JKW-KABAB-06-CHA-037

From Khyentse Lineage - A Tsadra Foundation Project
Revision as of 10:40, 16 November 2021 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")
(diff) ← Older revision | Latest revision (diff) | Newer revision → (diff)

མཁའ་འགྲོ་གསང་བ་ཀུན་འདུས་ལས། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བདེ་ཆེན་བདུད་རྩིའི་བུམ་བཟང༌།
Wylie title mkha' 'gro gsang ba kun 'dus las bdag nyid dkyil 'khor du 'jug pa'i cho ga bde chen bdud rtsi'i bum bzang JKW-KABAB-06-CHA-037.pdf
Location mkhyen brtse'i bka' babs
Volume 6, Text 37, Pages 519-535 (Folios 1a to 18a1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation Khyentse, Dilgo. mkha' 'gro gsang ba kun 'dus las bdag nyid dkyil 'khor du 'jug pa'i cho ga bde chen bdud rtsi'i bum bzang. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 519-535. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Self-Initiation - bdag 'jug
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-063
Colophon

།ཚུལ་འདི་ལྟ་བུའི་སློབ་མ་ལ་དོན་དབང་སྙིང་པོའི་ཚུལ་དུ་བྱས་ན་རུང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལ། བསྙེན་བཟླས་ལས་རུང་ཙམ་ལ་སྨིན་བྱེད་དེ་ཀས་འཐུས་པ་དང༌། བསྐྱེད་རྫོགས་ཐམས་ཅད་ཉམས་ལེན་འདོད་པ་ལ་རྩ་དབང་ཆེན་མོ་འབོག་དགོས་པའི་སྐབས་ཀྱང་ཕྱེད་བར་དགོས་སོ། །མཆོག་ཏུ་མི་འགྱུར་བདེ་བའི་སྒྱུ་རྩལ་གྱིས། །རྣམ་ཀུན་མཆོག་ལྡན་མཁའ་འགྲོའི་དབྱིངས་རོལ་པའི། །རྡོ་རྗེ་བཞི་ཡི་གྲོང་ཁྱེར་དུ་རྩེན་པས། །ལྷན་སྐྱེས་ཕྱག་རྒྱའི་དགའ་སྟོན་རོལ་གྱུར་ཅིག །ཅེས་པའང་ཡོངས་རྫོགས་བསྟན་པའི་ཤིང་རྟ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་བདེ་ཆེན་ཧེ་རུ་ཀ་དངོས་པདྨ་ཡེ་ཤེས་རྡོ་རྗེའམ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་ཐུན་མོང་མ་ཡིན་པའི་བཀའ་དྲིན་གྱིས་རྨད་དུ་བྱུང་བའི་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བའི་སྐལ་བཟང་ཉམས་སུ་མྱོང་བའི་རིག་འཛིན་གྱི་བཙུན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་རྣལ་འབྱོར་ཟབ་མོའི་རྐྱེན་དུ་རིག་འཛིན་གྱི་བརྒྱུད་པའི་ཕྱག་བཞེས་ཀུན་མཁྱེན་བླ་མ་མཉྫུའི་ཞབས་ཀྱིས་ཇི་ལྟར་གནང་བ་བཞིན་རྩ་དབང་ཆེན་མོ་ལས་སྙིང་པོའི་བཅུད་སྡེབས་ཏེ་འདན་ཡུལ་རང་གནས་ས་དཀར་བསམ་གྲུབ་གླིང་དུ་བྲིས་པ་འདིས་ཀྱང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་བླ་མ་ཡེ་ཤེས་ཌཱ་ཀིས་མངོན་སུམ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

tshul 'di lta bu'i slob ma la don dbang snying po'i tshul du byas na rung ba rig 'dzin brgyud pa'i phyag bzhes ltar la/__bsnyen bzlas las rung tsam la smin byed de kas 'thus pa dang*/__bskyed rdzogs thams cad nyams len 'dod pa la rtsa dbang chen mo 'bog dgos pa'i skabs kyang phyed bar dgos so/__/mchog tu mi 'gyur bde ba'i sgyu rtsal gyis/__/rnam kun mchog ldan mkha' 'gro'i dbyings rol pa'i/__/rdo rje bzhi yi grong khyer du rtsen pas/__/lhan skyes phyag rgya'i dga' ston rol gyur cig__/ces pa'ang yongs rdzogs bstan pa'i shing rta pad+ma 'od gsal mdo sngags gling pa'i ye shes sgyu ma'i rol rtsed bde chen he ru ka dngos pad+ma ye shes rdo rje'am 'jam dbyangs blo gros rgya mtsho'i thun mong ma yin pa'i bka' drin gyis rmad du byung ba'i gsang ba chen po'i dkyil 'khor du smin cing grol ba'i skal bzang nyams su myong ba'i rig 'dzin gyi btsun pa pad+ma dbang chen ye shes rol pa'i rdo rjes rnal 'byor zab mo'i rkyen du rig 'dzin gyi brgyud pa'i phyag bzhes kun mkhyen bla ma many+dzu'i zhabs kyis ji ltar gnang ba bzhin rtsa dbang chen mo las snying po'i bcud sdebs te 'dan yul rang gnas sa dkar bsam grub gling du bris pa 'dis kyang mkha' khyab yid can rgya mtsho bla ma ye shes DA kis mngon sum rjes su 'dzin pa'i rgyur gyur cig

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། ས རྦ ཌཱ ཀི མ ནྟྲ སྐ ནྡ སྨ ན྄ ཨ ཏྨ མ ཎྜ ལ བ ཏྟ རྩ རི ཏྲ མ ཧཱ སུ ཁ ཨ མྲྀ ཏ བྷ དྲ ཀ ལ ཤ བི ཧ ར ཏི སྨ།། །།

༄༅། མཁའ་འགྲོ་གསང་བ་ཀུན་འདུས་ལས། བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་བདེ་ཆེན་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་ཛྙཱ་ན་དྷཱ་ཀི་ག་ཎ་བྷྱཿ བདེ་ཆེན་བདུད་རྩིའི་ཟིལ་མངར་འཕོས་ཙམ་གྱིས། །རྟོག་པའི་དྲི་འཁྲུད་ལྷན་སྐྱེས་ཡེ་ཤེས་བྱིན། །སྐལ་བཟང་སྙིང་ལ་སད་མཛད་དཀྱིལ་འཁོར་བདག །བླ་མ་རྗེ་བཙུན་འདུད་དོ་རྒྱུད་སྨིན་མཛོད། །དེ་ཡང་རྡོ་རྗེ་ཐེག་པའི་གསང་བ་ཟབ་མོ་ལ་སྤྱོད་པའི་རྣལ་འབྱོར་པས་རིམ་པ་གཉིས་ཀྱི་ལམ་ལ་བརྩོན་པའི་ཚེ་དམ་ཚིག་ཉམས་ཆག་ཉེས་ལྟུང་གསོ་ཞིང་ཡེ་ཤེས་སྤེལ་བའི་ཐབས་ཀྱི་མཐར་ཐུག་པ་རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་གིས་གསལ་བར་བསྟན་པའི་དོན་མཆོག་བརྙེས་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཕྱག་བཞེས་སུ་མཛད་པ་ལྟར་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མཁའ་འགྲོ་གསང་བ་ཀུན་འདུས་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་འཆད་པ་ལ་གཉིས། སྦྱོར་བ་ཡོ་བྱད་ཀྱི་བཤམས་བཀོད་དང༌། དངོས་གཞི་དབང་ལེན་གྱི་རིམ་པའོ། །དང་པོ་ནི། དུར་ཁྲོད་ལ་སོགས་པ་མཚན་ཉིད་དང་ལྡན་པའི་གནས་སུ་དམ་ཚིག་གི་རྟེན་བཀྲམ་སྟེ་མཚན་མའི་དཀྱིལ་འཁོར་དྲག་པོའི་གཞལ་ཡས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་སྤྱི་ལྟར་གྱི་ལྟེ་བར་ཆོས་འབྱུང་བསྣོལ་མ་སྟེང་མའི་རྩེ་མོ་རྒྱབ་བསྟེན་གྱི་དབུས་སུ་སྣ་ཚོགས་པདྨ་འདབ་བཞི་ཕྱོགས་མདོག །ཆོས་འབྱུང་གི་ཕྱི་རོལ་ནང་ནས་རིམ་པར་ཐུགས་གསུང་སྐུ་ཡི་འཁོར་ལོ་མཐིང་དམར་དཀར་བ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་ཅན་གྱི་གནས་སོ་སོར་ལྷ་མཚན་གྱིས་སྤྲས་པའི་དབུས་སུ་ཁྱད་པར་གྱི་བུམ་པ་བྷནྡྷ་མཚན་ལྡན་བདུད་རྩི་ལྔ་ཡི་ཆུས་བཀང་བའི་ཁར་སིནྡྷཱུ་རའི་རྡུལ་གྱིས་བྲན་པའི་མེ་ལོང་ཆོས་འབྱུང་གི་དབུས་སུ་བྃ། མཐའ་སྐོར་དུ་སྐུ་གསུང་ཐུགས་སྔགས་ཀྱི་ཕྲེང་བ་བྲིས་པ་དར་དམར་གྲུ་གསུམ་པས་གཡོགས་པའི་སྟེང་རང་བྱུང་གི་མན་ཤེལ་བཅས་བརྩེགས་མར་བཀོད། མཐའ་སྐོར་དུ་སྨན་གཏོར་རཀྟ་ཕྱི་ནང་གི་མཆོད་པ་ཚོགས་ཀྱི་རྫས་སོགས་ཕྲིན་ལས་དང་མཆོད་སྐོང་ལ་དགོས་པའི་ཡོ་བྱད་ཐམས་ཅད་གཞུང་ལྟར་འདུ་བྱའོ། །གཉིས་པ་ལ་གཉིས། ཕྲིན་ལས་ཀྱི་གཞུང་བསྲང་བ་དང༌། བདག་ཉིད་འཇུག་པའི་ཆོ་ག་དངོས་སོ། །དང་པོ་ནི། ཕག་མོ་འདུས་པའི་རྩ་བའི་ཕྲིན་ལས་ཀྱི་རིམ་པ་ལྟར་བརྒྱུད་པའི་གསོལ་འདེབས་དང༌། ལས་བུམ་སྒྲུབ་པ་ནས་བརྩམས་ཛབ྄་ཁང་དབྱེ་ཞིང་གཙོ་འཁོར་ཡོངས་རྫོགས་ཀྱི་བསྙེན་པའི་གཞུང་བསྲང་བ་དང་བཅས་དཀྱུས་ལྟར་ལ། གཞུང་བསྙེན་རྫོགས་པ་དང༌། ཐོད་པ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་གསུམ་དཔའ་བོ་མཁའ་འགྲོ་ཕྲ་མེན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་བའི་མཚོ་ལ་ཟླ་སྐར་ཤར་བ་ལྟར་སྐད་ཅིག་གིས་གསལ་བའི་གནས་གསུམ་དང་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་གསང་བ་མཆོག་གི་ཞིང་དང་གནས་ཡུལ་དུར་ཁྲོད་རབ་འབྱམས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་གྱུར། སྤྱན་འདྲེན་ཕྱག་མཆོད་བསྟོད་པའི་རིམ་པ་བཅས་མཆོད་སྐོང་གི་ཟུར་འདེབས་སུ་བྱུང་བ་ལྟར་སྦྱར་མཐར། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ་བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་གྱུར། ཅེས་མོས་ལ་གཙོ་འཁོར་རྣམས་ཀྱི་སྙིང་པོ་ཇི་ལྟར་འོས་པ་སྐབས་ཕྱེད་པར་བཟླ། མཐར། ཨོཾ་ཨཱཿཧཱུྃ༔ ཡུལ་ཀུན་སྟོང་གཟུགས་མཆོད་པའི་སྤྲིན༔ དབང་པོ་སྒྱུ་མའི་བདེ་བས་རོལ༔ བདེ་སྟོང་དབྱེར་མེད་ཐིག་ལེའི་སྐུ༔ རྡོ་རྗེ་བཙུན་མོར་ཕྱག་འཚལ་བསྟོད༔ ཞེས་མཆོད་བསྟོད་བསྡུས་པའི་ཚུལ་གྱིས་ཕུལ་ཏེ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར། ཞེས་འོད་ཞུ་བྱ། ཀུན་མཐར་གཏོར་འབུལ་ཚོགས་མཆོད་ཀྱི་བར་ཁྲིགས་ཆགས་སུ་བཏང་ངོ༌། །གཉིས་པ་ལ་གསུམ། སྔོན་འགྲོ་འཇུག་པའི་ཆོས་དང༌། དངོས་གཞི་དབང་གིས་སྨིན་པར་བྱེད་པ། རྗེས་དམ་ཚིག་ཁས་བླངས་ཤིང་ཡོན་འབུལ་བའོ། །དང་པོ་ནི། ལས་བུམ་གྱི་ཆུས་ཁྲུས་བྱས་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས་སྔགས་དང་རྡོ་རྗེ་མཁའ་འགྲོའི་ཡིག་བརྒྱ་བཅས་ཀྱིས་དྲི་མ་བཀྲུ། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཕཊ༔ དང་ཧཱུྃ་བཞིའི་སྔགས་ཐུན་རོལ་མོ་དང་བཅས་པས་བགེགས་བསལ་ཞིང༌། ཨོཾ་ཨཱཿཧཱུྃ། རྃ་ཡྃ་ཁྃ་བཛྲ་ས་ར་ཎ་རཀྵ་རཀྵ་ཧཱུྃ་ཧཱུྃ། ཞེས་སྲུང་འཁོར་གྱིས་ཕྱོགས་བཅིངས་ཏེ། སྔོན་འགྲོའི་སྐབས་སུ་འབྱུང་བ་ལྟར་མཎྜལ་ཕུལ། ཨོཾ་ཙཀྵུ་བྷནྡྷ་བ་ར་མ་ཎ་ཡ་སྭཱ་ཧཱ༔ ཞེས་མིག་དར་འཆིང༌། ཨཱ་ཁཾ་ཝཱི་ར་ཧཱུྃ། གིས་མེ་ཏོག་བླངས་ལ་ཐལ་མོ་སྦྱར་བས། ཧོཿ རྡོ་རྗེ་ཕག་མོའི་ཡེ་ཤེས་སྐུ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བདག་ཅག་འཇུག་ཅིང་བསྙེན་སྒྲུབ་སྤྲོ༔ གསང་བའི་དམ་ཚིག་འཚལ་ལགས་ན༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཞེས་ལན་གསུམ་གྱིས་གསོལ་བ་གདབ། ལས་བྱང་ལྟར། ན་མོཿ བདག་དང་ཁམས་གསུམ་སོགས་ཀྱིས་སྐྱབས་འགྲོ། བདག་གིས་སེམས་ཅན་ཐམས་ཅད་སོགས་སེམས་བསྐྱེད། ཧོཿ བླ་མ་མཁའ་འགྲོའི་ལྷ་ཚོགས་སོགས་ཀྱིས་སྡོམ་བཟུང་བཅས་སོ་སོར་ལན་གསུམ་བྱ། རང་གི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བ་དང་བཅས་པར་གྱུར། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ད་ཡ་མི། ཞེས་རྡོ་རྗེ་སྙིང་གར་བཞག་སྟེ་གསང་སྔགས་ནང་གི་སེམས་བསྐྱེད། བྷྲཱུྃ་ཛྙཱ་ན་མཎྜ་ལ་པྲ་བེ་ཤ་ཡ་ཕཊ༔ ཅེས་དབྱེ་རྒྱ་དང་བཅས་པས་སྒོ་བཞི་དབྱེ། དཀྱིལ་འཁོར་ལ་གཡོན་བསྐོར་གྱིས་ཕྱིན་པས་ཕྱག་བྱས་པར་མོས་ལ། ཐལ་མོ་གནས་གསུམ་སྦྱར་བ་བཅས། ཨོཾ་བཛྲ་ཝཱ་རཱ་ཧཱི་སརྦ་མཎྜ་ལ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ན་མ་མི༔ ལན་བཞིའི་མཐར། སླར་ཡང་ཤར་སྒོའི་ཐད་དུ་ཞིང་ཆེན་གྱི་གདན་ལ་ཧེ་རུ་ཀའི་ཆས་ཀྱིས་འཁོད་པར་གྱུར། ཧོཿ འདི་ནི་དངོས་གྲུབ་མཆོག་གི་རྒྱུ༔ རྡོ་རྗེ་ཕག་མོའི་བྱང་སེམས་ཏེ༔ ཉམས་ན་འབར་བའི་མེ་ཡིས་བསྲེག༔ བསྲུང་ན་བདེ་ཆེན་ཡེ་ཤེས་འགྲུབ༔ བྃ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ༔ ཞེས་དམ་ཆུ་མྱང་བས། དེ་ལྟར་བྱིན་པའི་བྱང་སེམས་ཀྱི་བདུད་རྩི་སྙིང་གར་བྃ་ཡིག་གི་རྣམ་པར་གྱུར་པ་ལས་འོད་ཟེར་འཕྲོས་པས་རིག་འཛིན་བླ་མ་བདེ་བ་ཆེན་པོ་པདྨ་ཐོད་ཕྲེང་རྩལ་འཁོར་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་བྱིན་ཐིབས་སེ་བྱོན་པར་མོས་ལ་ཐོད་རྔ་དང་བཅས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་དང་ཧཱུྃ་ཞེས་དྲག་ཏུ་བརྗོད་པའི་གླུས་བསྐུལ་བས། རིག་འཛིན་བླ་མའི་སྐུ་ལས་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ཤིང་སྦྱངས༔ རྣམ་ཤེས་དྭངས་མ་རྡུལ་བྲལ་བྃ་ཡིག་མཐིང་གར་གྱུར་པ་ཧེ་རུ་ཀ་པདྨ་ཐོད་ཕྲེང་གི་ཞལ་དུ་དྲངས༔ ཐུགས་ཀར་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་སྐུ་ཡི་དབྱིངས་བརྒྱུད་སྦྱོར་མཚམས་ནས་ཕྱིར་སྤྲོས་པས་བཅོམ་ལྡན་འདས་རྡོ་རྗེ་ཁྲོས་མ་ནག་མོ་ཞལ་ཕྱག་རྒྱན་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུར་ལམ་གྱིས་གསལ་བའི་སྙིང་གའི་འོད་དང་སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཀྱིས་རྡོ་རྗེ་ཕག་མོ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་ལ། སྤོས་རོལ་དང་བཅས་ཏེ། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་སོགས་ལས་བྱང་ལྟར་བྱིན་འབེབས་ཀྱི་སྔགས་མཐར། ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ར་ར་ར་ར༔ ཙ་ལ་ཡ་ཙ་ལ་ཡ༔ ཧཱུྃ་ཨཱཿཧ་ཛྷེཾ༔ ཞེས་དམིགས་པའི་གནད་དང་བཅས་པས་བྱིན་དྲག་ཏུ་དབབ་མཐར། ཧཱུྃ་ཧཱུྃ་ཧཱུྃ། གིས་བསྟིམ། ཛྙཱ་ན་བཛྲ་ཏིཥྛ་ས་མ་ཡ་སྟྭྃ༔ གྱིས་བརྟན་པར་བྱ། ཛྙཱ་ན་པུཥྤེ་ས་མ་ཡ་སྟྭྃ༔ ཞེས་མེ་ཏོག་དོར། ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་པུཥྤེ་ཨ་བྷི་ཥིཉྩ་མིས་སླར་ཡང་སྤྱི་བོར་བཅིང༌། ཛྙཱ་ན་ཙཀྵུ་ཧཱུྃ་ཨཱཿས་མིག་དར་བསལ། བཅོམ་ལྡན་འདས་རྡོ་རྗེ་ཕག་མོའི་སྐུ་མཚན་མ༔ གསུང་བདུད་རྩི༔ ཐུགས་སིནྡྷཱུ་ར༔ ཡེ་ཤེས་རྡོ་རྗེ་སེམས་དཔའི་མེ་ལོང་གི་དཀྱིལ་འཁོར་རྣམས་དབྱེར་མི་ཕྱེད་པའི་ངོ་བོ་འོག་མིན་གསང་བ་མཆོག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཡེ་ཤེས་ཀྱི་གཟི་བྱིན་ལམ་མེར་མངོན་སུམ་དུ་མཇལ་ཞིང་༔ དེ་ཐམས་ཅད་ཀྱང་རྡོ་རྗེ་ཕུང་པོའི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་གདོད་ནས་དག་པའི་རང་བཞིན་དུ་ཡེ་ནས་རང་ལ་བཞུགས་པའི་བདག་ཉིད་དུ་ངོ་ཤེས་པར་གྱིས་ཤིག༔ ཅེས་གདམས་པས་མངོན་དུ་མཐོང་བའི་བློས། ཛྙཱ་ན་ས་མ་ཡ་ཧོ་ཧོ་ཧོ༔ ཞེས་བརྗོད་དོ། །གཉིས་པ་ལ་བཞི། བུམ་གསང་ཤེས་རབ་ཡེ་ཤེས་ཚིག་གི་དབང་ངོ༌། །དང་པོ་བུམ་པའི་དབང་ནི། མཎྜལ་འབུལ། བྱང་ཆུབ་རྡོ་རྗེ་འཆང་ཆེན་པོས༔ བདེ་གཤེགས་རིགས་ལྔའི་སངས་རྒྱས་ལ༔ དབང་བསྐུར་ཇི་ལྟར་སྩལ་བ་བཞིན༔ བདག་ཀྱང་རྗེས་སུ་བཟུང་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ སློབ་དཔོན་རྡོ་རྗེ་ཕག་མོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པར་གྱུར༔ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ། ཞེས་མཆོད་ཅིང༌། ཆོས་སྐུ་ནམ་མཁའ་བཞིན་དུ་སོགས་ཤློ་ཀས་བསྟོད། དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་ཏེ་རང་བྱུང་བདེ་སྟོང་གི་བུམ་པ་སྤྱི་བོའི་གནས་ལྔར་བཞག་པས་དབང་བསྐུར་བར་གྱུར། བྷན་དྷ་སྤྱི་བོར་བཞག་སྟེ། ཨོཾ༔ སྣོད་ནི་ཆོས་དབྱིངས་ཡེ་ཤེས་ཀློང་༔ བཅུད་ནི་རྡོ་རྗེ་ཁྲོས་མ་ཆེ༔ སྣོད་བཅུད་ཡོངས་རྫོགས་དབང་བསྐུར་བས༔ བདེ་གཤེགས་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་ཨ་བྷི་ཥིཉྩ་ཨོཾ༔ དཔྲལ་བར་བཞག་སྟེ། ཧཱུྃ༔ སྣོད་ནི་མེ་ལོང་ཡེ་ཤེས་ཀློང་༔ བཅུད་ནི་བཛྲ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས༴ རྡོ་རྗེའི་རིགས་སུ་ལྷུན༴ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྣ་ལྟག་གཡས་སུ་བཞག་ལ། ཏྲཱྃ༔ སྣོད་ནི་མཉམ་ཉིད་ཡེ་ཤེས་ཀློང་༔ བཅུད་ནི་རཏྣ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས༴ རིན་ཆེན་རིགས་སུ་ལྷུན༴ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཏྲཱྃ༔ ལྟག་པར་བཞག་ལ། ཧྲཱི༔ སྣོད་ནི་སོར་རྟོག་ཡེ་ཤེས་ཀློང་༔ བཅུད་ནི་པདྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས༴ པདྨའི་རིགས་སུ་ལྷུན༴ ཨོཾ་ནི་པདྨ་དྷཱ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཧྲཱི༔ རྣ་ལྟག་གཡོན་དུ་བཞག་ལ། ཨཱཿ སྣོད་ནི་བྱ་གྲུབ་ཡེ་ཤེས་ཀློང་༔ བཅུད་ནི་ཀརྨ་དྷཱ་ཀི་ནཱི༔ སྣོད་བཅུད་ཡོངས༴ ལས་ཀྱི་རིགས་སུ་ལྷུན་གྲུབ་ཤོག༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དབང་བསྐུར་བས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྤྱི་བོའི་གནས་ལྔ་ནས་ཞུགས༔ ཉོན་མོངས་པ་ལྔ་བདེ་ཆེན་དུ་དག༔ ཕུང་པོ་ལྔ་སངས་རྒྱས་ལྔར་གནས་གྱུར༔ ཆུ་བོའི་རྦ་རླབས་སྤྱི་བོར་བརྟན་པ་ལས་ཧེ་རུ་ཀ་རིགས་ལྔས་དབུ་བརྒྱན་པར་གྱུར༔ སླར་ཡང་བྷནྡྷ་གནས་གསུམ་དུ་བཞག་སྟེ། ཨོཾ་ཨཱཿཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེ་གསུམ་གྱི་མཁའ་འགྲོ་མས༔ གཉུག་མའི་སྒོ་གསུམ་དབང་བསྐུར་བས༔ ཐུགས་གསུང་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་སརྦ་དྷཱ་ཀི་ནཱི་ཙིཏྟ་ཛྙཱ་ན་ཨཏྨ་ཀོ྅་ཧྃ༔ ཝཱ་ཀ་ཛྙཱ་ན་ཨཏྨ་ཀོ྅་ཧྃ༔ ཀཱ་ཡ་ཛྙཱ་ན་ཨཏྨ་ཀོ྅་ཧྃ༔ ཞེས་དབང་བསྐུར་བས་ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱི་གསང་བ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་གྱུར་ཏེ་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་གོ་འཕང་ལ་དབང་བར་གྱུར༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་སྤྲོས་ཏེ་སློབ་མའི་གནས་སོ་སོར་བཞུགས་པར་བསམ་ལ། ལྷ་རྣམས་ཀྱིས་དབང་བསྐུར་ཏེ། ཨོཾ་བཛྲ་བྷཱ་རཱ་ཧེ་ཀྲོ་དྷཱི་ཀཱ་ལི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཨོཾ་ཧ་བཛྲ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ ཨོཾ་རི་རཏྣ་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་ནི་པདྨ་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་ཁཎྜ་ཀ་པཱ་ལ་པྲ་ཙཎྜ་ཀཱ་ཡ༴ ཨོཾ་དཾ་ཥྟ་མ་ཧཱ་ན་ས་ཀཱ་ཡ༴ ཨོཾ་ཀངྐ་ལ་པྲ་བྷཱ་ཝ་ཏི་ཀཱ་ཡ༴ ཨོཾ་མ་ཧཱ་ཀངྐ་ཙཎྜ་ཨཀྵི་ཀཱ་ཡ༴ ཨོཾ་སུ་ར་ཝཱི་ར་མ་ཏཱི་ཀཱ་ཡ༴ ཨོཾ་ཨ་མི་ཏ་བྷཱ་ཝརྒ་རི་ཀཱ་ཡ༴ ཨོཾ་བཛྲ་བྷ་ལེངྐ་ཤྭ་རི་ཀཱ་ཡ༴ ཨོཾ་བཛྲ་ཀཱ་ཡ་དྲུ་མཙྪ་ཀཱ་ཡ༴ ཨོཾ་ཨངྐུ་རི་ཨེ་རཱ་ཝ་ཏཱི་ཀཱ་ཡ༴ ཨོཾ་བཛྲ་ཧཱུྃ་ཀཱ་ར་སུ་ར་བྷཀྵཱི་ཀཱ་ཡ༴ ཨོཾ་མ་ཧཱ་བི་ར་ཝཱ་ཡུ་བེ་གཱི་ཀཱ་ཡ༴ ཨོཾ་མ་ཧཱ་ཛཱ་ཊཱི་མ་ཧཱ་བྷཻ་ར་ཝི་ཀཱ་ཡ༴ ཨོཾ་སུ་བྷ་དྲ་ཤྱཱ་མ་དེ་ཝཱི་ཀཱ་ཡ༴ ཨོཾ་བཛྲ་བྷ་དྲ་སུ་བྷ་དྲ་ཀཱ་ཡ༴ ཨོཾ་མ་ཧཱ་བྷེ་ར་ཝ་ཧ་ཡ་ཀརྞཱི་ཀཱ་ཡ༴ ཨོཾ་བི་རུ་པཱཀྵ་ཁ་ག་ནཱི་ཀཱ་ཡ༴ ཨོཾ་མ་ཧཱ་བཱ་ལ་ཙཀྲ་བེ་གཱི་ཀཱ་ཡ༴ ཨོཾ་ཁ་གརྦྷ་ཙཀྲ་ཝརྨི་ཎཱི་ཀཱ་ཡ༴ ཨོཾ་ཧ་ཡ་གྲཱྀ་ཝ་ཤོཎྜི་ཀཱ་ཡ༴ ཨོཾ་རཏྣ་བཛྲ་ཁནྡ་རོ་ཧ་ཀཱ་ཡ༴ ཨོཾ་ཧེ་རུ་ཀ་སུ་བི་རི་ཀཱ་ཡ༴ ཨོཾ་པདྨ་ནི་དྷཱི་ཤྭ་ར་མ་ཧཱ་བཱ་ལ་ཀཱ་ཡ༴ ཨོཾ་བཻ་རོ་ཙ་ན་ཙཀྲ་ཝརྟི་ནཱི་ཀཱ་ཡ༴ ཨོཾ་བཛྲ་ས་ཏྭ་མ་ཧཱ་བཱིརྱ་ཀཱ་ཡ༴ ཨོཾ་ཀཱ་ཀཱ་མཱུ་ཁི་ཀཱ་ཡ༴ ཨོཾ་སཱུ་ཀ་ར་མཱུ་ཁི་ཀཱ་ཡ༴ ཨོཾ་ཤྭ་ན་མཱུ་ཁི་ཀཱ་ཡ༴ ཨོཾ་ཨུ་ལཱུ་ཀ་མཱུ་ཁི་ཀཱ་ཡ༴ ཨོཾ་ཛ་ལ་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་སྠ་ན་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་ཛྭ་ལ་དྷཱ་ཀི་ནཱི་ཀཱ་ཡ༴ ཨོཾ་ཙ་ལ་དྷཱ་ཀི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་མི༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་སྲོག་ས་བོན་ལས་སྔགས་ཀྱི་ཕྲེང་བ་བྱུང་སློབ་མའི་གནས་སོ་སོར་བཞུགས་པའི་ལྷ་རྣམས་ཀྱི་ཐུགས་སྲོག་མཐར་འཁོད་པར་མོས་ལ་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་རེ་བྱ། ཐུགས་ཀྱི་དགོངས་བ་ངོ་སྤྲོད་པ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་བརྗོད་ལ་དགོངས་པ་བསྐྱངས། དེས་ཁམས་གསུམ་གྱི་སྣང་གྲགས་རྟོག་པའི་ཆོས་ཐམས་ཅད་དང་༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་སུ་རྣམ་པར་དག་པ་ལྟར་ཉམས་སུ་བླང་ངོ་༔ དེ་ལྟར་སྐུ་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ༔ འདོད་ཁམས་དང་ལུས་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་སྐུ་སྒོམ་པ་ལ་དབང་ཞིང་འབྲས་བུ་སྐུ་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གཉིས་པ་གསང་དབང་ནི། སློབ་དཔོན་ཧེ་རུ་ཀ་གསལ་བ་ཤེས་རབ་རྡོ་རྗེ་ཕག་མོ་དང་སྙོམས་པར་ཞུགས་པའི་བདེ་བའི་རོལ་མོའི་མཁའ་ཁྱབ་རྒྱལ་བའི་འཁོར་ལོ་སྤྱན་དྲངས༔ ཞལ་དུ་ཞུགས་འདོད་ཆགས་ཆེན་པོའི་མེས་ཞུ་བ་བྱང་ཆུབ་སེམས་དཀར་དམར་འདྲེས་པའི་རྒྱུན་ཡུམ་མཁའ་ནས་སྤྲོས༔ ཐོད་པའི་ལྷ་ཚོགས་ཀྱི་ཞལ་དུ་ཐིམ༔ བདེ་བ་ཆེན་པོས་མཉེས་ཏེ་འོད་དུ་ཞུ་བའི་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ལྕེ་ཐོག་ཏུ་བཞག་པར་གྱུར༔ བྷནྡྷ་མགྲིན་པར་བཞག་ཅིང་བཅུད་ལ་རོལ་ཏེ། ཧཱུྃ༔ ཐབས་ཀྱི་རང་བཞིན་བྱང་ཆུབ་སེམས༔ མུ་ཏིག་ལྟར་དཀར་དྲི་མ་མེད༔ ཤེས་རབ་མཆོག་གི་རཀྟ་ནི༔ དམར་གསལ་ཆགས་པ་ཆེན་པོའི་ཚུལ༔ དབྱེར་མེད་ལྷན་ཅིག་མཉམ་སྦྱོར་བའི༔ ཀུན་ཏུ་ཚིམ་བྱེད་བདུད་རྩི་ཆེ༔ འཐུངས་ཤིག་འཐུངས་ཤིག་བརྟུལ་ཞུགས་ཅན༔ དཔའ་བོའི་དམ་ཚིག་འདི་སྤྱོད་ཅིག༔ ཨོཾ་བྷོ་དྷི་ཙིཏྟ་ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་མི༔ ཞེས་བདུད་རྩི་མྱང་བ་ལ་བརྟེན་ནས་གསལ་སྟོང་བདེ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པའི་མཐུས༔ རྩ་གསུམ་འཁོར་ལོ་ལྔ་ལྷག་པར་གསལ་བར་བྱས༔ རྩ་ནང་གི་ཁམས་རྣམས་གནས་གྱུར་ཏེ་གནས་ལྔར་མཁའ་འགྲོ་ལྔའི་དཀྱིལ་འཁོར་ཤིན་ཏུ་གསལ་བར་བསམ་ལ་སེམས་འཛིན་དང༌། རླུང་རོ་བསལ་ཞིང་བུམ་ཅན་དྲག་ཏུ་གཅུན། ལྟེ་བ་རིན་ཆེན་མཁའ་འགྲོ་ལས་གཏུམ་མོ་འབར་བ་དང༌། སྤྱི་བོའི་སངས་རྒྱས་མཁའ་འགྲོ་ལས་ཞུ་བདེ་དང་དབྱེར་མེད་པའི་འོད་ཀྱིས་སྣང་སྟོང་འཇའ་ཚོན་ལྟར་འཆར་བའི་སྒྱུ་ལུས། སྙིང་གའི་རྡོ་རྗེ་མཁའ་འགྲོའི་ཐུགས་དབུས་མ་མཐིང་གསལ་ལ་སེམས་གཅུན་བས་སྣང་མཆེད་ཐོབ་པའི་འོད་གསལ། མགྲིན་པར་པདྨ་མཁའ་འགྲོའི་མགྲིན་པའི་ཨྃ་དམར་པོ་ལ་སེམས་གཏད་པས་རྨི་ལམ། གསང་གནས་ལས་ཀྱི་མཁའ་འགྲོའི་སྐུ་ལས་བྱུང་བའི་རླུང་གི་རྣམ་ཤེས་ཀྱི་ཐིག་ལེ་སྔོ་སྐྱ་ལྟེ་འོག་སོར་བཞི་ནས་བརྒྱུད། སྤྱི་བོ་སངས་རྒྱས་མཁའ་འགྲོའི་ཐུགས་ཀར་ཐིམ་པས་འཕོ་བ་དང༌། བར་དོའི་རླུང་སེམས་ཀྱི་ངོ་བོ་ཉིད་ཁྲོས་མ་ལུས་དཀྱིལ་དང་བཅས་པའི་འོད་ཀྱིས་སྣོད་བཅུད་ཁྱབ་པས་བར་དོའི་སྐུ་སྣང་ཆ་གསང་བ་གསུམ་དུ་ཤར་བ་བཅས་ཀྱི་ཏིང་ངེ་འཛིན་རྣམས་རྩེ་གཅིག་ཏུ་སྒོམ་པར་བྱའོ། །དེ་ལྟར་ན་གསུང་བྱང་སེམས་བདུད་རྩིའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ༔ གཟུགས་ཁམས་དང་ངག་གི་དྲི་མ་དག༔ རྡོ་རྗེ་ཕག་མོའི་རླུང་སྔགས་ཀྱི་དེ་ཁོ་ན་ཉིད་སྒོམ་པ་ལ་དབང་ཞིང་འབྲས་བུ་གསུང་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གསུམ་པ་ཤེར་དབང་ནི། སློབ་མ་སྐད་ཅིག་གིས་ཧེ་རུ་ཀ་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་གྱུར་ལ་སློབ་དཔོན་གྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་རྫོགས་པའི་གཟུངས་མ་པདྨ་ཅན་ཕག་མོའི་བདག་ཉིད་སྤྲོས་ཏེ་ཐར་པ་བསྟེན་པ་བསྐུལ་བར་གྱུར། སིནྡྷཱུ་རའི་མཎྜལ་བཟུང་སྟེ། ཧཱུྃ༔ ལས་ཀྱི་ཕྱག་རྒྱའི་ཆུ་སྐྱེས་མཆོག༔ རྣམ་ཐར་གསུམ་ལྡན་ཆོས་འབྱུང་དབུས༔ བདེ་ཆེན་ཡེ་ཤེས་མཆོག་སྟེར་བ༔ ཆོས་ཀྱི་ཕྱག་རྒྱའི་ཡི་གེས་མཚན༔ སྙོམས་འཇུག་ཆགས་པ་ཆེན་པོའི་མེ༔ དམ་ཚིག་ཕྱག་རྒྱའི་དམར་འོད་འབར༔ དྭངས་གསལ་རྙོགས་མེད་མེ་ལོང་ལྟར༔ ཕྱག་རྒྱ་ཆེན་པོ་མངོན་གྱུར་ཤོག༔ ཨོཾ་ཀརྨ་མུ་དྲ་སརྦ་ཛྙཱ་ན་མ་ཧཱ་སུ་ཁ་ཧོ༔ ཞེས་རིག་མའི་རྟུལ་ཞུགས་བྱིན་པར་མོས་ལ་སིནྡྷཱུ་རའི་ཐིག་ལེ་སྨིན་མཚམས་སུ་འགོད་པ་དང་བཅས་པའི་ཕྱག་རྒྱ་ཆགས་པའི་མདངས་ཀྱིས། ས་མ་ཡ་ཧོཿ ཞེས་བསྐུལ་བས། ས་མ་ཡ་སྟྭྃ༔ ཞེས་ལན་བྱིན་པས་སླར་ཡང༌། ཨ་ནུ་ར་ག་ཡ་ཧོ༔ས་བསྐུལ་བས། ཨ་ནུ་ར་ག་ཡ་མིས་ལན་གདབ་པས་མཆོག་ཏུ་དགྱེས་པས། ཛཿཧཱུྃ་བྃ་ཧོཿ ཞེས་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་ནས་དགའ་བ་བཞིའི་རོས་རྒྱུད་ཡོངས་སུ་གང་ཞིང་ཚིམས་པར་གྱུར། ལག་གཉིས་འཁྱུད་རྒྱ་དང་བཅས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་ཎ་ཧོཿ སླར་ཡང་ཐིག་ལེ་གྱེན་དུ་ཟློག་སྟེ་མས་བརྟན་གྱི་དགའ་བ་བཞིའི་མཐར་སོན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱས་པའི་ངང་ལ་མཉམ་པར་བཞག་གོ༔ ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧྃ༔ ཞེས་ང་རྒྱལ་བཟུང༌། དེ་ལྟར་ན་ཐུགས་ཕྱག་རྒྱའི་ཆུ་སྐྱེས་མཚོན་པའི་སིནྡྷཱུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ གཟུགས་མེད་ཁམས་དང་ཡིད་ཀྱི་དྲི་མ་དག༔ རྡོ་རྗེ་ཕག་མོའི་ཐུགས་བདེ་ཆེན་གྱི་ཡེ་ཤེས་སྒོམ་པ་ལ་དབང་ཞིང་འབྲས་བུ་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ བཞི་པ་ཚིག་དབང་ནི། སློབ་མ་ལུས་གནད་དང་བཅས་བདེ་ཆེན་གྱི་ངང་དུ་དུས་གསུམ་གྱི་སྤྲོས་པ་བཅད་དེ་མཉམ་པར་བཞག་པ་ལ་སློབ་དཔོན་རྡོ་རྗེ་བཙུན་མོའི་བརྡའ་དོན་རྡོ་རྗེའི་ཚིག་གིས་ངོ་སྤྲོད་པར་གྱུར། རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ཏེ། ཧོ༔ ལྟོས་ཤིག་སྐལ་ལྡན་རིགས་ཀྱི་བུ༔ སྣང་བའི་ངོ་བོ་ཧེ་རུ་ཀ༔ སྟོང་པའི་བདག་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་བདེ་བ་ཆེན་པོའི་ངང་༔ དུས་གསུམ་རྟོག་པས་མ་བསླད་པར༔ རྩེ་གཅིག་མཉམ་པར་བཞག་པ་ལས༔ ངོ་བོ་སྟོང་པ་ཤེལ་ལྟ་བུ༔ རྡོ་རྗེ་ཕག་མོ་ཆོས་ཀྱི་སྐུ༔ རང་བཞིན་གསལ་བ་འཇའ་ཚོན་ལྟར༔ ལོངས་སྤྱོད་རྫོགས་སྐུའི་རོལ་པར་ཤར༔ ཟུང་འཇུག་རྩལ་སྣང་མ་འགགས་པ༔ ཐུགས་རྗེའི་རྣམ་རོལ་སྤྲུལ་པའི་ཚུལ༔ དེ་གསུམ་ངོ་བོ་དབྱེར་མེད་པའི༔ བློ་འདས་ཆེན་པོའི་རང་ཞལ་སྐྱོངས༔ དོན་གྱི་བཛྲ་ཝཱ་ར་ཧི༔ ཚེ་འདི་ཉིད་ལ་འགྲུབ་པར་འགྱུར༔ ཨོཾ་དྷརྨ་དྷཱ་ཏུ་ཛྙཱ་ན་བཛྲ་ཨ་ཨ་ཨ༔ ཞེས་ཚིག་གིས་ངོ་སྤྲད་ཅིང་དོན་ལ་མཉམ་པར་བཞག་གོ །དེ་ལྟར་ན་ཡེ་ཤེས་དབྱིངས་རིག་དབྱཻར་མེད་མཚོན་པའི་རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ༔ ཁམས་གསུམ་དང་སྒོ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་ཐམས་ཅད་དག༔ རྡོ་རྗེ་ཕག་མོའི་དེ་ཁོ་ན་ཉིད་བསམ་མི་ཁྱབ་པའི་གནས་ལུགས་སྒོམ་པ་ལ་དབང་ཞིང་འབྲས་བུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱེད་པའི་སྐལ་བ་ཅན་དུ་ངེས་ཤེས་བསྐྱེད་དོ༔ གསུམ་པ་ནི། དེ་ལྟར་དབང་བསྐུར་བས་དམ་ཚིག་ཚུལ་བཞིན་བསྲུང་དགོས་པས་རྡོ་རྗེ་སློབ་དཔོན་གྱིས་འདའ་ཀའི་ཐ་ཚིག་བསྒྲགས་པར་མོས་ཤིག༔ ཧོཿ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ གསང་སྔགས་རྒྱུད་ལས་གང་གསུངས་པའི༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ དམ་ཚིག་སྡོམ་པ་རྟག་ཏུ་ཟུངས༔ མདོར་ན་སྤྱི་དང་ཁྱད་པར་གྱི༔ རྒྱུད་དང་མན་ངག་ལས་གསུངས་པའི༔ དམ་ཚིག་སྡོམ་ལ་རབ་བརྩོན་པས༔ དངོས་གྲུབ་ཚེ་འདིར་གྲུབ་པར་གྱིས༔ ཞེས་སྩལ་བའི་ལན་དུ། ཇི་སྐད་གསུང་བཞིན་སྒྲུབ་ལགས་ན༔ ཡེ་ཤེས་ཐུགས་རྗེས་རྟག་ཏུ་སྐྱོངས༔ གཏང་རག་གི་མཎྜལ་དང༌། དེང་ནས་བརྩམས་ཏེ་སོགས་ལུས་ལོངས་སྤྱོད་འབུལ་བ་སྤྱི་ལྟར་བྱ། དེ་ལྟར་དབང་བསྐུར་བ་འདི་ལན་གཅིག་ཐོབ་ནས་དམ་ཚིག་མ་ཉམས་པ་ཁོ་ནས་ཚེ་འདིའམ༔ འཆི་ཁའམ༔ བར་དོ་ཚུན་ཆད་དུ་ཕོ་ཉ་གསུམ་གྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་མངོན་དུ་འགྱུར་བ་ཐེ་ཚོམ་མེད་དོ༔ ཞེས་ཕན་ཡོན་བརྗོད་པས་སྤྲོ་བ་བསྐྱེད། སློབ་མ་ལ་དབང་བསྐུར་དགོས་ན། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གནང་བ་ཞུ། ཚོགས་ལ་རོལ་ཞིང་ལྷག་མ་ནས་བཟུང་ཤིས་བརྗོད་ཀྱི་བར་མཆོད་སྐོང་དང་ཕྲིན་ལས་གཞུང་ལྟར་མཐར་དབྱུང་ངོ༌། །ཚུལ་འདི་ལྟ་བུའི་སློབ་མ་ལ་དོན་དབང་སྙིང་པོའི་ཚུལ་དུ་བྱས་ན་རུང་བ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལྟར་ལ། བསྙེན་བཟླས་ལས་རུང་ཙམ་ལ་སྨིན་བྱེད་དེ་ཀས་འཐུས་པ་དང༌། བསྐྱེད་རྫོགས་ཐམས་ཅད་ཉམས་ལེན་འདོད་པ་ལ་རྩ་དབང་ཆེན་མོ་འབོག་དགོས་པའི་སྐབས་ཀྱང་ཕྱེད་བར་དགོས་སོ། །མཆོག་ཏུ་མི་འགྱུར་བདེ་བའི་སྒྱུ་རྩལ་གྱིས། །རྣམ་ཀུན་མཆོག་ལྡན་མཁའ་འགྲོའི་དབྱིངས་རོལ་པའི། །རྡོ་རྗེ་བཞི་ཡི་གྲོང་ཁྱེར་དུ་རྩེན་པས། །ལྷན་སྐྱེས་ཕྱག་རྒྱའི་དགའ་སྟོན་རོལ་གྱུར་ཅིག །ཅེས་པའང་ཡོངས་རྫོགས་བསྟན་པའི་ཤིང་རྟ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་བདེ་ཆེན་ཧེ་རུ་ཀ་དངོས་པདྨ་ཡེ་ཤེས་རྡོ་རྗེའམ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་ཐུན་མོང་མ་ཡིན་པའི་བཀའ་དྲིན་གྱིས་རྨད་དུ་བྱུང་བའི་གསང་བ་ཆེན་པོའི་དཀྱིལ་འཁོར་དུ་སྨིན་ཅིང་གྲོལ་བའི་སྐལ་བཟང་ཉམས་སུ་མྱོང་བའི་རིག་འཛིན་གྱི་བཙུན་པ་པདྨ་དབང་ཆེན་ཡེ་ཤེས་རོལ་པའི་རྡོ་རྗེས་རྣལ་འབྱོར་ཟབ་མོའི་རྐྱེན་དུ་རིག་འཛིན་གྱི་བརྒྱུད་པའི་ཕྱག་བཞེས་ཀུན་མཁྱེན་བླ་མ་མཉྫུའི་ཞབས་ཀྱིས་ཇི་ལྟར་གནང་བ་བཞིན་རྩ་དབང་ཆེན་མོ་ལས་སྙིང་པོའི་བཅུད་སྡེབས་ཏེ་འདན་ཡུལ་རང་གནས་ས་དཀར་བསམ་གྲུབ་གླིང་དུ་བྲིས་པ་འདིས་ཀྱང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་བླ་མ་ཡེ་ཤེས་ཌཱ་ཀིས་མངོན་སུམ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།

[edit]

@#/__sa_rba_DA_ki_ma_n+t+ra_ska_n+da_sma_na?_a_t+ma_ma_N+Da_la_ba_t+ta_rtsa_ri_tra_ma_hA_su_kha_a_mr-i_ta_b+ha_dra_ka_la_sha_bi_ha_ra_ti_sma//____//@#/__mkha' 'gro gsang ba kun 'dus las/__bdag nyid dkyil 'khor du 'jug pa'i cho ga bde chen bdud rtsi'i bum bzang zhes bya ba bzhugs so//___ @#/__/na mo gu ru dz+nyA na d+hA ki ga Na b+h+yaH__bde chen bdud rtsi'i zil mngar 'phos tsam gyis/__/rtog pa'i dri 'khrud lhan skyes ye shes byin/__/skal bzang snying la sad mdzad dkyil 'khor bdag__/bla ma rje btsun 'dud do rgyud smin mdzod/__/de yang rdo rje theg pa'i gsang ba zab mo la spyod pa'i rnal 'byor pas rim pa gnyis kyi lam la brtson pa'i tshe dam tshig nyams chag nyes ltung gso zhing ye shes spel ba'i thabs kyi mthar thug pa rdo rje theg pa'i rgyud dang man ngag gis gsal bar bstan pa'i don mchog brnyes grub pa'i dbang phyug rnams kyis phyag bzhes su mdzad pa ltar bdag nyid dkyil 'khor du 'jug pa'i cho ga mkha' 'gro gsang ba kun 'dus la brten nas nyams su len tshul 'chad pa la gnyis/__sbyor ba yo byad kyi bshams bkod dang*/__dngos gzhi dbang len gyi rim pa'o/__/dang po ni/__dur khrod la sogs pa mtshan nyid dang ldan pa'i gnas su dam tshig gi rten bkram ste mtshan ma'i dkyil 'khor drag po'i gzhal yas dur khrod brgyad kyis bskor ba spyi ltar gyi lte bar chos 'byung bsnol ma steng ma'i rtse mo rgyab bsten gyi dbus su sna tshogs pad+ma 'dab bzhi phyogs mdog__/chos 'byung gi phyi rol nang nas rim par thugs gsung sku yi 'khor lo mthing dmar dkar ba rtsibs brgyad pa mu khyud dang bcas pa can gyi gnas so sor lha mtshan gyis spras pa'i dbus su khyad par gyi bum pa b+han+d+ha mtshan ldan bdud rtsi lnga yi chus bkang ba'i khar sin+d+hU ra'i rdul gyis bran pa'i me long chos 