བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་ལ་བསྟོད་པ་རྡོ་རྗེའི་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-25
Wylie title bstan srung rdo rje'i chos skyong ba'i tshogs la bstod pa rdo rje'i sgra dbyangs DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 25, Pages 279-281 (Folios 30a1 to 32a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Bstan srung rdo rje'i chos skyong ba'i tshogs la bstod pa rdo rje'i sgra dbyangs'. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 279-281. Delhi: Shechen Publications, 1994.
Genre Verses of Praise - bstod pa
Colophon

།ཞེས་པའང་རྒྱ་མཚོའི་མཐར་གནས་པའི་གྲོང་ཁྱེར་ཀུན་ཏུ་རྒྱུ་བའི་ཚེ་སྲུང་མའི་དབང་པོ་དག་ལ་བསྟོད་ཚོགས་རྒྱ་ཆེར་མ་འབྱོར་བའི་ནོངས་བཤགས་དང༌། གནམ་ལོ་གསར་འཆར་གྱི་དགའ་སྟོན་དུ་སྔགས་ཀྱི་རྣལ་འབྱོར་པའི་རྟགས་ཙམ་འཛིན་པའི་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མེ་འབྲུག་རྟ་ཟླའི་ཚེས་ཉེར་དགུ་ལ་ཨ་རི་བྷི་ན་ཌར་བྲིས་པ་བསྟན་འགྲོའི་དཔལ་ཡོན་རྒྱས་པའི་རྒྱུར་གྱུར་ཅིག།

/zhes pa'ang rgya mtsho'i mthar gnas pa'i grong khyer kun tu rgyu ba'i tshe srung ma'i dbang po dag la bstod tshogs rgya cher ma 'byor ba'i nongs bshags dang*/__gnam lo gsar 'char gyi dga' ston du sngags kyi rnal 'byor pa'i rtags tsam 'dzin pa'i rgan po 'gyur med theg mchog bstan pa'i rgyal mtshan gyis me 'brug rta zla'i tshes nyer dgu la a ri b+hi na Dar bris pa bstan 'gro'i dpal yon rgyas pa'i rgyur gyur cig/

[edit]
བསྟན་སྲུང་རྡོ་རྗེའི་ཆོས་སྐྱོང་བའི་ཚོགས་ལ་བསྟོད་པ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ཀ་དག་དབྱིངས་ཀློང་སྲིད་ཞིའི་སྤྱི་དཔལ་ཧེ་རུ་ཀ །ཁ་དོག་རབ་བརྟན་མི་སྡུག་རྡོ་རྗེ་སྲིན་པོའི་གཟུགས། །ག་ཎ་པ་ཏིའི་ཡབ་གཅིག་ལེགྃས་ལྡནྃ་ཧེ་རུ་ཀ །ང་བདག་རུ་ཏྲ་འཇོམས་མཛད་དཔལ་མགོན་མཆོག་ལ་བསྟོད། །ཅ་ཅོ་རབ་སྒྲོགས་དུར་ཁྲོད་ཆེན་པོའི་དབུས་གནས་པའི། །ཆ་བྱད་རབ་ཁྲོས་ཡེ་ཤེས་མགོན་པོ་ཕྱགྃ་བཞིྃ་པ། །ཇ་རིལ་ཐོད་མཁར་ཁྲག་མཚོའི་རླབས་འཁྲུགས་པད་ཉིའི་དབུས། །ཉ་རྒྱས་ཟླ་འདྲའི་གཟི་བརྗིད་རྔམ་པས་འགྱིང་ལ་བསྟོད། །ཏ་མ་ལ་བཞིན་རབ་འཁྲུགས་འཁྱོལ་བའི་ཁྲོ་རྒྱལ་ཆེ། །ཐ་དད་ཕྲིན་ལས་བསམ་མི་ཁྱབ་པས་བསྟན་འགྲོའི་ཕྱིར། །ད་ལྟ་མྱུར་བར་འདོད་དགུ་སྒྲུབ་མཛད་མྃ་ནིངྃ་ནག །ནཱ་ཐ་སྡེ་བརྒྱད་དྲེགས་ཚོགས་དབང་བསྒྱུར་དཔའ་བོར་བསྟོད། །པ་སངས་སེར་དམར་ནག་དང་ལྗང་པའི་ཞལ་རས་བཞི། །ཕ་རོལ་ཕྱིན་མཆོག་ཤེས་རབ་དབུ་མའི་བསྟན་པ་སྲུང༌། །བ་མཆོག་འཇོ་བཞིན་ཕྲིན་ལས་གར་གྱིས་སྒྲུབ་མཆོག་སྐྱོང༌། །མ་ལུས་ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཁྱོད་ལ་བསྟོད། །ཙཱ་རི་ཏྲ་སོགས་རྡོ་རྗེའི་གནས་ཡུལ་དུར་ཁྲོད་དུ། །ཚར་གཅོད་རྗེས་འཛིན་ཕྲིན་ལས་འདོད་དགུར་རྟག་རྒྱུ་བའི། །ཛ་ལནྡྷ་ར་ལ་སོགས་གྲུབ་བརྙེས་ཡོངས་ཀྱི་འབངས། །ཝཱ་ར་ཧི་དངོས་སྔགས་ཀྱི་སྲུང་མ་རལ་གཅིག་བསྟོད། །ཞྭ་ལྟར་མངོན་མཐོ་དྲེགས་ལྡན་ཆེ་རྒུ་ལང་ཚོས་རྒྱགས། །ཟ་གོས་དཔལ་འབྱོར་ཕུན་ཚོགས་ལྡན་མཚོན་ས་གསུམ་འགྲོ། །འ་འུར་འབྲུག་སྒྲས་རྨ་བྱ་བཞིན་དུ་དབང་བྱེད་མཐུ། །ཡ་མཚན་རབ་མངའ་མ་ཧཱ་དེ་ཝ་ཡུམ་བཅས་བསྟོད། །ར་མ་ཎ་སོགས་འཇུག་པ་བཅུ་ཡི་ཆོ་འཕྲུལ་གྱིས། །ལ་ལ་ཙམ་མིན་སྡེ་བརྒྱད་ཡོངས་ཀྱི་གཙོ་བོའི་མཆོག །ཤ་ཟན་སྲིན་པོ་གདེངས་ཅན་སྲས་མཆོག་ཁྱབ་འཇུག་ཆེ། །ས་བཅུའི་དབང་ཕྱུག་རྡོ་རྗེ་གཏུམ་པོའི་ཕོ་ཉར་བསྟོད། །ཧ་རིའི་ལྗོན་པ་དཔག་བསམ་ཤིང་སོགས་འདོད་དགུའི་གཏེར། །ཨ་ཧོ་སིམ་སྩོལ་དཔའ་ཆེན་སེམས་དཔའ་རིན་ཆེན་མང༌། །ཨ་ལ་ལ་ཞེས་དྭངས་བས་བསྐུལ་ན་བསྟན་འགྲོའི་དཔལ། །ཧ་ཧོ་སིམ་སྩོལ་ངལ་གསོས་བུ་མཆོག་གཅིག་ཏུ་བསྟོད། །ཨིནྡྲ་ས་སྟེང་ས་འོག་སྤྱོད་པའི་གྲོང་ཁྱེར་གསུམ། །ཨུ་རྒྱན་གཙོ་བོའི་ཐུགས་གསུང་སྐུ་ཡི་འཁོར་ལོའི་བདག །ཨེ་མ་རྩོད་དུས་བསྟན་འགྲོ་ངས་སྐྱོང་ཐ་ཚིག་ཅན། །ཨོ་རྒྱན་བླ་མའི་བཀའ་སྡོད་ཞིང་སྐྱོང་མ་མོར་བསྟོད། །ཨི་ཤྭ་ར་སོགས་མཚན་དང་སྐུའི་བཀོད་པས། །ཨུ་རྒྱན་ཌཱ་ཀིའི་གཅེས་མཛོད་བྱ་ར་བ། །ཨེ་མ་གསང་སྔགས་རྣལ་འབྱོར་ཡོངས་ཀྱི་གྲོགས། །ཨོ་རྒྱན་བཀའ་སྲུང་ཞིང་སྐྱོང་སེང་གདོང་བསྟོད། །ཨ་ཧོ་རྡོ་རྗེ་ཐེག་པའི་མཛོད་སྲུང་ཕྱིར། །ཧ་ལའི་བཟའ་བ་ལྟ་བུའི་ཕྲིན་ལས་ཀྱི། །ཨ་ཧོ་དགྱེས་དགུར་སྐྱོང་མཛད་སྡེ་དཔོན་ཆེ། །ཧ་ཧ་ངོ་མཚར་གད་རྒྱངས་དང་བཅས་བསྟོད། །ས་གསུམ་གདུག་ཅན་འདུལ་མཛད་ཕུར་པའི་བྲན། །ཤ་ཟ་ལྕེ་སྤྱང་ཞོན་རྒྱུ་མ་མོའི་གཙོ། །ལ་འུར་ཕྲིན་ལས་གློག་གི་གར་མཁན་ཆེ། །རྭ་ལྟར་གདུལ་དཀའི་གཤེད་མ་བཅུ་གཉིས་བསྟོད། །ཡ་ལད་མཚོན་འཆང་དཔའ་བོའི་ཕྲུ་མ་ལས། །འ་འུར་ཆེས་མྱུར་བདེ་སྟོང་འཕྲུལ་ཞགས་ཀྱི། །ཟ་གོས་བཞིན་ཚིམ་བསྟན་སྲུང་སྨན་བཙུན་རྒྱལ། །ཞྭ་བཞིན་བསྟེན་འོས་མ་མོ་བཅུ་གཉིས་བསྟོད། །ཝ་སྐྱེས་ལྟར་ཞུམ་འགྲོ་སྒྲོལ་ཆོས་ཀྱི་སྙིང༌། །ཛ་ཡའི་བསྟན་དང་སྒྲུབ་མཆོག་སྐྱོང་བའི་ཚུལ། །ཚ་ངར་ཕྲིན་ལས་མཐུ་ལྡན་རྡོ་རྗེ་ལེགས། །ཙཱ་གངས་སོགས་བཞུགས་རྣལ་འབྱོར་དགྲ་ལྷར་བསྟོད། །མ་ལུས་སྐྱེ་དགུ་སྒྲོལ་དང་ཐེག་མཆོག་ཆོས། །བ་མོས་བེའུ་བཞིན་སྐྱོང་བསྟན་སྲུང་ཆེ། །ཕ་མཐའ་ཡས་པའི་གཙུག་ལག་སྐྱོང་བའི་ལྷ། །པ་སངས་ལྟར་བསྔགས་སྐུ་ལྔའི་རྒྱལ་ཆེན་བསྟོད། །ན་རྒ་སྐྱེ་འཆིའི་འཇིགས་སྒྲོལ་ཐུབ་པའི་བསྟན། །ད་ལྟ་ལེགས་པར་སྲུང་བའི་ལས་མཛད་དུ། །ཐ་ཚིག་ཕོག་པའི་དབང་ཆེན་པདྨའི་འབངས། །ཏ་ཐཱ་ག་ཏའི་བཀའ་སྡོད་མཆེད་བདུན་བསྟོད། །ཉ་ཟླ་ལྟར་མཛེས་དགོངས་འདུས་གསེར་ཆོས་སྲུང༌། །ཇ་དར་གསེར་དངུལ་ནོར་བདག་གནོད་སྦྱིན་ཚུལ། །ཆ་ལུགས་འབར་བའི་བཙན་རྒོད་མཆེད་བདུན་ལ། །ཅ་ཅོའི་དབྱངས་ཀྱི་འགྱུར་བ་སྙན་དགུས་བསྟོད། །ང་བདག་རྒྱལ་བཙན་དམ་སྲི་མཐར་བྱེད་གཤེད། །ག་རུ་ཊཱ་དང་པདྨ་ཧེ་རུ་ཀས། །ཁ་བ་ཅན་བཏུལ་ཟབ་གཏེར་སྐྱོང་བའི་བདག །ཀ་མ་ལ་བཞིན་རབ་གུས་ཡིད་ཀྱིས་བསྟོད། །མྱུར་མྱུར་ཕྲིན་ལས་འདོད་དགུས་སྐྱོང་མཛད་ལྷར། །ལེགས་ལེགས་དགའ་སྟོན་སྩོལ་བའི་གཏང་རག་ཏུ། །འགྲིགས་འགྲིགས་བསྟོད་པའི་གླིང་བུ་སྒྲོགས་འདིས་ཀྱང༌། །མོས་མོས་གདུང་བས་རྟག་ཏུ་རྗེས་བསྐྱངས་ཏེ། །བསྟན་པ་མངའ་ཐང་ཡང་ཡང་དར་བ་དང༌། །མཐའ་དག་སྐལ་བཟང་འཕགས་ལམ་ལ་གནས་པས། །གཞན་ཕན་དཔལ་འབར་ལམ་བཟང་ཕ་མཐའ་ཡས། །རྣམ་དག་ས་ལམ་དཔལ་ལ་གནས་མཛད་འཚལ། །ཞེས་པའང་རྒྱ་མཚོའི་མཐར་གནས་པའི་གྲོང་ཁྱེར་ཀུན་ཏུ་རྒྱུ་བའི་ཚེ་སྲུང་མའི་དབང་པོ་དག་ལ་བསྟོད་ཚོགས་རྒྱ་ཆེར་མ་འབྱོར་བའི་ནོངས་བཤགས་དང༌། གནམ་ལོ་གསར་འཆར་གྱི་དགའ་སྟོན་དུ་སྔགས་ཀྱི་རྣལ་འབྱོར་པའི་རྟགས་ཙམ་འཛིན་པའི་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མེ་འབྲུག་རྟ་ཟླའི་ཚེས་ཉེར་དགུ་ལ་ཨ་རི་བྷི་ན་ཌར་བྲིས་པ་བསྟན་འགྲོའི་དཔལ་ཡོན་རྒྱས་པའི་རྒྱུར་གྱུར་ཅིག། །།
[edit]

!___bstan srung rdo rje'i chos skyong ba'i tshogs la bstod pa rdo rje'i sgra dbyangs zhes bya ba bzhugs so/__ka dag dbyings klong srid zhi'i spyi dpal he ru ka__/kha dog rab brtan mi sdug rdo rje srin po'i gzugs/__/ga Na pa ti'i yab gcig lega~Ms ldana~M he ru ka__/nga bdag ru tra 'joms mdzad dpal mgon mchog la bstod/__/ca co rab sgrogs dur khrod chen po'i dbus gnas pa'i/__/cha byad rab khros ye shes mgon po phyaga~M bzhi~M pa/__/ja ril thod mkhar khrag mtsho'i rlabs 'khrugs pad nyi'i dbus/__/nya rgyas zla 'dra'i gzi brjid rngam pas 'gying la bstod/__/ta ma la bzhin rab 'khrugs 'khyol ba'i khro rgyal che/__/tha dad phrin las bsam mi khyab pas bstan 'gro'i phyir/__/da lta myur bar 'dod dgu sgrub