རྣམ་འདྲེན་བླ་མའི་ཚོགས་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བྱིན་རླབས་སྤྲིན་གྱི་ཕྲེང་མཛེས།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-035
Wylie title rnam 'dren bla ma'i tshogs la mchod cing gsol ba gdab pa'i cho ga byin rlabs sprin gyi phreng mdzes DKR-KABUM-02-KHA-035.pdf
Location dil mgo mkhyen brtse bka' 'bum
Volume 2, Text 35, Pages 168-176 (Folios 1a to 9b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rnam 'dren bla ma'i tshogs la mchod cing gsol ba gdab pa'i cho ga byin rlabs sprin gyi phreng mdzes. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 168-176. Delhi: Shechen Publications, 1994.
Genre Guru Offering Texts- bla ma mchod pa  ·  Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པ་འདི་གསང་ཆེན་སྔ་འགྱུར་བསྟན་པ་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པའི་མཐའ་ཡི་རྒྱལ་ཁམས་གདོང་དམར་ཅན་གྱི་ཡུལ་གྲུར་རྡོ་རྗེ་སྙིང་པོའི་བསྟན་པ་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་མཐུ་ཐོབ་པ་མདོ་ཁམས་འགུ་ལོག་དར་ཐང་མཆོག་སྤྲུལ་མཚུངས་མེད་རྡོ་རྗེའི་མཆེད་པོ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེས་ཆེད་དུ་བསྐུལ་མ་གནང་བ་བཞིན་རྒྱལ་ཁམས་ཉུལ་བའི་རྒྱུད་མང་མཁན་བཞིན་ཚིག་ཙམ་སྙན་པར་སྨྲ་བའི་ཀུ་སཱ་ལི་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་མེ་འབྲུག་ནག་པ་ཟླ་བའི་ཚེས་བཅོ་ལྔར་ཨ་རི་ནུབ་ཕྱོགས་ཝཱ་ཤིང་ཏོན་ནས་དབུ་བརྩམ་སྤ་རིས་སིའི་གྲོང་ཁྱེར་དུ་རྫོགས་པར་སྦྱར་བས་བདག་གཞན་ཡིད་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་བླ་མའི་སྣང་བ་འདུ་འབྲལ་མེད་པའི་རྟེན་འབྱུང་དུ་གྱུར་ཅིག།

/ces pa 'di gsang chen snga 'gyur bstan pa la rgyu mtshan shes pa'i blo mig thob pa'i mtha' yi rgyal khams gdong dmar can gyi yul grur rdo rje snying po'i bstan pa spel ba la gzhan dring mi 'jog pa'i mthu thob pa mdo khams 'gu log dar thang mchog sprul mtshungs med rdo rje'i mched po kun dga' dge legs ye shes rdo rjes ched du bskul ma gnang ba bzhin rgyal khams nyul ba'i rgyud mang mkhan bzhin tshig tsam snyan par smra ba'i ku sA li bkra shis dpal 'byor du 'bod pas me 'brug nag pa zla ba'i tshes bco lngar a ri nub phyogs wA shing ton nas dbu brtsam spa ris si'i grong khyer du rdzogs par sbyar bas bdag gzhan yid can thams cad tshe rabs kun tu bla ma'i snang ba 'du 'bral med pa'i rten 'byung du gyur cig/

[edit]
༄༅། །རྣམ་འདྲེན་བླ་མའི་ཚོགས་ལ་མཆོད་ཅིང་གསོལ་བ་གདབ་པའི་ཆོ་ག་བྱིན་རླབས་སྤྲིན་གྱི་ཕྲེང་མཛེས་ཞེས་བྱ་བ་བཞུགས། ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡ། ཕྱོགས་དུས་སྐྱབས་ཀུན་ཡེ་ཤེས་ཀྱི། །ཕུང་པོ་རྣམ་འདྲེན་བླ་མ་རྗེ། །མངོན་མཐོ་ངེས་ལེགས་ཡོན་ཏན་དཔལ། འབྱུང་གནས་ཤེས་པའི་ཡིད་ཀྱིས་འདུད། བཀའ་དྲིན་ཐུགས་རྗེའི་རྗེས་བཟུང་བའི། །བླ་མའི་སྐུ་གསུང་ཐུགས་རྡོ་རྗེ། །མོས་གུས་ལམ་བྱེད་རྣལ་འབྱོར་གྱི། །སྙིང་པོ་འཇུག་བདེའི་ཚུལ་དུ་བཤད། ཨ། རང་རིག་གཉུག་མ་འོད་གསལ་བྱང་ཆུབ་སེམས། །རབ་འབྱམས་རྒྱལ་བའི་ཡེ་ཤེས་སྤྱི་ཡི་གཟུགས། །རིགས་ཀུན་ཁྱབ་བདག་བླ་མའི་མཚན་དཔེ་རུ། །བཞེངས་ལ་སྒོ་གསུམ་གུས་པས་སྐྱབས་སུ་མཆི། ཨ། མཁའ་ཁྱབ་སེམས་ཅན་མེད་སྣང་འཁྲུལ་པ་ཡི། །རྒྱུ་འབྲས་ལོངས་སུ་སྤྱོད་ཀུན་ཆོས་ཀྱི་དབྱིངས། །བདེ་ཆེན་བླ་མའི་གོ་འཕང་ལ་འགོད་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། ཨ། སྣང་སྲིད་མ་ལུས་ཀུན་ཏུ་བཟང་པོའི་ཞིང༌། །རང་སྣང་ཡེ་ཤེས་འཁོར་ལོར་འཆར་བའི་སྤྲིན། །ཟག་མེད་རྡོ་རྗེའི་ལོངས་སྤྱོད་ཆེན་པོ་རུ། །འཕེལ་འགྲིབ་མེད་པའི་བདེ་ཆེན་དཀྱིལ་འཁོར་ཤར། །ཨོཾ་སརྦ་པཱུ་ཛ་ཨཱ་ཧཱུྃ། ཨ། སྣོད་བཅུད་རྣམ་དག་འོག་མིན་རྡོ་རྗེ་དབྱིངས། །ཅིར་སྣང་བདེ་བ་ཆེན་པོའི་ཡེ་ཤེས་རྩལ། །དག་པ་རབ་འབྱམས་བཀོད་པ་འབྱམས་ཀླས་དབུས། །གཞི་ལུས་རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས། །རྡོ་རྗེ་དྲིལ་འཛིན་ཕྱེད་སྐྱིལ་པད་ཟླར་བཞུགས། །བདག་མདུན་ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབུས། །རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང༌། །འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས་གཏེར། །སྐུ་མདོག་དཀར་སྨུག་དགྱེས་འཛུམ་གཟི་བྱིན་འབར། །ཕྱག་གཡས་ཆོས་འཆད་པད་སྡོང་རལ་པོད་མཚན། །གཡོན་པས་མཉམ་བཞག་འཆི་མེད་ཚེ་བུམ་འཛིན། །ན་བཟའ་ངུར་སྨྲིག་ཆོས་གོས་གསུམ་གསོལ་ཞིང༌། །དབུ་ལ་སྡེ་སྣོད་འཛིན་པའི་པཎ་ཞུ་དམར། །སྐུ་ལས་བྱུང་བའི་འཇའ་ཟེར་ཐིག་ལེའི་ཀློང༌། །སྒྱུ་འཕྲུལ་བཀོད་པའི་སྐྱེས་རབས་རྒྱ་མཚོ་སྤྲོ། །ཤར་དུ་འཇམ་དཔལ་དགྱེས་པའི་རྡོ་རྗེ་དང༌། །ཤར་ལྷོ་གྲུབ་སྲས་འགྱུར་མེད་རྡོ་རྗེ་རྩལ། །ལྷོ་རུ་འཇམ་མགོན་པདྨ་དྲི་མེད་མཆོག །ལྷོ་ནུབ་འཁྲུལ་ཞིག་ཆོས་ཀྱི་རྡོ་རྗེ་ཆེ། །ནུབ་ཏུ་རབ་འབྱམས་ཀུན་བཟང་བསྟན་པའི་ཉི། །ནུབ་བྱང་རྟོགས་ལྡན་ཀུན་བཟང་རྡོ་རྗེ་མཚན། །བྱང་དུ་མཁས་གྲུབ་མདོ་སྔགས་བསྟན་པའི་ཉི། །བྱང་ཤར་བྱང་སེམས་པདྨ་སིདྡྷི་རྩལ། །ཀུན་གྱི་མདུན་དབུས་འཇིགས་མེད་མཁྱེན་བརྩེའི་འོད། །ཐམས་ཅད་རབ་བྱུང་ཆས་མཛེས་པཎ་ཞུ་གསོལ། །དགྱེས་འཛུམ་གཟི་བྱིན་འཕྲོས་བས་བཞུགས་པ་ལ། །སྤྱི་དང་འདྲེན་དང་དབང་བསྐུར་ཉམས་ཆག་སྦྱངས། །མན་ངག་ཤེས་རྒྱུད་འགྲོལ་བའི་བླ་མས་བསྐོར། །སྟེང་མཁར་ཡི་དམ་སངས་རྒྱས་བླ་མའི་ཚོགས། །འོག་ཏུ་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་བཞུགས། །བདུད་རྩི་སྤྲིན་དབུས་ལྷ་ཡིས་ཁྲུས་གསོལ་ཞིང༌། །མེ་ཏོག་ཆར་འབེབས་དྲི་ཞིམ་སྤོས་སྤྲིན་གཏིབས། །ཕྱོགས་མཚམས་མཆོད་པའི་ལྷ་མོའི་འདོད་ཡོན་གྱི། །དགྱེས་སྤྲིན་ཀུན་ཏུ་བཟང་པོའི་རྣམ་ཐར་སྤྱོད། །སྣ་ཚོགས་བཀོད་པ་དབང་གཞུ་ལྟར་བཀྲ་ཡང༌། །ངོ་བོ་ཆོས་དབྱིངས་བདེ་ཆེན་ཐིག་ལེའི་རྩལ། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་ཞིང༌། །མཁྱེན་ནུས་བརྩེ་བས་བྱིན་གྱིས་རློབས་ཕྱིར་བཞུགས། །རྣམ་དཀར་དད་པའི་རིན་ཆེན་མེ་ལོང་ངོགས། །རྒྱལ་ཀུན་ཐུགས་རྗེའི་གཟུགས་ཀྱིས་སྒེག་པའི་ཚུལ། །འགྲོ་བློའི་རེ་སྐོང་ཐར་པའི་ལམ་སྟོན་ཆེ། སྲིད་པའི་རྒུད་སེལ་ཕན་བདེའི་དཔལ་སྩོལ་གྱུར། ཨ། ཤིན་ཏུ་རྣམ་དག་ཟབ་གསལ་ཆོས་ཀྱི་དབྱིངས། །མཁྱེན་བརྩེའི་ཡེ་ཤེས་རྒྱས་པའི་དཀྱིལ་འཁོར་ནས། ཀུན་བཟང་ཆོས་སྐུའི་བླ་མ་གཤེགས་སུ་གསོལ། །དགོངས་བརྒྱུད་ཡེ་ཤེས་སྣང་བའི་བྱིན་ཆེན་ཕོབ། རང་སྣང་རོལ་པ་ངེས་པ་ལྔ་ལྡན་ཞིང༌། མཐའ་ཡས་འོག་མིན་སྟུག་པོ་བཀོད་པ་ནས། །རིགས་ལྔ་ལོངས་སྐུའི་བླ་མ་གཤེགས་སུ་གསོལ། །བདེ་ཆེན་ཁ་སྦྱོར་བདུན་གྱིས་བྱིན་ཆེན་ཕོབ། ཀུན་ཁྱབ་ཐུགས་རྗེའི་ཆོ་འཕྲུལ་རྨད་པོ་ཆེ། ཕྱོགས་དུས་འགྲོ་བ་འདུལ་བའི་ཕོ་བྲང་ནས། །འགག་མེད་སྤྲུལ་སྐུའི་བླ་མ་གཤེགས་སུ་གསོལ། །འབྲེལ་ཚད་དོན་དང་ལྡན་པའི་བྱིན་ཆེན་ཕོབ། །བཞེངས་ཤིག་བརྒྱུད་གསུམ་རིག་འཛིན་བླ་མ་བཞེངས། །དགོངས་ཤིག་རྒྱུད་སྡེ་དྲུག་གི་ཡི་དམ་ལྷ། །བསྐྱོད་ཅིག་གནས་གསུམ་དཔའ་བོ་མཁའ་འགྲོ་མ། འདིར་གཤེགས་སངས་རྒྱས་བྱང་སེམས་ཆོས་སྐྱོང་ཚོགས། །བདག་ཅག་གསོལ་འདེབས་བུ་ལ་བརྩེ་བས་དགོངས། །བར་ཆད་བདུད་བགེགས་ཀུན་ལས་སྐྱོབ་པ་དང༌། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དབང་བསྐུར་ལ། མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་མ་ཧཱ་བཛྲ་གུ་རུ་མཎྜ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ དད་པའི་ས་གཞིར་སྐལ་བཟང་འདབ་སྟོང་རྒྱས། །རྣམ་དཀར་ལེགས་བྱས་རིན་ཆེན་ཁྲི་མཛེས་ལ། །དཔལ་མགོན་བླ་མའི་ཚོགས་ཀུན་དུས་རྟག་ཏུ། །འདུ་འབྲལ་མེད་པར་དགྱེས་བཞུགས་དངོས་གྲུབ་སྩོལ། །ས་མ་ཡ་ཏིཥྛ་ལྷན། སྟོབས་བཅུའི་འདྲེན་པའི་སྤང་རྟོགས་རྒྱུ་སྐར་ཕྲེང༌། །བླ་མའི་གསང་གསུམ་ཀུན་གསལ་ལ་རྫོགས་པ། །ཡིད་ཆེས་བློ་ཡིས་བསྐུལ་བའི་རབ་གུས་ཕྱག །དཔག་མེད་རྣམ་བཞིའི་ཟློས་གར་གཡོ་བས་འདུད། །མཐའ་ཡས་ཤེས་བྱའི་ཆོས་ཀུན་ཡང་དག་གཟིགས། །ལུང་རིག་མེ་ཏོག་ཚལ་གྱིས་ཐུགས་མཚོ་ཁེབས། །འབྲེལ་ཚད་རྒྱལ་ཀུན་དགྱེས་པའི་ལམ་སྟོན་མཛད། །མཁས་པའི་ཚོགས་རྗེ་བླ་མ་ལ་ཕྱག་འཚལ། །རྡོ་རྗེའི་ལམ་གྱི་ཕ་མཐར་སོན་པའི་ཐུགས། །ཉམས་རྟོགས་མེ་འབྲས་རབ་རྒྱས་དཔག་བསམ་ཚལ། །ལྷན་སྐྱེས་ཡེ་ཤེས་གྲིབ་བསིལ་ཆེས་ཡངས་པ། །གྲུབ་པའི་དབང་ཕྱུག་བླ་མ་ལ་ཕྱག་འཚལ། །གཞན་ཕན་ཐུགས་བསྐྱེད་ཀུན་བཟོད་ལྟར་ཡངས་ཞིང༌། །ཚོགས་ཟུང་རི་གླིང་བཀོད་མཛེས་བལྟ་ན་སྡུག །ཆ་ཙམ་འབྲེལ་བས་ཕན་བདེའི་ངལ་གསོ་སྦྱིན། །བཟང་པོའི་ཕྲིན་ལས་བླ་མར་ཕྱག་འཚལ་ལོ། །ཐོས་པའི་རྒྱ་མཚོ་རྣམ་དཔྱོད་གཟིངས་ཀྱིས་བརྒལ། །རྣམ་དག་ལྟ་སྒོམ་སྤྱོད་པའི་ནོར་བུས་ཕྱུག །ལམ་ངན་ལམ་གོལ་ཆུ་སྲིན་ཁ་ལས་སྒྲོལ། །འཁྲུལ་མེད་ཆོས་སྟོན་བླ་མར་ཕྱག་འཚལ་ལོ། །བཀའ་གཏེར་གདམས་པའི་སུམ་རྩེན་ཁང་བཟང་བརྟན། །སྨིན་གྲོལ་བདུད་རྩིའི་ཆུ་ཀླུང་ཟད་མི་ཤེས། །རྒྱུད་སྡེ་རྒྱ་མཚོ་རྩེ་བརྒྱའི་ཕྱག་མཚན་གདེང༌། །འཁོར་ལོའི་དབང་ཕྱུག་བླ་མར་ཕྱག་འཚལ་ལོ། །འཁྲུལ་སྣང་ཚེ་འདིའི་མདུད་པ་དབྱིངས་སུ་བཤིག །དོན་བརྒྱུད་སྒྲུབ་པའི་སྲོག་མཁར་གཅེས་པར་བཟུང༌། །ཡེ་ཤེས་དགོངས་པའི་རིན་ཆེན་མཛོད་འཆང་བས། །གདུལ་དཀའི་འགྲོ་འདུལ་བླ་མར་ལ་ཕྱག་འཚལ། །ཟག་པ་དབྱིངས་ཟད་གཞོན་ནུ་བུམ་པ་སྐུར། །དགོངས་ཀློང་མི་གཡོ་མཉམ་རྗེས་གཉིས་སུ་མེད། །ཅིར་སྣང་ཡེ་ཤེས་ཆེན་པོར་ལོངས་སྤྱོད་པའི། །རྣལ་འབྱོར་དབང་ཕྱུག་བླ་མར་ལ་ཕྱག་འཚལ། །འོད་གསལ་སྐུ་དང་ཐིག་ལེ་སྒྲོན་དྲུག་གི །སྣང་བ་ཆེན་པོས་འབྱུང་བཞི་འོད་དུ་དེངས། །ཟང་ཐལ་འོད་ཀྱི་ལུས་ལ་ཡེ་ཤེས་རྒྱས། །དང་པོའི་སངས་རྒྱས་བླ་མ་ལ་ཕྱག་འཚལ། །མདོར་ན་རྒྱལ་བའི་ཆོས་ཁམས་རྒྱ་མཚོའི་འཇིངས། །མགོན་ཁྱོད་གསང་བ་མི་ཟད་དབྱིངས་རྫོགས་པས། །སྲིད་ཞིའི་གདུང་སེལ་ཕན་བདེའི་དབུགས་འབྱིན་སྩོལ། །ཁྱབ་བདག་དཔལ་མགོན་བླ་མར་ཕྱག་འཚལ་ལོ། །གཉིས་མེད་མཉམ་ཡངས་ཁྱབ་བརྡལ་ཆོས་དབྱིངས་ཀློང༌། །བཟང་ངན་གཉིས་འཛིན་ཀུན་རྟོག་བློས་བཏགས་ཙམ། །ཚོགས་ཆེན་ཡེ་རྫོགས་བླ་མ་རང་སྣང་རྩལ། །དབྱེར་མེད་རང་ངོ་ཤེས་པའི་ཕྱག་གིས་འདུད། །སྣོད་བཅུད་རྡོ་རྗེའི་འོག་མིན་ཆེར་རྫོགས་པས། །ཀུན་ཀྱང་བདེ་ཆེན་ལྷ་རྫས་མཆོད་པའི་སྤྲིན། །ཡུལ་དབང་རྟོག་པའི་གཟུང་འཛིན་ལས་འདས་པའི། །གཉིས་མེད་མཉམ་ཡངས་དགོངས་པའི་རྩལ་གྱིས་མཆོད། །རིགས་ཁམས་ས་གཞིར་ངེས་འབྱུང་བརླན་གྱིས་གཤེར། །དད་པའི་མེ་ཏོག་ཀུན་ནས་རྣམ་བཀྲ་ཞིང༌། །ལེགས་བྱས་བདུད་རྩིའི་ཟིལ་མངར་དྲི་ཞིམ་བསུང༌། །རྒྱུན་མི་ཆད་པས་དཔལ་ལྡན་བླ་མ་མཆོད། །དྲི་མེད་སོ་ཐར་ཁྲིམས་ཀྱི་རྩ་བ་གཏན། །རྒྱལ་སྲས་སྤྱོད་པའི་མེ་འབྲས་ཕྱོགས་དུས་ཁྱབ། །རྡོ་རྗེའི་ལམ་གྱི་འབྲས་དུད་དཔག་བསམ་ཤིང༌། །ཐར་པའི་ལམ་སྟོན་དཔལ་ལྡན་བླ་མ་མཆོད། །མང་ཐོས་ཆུ་ཀླུང་ཕྱོགས་བཞིར་མཛེས་པར་གཡོས། །བསམ་བྱུང་མ་འདྲེས་གདེང་ཅན་འབྱོར་པས་ཕྱུག །སྒོམ་པའི་ཏིང་འཛིན་ཡོངས་འདུས་ལྗོན་བཟང་ནི། །ཉམས་རྟོགས་མེ་འབྲས་ཀུན་ནས་བཀྲ་བས་མཆོད། །སྨིན་བྱེད་དབང་བཞིའི་ཆར་གྱིས་བྲན་པའི་རིགས། །རིམ་གཉིས་ལམ་གྱི་དྲོད་གཤེར་གྱིས་སྦྱངས་བས། །རིག་འཛིན་རྣམ་བཞིའི་ལོ་འབྲས་སྙེ་མས་དུད། །དངོས་གྲུབ་འདོད་འབྱུང་མ་རྨོས་སྙེ་མས་མཆོད། །སྣོད་བཅུད་དག་པ་རིན་ཆེན་རི་དབང་ལ། །བདེ་སྟོང་ཉི་ཟླའི་རྣ་ཆ་མཛེས་གཡོ་ཞིང༌། །ཉམས་རྟོགས་གླིང་བཞིའི་བཀོད་པ་འབུམ་བཀྲ་བའི། །སྐུ་གསུམ་ཞིང་ཁམས་བཀོད་པས་བླ་མ་མཆོད། །བྱང་ཆུབ་ཡན་ལག་བདུན་གྱི་ཉེར་སྤྱོད་དང༌། །འཕགས་ལམ་རྣམ་ཐར་བརྒྱད་ཀྱི་རྫས་རྟགས་བརྒྱད། །བཅུ་དྲུག་དགའ་བཞིའི་མཆོད་པའི་ལྷ་མོ་བཅས། །འཕགས་ནོར་རིན་ཆེན་རྒྱལ་སྲིད་འབྱོར་པས་མཆོད། །ཕུང་ཁམས་དྭངས་མར་སྨིན་པའི་ཨ་མྲྀ་ཏ། །གཟུང་འཛིན་དབུ་མར་བསྒྲལ་བའི་རཱུ་དྷཱི་ར། །ཚོགས་དྲུག་ཡེ་ཤེས་རོལ་པའི་བ་ལིང་ཏ། །ཁམས་གསུམ་དབྱིངས་དག་རྡོ་རྗེའི་མཆོད་པ་འབུལ། །འཁྲུལ་སྣང་སྒྱུ་མས་ཐོག་མེད་ནས་བསགས་པའི། །གློ་བུར་སྡིག་སྒྲིབ་ཉེས་ཚོགས་ལ་འགྱོད་པས། །ཟོལ་ཟོག་མེད་པའི་ཚུལ་གྱིས་བཤགས་བགྱིས་ན། །དག་ཚངས་མཆོག་གི་དགའ་སྟོན་བསྩལ་དུ་གསོལ། །མཐའ་ཡས་ཟག་བཅས་ཟག་མེད་དགེ་ཚོགས་བཅས། །ཡིད་རང་སྤྲིན་གྱི་ཕྲེང་བས་འཁྱུད་པ་ལས། །ཚོགས་གཉིས་བདུད་རྩིའི་སྨན་གྱི་ཆར་རྒྱུན་ཀུན། །བདག་གིར་བྱེད་པའི་ངོ་མཚར་བླ་ན་མེད། །དོན་དམ་ངེས་པའི་གསང་བ་དབྱེར་མེད་ཀྱང༌། །ཀུན་རྫོབ་གདུལ་བྱའི་ཁམས་མོས་ཨཱ་དརྴར། །རྣམ་མང་ཆོས་འཁོར་གཟུགས་བརྒྱ་འཆར་བ་ཡིས། །འགྲོ་ཀུན་ཕན་བདེའི་ལང་ཚོ་མཛེས་པར་གསོལ། །སྐྱེ་འཆིའི་སྡུག་བསྔལ་སྤངས་བའི་འཕགས་པ་ཡང༌། །གཟུགས་སྐུ་གདུལ་བྱའི་དད་མོས་རྗེས་འགྲོའི་ཕྱིར། །མཚན་དཔེའི་ཉིན་བྱེད་འཕེལ་འགྲིབ་དང་བྲལ་བས། །བླང་དོར་སྣང་བའི་སྒོ་བརྒྱ་འབྱེད་པར་གསོལ། །དུས་གསུམ་བྱས་བསགས་དགེ་ཚོགས་དལ་འགྲོའི་རྒྱུན། །རྣམ་མཁྱེན་རྒྱ་མཚོ་རྒྱུན་མི་ཆད་འཇུག་པས། །དཔལ་ལྡན་བླ་མའི་མི་སློབ་ལམ་གྱི་དཔལ། །མཐོང་བའི་ཆོས་ལ་མངོན་སུམ་འཆར་ཕྱིར་བསྔོ། །ལེགས་བྱས་ནུས་པས་བདག་གཞན་མཁའ་ཁྱབ་འགྲོ། །སྐུ་བཞིའི་ཡེ་ཤེས་རྣམ་ལྔའི་དཔལ་ལ་སྤྱོད། །འཁྲུལ་པའི་ས་བོན་རྩད་ནས་གཅོད་པ་ཡིས། །ཕྱིར་མི་ལྡོག་པའི་གོ་འཕང་མྱུར་ཐོབ་ཤོག ཨ། ཆོས་དབྱིངས་རྒྱས་པར་འགེངས་པའི་ཟག་མེད་ཀྱི། །སྤང་རྟོགས་རྒྱལ་བ་ཀུན་དང་དབྱེར་མེད་ཀྱང༌། །སྙིགས་འགྲོར་བཀའ་དྲིན་སངས་རྒྱས་ལས་ལྷག་པའི། །རྣམ་འདྲེན་དཔལ་ལྡན་བླ་མར་གསོལ་བ་འདེབས། །གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང༌། །རིགས་ལྔའི་སངས་རྒྱས་རྡོར་སེམས་དགའ་རབ་རྗེ། །འཇམ་དཔལ་བཤེས་གཉེན་རིག་འཛིན་ཤྲཱི་སེང་ཧ། །བཀའ་བབ་གྲུབ་ཆེན་རྣམས་ལ་གསོལ་བ་འདེབས། །ཛྙཱ་ན་སཱུ་ཏྲ་པཎ་ཆེན་བི་མ་ལ། །སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ། །ཐུབ་དབང་རྒྱལ་ཚབ་མཁན་ཆེན་ཞི་བ་མཚོ། །ཆོས་རྒྱལ་ཁྲི་སྲོང་རྣམས་ལ་གསོལ་བ་འདེབས། །ཡེ་ཤེས་མཚོ་རྒྱལ་བཻ་རོ་སྐ་ཅོག་ཞང༌། །རྗེ་འབངས་ཉེར་ལྔ་སོ་ཟུར་གནུབས་ཉང་དང༌། །ཟབ་གཏེར་འདྲེན་པ་བརྒྱ་རྩ་ལ་སོགས་པ། །མཁས་གྲུབ་དམ་པ་རྣམས་ལ་གསོལ་བ་འདེབས། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པ། །ཐེག་མཆོག་ཤིང་རྟ་རིག་འཛིན་འཇིགས་མེད་གླིང༌། །ཐུབ་བསྟན་སྲོག་འཛིན་འཇམ་མགོན་ཉི་ཟླ་ཟུང༌། །མི་ཕམ་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས། །བཀའ་གཏེར་བདུད་རྩིའི་འབྱུང་གནས་རྡོར་སྨིན་དཔལ། །སྨིན་གྲོལ་ཆུ་བཞིའི་གཡས་བསྐོར་ཀཿདཔལ་ཟུང༌། །མཁས་གྲུབ་གསེར་རིའི་ཕྲེང་མཛེས་ཞེ་རྫོགས་སོགས། །སྔ་འགྱུར་བསྟན་པའི་བདག་པོར་གསོལ་བ་འདེབས། །འཇྃམ་དཔལ་དབྱངྃས་ཉིད་ཆོསྃ་ཀྱིྃ་བཤེས་གཉེན་ཚུལ། །མཁྱེན་བརྩེ་དབང་པོ་བསམ་བཞིན་བྱོན་པ་ཡི། །ཡོངས་རྫོགས་བསྟན་པའི་མངའ་བདག་མཁས་གྲུབ་རྒྱལ། །བློྃ་གྲོྃས་རྒྱྃ་མཚོྃའི་ཞབས་ལ་གསོལ་བ་འདེབས། །དྲི་མེད་སྡོམ་གསུམ་གསེར་གྱི་ལྷུན་པོ་ལ། །མཐའ་ཡས་འཕགས་པའི་སྤང་རྟོགས་བཀོད་པ་བཀྲ། །སྔ་འགྱུར་བསྟན་པའི་ཤིང་རྟ་ཆོས་ཀྱི་རྗེ། །འཇམ་དཔལ་དགྱེས་པའི་རྡོ་རྗེར་གསོལ་བ་འདེབས། །མཁས་བཙུན་བཟང་པོའི་ཡོན་ཏན་རྒྱན་གྱིས་སྤྲས། །འོད་གསལ་དགོངས་པའི་རྩལ་ཆེན་ཡོངས་སུ་རྫོགས། །འབྲེལ་ཚད་དོན་ལྡན་ཐེག་མཆོག་བསྟན་པའི་ཉི། །རྒྱལ་སྲས་འགྱུར་མེད་རྡོ་རྗེར་གསོལ་བ་འདེབས། །འཛམ་གླིང་ཆོས་ཀྱི་ཤིང་རྟའི་ཡེ་ཤེས་གར། །མཁས་དང་གྲུབ་པའི་རྩེར་བྱོན་སྔ་འགྱུར་གྱི། །བཀའ་གཏེར་བསྟན་པའི་སྲོག་འཛིན་བཀའ་དྲིན་ཅན། །པདྨ་དྲི་མེད་བློ་གྲོས་གསོལ་བ་འདེབས། །འོད་གསལ་འཕོ་ཆེན་སྐུ་བརྙེས་ལྕེ་བཙུན་ཆེའི། །རྗེས་བཟུང་ཆོས་བརྒྱད་འཁྲུལ་པའི་བྱ་བཞག་ཞིག །སྣང་བཞིའི་མཐར་ཕྱིན་གདོད་མའི་དབྱིངས་གཤེགས་པའི། །རྣལ་འབྱོར་ཆོས་ཀྱི་རྡོ་རྗེར་གསོལ་བ་འདེབས། །བདེ་གཤེགས་མྱ་ངན་མེད་དཔལ་བི་མའི་འཕྲུལ། །བཤད་སྒྲུབ་ལས་ཀྱི་འཁོར་ལོའི་སྔ་འགྱུར་བསྟན། །ལེགས་སྐྱོང་རྫོགས་ཆེན་རབ་འབྱམས་སྨྲ་བའི་སེང༌། །ཀུན་བཟང་བསྟན་པའི་ཉི་མ་གསོལ་བ་འདེབས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་གསེང་ལམ་ནས། །འོད་གསལ་གདོད་མའི་གྲོལ་གཞིར་བྱང་ཆུབ་སྟེ། །གཉིས་འཛིན་མདུད་ཞིག་ཆོས་ཉིད་དགོངས་རྩལ་རྫོགས། །རྟོགས་ལྡན་ཀུན་བཟང་རྡོ་རྗེར་གསོལ་བ་འདེབས། །ཕུལ་བྱུང་རྣམ་དཔྱོད་རིག་པའི་འཕྲུལ་མཚོན་གྱིས། །རྡོ་རྗེ་སྙིང་པོའི་ལྟ་སྒོམ་སྟོན་པ་ལ། །འཇིགས་མེད་སྤོབས་པའི་གཏེར་རྙེད་ཆོས་ཀྱི་རྗེ། །མདོ་སྔགས་བསྟན་པའི་ཉི་མར་གསོལ་བ་འདེབས། །ཟབ་གཏེར་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན། །གདུལ་དཀའི་འགྲོ་སྒྲོལ་འབྲེལ་ཚད་དོན་ལྡན་གྱིས། །བྱང་ཆུབ་སེམས་འབྱོངས་རྒྱལ་སྲས་སྤྱོད་པ་ཅན། །པདྨ་སིདྡྷི་ཞབས་ལ་གསོལ་བ་འདེབས། །གངས་ཅན་བཤད་སྒྲུབ་ཀ་ཆེན་བཅོ་བརྒྱད་ཀྱི། །ཟབ་གསང་འདོམས་པས་བློ་གྲོས་བུམ་པ་ཁེངས། །བསྟན་འགྲོ་ཕན་པའི་ལྷག་བསམ་གོ་ཆ་འཆང༌། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་ཡོན་ཏན་ཟླ་བའི་གཟུགས། །འགྲོ་བློའི་དྭངས་མཚོར་འགག་མེད་འཆར་བ་ལས། །ཕན་བདེའི་ཕྲིན་ལས་མི་ཟད་ལང་ཚོ་ཅན། །དཔལ་ལྡན་བླ་མའི་ཚོགས་ལ་གསོལ་བ་འདེབས། །མི་ཤེས་མུན་སེལ་བླང་དོར་མིག་འབྱེད་ཅིང༌། །རྣམ་གྲོལ་གླིང་སྦྱོར་ཞིང་ཁམས་སྐུ་བཞིའི་དབྱིངས། །རྒྱུད་ལ་སད་མཛད་བཀའ་དྲིན་ཕ་མཐའ་ཡས། །ཆོས་ཀྱི་དབང་ཕྱུག་བླ་མར་གསོལ་བ་འདེབས། །ཞལ་བཟང་མཇལ་བས་ཡེ་ཤེས་དཀྱིལ་འཁོར་འཆར། །གསུང་གི་སྣང་བས་ལས་ཉོན་འཆིང་བ་གྲོལ། །དགོངས་བརྒྱུད་འཕོས་པས་སྐད་ཅིག་སངས་རྒྱས་མཛད། །རྒྱལ་ཀུན་ཕྲིན་ལས་བྱེད་པོར་གསོལ་བ་འདེབས། །ཤིན་ཏུ་མི་ཟད་སྙིགས་མ་ལྔ་བརྡོ་བའི། །ལས་ཉོན་འཁོར་མཚོའི་རྦ་ལ་གཡེང་བ་བདག །རྣམ་མཁྱེན་ནོར་བུའི་གླིང་དུ་ཁྲིད་མཛད་པའི། །བཀའ་དྲིན་སྙིང་ནས་དྲན་པས་གསོལ་བ་འདེབས། །ནོར་བུ་མཆོག་དང་ཉི་ཟླའི་འོད་ཟེར་བཞིན། །ཁྱེད་ལ་ཆ་ཙམ་འབྲེལ་པས་ཀུན་མཁྱེན་གྱི། །རྒྱལ་སར་དབུགས་འབྱིན་མཛད་པའི་བླ་མ་ཞེས། །བསྔགས་པ་དོན་དང་ལྡན་ལ་གསོལ་བ་འདེབས། །དགོངས་ཀློང་སྲིད་ཞི་ཀུན་ལ་ཁྱབ་བརྡལ་ཡང༌། །ཐུགས་བརྩེའི་མདུད་པས་བདག་ཅག་དམ་འཁྱུད་པའི། །རྨད་བྱུང་བྱིན་རླབས་ཕྱག་གི་སྲིད་ཞིའི་གཡང༌། །རྟག་ཏུ་སྐྱོབས་པར་མཛོད་ཅིག་བླ་མ་རྗེ། །ཡིད་ཆེས་དད་མོས་གདུང་བས་ཇི་ཙམ་དུ། །བསྐུལ་ཞིང་ཐུགས་རྗེས་ལྷག་པར་སྐྱོང་མཛད་དེ། །རྣམ་མཁྱེན་སྤང་རྟོགས་རྫོགས་པའི་རྒྱལ་ས་རུ། །ཡུད་ཀྱིས་སྦྱོར་བའི་སྐལ་བཟང་མངོན་གྱུར་མཛོད། །ངེས་འབྱུང་རིན་ཆེན་གྲུ་ཡིས་འཁོར་མཚོ་སྒྲོལ། །མཐའ་ཡས་སྙིང་རྗེའི་འཕེན་པས་ཞི་མཐའ་སྲུང༌། །དོན་གཉིས་ལྷུན་གྲུབ་སྐུ་བཞིའི་རྒྱལ་ས་རུ། །བྱང་ཆུབ་བླ་མའི་གོ་འཕང་མངོན་གྱུར་ཤོག །སྤྲོ་ན་སྐབས་འདིར་བླ་མ་རང་རང་གི་ཞལ་གསུང་གསོལ་འདེབས་རྒྱས་བསྡུས་གང་མོས་བྱ། །གྲངས་བསགས་དགོས་པ་བྱུང་ན། སྤྱི་དང་འདྲེན་དང་དབང་བསྐུར་ཉམས་ཆག་སྦྱངས། །མན་ངག་སྟོན་དང་ཤེས་རྒྱུད་འགྲོལ་མཛད་པའི། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་རྒྱལ་ཚབ་པདྨ་བི་ཛ་ཡའི་གསུང་ལས་འབྱུང་བ་བཞིན་གསོལ་བ་གདབ། །བཟླས་པ་སྤྲོ་ན། །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃཿ ཞེས་རིག་འཛིན་སྤྱི་སྙིང་ཉིད་བཟླ། ཐུན་མཚམས་སུ་སེམས་ཉིད་ངལ་གསོ་ལས་འབྱུང་བའི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ་སོགས་གསོལ་འདེབས་སྦྱར་པའང་ལེགས་པའི་ཡན་ལག་ཏུ་འགྱུར་ཞིང་ཚོགས་མཆོད་དགོས་ན་འཇམ་པའི་དབྱངས་མི་ཕམ་རྣམ་པར་རྒྱལ་བའི་གསུང་ཚིག་བདུན་གསོལ་འདེབས་ཀྱི་ཚོགས་མཆོད་ཉིད་སྦྱར། ཐུན་མཐར་དབང་བླང་སོགས་རྗེས་རིམ་ནི། སྐྱབས་ཀུན་འདུས་ཞལ་དཔལ་ལྡན་བླ་མ་ལ། །གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ། །སྡིག་ལྟུང་ཀུན་བཤགས་རྣམ་དཀར་དཔལ་ཡི་རང༌། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །སྐུ་བཞིའི་དབང་ཕྱུག་ཁྱབ་བདག་རྡོ་རྗེ་སེམས། །དཔལ་ལྡན་བླ་མའི་སྨིན་མཚམས་མཛོད་སྤུ་ལས། །གདན་གསུམ་དབང་ལྷས་བུམ་པའི་དབང་བསྐུར་ཞིང༌། །ཕུང་ཁམས་སྒྲིབ་སྦྱངས་སྤྲུལ་སྐུའི་ཡེ་ཤེས་བསྐྱེད། །ཨེ་ཝཾ་རོལ་པས་གསང་བའི་དབང་བསྐུར་སྩོལ། །ཞུ་བདེའི་མི་རྟོག་ཡེ་ཤེས་རྒྱུད་ལས་བསྐྱེད། །ལོངས་སྐུ་མངོན་གྱུར་ལྷན་སྐྱེས་བདེ་ཆེན་རྟོགས། །ཐུགས་ལས་རྡོ་རྗེ་བཙུན་མོའི་སྒྱུ་མ་སྤྲོ། །རྣམ་ཐར་གསུམ་གྱི་ཤེར་ཡེའི་དབང་མཆོག་བསྐུར། །ཐིག་ལེའི་སྒྲིབ་སྦྱང་ཆོས་སྐུ་མངོན་དུ་གྱུར། །ཡེ་ཤེས་འཕོས་པས་རླུང་ཡིད་ཤེས་བྱའི་སྒྲིབ། །བཅོམ་ནས་མི་སློབ་འོད་གསལ་ཆེན་པོའི་ཀློང༌། །ཐུགས་ཡིད་གཅིག་འདྲེས་ཡེ་ཤེས་བླ་མའི་སར། །མངོན་སུམ་སྦྱོར་ནས་གདོད་མར་བྱང་ཆུབ་མཛོད། །ཀུན་རྫོབ་གཟུགས་སྐུ་ཕྱི་ཡི་བླ་མ་རྗེའི། །སྨིན་གྲོལ་གདམས་པས་ནང་གི་བླ་མ་མཇལ། །དོན་དམ་བློ་བྲལ་ཡེ་ཤེས་ཆེན་པོའི་ཀློང༌། །ཐིག་ལེ་ཆེན་པོར་འདུ་འབྲལ་མེད་བཞུགས་གྱུར། །ལེགས་བྱས་ཀུན་གྱི་རྒྱལ་པོ་བླ་མ་རྗེ། །མཆོད་བསྙེན་སྒྲུབ་པའི་བསོད་ནམས་དགེ་བའི་ཚོགས། །ཆོས་དབྱིངས་འདུས་མ་བྱས་པའི་སྦུབས་འཇུག་སྟེ། །ནམ་མཁའ་ཇི་སྲིད་བསྟན་འགྲོའི་དོན་བརྩོན་ཤོག །སྲིད་ཞིའི་རྒྱན་རྒྱུར་བླ་མའི་ཞབས་པད་ལ། །ཚེ་རབས་ཀུན་བརྟེན་ཕན་བདེའི་འདོད་པ་འཇོ། །ཡང་དག་ལམ་གྱི་ནོར་ལ་རང་དབང་དུ། །སྤྱོད་པའི་སྐལ་པ་བཟང་པོ་མངོན་གྱུར་ཅིག །མི་ཟད་དགེ་ལེགས་དཔལ་གྱི་འབྱུང་གནས་ཆེ། །བླ་མ་མཆོག་བསྙེན་རྣམ་ཐར་རྗེས་སུ་འཇུག །སངས་རྒྱས་ཀུན་གྱི་ཕྲིན་ལས་བླ་མ་དང༌། །གཉིས་མེད་མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་པ་འདི་གསང་ཆེན་སྔ་འགྱུར་བསྟན་པ་ལ་རྒྱུ་མཚན་ཤེས་པའི་བློ་མིག་ཐོབ་པའི་མཐའ་ཡི་རྒྱལ་ཁམས་གདོང་དམར་ཅན་གྱི་ཡུལ་གྲུར་རྡོ་རྗེ་སྙིང་པོའི་བསྟན་པ་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་མཐུ་ཐོབ་པ་མདོ་ཁམས་འགུ་ལོག་དར་ཐང་མཆོག་སྤྲུལ་མཚུངས་མེད་རྡོ་རྗེའི་མཆེད་པོ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེས་ཆེད་དུ་བསྐུལ་མ་གནང་བ་བཞིན་རྒྱལ་ཁམས་ཉུལ་བའི་རྒྱུད་མང་མཁན་བཞིན་ཚིག་ཙམ་སྙན་པར་སྨྲ་བའི་ཀུ་སཱ་ལི་བཀྲ་ཤིས་དཔལ་འབྱོར་དུ་འབོད་པས་མེ་འབྲུག་ནག་པ་ཟླ་བའི་ཚེས་བཅོ་ལྔར་ཨ་རི་ནུབ་ཕྱོགས་ཝཱ་ཤིང་ཏོན་ནས་དབུ་བརྩམ་སྤ་རིས་སིའི་གྲོང་ཁྱེར་དུ་རྫོགས་པར་སྦྱར་བས་བདག་གཞན་ཡིད་ཅན་ཐམས་ཅད་ཚེ་རབས་ཀུན་ཏུ་བླ་མའི་སྣང་བ་འདུ་འབྲལ་མེད་པའི་རྟེན་འབྱུང་དུ་གྱུར་ཅིག། །།
[edit]