'byung gi dbus su ba~M/__mtha' skor du sku gsung thugs sngags kyi phreng ba bris pa dar dmar gru gsum pas g.yogs pa'i steng rang byung gi man shel bcas brtsegs mar bkod/__mtha' skor du sman gtor rak+ta phyi nang gi mchod pa tshogs kyi rdzas sogs phrin las dang mchod skong la dgos pa'i yo byad thams cad gzhung ltar 'du bya'o/__/gnyis pa la gnyis/__phrin las kyi gzhung bsrang ba dang*/__bdag nyid 'jug pa'i cho ga dngos so/__/dang po ni/__phag mo 'dus pa'i rtsa ba'i phrin las kyi rim pa ltar brgyud pa'i gsol 'debs dang*/__las bum sgrub pa nas brtsams dzaba? khang dbye zhing gtso 'khor yongs rdzogs kyi bsnyen pa'i gzhung bsrang ba dang bcas dkyus ltar la/__gzhung bsnyen rdzogs pa dang*/__thod pa/__a mr-i tas bsang*/__swa b+hA was sbyang*/__stong pa'i ngang las b+han+d+ha'i snod dur khrod rol pa'i gzhal yas khang du bcud ye shes kyi bdud rtsi'i rgya mtsho 'khyil ba'i dbus su bcom ldan 'das rdo rje khros ma nag mo/__phyogs bzhir snying po'i mkha' 'gro rigs bzhi/__de rgyab gnas gsum dpa' bo mkha' 'gro phra men dang dam tshig gi mkha' 'gro'i tshogs kyis bskor ba dwangs ba'i mtsho la zla skar shar ba ltar skad cig gis gsal ba'i gnas gsum dang thugs ka'i 'od zer gyis 'og min gsang ba mchog gi zhing dang gnas yul dur khrod rab 'byams nas ye shes kyi 'khor lo spyan drangs par gyur/__spyan 'dren phyag mchod bstod pa'i rim pa bcas mchod skong gi zur 'debs su byung ba ltar sbyar mthar/__rang gi thugs ka nas sngags kyi 'od zer gzungs thag la 'khril te lha rnams la phog pas bde ba chen po'i rjes chags bskul byang chub sems kyi bdud rtsi ye shes kyi bcud du 'khyil bar gyur/__ces mos la gtso 'khor rnams kyi snying po ji ltar 'os pa skabs phyed par bzla/__mthar/__oM AHhU~M:__yul kun stong gzugs mchod pa'i sprin:__dbang po sgyu ma'i bde bas rol:__bde stong dbyer med thig le'i sku:__rdo rje btsun mor phyag 'tshal bstod:__zhes mchod bstod bsdus pa'i tshul gyis phul te/__lha rnams bde ba chen po'i ngo bor 'od du zhu nas thod pa'i bdud rtsi dang dbyer med du gyur/__zhes 'od zhu bya/__kun mthar gtor 'bul tshogs mchod kyi bar khrigs chags su btang ngo*/__/gnyis pa la gsum/__sngon 'gro 'jug pa'i chos dang*/___dngos gzhi dbang gis smin par byed pa/__rjes dam tshig khas blangs shing yon 'bul ba'o/__/dang po ni/__las bum gyi chus khrus byas te/__ji ltar bltams pa sogs khrus sngags dang rdo rje mkha' 'gro'i yig brgya bcas kyis dri ma bkru/__oM sa karma d+hA ki nI phaT:__dang hU~M bzhi'i sngags thun rol mo dang bcas pas bgegs bsal zhing*/__oM AHhU~M/__ra~M ya~M kha~M badz+ra sa ra Na rak+Sha rak+Sha hU~M hU~M/__zhes srung 'khor gyis phyogs bcings te/__sngon 'gro'i skabs su 'byung ba ltar maN+Dal phul/__oM tsak+Shu b+han+d+ha ba ra ma Na ya swA hA:__zhes mig dar 'ching*/__A khaM wI ra hU~M/__gis me tog blangs la thal mo sbyar bas/__hoH__rdo rje phag mo'i ye shes sku:__rdo rje slob dpon dgongs su gsol:__mkha' 'gro ma yi dkyil 'khor du:__bdag cag 'jug cing bsnyen sgrub spro:__gsang ba'i dam tshig 'tshal lags na:__smin cing grol bar mdzad du gsol:__zhes lan gsum gyis gsol ba gdab/__las byang ltar/__na moH__bdag dang khams gsum sogs kyis skyabs 'gro/__bdag gis sems can thams cad sogs sems bskyed/__hoH__bla ma mkha' 'gro'i lha tshogs sogs kyis sdom bzung bcas so sor lan gsum bya/__rang gi snying gar kun rdzob byang chub sems kyi ngo bo zla ba'i dkyil 'khor nya gang ba/__de'i steng du don dam byang chub sems kyi ngo bo rdo rje dkar po rtse lnga pa 'od zer 'phro ba dang bcas par gyur/__oM sarba yo ga tsit+ta u pa da ya mi/__zhes rdo rje snying gar bzhag ste gsang sngags nang gi sems bskyed/__b+h+rU~M dz+nyA na maN+Da la pra be sha ya phaT:__ces dbye rgya dang bcas pas sgo bzhi dbye/__dkyil 'khor la g.yon bskor gyis phyin pas phyag byas par mos la/__thal mo gnas gsum sbyar ba bcas/__oM badz+ra wA rA hI sarba maN+Da la dz+nyA na kA ya wA ka tsit+ta na ma mi:__lan bzhi'i mthar/__slar yang shar sgo'i thad du zhing chen gyi gdan la he ru ka'i chas kyis 'khod par gyur/__hoH__'di ni dngos grub mchog gi rgyu:__rdo rje phag mo'i byang sems te:__nyams na 'bar ba'i me yis bsreg:__bsrung na bde chen ye shes 'grub:__ba~M a mr-i ta u da ka Tha Tha Tha:__zhes dam chu myang bas/__de ltar byin pa'i byang sems kyi bdud rtsi snying gar ba~M yig gi rnam par gyur pa las 'od zer 'phros pas rig 'dzin bla ma bde ba chen po pad+ma thod phreng rtsal 'khor dpa' bo mkha' 'gro'i tshogs dang bcas pa byin thibs se byon par mos la thod rnga dang bcas/__oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaHsid+d+hi pha la hU~M AH__zhes dang hU~M zhes drag tu brjod pa'i glus bskul bas/__rig 'dzin bla ma'i sku las 'od zer me lce