'i bung bas gsol btab dge_!_gdod nas lhun grub 'od gsal rig pa'i gshis/_/'gyur med rgyal ba kun dang ro mnyam pa/_/mngon sum gzigs pa kun mkhyen chos kyi rje/_/dri med 'od zer zhabs la gsol ba 'debs/_/theg mchog lung don tshang la ma nor ba/_/dri med rigs pa'i tshul bzang gsal byed cing*/_/zab mo gnad kyi man ngag dang ldan pa/_/gsung rab legs bshad tshogs la gsol ba 'debs/_/sras bcas rgyal ba'i gsung dbyangs seng ge'i sgras/_/lung bstan ji bzhin nam zhig mgon po khyod/_/rnam 'dren ri rab mar me'i rgyal mtshan du/_/mngon par byang chub brnyes pa de yi tshe/_/bdag dang bdag gi ma gyur 'gro ba kun/_/zhing der rgyal sras gzhon nu'i rnam rol gyis/_/bden gsung chos kyi bdud rtsir longs spyod nas/_/stobs bcu mnga' bar lung bstan rnyed gyur cig_/ces 'jam pa'i dbyangs mi pham rin po che'i gsung rnams kha bsgyur cung zad bcas gsol 'debs kyi tshul_ du mang+ga la shrI b+hU tis bris pa 'dis kyang dgongs brgyud ye shes kyi nyin byed snying dbus kyi pad+mor 'char ba'i rgyur gyur cig_!_gangs can sgrub brgyud shing rta dang po snga 'gyur rnying ma'i brgyud 'debs spyi khyab ni/_kun bzang rdor sems rigs lnga gangs chen mtsho/_/rigs gsum sems dpa' rigs can drwa ma lnga/_/rgyal po dzaHdang sgeg rdor sangs rgyas gsang*/_/las kyi dbang mo bka' bab rig 'dzin brgyad/_/dga' rab shrI seng kun 'dus pad+ma 'byung*/_/rje 'bangs lo paN khyad par so zur gnubs/_/rma gnyags rong zom dam gtsang byams gsum dang*/_/nyang ral chos kyi dbang sogs gter chen brgya/_/kun mkhyen chos kyi rgyal po klong chen pa/_/mnga' ris paN chen rig 'dzin pad phrin zhabs/_/bka' gter bstan pa'i nyin byed gter bdag gling*/_/theg mchog shing rta 'jigs med gling pa sogs/_/bka' gter dag snang chos kyi 'khor los bsgyur/_/mdo sngags srol 'byed gzhan phan mtha' yas dang*/_/bka' bab bdun gyi mnga' bdag mkhyen brtse'i dbang*/_/pad+ma'i rgyal tshab mchog gyur bde chen gling*/_/rnam snang lo tsA kun mkhyen blo mtha' yas/_/chos kyi dbang po mi pham 'jam pa'i dbyangs/_/chos kyi rgya mtsho thub bstan chos rdor dang*/_/bstan pa'i nyi ma sna tshogs rang grol rje/_/gdod ma'i mgon po pad+ma bi dza ya/_/kun gzigs chos kyi blo gros la sogs pa'i/_/snga 'gyur bstan 'dzin rnams la gsol ba 'debs/_/dbang gis rgyud smin dad dang dam tshig dag_/bskyed rdzogs rdzogs pa chen po'i rnal 'byor gyis/_/rig 'dzin rnam bzhi'i sa lam yongs rdzogs nas/_/sku dang ye shes dpal thob byin gyis rlobs/_/zhes snga 'gyur nang rgyud yo ga gsum gyi bstan pa'i shing rta chen po rnams kyi mtshan sdom brgyud pa'i gsol 'debs su phyogs med kyi dag pa'i snang ba can 'gyur med theg mchog bstan pa'i rgyal mtshan rang nyid kyis bris pa dge legs 'phel/_!_gsol 'debs bsdus pa ni/_kun bzang rdor sems dga' rab shrI seng*/_/pad+mA ka ra rje 'bangs nyi shu lnga/_/so zur gnubs nyang gter ston brgya rtsa sogs/_/bka' gter bla ma rnams la gsol ba 'debs/_!