@#/____/rnam 'dren bla ma'i tshogs la mchod cing gsol ba gdab pa'i cho ga byin rlabs sprin gyi phreng mdzes zhes bya ba bzhugs/__ na mo gu ru dz+nyA na kA ya ya/__phyogs dus skyabs kun ye shes kyi/__/phung po rnam 'dren bla ma rje/__/mngon mtho nges legs yon tan dpal/__'byung gnas shes pa'i yid kyis 'dud/__bka' drin thugs rje'i rjes bzung ba'i/__/bla ma'i sku gsung thugs rdo rje/__/mos gus lam byed rnal 'byor gyi/__/snying po 'jug bde'i tshul du bshad/__a/__rang rig gnyug ma 'od gsal byang chub sems/__/rab 'byams rgyal ba'i ye shes spyi yi gzugs/__/rigs kun khyab bdag bla ma'i mtshan dpe ru/__/bzhengs la sgo gsum gus pas skyabs su mchi/__a/__mkha' khyab sems can med snang 'khrul pa yi/__/rgyu 'bras longs su spyod kun chos kyi dbyings/__/bde chen bla ma'i go 'phang la 'god phyir/__/smon dang 'jug pa'i byang chub sems bskyed do/___a/__snang srid ma lus kun tu bzang po'i zhing*/__/rang snang ye shes 'khor lor 'char ba'i sprin/__/zag med rdo rje'i longs spyod chen po ru/__/'phel 'grib med pa'i bde chen dkyil 'khor shar/__/oM sarba pU dza A hU~M/__a/__snod bcud rnam dag 'og min rdo rje dbyings/__/cir snang bde ba chen po'i ye shes rtsal/__/dag pa rab 'byams bkod pa 'byams klas dbus/__/gzhi lus rdo rje sems dpa' longs spyod rdzogs/__/rdo rje dril 'dzin phyed skyil pad zlar bzhugs/__/bdag mdun kun bzang mchod sprin rgya mtsho'i dbus/__/rin chen seng khri pad nyi zla ba'i steng*/__/'jam pa'i dbyangs dngos chos kyi blo gros gter/__/sku mdog dkar smug dgyes 'dzum gzi byin 'bar/__/phyag g.yas chos 'chad pad sdong ral pod mtshan/__/g.yon pas mnyam bzhag 'chi med tshe bum 'dzin/__/na bza' ngur smrig chos gos gsum gsol zhing*/__/dbu la sde snod 'dzin pa'i paN zhu dmar/__/sku las byung ba'i 'ja' zer thig le'i klong*/__/sgyu 'phrul bkod pa'i skyes rabs rgya mtsho spro/__/shar du 'jam dpal dgyes pa'i rdo rje dang*/__/shar lho grub sras 'gyur med rdo rje rtsal/__/lho ru 'jam mgon pad+ma dri med mchog__/lho nub 'khrul zhig chos kyi rdo rje che/__/nub tu rab 'byams kun bzang bstan pa'i nyi/__/nub byang rtogs ldan kun bzang rdo rje mtshan/__/byang du mkhas grub mdo sngags bstan pa'i nyi/__/byang shar byang sems pad+ma sid+d+hi rtsal/__/kun gyi mdun dbus 'jigs med mkhyen brtse'i 'od/__/thams cad rab byung chas mdzes paN zhu gsol/__/dgyes 'dzum gzi byin 'phros bas bzhugs pa la/__/spyi dang 'dren dang dbang bskur nyams chag sbyangs/__/man ngag shes rgyud 'grol ba'i bla mas bskor/__/steng mkhar yi dam sangs rgyas bla ma'i tshogs/__/'og tu byang sems mkha' 'gro chos skyong bzhugs/__/bdud rtsi sprin dbus lha yis khrus gsol zhing*/__/me tog char 'bebs dri zhim spos sprin gtibs/__/phyogs mtshams mchod pa'i lha mo'i 'dod yon gyi/__/dgyes sprin kun tu bzang po'i rnam thar spyod/__/sna tshogs bkod pa dbang gzhu ltar bkra yang*/__/ngo bo chos dbyings bde chen thig le'i rtsal/__/dran pa tsam gyis srid zhi'i 'jigs 'phrog zhing*/__/mkhyen nus brtse bas byin gyis rlobs phyir bzhugs/__/rnam dkar dad pa'i rin chen me long ngogs/__/rgyal kun thugs rje'i gzugs kyis sgeg pa'i tshul/__/'gro blo'i re skong thar pa'i lam ston che/__srid pa'i rgud sel phan bde'i dpal stsol gyur/__a/__shin tu rnam dag zab gsal chos kyi dbyings/__/mkhyen brtse'i ye shes rgyas pa'i dkyil 'khor nas/__kun bzang chos sku'i bla ma gshegs su gsol/__/dgongs brgyud ye shes snang ba'i byin chen phob/__rang snang rol pa nges pa lnga ldan zhing*/__mtha' yas 'og min stug po bkod pa nas/__/rigs lnga longs sku'i bla ma gshegs su gsol/__/bde chen kha sbyor bdun gyis byin chen phob/__kun khyab thugs rje'i cho 'phrul rmad po che/__phyogs dus 'gro ba 'dul ba'i pho brang nas/__/'gag med sprul sku'i bla ma gshegs su gsol/__/'brel tshad don dang ldan pa'i byin chen phob/__/bzhengs shig brgyud gsum rig 'dzin bla ma bzhengs/__/dgongs shig rgyud sde drug gi yi dam lha/__/bskyod cig gnas gsum dpa' bo mkha' 'gro ma/__'dir gshegs sangs rgyas byang sems chos skyong tshogs/__/bdag cag gsol 'debs bu la brtse bas dgongs/__/bar chad bdud bgegs kun las skyob pa dang*/__/sku gsung thugs kyi rdo rje'i dbang bskur la/__mchog dang thun mong dngos grub bstsal du gsol/__/oM ma hA badz+ra gu ru maN+Da la sa pa ri wA ra sa ma ya dzaHdzaH__dad pa'i sa gzhir skal bzang 'dab stong rgyas/__/rnam dkar legs byas rin chen khri mdzes la/__/dpal mgon bla ma'i tshogs kun dus rtag tu/__/'du 'bral med par dgyes bzhugs dngos grub stsol/__/sa ma ya tiSh+Tha lhan/__stobs bcu'i 'dren pa'i spang rtogs rgyu skar phreng*/__/bla ma'i gsang gsum kun gsal la rdzogs pa/__/yid ches blo yis bskul ba'i rab gus phyag__/dpag med rnam bzhi'i zlos gar g.yo bas 'dud/__/mtha' yas shes bya'i chos kun yang dag gzigs/__/lung rig me tog tshal gyis thugs mtsho khebs/__/'brel tshad rgyal kun dgyes pa'i lam ston mdzad/__/mkhas pa'i tshogs rje bla ma la phyag 'tshal/__/rdo rje'i lam gyi pha mthar son pa'i thugs/__/nyams rtogs me 'bras rab rgyas dpag bsam tshal/__/lhan skyes ye shes grib bsil ches yangs pa/__/grub pa'i dbang phyug bla ma la phyag 'tshal/__/gzhan phan thugs bskyed kun bzod ltar yangs zhing*/__/tshogs zung ri gling bkod mdzes blta na sdug__/cha tsam 'brel bas phan bde'i ngal gso sbyin/__/bzang po'i phrin las bla mar phyag 'tshal lo/__/thos pa'i rgya mtsho rnam dpyod gzings kyis brgal/__/rnam dag lta sgom spyod pa'i nor bus phyug__/lam ngan lam gol chu srin kha las sgrol/__/'khrul med chos ston bla mar phyag 'tshal lo/__/bka' gter gdams pa'i sum rtsen khang bzang brtan/__/smin grol bdud rtsi'i chu klung zad mi shes/__/rgyud sde rgya mtsho rtse brgya'i phyag mtshan gdeng*/__/'khor lo'i dbang phyug bla mar phyag 'tshal lo/__/'khrul snang tshe 'di'i mdud pa dbyings su bshig__/don brgyud sgrub pa'i srog mkhar gces par bzung*/__/ye shes dgongs pa'i rin chen mdzod 'chang bas/__/gdul dka'i 'gro 'dul bla mar la phyag 'tshal/__/zag pa dbyings zad gzhon nu bum pa skur/__/dgongs klong mi g.yo mnyam rjes gnyis su med/__/cir snang ye shes chen por longs spyod pa'i/__/rnal 'byor dbang phyug bla mar la phyag 'tshal/__/'od gsal sku dang thig le sgron drug gi__/snang ba chen pos 'byung bzhi 'od du dengs/__/zang thal 'od kyi lus la ye shes rgyas/__/dang po'i sangs rgyas bla ma la phyag 'tshal/__/mdor na rgyal ba'i chos khams rgya mtsho'i 'jings/__/mgon khyod gsang ba mi zad dbyings rdzogs pas/__/srid zhi'i gdung sel phan bde'i dbugs 'byin stsol/__/khyab bdag dpal mgon bla mar phyag 'tshal lo/__/gnyis med mnyam yangs khyab brdal chos dbyings klong*/__/bzang ngan gnyis 'dzin kun rtog blos btags tsam/__/tshogs chen ye rdzogs bla ma rang snang rtsal/__/dbyer med rang ngo shes pa'i phyag gis 'dud/__/snod bcud rdo rje'i 'og min cher rdzogs pas/__/kun kyang bde chen lha rdzas mchod pa'i sprin/__/yul dbang rtog pa'i gzung 'dzin las 'das pa'i/__/gnyis med mnyam yangs dgongs pa'i rtsal gyis mchod/__/rigs khams sa gzhir nges 'byung brlan gyis gsher/__/dad pa'i me tog kun nas rnam bkra zhing*/__/legs byas bdud rtsi'i zil mngar dri zhim bsung*/__/rgyun mi chad pas dpal ldan bla ma mchod/__/dri med so thar khrims kyi rtsa ba gtan/__/rgyal sras spyod pa'i me 'bras phyogs dus khyab/__/rdo rje'i lam gyi 'bras dud dpag bsam shing*/__/thar pa'i lam ston dpal ldan bla ma mchod/__/mang thos chu klung phyogs bzhir mdzes par g.yos/__/bsam byung ma 'dres gdeng can 'byor pas phyug__/sgom pa'i ting 'dzin yongs 'dus ljon bzang ni/__/nyams rtogs me 'bras kun nas bkra bas mchod/__/smin byed dbang bzhi'i char gyis bran pa'i rigs/__/rim gnyis lam gyi drod gsher gyis sbyangs bas/__/rig 'dzin rnam bzhi'i lo 'bras snye mas dud/__/dngos grub 'dod 'byung ma rmos snye mas mchod/__/snod bcud dag pa rin chen ri dbang la/__/bde stong nyi zla'i rna cha mdzes g.yo zhing*/__/nyams rtogs gling bzhi'i bkod pa 'bum bkra ba'i/__/sku gsum zhing khams bkod pas bla ma mchod/__/byang chub yan lag bdun gyi nyer spyod dang*/__/'phags lam rnam thar brgyad kyi rdzas rtags brgyad/__/bcu drug dga' bzhi'i mchod pa'i lha mo bcas/__/'phags nor rin chen rgyal srid 'byor pas mchod/__/phung khams dwangs mar smin pa'i a mr-i ta/__/gzung 'dzin dbu mar bsgral ba'i rU d+hI ra/__/tshogs drug ye shes rol pa'i ba ling ta/__/khams gsum dbyings dag rdo rje'i mchod pa 'bul/__/'khrul snang sgyu mas thog med nas bsags pa'i/__/glo bur sdig sgrib nyes tshogs la 'gyod pas/__/zol zog med pa'i tshul gyis bshags bgyis na/__/dag tshangs mchog gi dga' ston bstsal du gsol/__/mtha' yas zag bcas zag med dge tshogs bcas/__/yid rang sprin gyi phreng bas 'khyud pa las/__/tshogs gnyis bdud rtsi'i sman gyi char rgyun kun/__/bdag gir byed pa'i ngo mtshar bla na med/__/don dam nges pa'i gsang ba dbyer med kyang*/__/kun rdzob gdul bya'i khams mos A dar+shar/__/rnam mang chos 'khor gzugs brgya 'char ba yis/__/'gro kun phan bde'i lang tsho mdzes par gsol/__/skye 'chi'i