lta bu byung :__slob ma'i phung khams skye mched thams cad bsregs shing sbyangs:__rnam shes dwangs ma rdul bral ba~M yig mthing gar gyur pa he ru ka pad+ma thod phreng gi zhal du drangs:__thugs kar bde ba chen po'i ngo bor zhu ba sku yi dbyings brgyud sbyor mtshams nas phyir spros pas bcom ldan 'das rdo rje khros ma nag mo zhal phyag rgyan chas thams cad yongs su rdzogs pa'i skur lam gyis gsal ba'i snying ga'i 'od dang slob dpon gyi thugs ka nas 'phros pa'i 'od kyis rdo rje phag mo mkha' 'gro 'dus pa'i dkyil 'khor gyi 'khor lo mkha' khyab tu sad par mos la/__spos rol dang bcas te/__oM sarba dz+nyA na d+hA ki nI sogs las byang ltar byin 'bebs kyi sngags mthar/__dz+nyA na A be sha ya a AH__ra ra ra ra:__tsa la ya tsa la ya:__hU~M AHha dz+heM:__zhes dmigs pa'i gnad dang bcas pas byin drag tu dbab mthar/__hU~M hU~M hU~M/__gis bstim/__dz+nyA na badz+ra tiSh+Tha sa ma ya s+t+wa~M:__gyis brtan par bya/__dz+nyA na puSh+pe sa ma ya s+t+wa~M:__zhes me tog dor/__oM dz+nyA na d+hA ki nI puSh+pe a b+hi Shiny+tsa mis slar yang spyi bor bcing*/__dz+nyA na tsak+Shu hU~M AHsa mig dar bsal/__bcom ldan 'das rdo rje phag mo'i sku mtshan ma:__gsung bdud rtsi:__thugs sin+d+hU ra:__ye shes rdo rje sems dpa'i me long gi dkyil 'khor rnams dbyer mi phyed pa'i ngo bo 'og min gsang ba mchog gi dkyil 'khor rten dang brten par bcas pa ye shes kyi gzi byin lam mer mngon sum du mjal zhing :__de thams cad kyang rdo rje phung po'i rtsa rlung thig le sems dang bcas pa gdod nas dag pa'i rang bzhin du ye nas rang la bzhugs pa'i bdag nyid du ngo shes par gyis shig:__ces gdams pas mngon du mthong ba'i blos/__dz+nyA na sa ma ya ho ho ho:__zhes brjod do/__/gnyis pa la bzhi/__bum gsang shes rab ye shes tshig gi dbang ngo*/__/dang po bum pa'i dbang ni/__maN+Dal 'bul/__byang chub rdo rje 'chang chen pos:__bde gshegs rigs lnga'i sangs rgyas la:__dbang bskur ji ltar stsal ba bzhin:__bdag kyang rjes su bzung du gsol:__zhes gsol ba btab pas:__slob dpon rdo rje phag mo'i thugs ka nas 'od zer 'phros:__gdan gsum tshang ba'i dbang gi lha nam mkha' gang ba spyan drangs par gyur:__oM pany+tsa ku la sa pa ri wA ra ar+g+haM nas/__shab+da pra tits+tsha swA hA/__zhes mchod cing*/__chos sku nam mkha' bzhin du sogs sh+lo kas bstod/__dbang gi lha rnams kyis bkra shis pa'i rnam pa du ma dang bcas te rang byung bde stong gi bum pa spyi bo'i gnas lngar bzhag pas dbang bskur bar gyur/__b+han d+ha spyi bor bzhag ste/__oM:__snod ni chos dbyings ye shes klong :__bcud ni rdo rje khros ma che:__snod bcud yongs rdzogs dbang bskur bas:__bde gshegs rigs su lhun grub shog:__oM badz+ra b+hA rA he kro d+hI kA li a b+hi Shiny+tsa oM:__dpral bar bzhag ste/__hU~M:__snod ni me long ye shes klong :__bcud ni badz+ra d+hA ki nI:__snod bcud yongs=__rdo rje'i rigs su lhun=__oM ha badz+ra d+hA ki nI a b+hi Shiny+tsa hU~M:__rna ltag g.yas su bzhag la/__trA~M:__snod ni mnyam nyid ye shes klong :__bcud ni rat+na d+hA ki nI:__snod bcud yongs=__rin chen rigs su lhun=__oM ri rat+na d+hA ki nI a b+hi Shiny+tsa trA~M:__ltag par bzhag la/__hrI:__snod ni sor rtog ye shes klong :__bcud ni pad+ma d+hA ki nI:__snod bcud yongs=__pad+ma'i rigs su lhun=__oM ni pad+ma d+hA d+hA ki nI a b+hi Shiny+tsa hrI:__rna ltag g.yon du bzhag la/__AH__snod ni bya grub ye shes klong :__bcud ni karma d+hA ki nI:__snod bcud yongs=__las kyi rigs su lhun grub shog:__oM sa karma d+hA ki nI a b+hi Shiny+tsa AH__de ltar dbang bskur bas byang chub sems kyi chu rgyun spyi bo'i gnas lnga nas zhugs:__nyon mongs pa lnga bde chen du dag:__phung po lnga sangs rgyas lngar gnas gyur:__chu bo'i rba rlabs spyi bor brtan pa las he ru ka rigs lngas dbu brgyan par gyur:__slar yang b+han+d+ha gnas gsum du bzhag ste/__oM AHhU~M:__ji snyed sangs rgyas thams cad kyi:__rdo rje gsum gyi mkha' 'gro mas:__gnyug ma'i sgo gsum dbang bskur bas:__thugs gsung sku ru 'grub par shog:__oM sarba d+hA ki nI tsit+ta dz+nyA na at+ma ko\u0f85 ha~M:__wA ka dz+nyA na at+ma ko\u0f85 ha~M:__kA ya dz+nyA na at+ma ko\u0f85 ha~M:__zhes dbang bskur bas ye shes mkha' 'gro ma rnams kyi gsang ba gsum dang sgo gsum dbyer med du gyur te rdo rje slob dpon bdag po chen po'i go 'phang la dbang bar gyur:__dkyil 'khor gyi lha tshogs rnams kyi sku las ye shes kyi sku gnyis pa spros te slob ma'i gnas so sor bzhugs par bsam la/__lha rnams kyis dbang bskur te/__oM badz+ra b+hA rA he kro d+hI kA li kA ya a b+hi Shiny+tsa mi:__oM ha badz+ra d+hA ki nI kA ya a b+hi Shiny+tsa mi:__oM ri rat+na d+hA ki nI kA ya=__oM ni pad+ma d+hA ki nI kA ya=__oM sa karma d+hA ki nI kA ya=__oM khaN+Da ka pA la pra tsaN+Da kA ya=__oM daM Sh+ta ma hA na sa kA