སློབ་དཔོན་པདྨ་སཾ་བྷ་ལ་བསྟོད་པ་ཡོན་ཏན་རྒྱ་མཚོའི་སྒྲ་དབྱངས་འབྱུང་བ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-21
Wylie title slob dpon pad+ma saM b+ha la bstod pa yon tan rgya mtsho'i sgra dbyangs 'byung ba DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 21, Pages 273-275 (Folios 24b4 to 26a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Slob dpon pad+ma saM b+ha la bstod pa yon tan rgya mtsho'i sgra dbyangs 'byung ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 273-275. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
སློབ་དཔོན་པདྨ་སཾ་བྷ་ལ་བསྟོད་པ་ཡོན་ཏན་རྒྱ་མཚོའི་སྒྲ་དབྱངས་འབྱུང་བ་ཞེས་བྱ་བ། ན་མོ་གུ་རུ་པདྨ་སཾ་བྷ་ཝ་ཡེ། ཐུབ་བསྟན་ཡངས་པའི་ཆུ་གཏེར་འཁྱིལ་བའི་ཀློང༌། །དཔག་མེད་མཁྱེན་བརྩེའི་དེད་དཔོན་མཁས་པ་ཡིས། །ཐོས་བསམ་སྒོམ་པའི་རིན་ཆེན་གྲུར་ཞུགས་ནས། །རྨད་བྱུང་ཡོན་ཏན་ནོར་བུའི་མཛེས་དེ་རྒྱལ། ༡ །མི་སློབ་ལམ་གྱི་དེ་ཉིད་མངོན་གྱུར་བཞིན། །ཆ་ཤས་ཡོན་ཏན་ནོར་བུའི་རྡུལ་ཕྲན་རེར། །འབད་པ་བརྒྱ་ཡིས་དང་དུ་བཞེས་པ་ཡི། །ཐབས་མཁས་འཕགས་པའི་རྣམ་ཐར་ཅིས་མི་དད། ༢ །མདོ་སྔགས་ཆོས་སྒོའི་རྣམ་འགྱུར་ཚོན་སྣ་བརྒྱས། །བཀྲ་དེར་མཛེས་པའི་མཛད་བཟང་སུམ་རྩེན་ལྷས། །དགའ་བའི་རོལ་གར་ཟད་མི་ཤེས་དང་བཅས། །རྩེན་པས་མཁས་པའི་ཁྱུ་མཆོག་ཆེན་པོ་གྲགས། ༣ །གསང་གསུམ་མཛད་པའི་ཟློས་གར་དབང་པོའི་གཞུ། །སྐྱོན་བྲལ་ལང་ཚོའི་མཛེས་བཞིན་གཞན་ཕན་གྱི། །སྦྲང་ཆར་འོད་བརྒྱའི་སྣང་བའི་དཔལ་བསམ་བཞིན། །ཉེས་བྲལ་བཙུན་པའི་ངང་ཚུལ་གཅིག་ཏུ་གཙང༌། ༤ །མཁས་དང་གྲུབ་པའི་རྣལ་འབྱོར་ལང་ཚོའི་སྒེག །འཆད་རྩོམ་རྩོད་པའི་ནོར་བུའི་རྒྱན་བརྒྱས་སྤུད། །འཕགས་བོད་བསྟན་འཛིན་ལྷ་ཕྲུག་རྩེན་པའི་དབུས། །ལྷུན་པོ་གསེར་རིའི་བསྐོར་བཞིན་ཁྱེད་གཅིག་འཕགས། ༥ །ཐུན་མོང་མཆོག་གི་དངོས་གྲུབ་རིན་ཆེན་མཛོད། །མཐའ་དག་ཉམས་འོག་ཆུད་པས་བཤད་སྒྲུབ་ལས། །ངོ་མཚར་རྒྱལ་ཐབས་སྐྱོང་ལ་དཔའ་འཛངས་བརྟན། །ཐེག་མཆོག་ཆོས་ཀྱི་འཁོར་ལོས་བསྒྱུར་དབང་ཉིད། ༦ །དེ་ཚེ་གཞན་ཕན་མཛེས་མའི་མིག་ཡངས་མས། །ཁྱེད་ཐུགས་བསྐུལ་མཐུས་ཇི་ཙམ་གདུལ་དཀའ་བཞིན། །ཕྲིན་ལས་གསེར་གྱི་འཁོར་ལོའི་འཇུག་པ་ཡིས། །རྣམ་གྲོལ་ཀུན་མཁྱེན་གླིང་དུ་ཐབས་ཀྱིས་འདྲེན། ༧ །རྡོ་རྗེ་ཐེག་པའི་སྨིན་གྲོལ་བཤད་དང་སྒྲུབ། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་རིན་ཆེན་དབྱིག །ཀུན་ཀྱང་ཁྱེད་ཐུགས་ནོར་བུར་མ་སིམ་པ། །མེད་ངེས་གསང་འཛིན་དཔའ་བོའི་ཁྱིམ་བདག་རྨད། ༨ །འཁོར་འདས་ལམ་གྱི་ཆོས་ཀུན་འདོད་དགུ་རུ། །དབང་བྱེད་རིག་པ་རྩ་གྱི་དབང་ཐོབ་པས། །ལྟ་སྟངས་གཅིག་གིས་སྲིད་ཞིའི་ཁྱབ་བདག་ཏུ། །སྙེམས་པའི་སྤོབས་པ་འཆི་མེད་ལམ་ལས་མཐོ། ༩ །དེ་ཚེ་ཛམ་གླིང་ཐ་གྲུའི་སྣོད་བཅུད་ལ། །ཁྱེད་ཀྱི་ཕྱག་རྒྱའི་རེ་ཁཱས་མ་བཏབ་པ། །མེད་ཕྱིར་གྲུབ་པ་རྒྱ་མཚོའི་ལྟ་དགོངས་དབུས། །ཁྱེད་ཀྱི་གྲགས་སྙན་འདི་ཀུན་ལས་ཀྱང་འཕགས། ༡༠ །བཀོད་པ་ཆེན་པོའི་རི་མོའི་ཉམས་འགྱུར་སྟོང༌། །གདུལ་བྱའི་སྐལ་བཟང་ཡོངས་སུ་མཛེས་བྱས་པས། །ཚར་གཅོད་རྗེས་སུ་འཛིན་པའི་དཔལ་ཡོན་གྱིས། །ས་གསུམ་ཡིད་ཀྱི་བརྟན་པ་ཡང་ཡང་འཕྲོག ༡༡ །ཚུལ་དེ་གཟིགས་པས་རྒྱལ་དང་དེ་ཡི་སྲས། །ཉན་རང་སྲིད་འདིའི་ཆེ་རྒུ་ཐམས་ཅད་ཀྱིས། །འདར་ལྡན་ལག་པའི་པདྨོ་ཟུམ་བཞིན་དུ། །ཐོར་ཚུགས་ནོར་བུའི་ཁྱོད་ཞབས་བྱི་དོར་བརྩོན། ༡༢ །རབ་འབྱམས་ཞིང་ན་ཁྱེད་ཀྱི་ངང་ཚུལ་ཀུན། །བསྔགས་པའི་གླིང་བུའི་འགྱུར་ཁུག་ལ་བསྐྱོན་པ། །ཟད་མེད་ངོ་མཚར་རེ་རེའི་རྟོགས་བརྗོད་ཀྱང༌། །སྨྲ་ལ་ཚངས་ཆེན་བློ་ཡང་ངལ་བ་བྱས། ༡༣ །ཕྲིན་ལས་ཀུན་གསལ་དོ་ར་ཆེས་ཡངས་བཞིན། །སྲིད་ཞིའི་དཔལ་གྱི་བདུད་རྩིའི་ཟིལ་མངར་འབུམ། །འཕྲོ་བས་དགེ་ལེགས་ཆུ་གཏེར་རྒྱས་མཛོད་དེའི། །འཇིག་རྟེན་གསུམ་གྱི་འགྲོ་ཀུན་རབ་དགས་སྙེམས། ༡༤ །ཁྱེད་ཀྱི་ཡོན་ཏན་ཆ་ཤས་རེ་རེ་ཡང༌། །ཕལ་གྱིས་བསྐལ་མང་འབད་པས་བསྒྲུབ་དགོས་ན། །མཐའ་དག་རྣམ་ཐར་རྫོགས་པ་དཔལ་སྟུག་དེའི། །སངས་རྒྱས་ཀུན་གྱི་གསང་བ་དཔྱིད་ཀྱིས་བརྒྱན། ༡༥ །མ་ལུས་འདྲེན་པའི་རྨད་བྱུང་རྣམ་ཐར་ལ། །བསམ་ན་དེ་ཀུན་ཁྱེད་གཅིག་ལ་རྫོགས་པའི། །གནས་དེ་བསམ་བཞིན་བདག་བློ་རྨོངས་པ་ཡང༌། །ངོ་མཚར་འདྲེན་བྱེད་སྟོང་གིས་བལྟ་ལ་བྲེལ། ༡༦
[edit]

!___slob dpon pad+ma saM b+ha la bstod pa yon tan rgya mtsho'i sgra dbyangs 'byung ba zhes bya ba/__na mo gu ru pad+ma saM b+ha wa ye/__thub bstan yangs pa'i chu gter 'khyil ba'i klong*/__/dpag med mkhyen brtse'i ded dpon mkhas pa yis/__/thos bsam sgom pa'i rin chen grur zhugs nas/__/rmad byung yon tan nor bu'i mdzes de rgyal/_1_/mi slob lam gyi de nyid mngon gyur bzhin/__/cha shas yon tan nor bu'i rdul phran rer/__/'bad pa brgya yis dang du bzhes pa yi/__/thabs mkhas 'phags pa'i rnam thar cis mi dad/_2_/mdo sngags chos sgo'i rnam 'gyur tshon sna brgyas/__/bkra der mdzes pa'i mdzad bzang sum rtsen lhas/__/dga' ba'i rol gar zad mi shes dang bcas/__/rtsen pas mkhas pa'i khyu mchog chen po grags/_3_/gsang gsum mdzad pa'i zlos gar dbang po'i gzhu/__/skyon bral lang tsho'i mdzes bzhin gzhan phan gyi/__/sbrang char 'od brgya'i snang ba'i dpal bsam bzhin/__/nyes bral btsun pa'i ngang tshul gcig tu gtsang*/_4_/mkhas dang grub pa'i rnal 'byor lang tsho'i sgeg__/'chad rtsom rtsod pa'i nor bu'i rgyan brgyas spud/__/'phags bod bstan 'dzin lha phrug rtsen pa'i dbus/__/lhun po gser ri'i