sdug bsngal spangs ba'i 'phags pa yang*/__/gzugs sku gdul bya'i dad mos rjes 'gro'i phyir/__/mtshan dpe'i nyin byed 'phel 'grib dang bral bas/__/blang dor snang ba'i sgo brgya 'byed par gsol/__/dus gsum byas bsags dge tshogs dal 'gro'i rgyun/__/rnam mkhyen rgya mtsho rgyun mi chad 'jug pas/__/dpal ldan bla ma'i mi slob lam gyi dpal/__/mthong ba'i chos la mngon sum 'char phyir bsngo/__/legs byas nus pas bdag gzhan mkha' khyab 'gro/__/sku bzhi'i ye shes rnam lnga'i dpal la spyod/__/'khrul pa'i sa bon rtsad nas gcod pa yis/__/phyir mi ldog pa'i go 'phang myur thob shog__a/__chos dbyings rgyas par 'gengs pa'i zag med kyi/__/spang rtogs rgyal ba kun dang dbyer med kyang*/__/snyigs 'gror bka' drin sangs rgyas las lhag pa'i/__/rnam 'dren dpal ldan bla mar gsol ba 'debs/__/gdod ma'i mgon po kun bzang rdo rje 'chang*/__/rigs lnga'i sangs rgyas rdor sems dga' rab rje/__/'jam dpal bshes gnyen rig 'dzin shrI seng ha/__/bka' bab grub chen rnams la gsol ba 'debs/__/dz+nyA na sU tra paN chen bi ma la/__/sangs rgyas gnyis pa pad+ma saM b+ha wa/__/thub dbang rgyal tshab mkhan chen zhi ba mtsho/__/chos rgyal khri srong rnams la gsol ba 'debs/__/ye shes mtsho rgyal bai ro ska cog zhang*/__/rje 'bangs nyer lnga so zur gnubs nyang dang*/__/zab gter 'dren pa brgya rtsa la sogs pa/__/mkhas grub dam pa rnams la gsol ba 'debs/__/kun mkhyen chos kyi rgyal po klong chen pa/__/theg mchog shing rta rig 'dzin 'jigs med gling*/__/thub bstan srog 'dzin 'jam mgon nyi zla zung*/__/mi pham rgya mtsho'i zhabs la gsol ba 'debs/__/bka' gter bdud rtsi'i 'byung gnas rdor smin dpal/__/smin grol chu bzhi'i g.yas bskor kaHdpal zung*/__/mkhas grub gser ri'i phreng mdzes zhe rdzogs sogs/__/snga 'gyur bstan pa'i bdag por gsol ba 'debs/__/'ja~Mm dpal dbyanga~Ms nyid chosa~M kyi~M bshes gnyen tshul/__/mkhyen brtse dbang po bsam bzhin byon pa yi/__/yongs rdzogs bstan pa'i mnga' bdag mkhas grub rgyal/__/blo~M gro~Ms rgya~M mtsho~M'i zhabs la gsol ba 'debs/__/dri med sdom gsum gser gyi lhun po la/__/mtha' yas 'phags pa'i spang rtogs bkod pa bkra/__/snga 'gyur bstan pa'i shing rta chos kyi rje/__/'jam dpal dgyes pa'i rdo rjer gsol ba 'debs/__/mkhas btsun bzang po'i yon tan rgyan gyis spras/__/'od gsal dgongs pa'i rtsal chen yongs su rdzogs/__/'brel tshad don ldan theg mchog bstan pa'i nyi/__/rgyal sras 'gyur med rdo rjer gsol ba 'debs/__/'dzam gling chos kyi shing rta'i ye shes gar/__/mkhas dang grub pa'i rtser byon snga 'gyur gyi/__/bka' gter bstan pa'i srog 'dzin bka' drin can/__/pad+ma dri med blo gros gsol ba 'debs/__/'od gsal 'pho chen sku brnyes lce btsun che'i/__/rjes bzung chos brgyad 'khrul pa'i bya bzhag zhig__/snang bzhi'i mthar phyin gdod ma'i dbyings gshegs pa'i/__/rnal 'byor chos kyi rdo rjer gsol ba 'debs/__/bde gshegs mya ngan med dpal bi ma'i 'phrul/__/bshad sgrub las kyi 'khor lo'i snga 'gyur bstan/__/legs skyong rdzogs chen rab 'byams smra ba'i seng*/__/kun bzang bstan pa'i nyi ma gsol ba 'debs/__/theg mchog rdo rje snying po'i gseng lam nas/__/'od gsal gdod ma'i grol gzhir byang chub ste/__/gnyis 'dzin mdud zhig chos nyid dgongs rtsal rdzogs/__/rtogs ldan kun bzang rdo rjer gsol ba 'debs/__/phul byung rnam dpyod rig pa'i 'phrul mtshon gyis/__/rdo rje snying po'i lta sgom ston pa la/__/'jigs med spobs pa'i gter rnyed chos kyi rje/__/mdo sngags bstan pa'i nyi mar gsol ba 'debs/__/zab gter rdo rje'i lung gis bsngags pa bzhin/__/gdul dka'i 'gro sgrol 'brel tshad don ldan gyis/__/byang chub sems 'byongs rgyal sras spyod pa can/__/pad+ma sid+d+hi zhabs la gsol ba 'debs/__/gangs can bshad sgrub ka chen bco brgyad kyi/__/zab gsang 'doms pas blo gros bum pa khengs/__/bstan 'gro phan pa'i lhag bsam go cha 'chang*/__/'jigs med mkhyen brtse'i 'od zer gsol ba 'debs/__/sangs rgyas kun gyi yon tan zla ba'i gzugs/__/'gro blo'i dwangs mtshor 'gag med 'char ba las/__/phan bde'i phrin las mi zad lang tsho can/__/dpal ldan bla ma'i tshogs la gsol ba 'debs/__/mi shes mun sel blang dor mig 'byed cing*/__/rnam grol gling sbyor zhing khams sku bzhi'i dbyings/__/rgyud la sad mdzad bka' drin pha mtha' yas/__/chos kyi dbang phyug bla mar gsol ba 'debs/__/zhal bzang mjal bas ye shes dkyil 'khor 'char/__/gsung gi snang bas las nyon 'ching ba grol/__/dgongs brgyud 'phos pas skad cig sangs rgyas