_yo ga gsum dang khyad par rdzogs pa che/_/rtsol med grol ba bzhi ldan theg pa'i rtse/_/snga 'gyur bstan pas 'jig rten kun tu khyab/_/khams gsum 'khor ba dong nas sprugs par shog_!_gangs can sgrub brgyud shing rta brgyad kyi gnyis pa bka' gdams lam gyi snying po skyes bu gsum gyi lam rim brgyud 'debs ni/_thub dbang byams pa thogs med dbyig gi gnyen/_/grol sde rnam gnyis snang mdzad seng ge bzang*/_/ku sA li gnyis gser gling jo bo rje/_/legs pa'i shes rab gro lung blo gros 'byung*/_/mkhas pa gtsang nag gtum ston blo gros grags/_/bdud rtsi grags dang zhang ston chos bla ma/_/sangs rgyas sgom pa mchims chen nam mkha' grags/_/smon lam tshul khrims ze'u brtson 'grus grags/_/grags pa shes rab mchims ston blo gros grags/_/byang chub rtse mo seng ge rgyal mtshan dang*/_/dpal ldan bzang po gnas brtan bsam 'phen pa/_/yon tan dpal ba kun dga' mchog grub zhabs/_/rje btsun grol mchog chos sku lha dbang grags/_/sgrol ba'i mgon po rat+na badz+ra NI/_/rin chen rgya mtsho snying po mtha' yas pa/_/kun bzang dbang po tshe dbang nor bu'i dpal/_/chos dbyings rang grol kun bzang chos 'byor dang*/_/blo bzang mthu stobs nyi ma chos 'phel ba/_/blo gsal bstan skyong kun gzigs mkhyen brtse'i dbang*/_/blo gros mtha' yas bkra shis 'od zer zhabs/_/byang chub sems kyi mnga' bdag zhe chen pa/_/rtsa brgyud bla ma rnams la gsol 'debs/_/skyes bu chung ngu sdig spong dge sgrub lam/_/skyes 'bring byams dang snying rje zung 'brel lam/_/skyes chen byang chub sems gnyis mngon gyur te/_/'gro kun bde la 'god par byin gyis rlobs/_/gsol 'debs bsdus pa ni/_dpal ldan mar me mdzad dang khu rngog 'brom/_/sku mched rnam gsum 'jam dbyangs tsong kha ba/_/bka' gdams gsar rnying ring lugs 'dzin mdzad pa'i/_/dge ba'i bshes gnyen rnams la gsol ba 'debs/_!_mnyam med jo bo rje dang tsong kha ba'i/_/lta spyod dri med 'dzin mdzad bka' gdams pa/_/gsar rnying ring srol dar bas thub bstan gyi/_/dga' tshal dbyar gyi dpal bzhin rgyas par shog_/ces bya'o/_!_pad dkar 'chang dngos bstan 'dzin rgya mtsho dang*/_/paN chen blo bzang thub bstan chos kyi nyi/_/rdo rje 'chang chen ngag dbang bstan 'dzin sogs/_/drin thob bshes gnyen rnams la gsol ba 'debs/_!_gangs can sgrub brgyud shing rta gsum pa dpal sa skya pa'i chos kyi snying po lam 'bras kyi brgyud 'debs ni/_rdo rje 'chang dbang bdag med birawa pa/_nag po pa dang DA ma ru pa dang*/_/a wa d+hU ti ga ya d+hA ra'i zhabs/_/'brog mi lo tsa se ston kun rig dang*/_/zhang ston chos 'bar sa skya gong ma lnga/_/dkon mchog dpal dang na bza' brag phug pa/_/chos rje bla ma dpal ldan tshul khrims rje/_/bud+d+ha shrI ngor chen kun dga' bzang*/_/dpal ldan rdo rje kun dga' mchog grub pa/_/rje btsun grol mchog chos sku lha dbang grags/_/sgrol ba'i mgon po rat+na badz+ra NI/_/rin chen rgya mtsho snying po mtha' yas pa/_/kun bzang dbang po tshe dbang nor bu'i dpal/_/chos dbyings rang grol kun bzang chos 'byor dang*/_/blo bzang mthu stobs nyi ma chos 'phel ba/_/blo gsal bstan skyong kun gzigs mkhyen brtse'i dbang*/_/blo gros mtha' yas