DKR-KABUM-02-KHA-032

From Khyentse Lineage - A Tsadra Foundation Project

མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདེ་ཆེན་བྱིན་རླབས་འོད་སྣང་།
Wylie title mkha' 'gro ye shes mtsho rgyal la brten pa'i bla ma'i rnal 'byor bde chen byin rlabs 'od snang DKR-KABUM-02-KHA-032.pdf
Location dil mgo mkhyen brtse bka' 'bum
Volume 2, Text 32, Pages 152-157 (Folios 1a to 6a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal)
Citation Khyentse, Dilgo. Mkha' 'gro ye shes mtsho rgyal la brten pa'i bla ma'i rnal 'byor bde chen byin rlabs 'od snang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 152-157. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Colophon

།ཅེས་པའང་སངས་རྒྱས་ཀརྨ་པ་ཆེན་པོའི་རྗེ་དབོན་མཁྱེན་རྟོགས་རྨད་བྱུང་ཀརྨ་གྲགས་པ་ཡོངས་འདུས་ཀྱི་བཀའ་ཡིས་བསྐུལ་བ་དང་ཆོས་ཀྱི་སྒར་ཆེན་གྱི་བྱ་བ་ལས་ཀྱི་འཁོར་ལོའི་ལྷ་རིག་བཟོ་རྒྱལ་སྟོབས་རྒྱལ་ནས་ལྷ་རེག་བཅས་བསྐུལ་ངོར་དབྱིངས་ཕྱུག་ཌཱ་ཀིའི་རྒྱལ་མོའི་བྱིན་རླབས་དབུགས་འབྱིན་ཐོབ་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་བཤད་སྒྲུབ་ཆོས་འཁོར་སྒང་གི་གཟིམ་སྤྱིལ་ནས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ། དགེའོ།།

/ces pa'ang sangs rgyas karma pa chen po'i rje dbon mkhyen rtogs rmad byung karma grags pa yongs 'dus kyi bka' yis bskul ba dang chos kyi sgar chen gyi bya ba las kyi 'khor lo'i lha rig bzo rgyal stobs rgyal nas lha reg bcas bskul ngor dbyings phyug DA ki'i rgyal mo'i byin rlabs dbugs 'byin thob pa'i rig sngags 'chang ba 'jigs med mkhyen brtse'i 'od zer phrin las kun tu khyab pa'i sdes bshad sgrub chos 'khor sgang gi gzim spyil nas bris shing gsol ba btab pa sid+d+hi rastu/__mang+ga laM/__dge'o//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་བདེ་ཆེན་བྱིན་རླབས་འོད་སྣང་ཞེས་བྱ་བ་བཞུགས་སོ།། ཨ། དབྱིངས་ཀ་དག་ཀུན་ཏུ་བཟང་མོའི་ཀློང༌། །མགོན་འཕགས་བཞིའི་བདག་ཉིད་མཁའ་འགྲོ་མར། །ཡིད་གདུང་ཤུགས་དད་པས་སྐྱབས་མཆི་ན། །དོན་རང་ངོ་ཤེས་པར་བྱིན་གྱིས་རློབས། ཨ། མ་མཁའ་ཁྱབ་འགྲོ་ཀུན་ཁྱེད་ཀྱི་ཀློང༌། །དུས་འཕོ་མེད་བདེ་ཆེན་དབྱིངས་སིམ་ཀྱང༌། །གནད་ཡིན་ལུགས་མ་ཤེས་འཁྲུལ་པ་རྣམས། །སེམས་ཆོས་སྐུར་སྒྲོལ་བར་སེམས་བསྐྱེད་དོ། །ཨ། ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག །ཞིང་དྷཱུ་མ་ཐ་ལའི་ཕོ་བྲང་དབུས། །ནང་བཅུད་ཀྱི་འགྲོ་ཀུན་ཌཱ་ཀི་ནི། །མ་མཁའ་འགྲོ་འབུམ་ཕྲག་ཡངས་པའི་དབུས། །གདན་པདྨ་ཉི་མ་བདུད་བཞིའི་སྟེང༌། །རང་རྟ་མཆོག་པདྨ་ཧེ་རུ་ཀ །མདོག་དམར་སྨུག་གྲི་ཐོད་འཛིན་པ་ཡི། །སྐུ་དུར་ཁྲོད་ཆས་བརྒྱད་རྟ་ཞལ་བཞད། །དེའི་དབུ་གཙུག་པདྨ་ཉི་ཟླའི་སྟེང༌། །དབྱིངས་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ། །གདངས་བདེ་ཆེན་ལོངས་སྐུ་ཝཱ་ར་ཧི། །ཞིང་འདི་རུ་སྤྲུལ་སྐུ་མཚོ་རྒྱལ་ལྕམ། །ཚུལ་གཞོན་ནུ་བཅུ་དྲུག་ལང་ཚོས་སྒེག །ཞལ་ཞི་འཛུམ་སྤྱན་གསུམ་དབྱིངས་ལ་གཟིགས། །དབུ་རིན་ཆེན་ཐོར་ཚུགས་མེ་ཏོག་ཕྲེང༌། །སྐུ་ལྷ་ཡི་ཌཱ་ཀིའི་ཆ་བྱད་ཅན། །ཕྱག་གཡས་པས་བདེ་སྟོང་ཅང་ཏེའུ་འཁྲོལ། །གཡོན་མཉམ་བཞག་མཚན་ལྡན་བྷནྡྷའི་ནང༌། །བཅུད་བདུད་རྩིས་གང་བ་དཀུ་གཡོན་བརྟེན། །ཞབས་པདྨའི་ཕྱེད་སྐྱིལ་ཚུལ་གྱིས་བཞུགས། །མཆན་གཡོན་དུ་རྡོ་རྗེའི་ཁ་ཊྭཱཾ་ག །ཡབ་རྡོ་རྗེ་ཐོད་ཕྲེང་ངོ་བོ་འཆང༌། །སྐུ་སྣང་སྟོང་གཞོན་མཛེས་ལྟ་ན་སྡུག །གསུང་ཚངས་དབྱངས་རྡོ་རྗེའི་བརྡ་གླུ་ལེན། །ཐུགས་འོད་གསལ་མཁྱེན་བརྩེའི་དཀྱིལ་འཁོར་རྒྱས། །མ་ཁྱེད་ནི་དུས་གསུམ་རྒྱལ་བའི་ཡུམ། །རྗེ་མ་ཧཱ་གུ་རུའི་གཟུངས་མའི་མཆོག །བོད་གངས་ཅན་སྐྱབས་གཅིག་མཁར་ཆེན་བཟའ། །བདག་སྙིགས་མར་སྐྱེས་པའི་བོད་འབངས་ལ། །ཐུགས་ལྷག་པར་བརྩེ་བས་རྗེས་སྐྱོང་ཞེས། །གསུང་རྡོ་རྗེའི་ཐ་ཚིག་རྗེས་དྲན་པས། །མ་ཁྱེད་ལ་རྩེ་གཅིག་དད་གདུང་གིས། །སྒོ་གསུམ་པོ་འཇུག་པ་གཅིག་དྲིལ་བས། །ལུས་ཕྱག་གི་ཐལ་མོ་སྙིང་གར་སྦྱར། །ངག་གསོལ་འདེབས་གདུང་བའི་གླུ་དབྱངས་ལེན། །ཡིད་རྩེ་གཅིག་བློ་གཏད་ཁྱོད་ལ་ཞུ། །དུས་འདི་ཕྱི་ཀུན་ཏུ་ཐུགས་རྗེས་གཟིགས། །དགྲ་སྐྱེ་འཆི་བར་དོའི་འཇིགས་ལས་སྐྱོབས། །ལས་ཅི་བྱེད་ཆོས་སུ་འགྲོ་བ་དང༌། །ཆོས་མ་ནོར་ཐམས་ཅད་མཁྱེན་པའི་ལམ། །གེགས་གོལ་ས་མེད་པར་མྱུར་དུ་བགྲོད། །དོན་ཡེ་ཤེས་ཆེན་པོར་གྲོལ་བར་མཛོད། །བློ་དད་དང་སྙིང་རྗེ་ངེས་འབྱུང་སྐྱེ། །ཡིད་མོས་པའི་བློ་གཏད་འཕོ་འགྱུར་མེད། །ཆོས་ཟབ་དགུའི་སྣོད་དང་ལྡན་པ་ཡི། །དོན་སྐལ་པ་བཟང་པོའི་དབྱིངས་སུ་སྦྱོར། །མདོ་སྔགས་ཀྱི་བསྟན་པ་མ་ལུས་པ། །གནད་འགལ་མེད་རྩེ་གཅིག་སངས་རྒྱའི་ལམ། །དོན་ཇི་བཞིན་རྟོགས་པའི་བློ་གྲོས་དཔལ། །མ་དབྱངས་ཅན་ལྷ་མོ་ཁྱོད་ཀྱིས་སྩོལ། །ཕྱི་འབྱུང་བཞི་འཁྲུགས་པའི་འཇིགས་པ་བརྒྱད། །ནང་ལུས་ཁམས་རླུང་མཁྲིས་བད་འདུས་ནད། །སེམས་གཉིས་སྣང་འཁྲུལ་རྟོག་ཉོན་མོངས་དགྲ། །མ་རྗེ་བཙུན་སྒྲོལ་མས་སྐྱོབ་པར་མཛོད། །སྲིད་ངེས་པར་འབྱུང་བའི་བློ་ཡི་མཆོག །མ་འགྲོ་ཀུན་སྒྲོལ་འདོད་བྱང་ཆུབ་སེམས། །རྒྱ་ཆེ་དང་ཟབ་པའི་སྤྱོད་འཆང་ནུས། །མ་རྒྱལ་སྲས་དབང་མོ་ཁྱོད་ཀྱིས་མཛོད། །ཁྱད་པར་དུ་གསང་སྔགས་རྡོ་རྗེའི་ཐེག །དབང་བསྐྱེད་རྫོགས་དྲོད་རྟགས་མངོན་གྱུར་ནས། །ལམ་རིག་འཛིན་བཞི་ཡི་མཐར་སོན་པ། །མ་གྲུབ་པའི་དབང་མོས་མཛད་དུ་གསོལ། །སེམས་ཡེ་ཤེས་ལྷ་སྐུར་རྣམ་པར་སྨིན། །ཚེ་འཆི་མེད་རྡོ་རྗེའི་དབང་བཅུ་ལྡན། །ལམ་ཕྱག་ཆེན་ལྷུན་གྲུབ་རིག་འཛིན་གྲུབ། །མ་ཁྱོད་དང་མཉམ་པར་མཛད་དུ་གསོལ། །ཁམས་གཟུང་འཛིན་ཉི་ཟླའི་རྒྱུ་བ་ཀུན། །རྩ་ཨ་ཝ་དྷཱུ་ཏིར་ཐབས་ཀྱིས་འཆིང༌། །དོན་ལྷན་སྐྱེས་ཡེ་ཤེས་རྩལ་རྫོགས་པའི། །དབྱིངས་དགོངས་པ་མངོན་འགྱུར་མཛད་དུ་གསོལ། །ཡིད་གཉིས་སྣང་འཁྲུལ་རྟོག་ཀ་ནས་དག །དབྱིངས་འོད་གསལ་རིག་པའི་གསང་མཛོད་བརྡོལ། །དཔལ་ཆོས་ཟད་གདོད་མར་གྲོལ་ནུས་པ། །མ་འཇའ་ལུས་སྐུ་བརྙེས་ཁྱོད་ཀྱིས་མཛོད། །ཁྱེད་སངས་རྒྱས་ཀུན་དང་གཉིས་སུ་མེད། །སྔོན་ཆོས་འཕགས་དྲུང་དུ་སྨོན་ལམ་ཐེབས། །མགོན་ཐུབ་པའི་སྤྱན་སྔར་གངྒཱའི་ལྷ། །བོད་གངས་ཅན་སྐྱོབ་པ་མཁར་ཆེན་བཟའ། །དུས་ད་ལྟ་ཟངས་མདོག་དཔལ་རིར་བཞུགས། །ཞིང་རབ་འབྱམས་སྤྲུལ་པས་འགྲོ་བ་སྒྲོལ། །དོན་གསང་བ་བསམ་མི་ཁྱབ་པའི་བདག །ཡིད་གཏིང་ནས་བློ་གཏད་ལིང་སྐྱུར་ཞུ། །སྐད་ཅིག་གིས་བཙན་ཐབས་བྱིན་རླབས་ཕོབ། །ཤིང་སྐམ་པོར་མཆེད་པའི་མེ་བཞིན་དུ། །ལས་ཉོན་མོངས་སྡུག་བསྔལ་ཡུད་ཀྱིས་ཞི། །ཉམས་རྟོགས་པ་རྒྱས་པས་གྲོལ་བ་ཞིག །མ་བཀའ་དྲིན་ཅན་གྱིས་མཛད་དུ་གསོལ། །ཞེས་གདུང་ཤུགས་མོས་གུས་རྩལ་དུ་བཏོན་པས་གསོལ་བ་སྙིང་ནས་ཡང་ཡང་གདབ། །གསོལ་འདེབས་འབུམ་ཕྲག་སོགས་གྲངས་གསོག་ན། རྡོ་རྗེ་སློབ་དཔོན་པདྨའི་དགྱེས་སྡེའི་མཆོག །རྡོ་རྗེའི་ལམ་རྫོགས་འཕོ་ཆེན་ཡེ་ཤེས་སྐུ། །རྡོ་རྗེའི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལྕམ། །རྡོ་རྗེ་དབྱིངས་ཀྱི་རྒྱལ་མོར་གསོལ་བ་འདེབས། །ཞེས་པ་ལ་གྲངས་བཟུང༌། མཚན་སྔགས་བཟླ་བར་འདོད་ན། ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ས་ག་ར་ཛ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བཟླ་ཞིང་གསོལ་བ་རྩེ་གཅིག་ཏུ་གདབ། ཐུན་མཐར་མར་ངོའི་ཚེས་བཅུ་སོགས་སུ་ཚོགས་འཁོར་བྱ་བར་འདོད་ན། བཟའ་བཏུང་གི་རྫས་གཙང་མ་བཤམས་ལ། ཧོ། དབྱིངས་རང་བྱུང་སྐྱེ་མེད་ཀ་པཱ་ལར། །གདངས་འགག་མེད་ཚོགས་ཀྱི་འཁོར་ལོའི་རྫས། །དཔལ་ཟག་མེད་ཡེ་ཤེས་རོལ་པ་ཆེ། །རྒྱ་ཆེ་ལ་ལྷུན་གྱིས་གྲུབ་པར་ཤར། །ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། དཔལ་ཆོས་དབྱིངས་ཀུན་བཟང་ཡུམ་ཆེན་མོ། །མ་བདེ་མཆོག་དགྱེས་པ་ཝཱ་ར་ཧི། །ཞིང་འདི་རུ་ཡེ་ཤེས་མཚོ་རྒྱལ་ལྕམ། །རྫས་ཚོགས་ཀྱི་མཆོད་པ་བཞེས་ཕྱིར་སྤྱོན། །ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་བཅས། །སྣང་སྟོང་པ་ཟུང་འཇུག་བདེ་བ་ཆེ། །སྟེང་ནམ་མཁའ་ཁྱབ་པའི་ཚོགས་མཆོད་འདི། །ས་འོག་སྤྱོད་སྐུ་ཡི་འཁོར་ལོར་འབུལ། །སྐུ་ཟག་མེད་མཆོག་བདེས་རབ་མཉེས་ནས། །ཕྱི་བུམ་པའི་དབང་གིས་བདག་ལུས་སྨིན། །ལུས་རྩ་ཡི་ཉམས་ཆག་དབུ་མར་དག །སྐུ་སྣང་སྟོང་རྡོ་རྗེ་བདེ་བས་དགྱེས། །དཔལ་མཁའ་ཁྱབ་ཡེ་ཤེས་སྐུ་ཐོབ་མཛོད། །རྩ་འཁོར་ལོ་ལྔ་རུ་ཐིག་རླུང་སེམས། །གྲགས་སྟོང་པ་ཟུང་འཇུག་སྲོག་རྩོལ་ཆོས། །བརྟན་གཡོ་བ་ཀུན་ཁྱབ་ཚོགས་མཆོད་འདིས། །ས་སྟེང་གནས་གསུང་གི་འཁོར་ལོར་འབུལ། །གསུང་བརྗོད་མེད་ནཱ་དས་རབ་མཉེས་ནས། །ནང་གསང་བའི་དབང་གིས་ངག་ཀྱང་སྨིན། །ངག་ཞུགས་གནས་ཐིམ་པས་སྒྲིབ་པ་དག །གསུང་གྲགས་སྟོང་ཡི་གེ་སྤྲིན་དུ་ཤར། །ཆོས་ཟད་མེད་མཛོད་ཀྱི་དངོས་གྲུབ་སྩོལ། །རྩ་ཨ་ཝ་དྷཱུ་ཏིའི་སྟེང་འོག་ཁམས། །བདེ་སྟོང་པ་ཟུང་འཇུག་དཀར་དམར་ཐིག །ལུས་ཁྱབ་བརྡལ་དགའ་བཞིའི་ཚོགས་མཆོད་འདིས། །སྟེང་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོར་འབུལ། །ཐུགས་ཟག་མེད་བདེ་བས་རབ་མཉེས་ནས། །དོན་ཤེས་རབ་དབང་གིས་ཐིག་ལེ་འཆིང༌། ཁམས་འཛག་མེད་བདེ་བས་དོན་དམ་རྟོགས། །སེམས་བདེ་སྟོང་ཕྱག་རྒྱའི་དགའ་བས་མྱོས། །དོན་འཕོ་མེད་ཆོས་སྐུ་རྟོགས་པར་མཛོད། །དབྱིངས་ཟང་ཐལ་བརྡལ་བ་ཆེན་པོའི་ཀློང༌། །རྩལ་འོད་གསལ་སྐུ་དང་ཡེ་ཤེས་འཕྲོ། །སྲིད་ཞི་བ་ཀུན་ཁྱབ་ཆེན་པོ་འདིས། །མ་གནས་གསུམ་ཌཱ་ཀིའི་ཚོགས་ལ་འབུལ། །སྒྲིབ་སྣང་གསུམ་འཕོ་བ་དབྱིངས་སུ་སྡོམ། །དོན་ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་བརྡལ། །མ་ཁྱོད་དང་མཉམ་པར་བྱིན་གྱིས་རློབས། །ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་གུ་རུ་དྷེ་ཝ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོ། ཡིག་བརྒྱ་བཟླ། སརྦ་ཤ་ཏྲཱུན་མཱ་ར་ཡ་ཕཊ། །ཀེཾ་ནི་རི་ཏི་མཱཾ་ས་ཁཱ་ཧི། ཞེས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་པས་འབུལ། ཐབས་ཤེས་ཀྱི་རྫས་དངོས་གྲུབ་ཀྱི་ཚུལ་དུ་རོལ། ལྷག་མ་ནི། ཨོཾ་ཨཱཿཧཱུྃ་ཧོ། ཕཻཾ། མ་གནས་གསུམ་མཁའ་འགྲོའི་བཀའ་ཡི་འབངས། །ལྷ་ཡི་དམ་དཀྱིལ་འཁོར་མུ་རན་སྐྱོང༌། །ཚོགས་ལྷག་སྡུད་ཕོ་ཉ་ཀུན་ལ་འབུལ། །ལས་འདོད་དགུའི་ཕྲིན་ལས་སྒྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་གཏོར་ཕྱི་རོལ་ཏུ་འབུལ། ཐུན་མཐར་དབང་བཞི་ལེན་པ་ནི། མ་ཁྱོད་ནི་སྐྱབས་ཀུན་གཅིག་འདུས་བདག །བུ་གདུལ་བྱ་ཀུན་ལ་བརྩེ་བ་ཅན། །དབང་བྱིན་རླབས་དངོས་གྲུབ་ཀུན་སྩོལ་བས། །རྒྱུད་སྨིན་གྲོལ་མཛོད་ཅིག་གུ་རུ་རྗེ། །ཡིད་གདུང་བས་གསོལ་བ་བཏབ་པ་ཡིས། །ཐུགས་ཡེ་ཤེས་དགོངས་པའི་རྩལ་གཡོས་ཏེ། །སྐུའི་གནས་ནས་འོད་ཟེར་དཀར་དམར་མཐིང༌། །ཟེར་བདུད་རྩིའི་ཆར་སྤྲོས་གནས་གསུམ་ཐིམ། །ལུས་ངག་དང་ཡིད་ཀྱི་སྒྲིབ་པ་སྦྱངས། །སྐུ་གསུང་དང་ཐུགས་ཀྱི་བྱིན་གྱིས་བརླབས། །དབང་བཞི་ཡི་རྟོགས་པ་རྒྱུད་ལ་སྐྱེས། །ལམ་བསྐྱེད་རྫོགས་ཕྱག་ཆེན་སྒོམ་ལ་དབང༌། །འབྲས་སྐུ་བཞིའི་ནུས་པ་གསལ་ཐེབས་མཐར། །ཡུམ་ཌཱ་ཀིའི་རྒྱལ་མོའི་རྡོ་རྗེའི་གླུས། །ཀྱེ་མ་ཡེངས་རང་གི་སེམས་ལ་ལྟོས། །སེམས་དངོས་མཚན་ཀུན་བྲལ་སྟོང་པ་ཉིད། །གཤིས་འོད་གསལ་རྒྱུན་མི་ཆད་པ་འདི། །ངོ་ཤེས་ན་དོན་གྱི་དྷཱ་ཀི་ཡིན། །ཡེ་གདོད་མ་ཉིད་ནས་རང་ལ་བཞུགས། །རང་རིག་པའི་གཤིས་ལུགས་ཀུན་ལ་ཁྱབ། །དཔལ་ཟག་མེད་ཡོན་ཏན་གཞི་ལ་རྫོགས། །ལས་ཉོན་མོངས་སྒྲིབ་པ་ཀ་ནས་དག །རྩལ་འཁོར་འདས་རིག་པ་འགག་མེད་ཤར། །དོན་ཀུན་ཀྱང་སྐྱེ་འགག་གནས་མེད་དབྱིངས། །ངོ་ཤེས་ན་མ་བཅོས་ལྟ་བའི་ཀློང༌། །ཡེངས་འཁྲུལ་པ་མེད་པའི་དོན་ལ་ཞོག །གནད་འདི་ལ་བཙན་ས་ཟིན་པའི་ཚེ། །དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པས་ན། །དགྲ་སྐྱེ་འཆི་བར་དོའི་འཇིགས་པ་མེད། །དཔལ་མཁའ་སྤྱོད་གནས་སུ་ཕྱིན་པར་འགྱུར། །དོན་དེ་ཚུལ་ཤེས་པར་གྱིས་ཤིག་ཅེས། །བཀའ་བསྩལ་ནས་རང་དང་མཁའ་འགྲོ་བཅས། །དབྱིངས་འོད་གསལ་སྦུབས་སུ་འཇུག་པར་བསམ། །སྣང་གྲགས་དང་རིག་པ་སྐུ་གསུང་ཐུགས། །དོན་རྣམ་པ་ཀུན་གྱི་མཆོག་ལྡན་མ། །དཔལ་བདེ་བ་ཆེན་པོ་བླ་མའི་མཆོག །སྟན་འདི་རུ་འགྲུབ་པའི་རྒྱུར་གྱུར་ཅིག །དཔལ་རྡོ་རྗེ་བཙུན་མོ་ཡུམ་ཆེན་མོ། །རྗེ་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་མ། །བོད་གངས་ཅན་མ་གཅིག་མཁར་ཆེན་བཟས། །ཕྱོགས་དུས་ཀུན་བཀྲ་ཤིས་བདེ་ལེགས་ཤོག །ཅེས་པའང་སངས་རྒྱས་ཀརྨ་པ་ཆེན་པོའི་རྗེ་དབོན་མཁྱེན་རྟོགས་རྨད་བྱུང་ཀརྨ་གྲགས་པ་ཡོངས་འདུས་ཀྱི་བཀའ་ཡིས་བསྐུལ་བ་དང་ཆོས་ཀྱི་སྒར་ཆེན་གྱི་བྱ་བ་ལས་ཀྱི་འཁོར་ལོའི་ལྷ་རིག་བཟོ་རྒྱལ་སྟོབས་རྒྱལ་ནས་ལྷ་རེག་བཅས་བསྐུལ་ངོར་དབྱིངས་ཕྱུག་ཌཱ་ཀིའི་རྒྱལ་མོའི་བྱིན་རླབས་དབུགས་འབྱིན་ཐོབ་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ཕྲིན་ལས་ཀུན་ཏུ་ཁྱབ་པའི་སྡེས་བཤད་སྒྲུབ་ཆོས་འཁོར་སྒང་གི་གཟིམ་སྤྱིལ་ནས་བྲིས་ཤིང་གསོལ་བ་བཏབ་པ་སིདྡྷི་རསྟུ། མངྒ་ལཾ། དགེའོ།། །།