mdzad/__/rgyal kun phrin las byed por gsol ba 'debs/__/shin tu mi zad snyigs ma lnga brdo ba'i/__/las nyon 'khor mtsho'i rba la g.yeng ba bdag__/rnam mkhyen nor bu'i gling du khrid mdzad pa'i/__/bka' drin snying nas dran pas gsol ba 'debs/__/nor bu mchog dang nyi zla'i 'od zer bzhin/__/khyed la cha tsam 'brel pas kun mkhyen gyi/__/rgyal sar dbugs 'byin mdzad pa'i bla ma zhes/__/bsngags pa don dang ldan la gsol ba 'debs/__/dgongs klong srid zhi kun la khyab brdal yang*/__/thugs brtse'i mdud pas bdag cag dam 'khyud pa'i/__/rmad byung byin rlabs phyag gi srid zhi'i g.yang*/__/rtag tu skyobs par mdzod cig bla ma rje/__/yid ches dad mos gdung bas ji tsam du/__/bskul zhing thugs rjes lhag par skyong mdzad de/__/rnam mkhyen spang rtogs rdzogs pa'i rgyal sa ru/__/yud kyis sbyor ba'i skal bzang mngon gyur mdzod/__/nges 'byung rin chen gru yis 'khor mtsho sgrol/__/mtha' yas snying rje'i 'phen pas zhi mtha' srung*/__/don gnyis lhun grub sku bzhi'i rgyal sa ru/__/byang chub bla ma'i go 'phang mngon gyur shog__/spro na skabs 'dir bla ma rang rang gi zhal gsung gsol 'debs rgyas bsdus gang mos bya/__/grangs bsags dgos pa byung na/_spyi dang 'dren dang dbang bskur nyams chag sbyangs/__/man ngag ston dang shes rgyud 'grol mdzad pa'i/__/rtsa ba'i bla ma rnams la gsol ba 'debs/__/thugs yid gcig tu 'dres par byin gyis rlobs/__/ces pa'ang mkhas grub kyi dbang phyug rgyal tshab pad+ma bi dza ya'i gsung las 'byung ba bzhin gsol ba gdab/__/bzlas pa spro na/__/oM badz+ra ma hA gu ru sarba sid+d+hi hU~MH__zhes rig 'dzin spyi snying nyid bzla/__thun mtshams su sems nyid ngal gso las 'byung ba'i/__kye kye bla ma rin po che sogs gsol 'debs sbyar pa'ang legs pa'i yan lag tu 'gyur zhing tshogs mchod dgos na 'jam pa'i dbyangs mi pham rnam par rgyal ba'i gsung tshig bdun gsol 'debs kyi tshogs mchod nyid sbyar/__thun mthar dbang blang sogs rjes rim ni/__skyabs kun 'dus zhal dpal ldan bla ma la/__/gus pas phyag 'tshal phyi nang mchod pa 'bul/__/sdig ltung kun bshags rnam dkar dpal yi rang*/__/bskal brgyar bzhugs gsol dge tshogs 'gro la bsngo/__/sku bzhi'i dbang phyug khyab bdag rdo rje sems/__/dpal ldan bla ma'i smin mtshams mdzod spu las/__/gdan gsum dbang lhas bum pa'i dbang bskur zhing*/__/phung khams sgrib sbyangs sprul sku'i ye shes bskyed/__/e waM rol pas gsang ba'i dbang bskur stsol/__/zhu bde'i mi rtog ye shes rgyud las bskyed/__/longs sku mngon gyur lhan skyes bde chen rtogs/__/thugs las rdo rje btsun mo'i sgyu ma spro/__/rnam thar gsum gyi sher ye'i dbang mchog bskur/__/thig le'i sgrib sbyang chos sku mngon du gyur/__/ye shes 'phos pas rlung yid shes bya'i sgrib/__/bcom nas mi slob 'od gsal chen po'i klong*/__/thugs yid gcig 'dres ye shes bla ma'i sar/__/mngon sum sbyor nas gdod mar byang chub mdzod/__/kun rdzob gzugs sku phyi yi bla ma rje'i/__/smin grol gdams pas nang gi bla ma mjal/__/don dam blo bral ye shes chen po'i klong*/__/thig le chen por 'du 'bral med bzhugs gyur/__/legs byas kun gyi rgyal po bla ma rje/__/mchod bsnyen sgrub pa'i bsod nams dge ba'i tshogs/__/chos dbyings 'dus ma byas pa'i sbubs 'jug ste/__/nam mkha' ji srid bstan 'gro'i don brtson shog__/srid zhi'i rgyan rgyur bla ma'i zhabs pad la/__/tshe rabs kun brten phan bde'i 'dod pa 'jo/__/yang dag lam gyi nor la rang dbang du/__/spyod pa'i skal pa bzang po mngon gyur cig__/mi zad dge legs dpal gyi 'byung gnas che/__/bla ma mchog bsnyen rnam thar rjes su 'jug__/sangs rgyas kun gyi phrin las bla ma dang*/__/gnyis med mngon sangs rgyas pa'i bkra shis shog___/ces pa 'di gsang chen snga 'gyur bstan pa la rgyu mtshan shes pa'i blo mig thob pa'i mtha' yi rgyal khams gdong dmar can gyi yul grur rdo rje snying po'i bstan pa spel ba la gzhan dring mi 'jog pa'i mthu thob pa mdo khams 'gu log dar thang mchog sprul mtshungs med rdo rje'i mched po kun dga' dge legs ye shes rdo rjes ched du bskul ma gnang ba bzhin rgyal khams nyul ba'i rgyud mang mkhan bzhin tshig tsam snyan par smra ba'i ku sA li bkra shis dpal 'byor du 'bod pas me 'brug nag pa zla ba'i tshes bco lngar a ri nub phyogs wA shing ton nas dbu brtsam spa ris si'i grong khyer du rdzogs par sbyar bas bdag gzhan yid can thams cad tshe rabs kun tu bla ma'i snang ba 'du 'bral med pa'i rten 'byung du gyur cig/___//

Footnotes

Other Information