bskor bzhin khyed gcig 'phags/_5_/thun mong mchog gi dngos grub rin chen mdzod/__/mtha' dag nyams 'og chud pas bshad sgrub las/__/ngo mtshar rgyal thabs skyong la dpa' 'dzangs brtan/__/theg mchog chos kyi 'khor los bsgyur dbang nyid/_6_/de tshe gzhan phan mdzes ma'i mig yangs mas/__/khyed thugs bskul mthus ji tsam gdul dka' bzhin/__/phrin las gser gyi 'khor lo'i 'jug pa yis/__/rnam grol kun mkhyen gling du thabs kyis 'dren/_7_/rdo rje theg pa'i smin grol bshad dang sgrub/__/rgyud sde rgya mtsho'i snying po rin chen dbyig__/kun kyang khyed thugs nor bur ma sim pa/__/med nges gsang 'dzin dpa' bo'i khyim bdag rmad/_8_/'khor 'das lam gyi chos kun 'dod dgu ru/__/dbang byed rig pa rtsa gyi dbang thob pas/__/lta stangs gcig gis srid zhi'i khyab bdag tu/__/snyems pa'i spobs pa 'chi med lam las mtho/_9_/de tshe dzam gling tha gru'i snod bcud la/__/khyed kyi phyag rgya'i re khAs ma btab pa/__/med phyir grub pa rgya mtsho'i lta dgongs dbus/__/khyed kyi grags snyan 'di kun las kyang 'phags/_10_/bkod pa chen po'i ri mo'i nyams 'gyur stong*/__/gdul bya'i skal bzang yongs su mdzes byas pas/__/tshar gcod rjes su 'dzin pa'i dpal yon gyis/__/sa gsum yid kyi brtan pa yang yang 'phrog_11_/tshul de gzigs pas rgyal dang de yi sras/__/nyan rang srid 'di'i che rgu thams cad kyis/__/'dar ldan lag pa'i pad+mo zum bzhin du/__/thor tshugs nor bu'i khyod zhabs byi dor brtson/_12_/rab 'byams zhing na khyed kyi ngang tshul kun/__/bsngags pa'i gling bu'i 'gyur khug la bskyon pa/__/zad med ngo mtshar re re'i rtogs brjod kyang*/__/smra la tshangs chen blo yang ngal ba byas/_13_/phrin las kun gsal do ra ches yangs bzhin/__/srid zhi'i dpal gyi bdud rtsi'i zil mngar 'bum/__/'phro bas dge legs chu gter rgyas mdzod de'i/__/'jig rten gsum gyi 'gro kun rab dgas snyems/_14_/khyed kyi yon tan cha shas re re yang*/__/phal gyis bskal mang 'bad pas bsgrub dgos na/__/mtha' dag rnam thar rdzogs pa dpal stug de'i/__/sangs rgyas kun gyi gsang ba dpyid kyis brgyan/_15_/ma lus 'dren pa'i rmad byung rnam thar la/__/bsam na de kun khyed gcig la rdzogs pa'i/__/gnas de bsam bzhin bdag blo rmongs pa yang*/__/ngo mtshar 'dren byed stong gis blta la brel/_16

Footnotes

Other Information