[edit]

@#/___mkha' 'gro ye shes mtsho rgyal la brten pa'i bla ma'i rnal 'byor bde chen byin rlabs 'od snang zhes bya ba bzhugs so//___a/__dbyings ka dag kun tu bzang mo'i klong*/__/mgon 'phags bzhi'i bdag nyid mkha' 'gro mar/__/yid gdung shugs dad pas skyabs mchi na/__/don rang ngo shes par byin gyis rlobs/__a/__ma mkha' khyab 'gro kun khyed kyi klong*/__/dus 'pho med bde chen dbyings sim kyang*/__/gnad yin lugs ma shes 'khrul pa rnams/__/sems chos skur sgrol bar sems bskyed do/__/a/__phyi snod kyi 'jig rten rnam par dag__/zhing d+hU ma tha la'i pho brang dbus/__/nang bcud kyi 'gro kun DA ki ni/__/ma mkha' 'gro 'bum phrag yangs pa'i dbus/__/gdan pad+ma nyi ma bdud bzhi'i steng*/__/rang rta mchog pad+ma he ru ka__/mdog dmar smug gri thod 'dzin pa yi/__/sku dur khrod chas brgyad rta zhal bzhad/__/de'i dbu gtsug pad+ma nyi zla'i steng*/__/dbyings chos sku yum chen kun bzang mo/__/gdangs bde chen longs sku wA ra hi/__/zhing 'di ru sprul sku mtsho rgyal lcam/__/tshul gzhon nu bcu drug lang tshos sgeg__/zhal zhi 'dzum spyan gsum dbyings la gzigs/__/dbu rin chen thor tshugs me tog phreng*/__/sku lha yi DA ki'i cha byad can/__/phyag g.yas pas bde stong cang te'u 'khrol/__/g.yon mnyam bzhag mtshan ldan b+han+d+ha'i nang*/__/bcud bdud rtsis gang ba dku g.yon brten/__/zhabs pad+ma'i phyed skyil tshul gyis bzhugs/__/mchan g.yon du rdo rje'i kha T+wAM ga__/yab rdo rje thod phreng ngo bo 'chang*/__/sku snang stong gzhon mdzes lta na sdug__/gsung tshangs dbyangs rdo rje'i brda glu len/__/thugs 'od gsal mkhyen brtse'i dkyil 'khor rgyas/__/ma khyed ni dus gsum rgyal ba'i yum/__/rje ma hA gu ru'i gzungs ma'i mchog__/bod gangs can skyabs gcig mkhar chen bza'/__/bdag snyigs mar skyes pa'i bod 'bangs la/__/thugs lhag par brtse bas rjes skyong zhes/__/gsung rdo rje'i tha tshig rjes dran pas/__/ma khyed la rtse gcig dad gdung gis/__/sgo gsum po 'jug pa gcig dril bas/__/lus phyag gi thal mo snying gar sbyar/__/ngag gsol 'debs gdung ba'i glu dbyangs len/__/yid rtse gcig blo gtad khyod la zhu/__/dus 'di phyi kun tu thugs rjes gzigs/__/dgra skye 'chi bar do'i 'jigs las skyobs/__/las ci byed chos su 'gro ba dang*/__/chos ma nor thams cad mkhyen pa'i lam/__/gegs gol sa med par myur du bgrod/__/don ye shes chen por