mdzad ma~M ninga~M nag__/nA tha sde brgyad dregs tshogs dbang bsgyur dpa' bor bstod/__/pa sangs ser dmar nag dang ljang pa'i zhal ras bzhi/__/pha rol phyin mchog shes rab dbu ma'i bstan pa srung*/__/ba mchog 'jo bzhin phrin las gar gyis sgrub mchog skyong*/__/ma lus zhing skyong stobs 'phrog dbang po khyod la bstod/__/tsA ri tra sogs rdo rje'i gnas yul dur khrod du/__/tshar gcod rjes 'dzin phrin las 'dod dgur rtag rgyu ba'i/__/dza lan+d+ha ra la sogs grub brnyes yongs kyi 'bangs/__/wA ra hi dngos sngags kyi srung ma ral gcig bstod/__/zhwa ltar mngon mtho dregs ldan che rgu lang tshos rgyags/__/za gos dpal 'byor phun tshogs ldan mtshon sa gsum 'gro/__/'a 'ur 'brug sgras rma bya bzhin du dbang byed mthu/__/ya mtshan rab mnga' ma hA de wa yum bcas bstod/__/ra ma Na sogs 'jug pa bcu yi cho 'phrul gyis/__/la la tsam min sde brgyad yongs kyi gtso bo'i mchog__/sha zan srin po gdengs can sras mchog khyab 'jug che/__/sa bcu'i dbang phyug rdo rje gtum po'i pho nyar bstod/__/ha ri'i ljon pa dpag bsam shing sogs 'dod dgu'i gter/__/a ho sim stsol dpa' chen sems dpa' rin chen mang*/__/a la la zhes dwangs bas bskul na bstan 'gro'i dpal/__/ha ho sim stsol ngal gsos bu mchog gcig tu bstod/__/in+d+ra sa steng sa 'og spyod pa'i grong khyer gsum/__/u rgyan gtso bo'i thugs gsung sku yi 'khor lo'i bdag__/e ma rtsod dus bstan 'gro ngas skyong tha tshig can/__/o rgyan bla ma'i bka' sdod zhing skyong ma mor bstod/__/i shwa ra sogs mtshan dang sku'i bkod pas/__/u rgyan DA ki'i gces mdzod bya ra ba/__/e ma gsang sngags rnal 'byor yongs kyi grogs/__/o rgyan bka' srung zhing skyong seng gdong bstod/__/a ho rdo rje theg pa'i mdzod srung phyir/__/ha la'i bza' ba lta bu'i phrin las kyi/__/a ho dgyes dgur skyong mdzad sde dpon che/__/ha ha ngo mtshar gad rgyangs dang bcas bstod/__/sa gsum gdug can 'dul mdzad phur pa'i bran/__/sha za lce spyang zhon rgyu ma mo'i gtso/__/la 'ur phrin las glog gi gar mkhan che/__/rwa ltar gdul dka'i gshed ma bcu gnyis bstod/__/ya