bkra shis 'od zer zhabs/_/khyab bdag rdo rje sems dngos zhe chen pa/_/rtsa brgyud bla ma rnams la gsol ba 'debs/_/zhes pa ni jo nang khrid brgya spyi'i brgyud rim ltar la/_bye brag gsang chen slob bshad thun mong ma yin pa'i brgyud pa ni/_ngor chen kun dga' bzang zhes pa'i 'phror/_mus chen kun dga' dbang phyug dkon mchog 'phel/_/lha mchog seng ge dkon mchog lhun grub zhabs/_/sangs rgyas seng ge nam mkha' dpal bzang dang*/_/bsod lhun dpal mchog sangs rgyas phun tshogs che/_/bsod dpal dpal ldan chos skyong chos skyong bzang*/_/nam mkha' 'chi med rnal 'byor 'jam dpal bzang*/_/kun gzigs mkhyen brtse'i dbang po blo gter zhabs/_/'jam mgon legs pa mang+ga la sa ra/_/rdo rje 'chang dngos chos kyi blo gros dang*/_/'khon ston ngag dbang kun dga' bsod nams sogs/_/rtsa brgyud bla ma rnams la gsol ba 'debs/_/zhes pa'i khyad par ro/_mdo sngags lam gyi rim pas rgyud sbyangs nas/_/rgyu lam 'bras bu'i ting 'dzin nye lam gyis/_/dbang bzhi'i nyams len thun bzhir bsgoms pa'i mthus/_/sku bzhi'i go 'phang thob par byin gyis rlobs/_/gsol 'debs bsdus pa ni/_dpal ldan chos skyong sa skya gong ma lnga/_/ngor chen rdzong pa tshar chen yab sras kyi/_/brgyud 'dzin mkhas dang grub pa rim byon sogs/_/lam 'bras brgyud pa rnams la gsol ba 'debs/_!_dpal ldan chos skyong snyan du brgyud pa yi/_/gdams ngag lam dang 'bras bu bcas pa sogs/_/gsang bstan mnga' bdag sa ngor tshar gsum gyi/_/bstan pa'i nyi ma 'grib med 'char bar shog_!_gangs can sgrub brgyud shing rta bzhi pa bka' brgyud pa'i gdams ngag snying po nA ro chos drug gi brgyud 'debs ni/_rdo rje 'chang chen tai lo nA ro pa/_/mar pa mi la dwags po dus gsum mkhyen/_/ras chen spom brag grub chen karma pa/_/gnyan ras rang byung mgon po rgyal mtshan pa/_/rol rdor mkha' spyod dbang po de bzhin gshegs/_/sog dbon rig ral mthong ba don ldan zhabs/_/'jam dpal bzang po chos grags rgya mtsho dang*/_/skyabs che rtogs ldan tre ho chos rgya mtsho/_/rje btsun grol mchog chos sku lha dbang grags/_/sgrol ba'i mgon po rat+na badz+ra Ni/_/rin chen rgya mtsho snying po mtha' yas pa/_/kun bzang dbang po tshe dbang nor bu'i dpal/_/chos dbyings rang grol kun bzang chos 'byor dang*/_/blo bzang mthu stobs nyi ma chos 'phel ba/_/blo gsal bstan skyong kun gzigs mkhyen brtse'i dbang*/_/blo gros mtha' yas bkra shis 'od zer zhabs/_/zung 'jug grub brnyes rgyal po zhe chen pa/_/rtsa brgyud bla ma rnams la gsol ba 'debs/_zhes pa jo nang khrid brgya spyi'i brgyud rim ltar la/_bye brag karma bka' brgyud rtogs pa don brgyud gser phreng ltar na/_chos grags rgya mtsho dang*/_/zhes pa'i 'phror/_sangs rgyas mnyan pa mi bskyod dkon mchog 'bangs/_/dbang phyug rdo rje chos kyi dbang phyug dang*/_/chos dbyings rdo rje ye shes snying po'i zhabs/_/ye shes rdo rje chos kyi don kun grub/_/byang chub rdo rje chos kyi 'byung gnas dang*/_/bdud 'dul rdo rje chos grub rgya mtsho dang*/_/pad+ma nyin byed theg mchog rdo rje'i mtshan/_/blo gros mtha' yas mkha' khyab rdo rje dang*/_/pad+ma dbang mchog mkhyen brtse'i 'od zer zhabs/_/rgyal dbang rang byung rig pa'i rdo rje 'chang*/_/d+harma shrI bi ma la rasmi/_/rtsa brgyud bla ma'i tshogs la gsol ba 'debs/_/zhes pa'i khyad par ro/_/gtum mo'i bde drod sgyu lus ji bzhin rtogs/_/rmi lam 'od gsal 'pho ba bar do 'byongs/_/chos drug lam gyi myong rtogs mthar phyin te/_/rdo rje 'chang dngos 'grub par byin gyis rlobs/_!