grol bar mdzod/__/blo dad dang snying rje nges 'byung skye/__/yid mos pa'i blo gtad 'pho 'gyur med/__/chos zab dgu'i snod dang ldan pa yi/__/don skal pa bzang po'i dbyings su sbyor/__/mdo sngags kyi bstan pa ma lus pa/__/gnad 'gal med rtse gcig sangs rgya'i lam/__/don ji bzhin rtogs pa'i blo gros dpal/__/ma dbyangs can lha mo khyod kyis stsol/__/phyi 'byung bzhi 'khrugs pa'i 'jigs pa brgyad/__/nang lus khams rlung mkhris bad 'dus nad/__/sems gnyis snang 'khrul rtog nyon mongs dgra/__/ma rje btsun sgrol mas skyob par mdzod/__/srid nges par 'byung ba'i blo yi mchog__/ma 'gro kun sgrol 'dod byang chub sems/__/rgya che dang zab pa'i spyod 'chang nus/__/ma rgyal sras dbang mo khyod kyis mdzod/__/khyad par du gsang sngags rdo rje'i theg__/dbang bskyed rdzogs drod rtags mngon gyur nas/__/lam rig 'dzin bzhi yi mthar son pa/__/ma grub pa'i dbang mos mdzad du gsol/__/sems ye shes lha skur rnam par smin/__/tshe 'chi med rdo rje'i dbang bcu ldan/__/lam phyag chen lhun grub rig 'dzin grub/__/ma khyod dang mnyam par mdzad du gsol/__/khams gzung 'dzin nyi zla'i rgyu ba kun/__/rtsa a wa d+hU tir thabs kyis 'ching*/__/don lhan skyes ye shes rtsal rdzogs pa'i/__/dbyings dgongs pa mngon 'gyur mdzad du gsol/__/yid gnyis snang 'khrul rtog ka nas dag__/dbyings 'od gsal rig pa'i gsang mdzod brdol/__/dpal chos zad gdod mar grol nus pa/__/ma 'ja' lus sku brnyes khyod kyis mdzod/__/khyed sangs rgyas kun dang gnyis su med/__/sngon chos 'phags drung du smon lam thebs/__/mgon thub pa'i spyan sngar gang+gA'i lha/__/bod gangs can skyob pa mkhar chen bza'/__/dus da lta zangs mdog dpal rir bzhugs/__/zhing rab 'byams sprul pas 'gro ba sgrol/__/don gsang ba bsam mi khyab pa'i bdag__/yid gting nas blo gtad ling skyur zhu/__/skad cig gis btsan thabs byin rlabs phob/__/shing skam por mched pa'i me bzhin du/__/las nyon mongs sdug bsngal yud kyis zhi/__/nyams rtogs pa rgyas pas grol ba zhig__/ma bka' drin can gyis mdzad du gsol/__/zhes gdung shugs mos gus rtsal du bton pas gsol ba snying nas yang yang gdab/__/gsol 'debs 'bum phrag sogs grangs gsog na/__rdo rje slob dpon pad+ma'i dgyes sde'i mchog__/rdo rje'i lam rdzogs 'pho chen ye shes sku/__/rdo rje'i gzungs ma ye shes mtsho rgyal lcam/__/rdo rje dbyings kyi rgyal mor gsol ba 'debs/__/zhes pa la grangs bzung*/__mtshan sngags bzla bar 'dod na/__oM pad+mo yo gi ni dz+nyA na sa ga ra dza ya sarba sid+d+hi pha la hU~M/__zhes