lad mtshon 'chang dpa' bo'i phru ma las/__/'a 'ur ches myur bde stong 'phrul zhags kyi/__/za gos bzhin tshim bstan srung sman btsun rgyal/__/zhwa bzhin bsten 'os ma mo bcu gnyis bstod/__/wa skyes ltar zhum 'gro sgrol chos kyi snying*/__/dza ya'i bstan dang sgrub mchog skyong ba'i tshul/__/tsha ngar phrin las mthu ldan rdo rje legs/__/tsA gangs sogs bzhugs rnal 'byor dgra lhar bstod/__/ma lus skye dgu sgrol dang theg mchog chos/__/ba mos be'u bzhin skyong bstan srung che/__/pha mtha' yas pa'i gtsug lag skyong ba'i lha/__/pa sangs ltar bsngags sku lnga'i rgyal chen bstod/__/na rga skye 'chi'i 'jigs sgrol thub pa'i bstan/__/da lta legs par srung ba'i las mdzad du/__/tha tshig phog pa'i dbang chen pad+ma'i 'bangs/__/ta thA ga ta'i bka' sdod mched bdun bstod/__/nya zla ltar mdzes dgongs 'dus gser chos srung*/__/ja dar gser dngul nor bdag gnod sbyin tshul/__/cha lugs 'bar ba'i btsan rgod mched bdun la/__/ca co'i dbyangs kyi 'gyur ba snyan dgus bstod/__/nga bdag rgyal btsan dam sri mthar byed gshed/__/ga ru TA dang pad+ma he ru kas/__/kha ba can btul zab gter skyong ba'i bdag__/ka ma la bzhin rab gus yid kyis bstod/__/myur myur phrin las 'dod dgus skyong mdzad lhar/__/legs legs dga' ston stsol ba'i gtang rag tu/__/'grigs 'grigs bstod pa'i gling bu sgrogs 'dis kyang*/__/mos mos gdung bas rtag tu rjes bskyangs te/__/bstan pa mnga' thang yang yang dar ba dang*/__/mtha' dag skal bzang 'phags lam la gnas pas/__/gzhan phan dpal 'bar lam bzang pha mtha' yas/__/rnam dag sa lam dpal la gnas mdzad 'tshal/__/zhes pa'ang rgya mtsho'i mthar gnas pa'i grong khyer kun tu rgyu ba'i tshe srung ma'i dbang po dag la bstod tshogs rgya cher ma 'byor ba'i nongs bshags dang*/__gnam lo gsar 'char gyi dga' ston du sngags kyi rnal 'byor pa'i rtags tsam 'dzin pa'i rgan po 'gyur med theg mchog bstan pa'i rgyal mtshan gyis me 'brug rta zla'i tshes nyer dgu la a ri b+hi na Dar bris pa bstan 'gro'i dpal yon rgyas pa'i rgyur gyur cig/___//

Footnotes

Other Information