_gsol 'debs bsdus pa ni/_rdo rje 'chang dngos tai lo nA ro dang*/_/mar pa mi la rje btsun sgam po pa/_/che bzhi chung brgyad grub thob bgrang 'das pa/_/dwags po bka' brgyud rnams la gsol ba 'debs/_!_gangs can grub pa'i chu 'go gcig pu pa/_/mnyam med dwags po'i bka' brgyud che bzhi dang*/_/chung brgyad sgrub brgyud chu klung chen po'i rgyun/_/chad med 'dzam gling grub pas khengs par shog_!_gangs can sgrub brgyud shing rta lnga pa dpal ldan shangs pa bka' brgyud kyi gser chos nI gu chos drug gi brgyud 'debs ni/_rdo rje 'chang chen mkha' 'gro nI gu ma/_/khyung po rnal 'byor rmog lcog skyer sgang pa/_/gnyan ston sangs rgyas ston pa shangs ston rje/_/khyung po tshul mgon ri khrod ras chen pa/_/shangs dkar rin rgyal skung lung sangs rgyas dpal/_/nam mkha' rgyal mtshan rgya sgom legs rgyal mtshan/_/rje btsun grol mchog chos sku lha dbang grags/_/sgrol ba'i mgon po rat+na badz+ra NI/_/rin chen rgya mtsho snying po mtha' yas pa/_/kun bzang dbang po tshe dbang nor bu'i dpal/_/chos dbyings rang grol kun bzang chos 'byor dang*/_/blo bzang mthu stobs nyi ma chos 'phel ba/_/blo gsal bstan skyong mkhyen brtse'i dbang po dang*/_/blo gros mtha' yas bkra shis 'od zer zhabs/_/sgrol mgon dngos snang khyab bdag zhe chen pa/_/rtsa brgyud bla ma rnams la gsol ba 'debs/_/gtum mo'i bde drod sgyu ma'i rang nyams dang*/_/rmi lam legs zin rtsol med 'od gsal 'char/_/'pho med legs rtogs bar do dang po la/_/rang sems chos skur 'char bar byin gyis rlobs/_/gsol 'debs bsdus pa ni/_ye shes mkha' 'gro khyung po rnal 'byor sogs/_/rin chen bdun brgyud phreng ba rnam pa gnyis/_/thang rgyal la sogs nye brgyud las byon pa'i/_/shangs pa bka' brgyud rnams la gsol ba 'debs/_!_rin chen rnam bdun rim brgyud rdo rje'i tshig_/byis blos ma bslad byin rlabs gzi brjid can/_/dpal ldan shangs pa bka' brgyud gser chos kyis/_/sa steng kun khyab dpag med 'gro sgrol shog_/ces bya'o/_!_gangs can sgrub brgyud shing rta drug pa zhi byed kyi brgyud 'debs ni/_thub pa'i dbang po smra ba'i seng ge dang*/_/dam pa rgya gar byang sems kun dga'i zhabs/_/pa tshab sgom pa rgyal ba te ne dang*/_/zhig po nyi seng 'khrul zhig dar ma seng*/_/snye mdo yab sras dpal chen kun lhun pa/_/chos rgyal sher bzang rong ston gung ru dang*/_/mkhyen rab chos kyi rje dang spyang lung pa/_/rje btsun sgrol mchog chos sku lha dbang grags/_/sgrol ba'i mgon po rat+na badz+ra NI/_/rin chen rgya mtsho snying po mtha' yas pa/_/kun bzang dbang po tshe dbang nor bu'i dpal/_/chos dbyings rang grol kun