bzla zhing gsol ba rtse gcig tu gdab/__thun mthar mar ngo'i tshes bcu sogs su tshogs 'khor bya bar 'dod na/__bza' btung gi rdzas gtsang ma bshams la/__ho/__dbyings rang byung skye med ka pA lar/__/gdangs 'gag med tshogs kyi 'khor lo'i rdzas/__/dpal zag med ye shes rol pa che/__/rgya che la lhun gyis grub par shar/__/oM AHhU~M/__lan gsum gyis byin gyis brlabs la/__dpal chos dbyings kun bzang yum chen mo/__/ma bde mchog dgyes pa wA ra hi/__/zhing 'di ru ye shes mtsho rgyal lcam/__/rdzas tshogs kyi mchod pa bzhes phyir spyon/__/phyi snod kyi 'jig rten nang bcud bcas/__/snang stong pa zung 'jug bde ba che/__/steng nam mkha' khyab pa'i tshogs mchod 'di/__/sa 'og spyod sku yi 'khor lor 'bul/__/sku zag med mchog bdes rab mnyes nas/__/phyi bum pa'i dbang gis bdag lus smin/__/lus rtsa yi nyams chag dbu mar dag__/sku snang stong rdo rje bde bas dgyes/__/dpal mkha' khyab ye shes sku thob mdzod/__/rtsa 'khor lo lnga ru thig rlung sems/__/grags stong pa zung 'jug srog rtsol chos/__/brtan g.yo ba kun khyab tshogs mchod 'dis/__/sa steng gnas gsung gi 'khor lor 'bul/__/gsung brjod med nA das rab mnyes nas/__/nang gsang ba'i dbang gis ngag kyang smin/__/ngag zhugs gnas thim pas sgrib pa dag__/gsung grags stong yi ge sprin du shar/__/chos zad med mdzod kyi dngos grub stsol/__/rtsa a wa d+hU ti'i steng 'og khams/__/bde stong pa zung 'jug dkar dmar thig__/lus khyab brdal dga' bzhi'i tshogs mchod 'dis/__/steng mkha' spyod thugs kyi 'khor lor 'bul/__/thugs zag med bde bas rab mnyes nas/__/don shes rab dbang gis thig le 'ching*/__khams 'dzag med bde bas don dam rtogs/__/sems bde stong phyag rgya'i dga' bas myos/__/don 'pho med chos sku rtogs par mdzod/__/dbyings zang thal brdal ba chen po'i klong*/__/rtsal 'od gsal sku dang ye shes 'phro/__/srid zhi ba kun khyab chen po 'dis/__/ma gnas gsum DA ki'i tshogs la 'bul/__/sgrib snang gsum 'pho ba dbyings su sdom/__/don ye shes phyag rgya'i 'khor lo brdal/__/ma khyod dang mnyam par byin gyis rlobs/__/oM sarba dz+nyA na d+hA ki ni gu ru d+he wa d+harma pA la sa pa ri wA ra ga Na tsakra pU dza sa ma ya ho/__yig brgya bzla/__sarba sha trUn mA ra ya phaT/__/keM ni ri ti mAM sa khA hi/__zhes tshogs phud rim pa gsum du spros pas 'bul/__thabs shes kyi rdzas dngos grub kyi tshul du rol/__lhag ma ni/__oM AHhU~M ho/__phaiM/__ma gnas gsum mkha' 'gro'i bka' yi 'bangs/__/lha yi dam dkyil 'khor mu ran skyong*/__/tshogs lhag sdud