རིག་འཛིན་བདུད་ཀྱི་གཤེད་ཆེན་ལ་བསྔགས་པ་ཟིལ་གནོན་རྡོ་རྗེའི་རྔམས་སྒྲ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-050-09
Wylie title rig 'dzin bdud kyi gshed chen la bsngags pa zil gnon rdo rje'i rngams sgra DKR-KABUM-02-KHA-050.pdf
Location dil mgo mkhyen brtse bka' 'bum
Volume 2, sde tshan 50, Text 9, Pages 260-261 (Folios 11a4 to 12a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rig 'dzin bdud kyi gshed chen la bsngags pa zil gnon rdo rje'i rngams sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 260-261. Delhi: Shechen Publications, 1994.
Genre Verses of Praise - bstod pa
[edit]
རིག་འཛིན་བདུད་ཀྱི་གཤེད་ཆེན་ལ་བསྔགས་པ་ཟིལ་གནོན་རྡོ་རྗེའི་རྔམས་སྒྲ་ཞེས་བྱ་བ་བཞུགས། ཀཱི་ལ་ཡ་ཡི་རྡོ་རྗེའི་ཡེ་ཤེས་མཚོན། །ཁུ་འཕང་ཆར་ལྡན་སྒྲ་བརྒྱའི་ང་རོ་དང༌། །གེ་སར་དམག་གི་དཔུང་བཞིན་བདུད་སྡེའི་ངོར། །ངོ་མཐོན་ཁྲག་འཐུང་རྗེ་བཙན་བཞེངས་ལ་བསྟོད། །ཅི་ནས་བརླང་པོར་སྤྱོད་པའི་ལས་ཉོན་ཀླུང༌། །ཆུ་ལོན་དང་མཚུངས་ཤུགས་སྒྲོལ་ཕྲིན་ལས་ཀྱིས། །ཇེ་ཞིག་མ་ཡིན་དྲན་པའི་མོད་ཉིད་ནས། །ཉོ་ཚོང་རྫས་ལས་ལྷག་སྟེར་ཁྱོད་མཐུ་རྦད། །ཏིག་ཏའི་རོ་བཞིན་ངན་འགྲོའི་རྒྱུ་འབྲས་སྐྱོབ། །ཐུ་བོ་ཞི་བདེའི་དགའ་སྟོན་སུག་རྩེར་སྟེར། །དེ་ཝ་ལྷ་མིན་དྲེགས་ལྡན་ཡོངས་ཀྱི་གཤེད། །ནོངས་པའི་ཚོགས་འཇོམས་དཔའ་བོའི་དབང་ཕྱུག་བསྔགས། །པི་པི་ལིང་གི་རོ་བཞིན་མཐུ་སྟོབས་དབལ། །ཕུང་ཀྲོལ་བསྐྱེད་ལ་ལྷག་པར་རྔམས་པ་ལས། །བེ་ཕུར་བཏབ་བཞིན་བདུད་དགྲས་མི་གཡོ་བའི། །མོ་རྒྱུད་འཕྲོག་བྱེད་ཞལ་ཅན་རིགས་ལྔ་སྟོན། །ཙིར་གྱི་ཁ་བཞིན་འཛིན་ཤེས་མི་གཏོང་བའི། །ཚུ་རོལ་ཞེན་པའི་འགྲོ་ལ་ཐུགས་རྗེས་བཟུང༌། །ཛེ་ཏའི་ཚལ་དུ་སྟོན་པའི་ཞི་བསིལ་བཞིན། །ཝོ་ཛི་ཧས་ཀྱང་དེ་ཚུལ་བརྗོད་ནུས་མིན། །ཞི་བ་ཕྱོགས་གཅིག་ཞེན་པ་དམན་པའི་ཐོག །ཟུར་གྱིས་གནས་ངན་འབྱམས་པ་སྲིད་པའི་འགྲོ། །འེ་ཞེས་མ་བསྐུལ་ན་ཡང་བྱང་ཆུབ་ཆེར། །ཡོ་བྱད་ཐོབ་བཞིན་བཀོད་པའི་མཐུ་སྟོབས་མངའ། །རི་ཀླུང་འབྱུང་བཞིའི་ལུས་སྲོག་བར་གཅོད་ཕྱི། །ལུ་གུ་རྒྱུད་འབྲེལ་རྩ་ཐིག་རླུང་གི་གེགས། །ཤེ་མོང་དར་བཞིན་དྲེགས་པའི་གཟུང་འཛིན་བགེགས། །སོ་སོར་འདུལ་བས་ལམ་གྱི་གཡང་ས་སྒྲོལ། །ཧ་ཧ་བཞད་པའི་ཁྲག་འཐུང་གད་རྒྱངས་ཀྱིས། །ཨ་དབྱིངས་ཁམས་གསུམ་ཡོངས་སྒྲོལ་སྤྱི་དཔལ་ཆེ། །ཧེ་རུ་ཀ་དཔལ་འབར་བའི་རྒྱལ་པོ་ཆེར། །ཨེ་མ་རབ་གུས་དད་བརྒྱའི་དཔལ་གྱིས་བསྟོད། །མང་མང་ཚིག་གི་སྦྱོར་བ་ཆེས་ཉུང་ཡང༌། །དད་དད་བཅོས་མིན་ཀུན་རྟོག་གིས་བསྐུལ་བས། །གུས་གུས་སྒོ་གསུམ་གཡོ་ཟོལ་མེད་པ་ཡིས། །ཡང་ཡང་བསྟོད་པས་དགྱེས་པའི་དཔྱིད་གྱུར་ཅིག །བསྔགས་བརྗོད་ཀྱི་རབ་བྱེད་བདུན་པའོ།

Footnotes

Other Information