bzang chos 'byor dang*/_/blo bzang chos 'byor nyi ma chos 'phel ba/_/blo gsal bstan skyong kun gzigs mkhyen brtse'i dbang*/_/blo gros mtha' yas bkra shis 'od zer zhabs/_/'khrul zhig chen po khyab bdag zhe chen pa/_/rtsa brgyud bla ma rnams la gsol ba 'debs/_/dka' thub gsum gyi nyams len skya bar nas/_/lam lnga'i rim pa ji bzhin bsgoms pa'i mthus/_/sa lam spang rtogs ma lus mngon gyur pa'i/_/zhi byed lam mchog 'grub par byin gyis rlobs/_/gsol 'debs bsdus pa ni/_dam pa sangs rgyas ma gcig lab kyi sgron/_/rma so kam gsum brgyud pa'i rnal 'byor bzhi/_/bka' bab snga phyi bar gsum la sogs pa/_/zhi byed brgyud pa rnams la gsol ba 'debs/_!_pha gcig dam pa'i sdug bsngal zhi byed dang*/_/ma gcig lab sgron bdud kyi gcod yul ste/_/bdag 'dzin btsan thabs gcod pa'i chos kyi sprin/_/nam mkha'i khyon brdal snyigs 'gro kun skyob shog_/ces bya'o/_!_khrid brgya'i gzhung du mi gsal yang gcod yul brgyud 'debs sger du byed na/_yum chen sher phyin bcom ldan shAkya thub/_/'jam dbyangs sgrol ma phag mo su kha'i mtshan/_/ar+Ya de wa dam pa sangs rgyas dang*/_/bsod nams bla ma lab sgron rgyal thang pa/_/nam mkha' 'od zer shAkya 'od zer dang*/_/bde legs rgyal mtshan dbon sras ye shes dpal/_/grol mchog lha dbang grags pa lung rigs mchog_/sgrol mgon kun bsod kun ye yon tan mgon/_/kun lhun chos dbyings sangs rgyas rdo rje dang*/_/ngag phrin chos rgyal kun rnam 'jigs med dbang*/_/dkon mchog seng ge dkon bstan bstan 'dzin dang*/_/lha btsun don grub 'jam dbyangs mkhyen brtse'i dbang*/_blo gros mtha' yas bkra shis 'od zer dang*/_/he ru ka dpal dngos snang zhe chen pa/_/rtsa brgyud bla ma rnams la gsol ba 'debs/_zhes mang+ga las bris pa'o/_!_sgrub brgyud shing rta bdun pa dus kyi 'khor lo'i sbyor ba yan lag drug gi brgyud 'debs ni/_dang po'i sangs rgyas chos longs sprul pa'i sku/_/chos rgyal bdun dang rigs ldan nyi shu lnga/_/dus zhabs che chung kha che zla ba mgon/_/sgom pa dkon mchog sgro ston yu mo rje/_/chos kyi dbang phyug DA ki jo 'bum ma/_/nam 'od se mo che ba 'jam gsar ba/_/chos sku 'od zer thugs rje brtson 'grus dang*/_/rgyal ba ye shes yon tan rgya mtsho'i sde/_/kun mkhyen dol po phyogs las rnam rgyal zhabs/_/nya dbon kun dga' grub chen kun blo ba/_/'jam dbyangs dkon bzang nam mkha' chos skyong dang*/_/nam mkha' dpal bzang lo chen rat+na'i mtshan/_/brgyud pa'i chu bo kun 'dus grol mchog rje/_/chos nyid gnyug ma'i don gzigs lha dbang grags/_/mdo rgyud shing rta chen po sgrol ba'i mgon/_/mkha' spyod grub gtso phrin las dpal dbang mo/_/rin chen rgyal mtshan gnas brtan rdo rje 'dzin/_/snying po mtha' yas grub brnyes sbas pa'i gtso/_/'khor lo'i mgon po brtse chen kun bzang dbang*/_/tshe dbang nor bu ngag dbang rnam par rgyal/_/kun bzang chos 'byor drin chen mthu stobs mtshan/_/lcags zam pa dang blo gsal ri khrod pa/_/bka' bab bdun gyi mnga' bdag mkhyen brtse'i dbang*/_/mdzod lnga'i shing rta 'jam mgon blo mtha' yas/_/mi pham rnam rgyal bkra shis 'od zer dang*/_/dang po'i sangs rgyas khyab bdag zhe chen pa/_/chos kyi blo gros d+harma shrI sogs/_/rtsa brgyud bla ma rnams la gsol ba 'debs/_/thog mar dge ba sor sdud bsam gtan dang*/_/bar du dge ba srog rtsol 'dzin pa dang*/_/tha mar dge ba rjes dran ting 'dzin te/_/sbyor drug nyams su longs par byin gyis rlobs/_!