pho nya kun la 'bul/__/las 'dod dgu'i phrin las sgrub par mdzod/__/oM uts+tshiSh+Ta ba liM ta khA hi/__zhes lhag gtor phyi rol tu 'bul/__thun mthar dbang bzhi len pa ni/__ma khyod ni skyabs kun gcig 'dus bdag__/bu gdul bya kun la brtse ba can/__/dbang byin rlabs dngos grub kun stsol bas/__/rgyud smin grol mdzod cig gu ru rje/__/yid gdung bas gsol ba btab pa yis/__/thugs ye shes dgongs pa'i rtsal g.yos te/__/sku'i gnas nas 'od zer dkar dmar mthing*/__/zer bdud rtsi'i char spros gnas gsum thim/__/lus ngag dang yid kyi sgrib pa sbyangs/__/sku gsung dang thugs kyi byin gyis brlabs/__/dbang bzhi yi rtogs pa rgyud la skyes/__/lam bskyed rdzogs phyag chen sgom la dbang*/__/'bras sku bzhi'i nus pa gsal thebs mthar/__/yum DA ki'i rgyal mo'i rdo rje'i glus/__/kye ma yengs rang gi sems la ltos/__/sems dngos mtshan kun bral stong pa nyid/__/gshis 'od gsal rgyun mi chad pa 'di/__/ngo shes na don gyi d+hA ki yin/__/ye gdod ma nyid nas rang la bzhugs/__/rang rig pa'i gshis lugs kun la khyab/__/dpal zag med yon tan gzhi la rdzogs/__/las nyon mongs sgrib pa ka nas dag__/rtsal 'khor 'das rig pa 'gag med shar/__/don kun kyang skye 'gag gnas med dbyings/__/ngo shes na ma bcos lta ba'i klong*/__/yengs 'khrul pa med pa'i don la zhog__/gnad 'di la btsan sa zin pa'i tshe/__/dbyings chos sku'i rgyal sa zin pas na/__/dgra skye 'chi bar do'i 'jigs pa med/__/dpal mkha' spyod gnas su phyin par 'gyur/__/don de tshul shes par gyis shig ces/__/bka' bstsal nas rang dang mkha' 'gro bcas/__/dbyings 'od gsal sbubs su 'jug par bsam/__/snang grags dang rig pa sku gsung thugs/__/don rnam pa kun gyi mchog ldan ma/__/dpal bde ba chen po bla ma'i mchog__/stan 'di ru 'grub pa'i rgyur gyur cig__/dpal rdo rje btsun mo yum chen mo/__/rje 'khor lo'i dbang phyug bcom ldan ma/__/bod gangs can ma gcig mkhar chen bzas/__/phyogs dus kun bkra shis bde legs shog___/ces pa'ang sangs rgyas karma pa chen po'i rje dbon mkhyen rtogs rmad byung karma grags pa yongs 'dus kyi bka' yis bskul ba dang chos kyi sgar chen gyi bya ba las kyi 'khor lo'i lha rig bzo rgyal stobs rgyal nas lha reg bcas bskul ngor dbyings phyug DA ki'i rgyal mo'i byin rlabs dbugs 'byin thob pa'i rig sngags 'chang ba 'jigs med mkhyen brtse'i 'od zer phrin las kun tu khyab pa'i sdes bshad sgrub chos 'khor sgang gi gzim spyil nas bris shing gsol ba btab pa sid+d+hi rastu/__mang+ga laM/__dge'o//__//

Footnotes

Other Information