_gsol 'debs bsdus pa ni/_chos rgyal rigs ldan dus zhabs che chung dang*/_/rwa 'bro tsa mi rang byung dol po pa/_/mkhas mchog bu ston yab sras gtsor gyur pa/_/sbyor drug brgyud pa rnams la gsol ba 'debs/_!_sa bcu'i dbang phyug rnams kyi thugs kyi bcud/_/rgyud don mthar thug dang po'i sangs rgyas kyi/_/bshad sgrub bka' bab jo zhal rnam pa gnyis/_/bstan pa'i sgron me phyogs brgyar 'bar bar shog_!_sgrub brgyud shing rta brgyad pa rdo rje gsum gyi bsnyen sgrub kyi brgyud 'debs ni/_rdo rje 'chang chen rdo rje phag mo dang*/_/mkhas grub o rgyan pa dang bsod nams 'od/_/rgyal mtshan dpal bzang nam mkha' seng ge dang*/_/'khrul zhig chos rgyal mon ras zla rgyal mtshan/_/mkhyen rab chos kyi rje dang spyang lung pa/_/brgyud pa'i chu bo kun 'dus grol mchog rje/_/chos nyid gnyug ma'i don gzigs lha dbang grags/_/mdo rgyud shing rta chen po sgrol ba'i mgon/_/mkha' spyod grub gtso phrin las dpal dbang mo/_/rin chen rgyal mtshan gnas brtan rdo rje 'dzin/_/snying po mtha' yas grub brnyes sbas pa'i gtso/_/'khor lo'i mgon po brtse chen kun bzang dbang*/_/tshe dbang nor bu ngag dbang rnam par rgyal/_/kun bzang chos 'byor drin chen mthu stobs mtshan/_/lcags zam pa dang blo gsal ri khrod pa/_/bka' bab bdun gyi mnga' bdag mkhyen brtse'i dbang*/_/mdzod lnga'i shing rta 'jam mgon blo mtha' yas/_/gnas brtan chen po bkra shis 'od zer dang*/_/nges pa don gyi sangs rgyas zhe chen pa/_/rtsa brgyud bla ma rnams la gsol ba 'debs/_/sku yi bsnyen pa lus gnad byed bcings dang*/_/gsung gi sgrub pa rdor bzlas srog rtsol dang*/_/thugs kyi sgrub chen dwangs ma 'dzag med 'ching*/_/bsnyen sgrub mthar phyin rtogs par byin gyis rlobs/_!_gsol 'debs bsdus pa ni/_rdo rje btsun mo mkhas grub o rgyan pa/_/rang byung rdo rje mkhar chu pu tra pa/_/nai ring pa sogs rnal 'byor drug pa yi/_/bsnyen sgrub brgyud pa rnams la gsol ba 'debs/_!_rdo rje btsun mo'i zhal lung bsnyen sgrub sogs/_/bsgoms na 'bras bu 'phral du 'thob byed pa'i/_/brgyud ldan gdams pa'i bka' srol ji snyed kun/_/srid pa'i mthar yang nyams med dar rgyas shog/_!_blo sbyong don bdun ma'i gsol 'debs yid kyi bdud rtsi zhes bya ba bzhugs so/_/lha chos bdun ldan bstan pa'i mnga' bdag jo bo bka' gdams pa'i man ngag blo sbyong don bdun zhes bya ba 'chad kha ba ye shes rdo rje'i bka' srol 'chad pa la gsum/_thog mar dge ba la gnyis las dang po gsol 'debs kyi mtshan ni/_blo sbyong don bdun ma'i gsol 'debs yid kyi bdud rtsi zhes bya ba/_gnyis pa mchod brjod ni/_srid zhi'i yon tan kun gyi 'byung gnas/_/theg mchog dge ba'i bshes la 'dud do/_/dad pa gsum gyi blo rgyud dag par/_/rje btsun bla mas byin gyis rlobs shig_/gnyis pa bar du dge ba gzhung don dngos la bdun las/_dang po sngon 'gro rten gyi chos bstan pa ni/_dal 'byor rnyed dka' 'jig slar shes pas/_/las 'bras blang dor tshul bzhin brtson cing*/_/bcos min nges 'byung sngon 'gro 'byongs par/_/rje btsun bla mas byin gyis rlobs shig_/gnyis pa dngos gzhi byang chub kyi sems sbyong ba ni/_gzung 'dzin bden med dbyings su sbyangs te/_/bdag gzhan bde sdug gtong len zab mo'i/_/byang chub sems gnyis rtag tu bsgom par/_/rje btsun bla mas byin gyis rlobs shig_/gsum pa rkyen ngan byang chub kyi lam du bsgyur ba ni/_rkyen ngan sdug bsngal ji ltar byung yang*/_/bdag 'dzin 'gong po'i 'phrul du mthong nas/_/byang chub sems kyis lam du 'khyer bar/_/rje btsun bla mas byin gyis rlobs shig_/bzhi pa tshe gcig gi nyams len dril nas bstan pa ni/_bsam sbyor dag pas tshogs bsags sgrib sbyong*/_/smon lam dang bcas stobs lnga ldan pa'i/_/tshe gcig nyams len snying por dril bar/_/rje btsun bla mas byin gyis rlobs shig_/lnga pa blo sbyong ba'i tshad ni/_chos kun bdag 'dzin gnyen por 'char zhing*/_/rang sems dbang thob yid bde'i gdengs kyis/_/'gal rkyen thams cad lam du longs par/_/rje btsun bla mas byin gyis rlobs shig_/drug pa blo sbyong gi dam tshig ni/_khas blangs don ldan tshul 'chos dang bral/_/phyogs ris med par mngon tshan chung ngus/_/blo sbyong dam tshig srog bzhin bsrung bar/_/rje btsun bla mas byin gyis rlobs shig_/bdun pa blo sbyong gi bslab bya ni/_mdor na byang chub sems gnyis 'phel ba'i/_/bslab bya thams cad tshul bzhin slob pas/_/tshe 'dir theg mchog bzod pa thob par/_/rje btsun bla mas byin gyis rlobs shig_/gsum pa tha mar dge ba'i dang po smon lam ni/_mnyam med jo bo yab sras thugs bcud/_/don tshan bdun ldan dge sbyong tshul la/_/snying nas smon pa'i legs byas 'dis kyang*/_/'gro kun byang chub thob par mdzod cig_/zhes pa'ang skyid shod snye thang gi dpal ldan a ti sha'i sku 'dra rin po che'i drung du rtse gcig gsol ba 'debs pa po ni rgyal khams nyul ba'i bya bral ba bka' gdams rin po che'i ring lugs la mchog tu gus pa 'jam dbyangs mkhyen brtse'i dbang po ste de de bzhin du 'grub par byin gyis brlab tu gsol//_sa bcad yig chung rnams mang+ga las so/_!_dag pa'i rtsa khams lha yi phyag rgyar smin/_/srog rtsol gzhom bral rdo rje nA da'i gsung*/_/bde chen lhan skyes dga' bzhis myos pa'i thugs/_/rje btsun bzhad pa rdo rjer gsol ba 'debs/_/srid par zhen log chos brgyad 'ching las grol/_/mos gus tshad byin bla ma sangs rgyas mthong*/_/dben par rtse gcig sgrub pa'i rnal 'byor gyis/_/sku bzhi'i btsan sa tshe 'dir zin par mdzod/_/nam zhig tshe 'phos mgon khyod dgyes pa'i zhing*/_/rang snang mngon par dga' ba'i tshal skyes te/_/'brel thog mkha' khyab yid can rgya mtsho kun/_/rnal 'byor dbang phyug go 'phang 'god nus shog_/ces pa'ang dpal grub pa chen po'i rnam thar snying gi nor bur 'chang ba'i khye'u chung mang+ga la'i dad pa'i chu gter las byung ba'o//_//

Footnotes

Other Information