ya=__oM kang+ka la pra b+hA wa ti kA ya=__oM ma hA kang+ka tsaN+Da ak+Shi kA ya=__oM su ra wI ra ma tI kA ya=__oM a mi ta b+hA warga ri kA ya=__oM badz+ra b+ha leng+ka shwa ri kA ya=__oM badz+ra kA ya dru mats+tsha kA ya=__oM ang+ku ri e rA wa tI kA ya=__oM badz+ra hU~M kA ra su ra b+hak+ShI kA ya=__oM ma hA bi ra wA yu be gI kA ya=__oM ma hA dzA TI ma hA b+hai ra wi kA ya=__oM su b+ha dra sh+yA ma de wI kA ya=__oM badz+ra b+ha dra su b+ha dra kA ya=__oM ma hA b+he ra wa ha ya kar+NI kA ya=__oM bi ru pAk+Sha kha ga nI kA ya=__oM ma hA bA la tsakra be gI kA ya=__oM kha gar+b+ha tsakra warmi NI kA ya=__oM ha ya gr-I wa shoN+Di kA ya=__oM rat+na badz+ra khan+da ro ha kA ya=__oM he ru ka su bi ri kA ya=__oM pad+ma ni d+hI shwa ra ma hA bA la kA ya=__oM bai ro tsa na tsakra warti nI kA ya=__oM badz+ra sa twa ma hA bIr+ya kA ya=__oM kA kA mU khi kA ya=__oM sU ka ra mU khi kA ya=__oM shwa na mU khi kA ya=__oM u lU ka mU khi kA ya=__oM dza la d+hA ki nI kA ya=__oM s+tha na d+hA ki nI kA ya=__oM dz+wa la d+hA ki nI kA ya=__oM tsa la d+hA ki nI kA ya a b+hi Shiny+tsa mi:__dkyil 'khor gyi lha tshogs rnams kyi thugs srog sa bon las sngags kyi phreng ba byung slob ma'i gnas so sor bzhugs pa'i lha rnams kyi thugs srog mthar 'khod par mos la sngags rnams kyi rjes zlos lan gsum re bya/__thugs kyi dgongs ba ngo sprod pa ni/__hU~M:__chos kyi dbyings kyi ye shes sogs brjod la dgongs pa bskyangs/__des khams gsum gyi snang grags rtog pa'i chos thams cad dang :__rdo rje phung po'i grong khyer ye shes kyi mkha' 'gro ma'i lha tshogs rnams kyi sku gsung thugs su rnam par dag pa ltar nyams su blang ngo :__de ltar sku mtshan ma'i dkyil 'khor du bum pa'i dbang thob:__'dod khams dang lus kyi dri ma dag:__rdo rje phag mo'i sku sgom pa la dbang zhing 'bras bu sku rdo rje mngon du byed pa'i skal ba can du nges shes bskyed do:__gnyis pa gsang dbang ni/__slob dpon he ru ka gsal ba shes rab rdo rje phag mo dang snyoms par zhugs pa'i bde ba'i rol mo'i mkha' khyab rgyal ba'i 'khor lo spyan drangs:__zhal du zhugs 'dod chags chen po'i mes zhu ba byang chub sems dkar dmar 'dres pa'i rgyun yum mkha' nas spros:__thod pa'i lha tshogs kyi zhal du thim:__bde ba chen pos mnyes te 'od du zhu ba'i bdud rtsi byang chub sems kyi sprin lce thog tu bzhag par gyur:__b+han+d+ha mgrin par bzhag cing bcud la rol te/__hU~M:__thabs kyi rang bzhin byang chub sems:__mu tig ltar dkar dri ma med:__shes rab mchog gi rak+ta ni:__dmar gsal chags pa chen po'i tshul:__dbyer med lhan cig mnyam sbyor ba'i:__kun tu tshim byed bdud rtsi che:__'thungs shig 'thungs shig brtul zhugs can:__dpa' bo'i dam tshig 'di spyod cig:__oM b+ho d+hi tsit+ta a ho ma hA su kha a b+hi Shiny+tsa mi:__zhes bdud rtsi myang ba la brten nas gsal stong bde ba'i ye shes rgyud la skyes pa'i mthus:__rtsa gsum 'khor lo lnga lhag par gsal bar byas:__rtsa nang gi khams rnams gnas gyur te gnas lngar mkha' 'gro lnga'i dkyil 'khor shin tu gsal bar bsam la sems 'dzin dang*/__rlung ro bsal zhing bum can drag tu gcun/__lte ba rin chen mkha' 'gro las gtum mo 'bar ba dang*/__spyi bo'i sangs rgyas mkha' 'gro las zhu bde dang dbyer med pa'i 'od kyis snang stong 'ja' tshon ltar 'char ba'i sgyu lus/__snying ga'i rdo rje mkha' 'gro'i thugs dbus ma mthing gsal la sems gcun bas snang mched thob pa'i 'od gsal/__mgrin par pad+ma mkha' 'gro'i mgrin pa'i a~M dmar po la sems gtad pas rmi lam/__gsang gnas las kyi mkha' 'gro'i sku las byung ba'i rlung gi rnam shes kyi thig le sngo skya lte 'og sor bzhi nas brgyud/__spyi bo sangs rgyas mkha' 'gro'i thugs kar thim pas 'pho ba dang*/__bar do'i rlung sems kyi ngo bo nyid khros ma lus dkyil dang bcas pa'i 'od kyis snod bcud khyab pas bar do'i sku snang cha gsang ba gsum du shar ba bcas kyi ting nge 'dzin rnams rtse gcig tu sgom par bya'o/__/de ltar na gsung byang sems bdud rtsi'i dkyil 'khor du gsang ba'i dbang thob:__gzugs khams dang ngag gi dri ma dag:__rdo rje phag mo'i rlung sngags kyi de kho na nyid sgom pa la dbang zhing 'bras bu gsung rdo rje mngon du byed pa'i skal pa can du nges shes bskyed do:__gsum pa sher dbang ni/__slob ma skad cig gis he ru ka dmar po rdo rje dang dril bu 'dzin pa'i skur gyur la slob dpon gyi thugs ka nas rigs dang lang tsho rdzogs pa'i gzungs ma pad+ma can phag mo'i bdag nyid spros te thar pa bsten pa bskul bar gyur/__sin+d+hU ra'i maN+Dal bzung ste/__hU~M:__las kyi phyag rgya'i chu skyes mchog:__rnam thar gsum ldan chos 'byung dbus:__bde chen ye shes mchog ster ba:__chos kyi phyag rgya'i yi ges mtshan:__snyoms 'jug chags pa chen po'i me:__dam tshig phyag rgya'i dmar 'od 'bar:__dwangs gsal rnyogs med me long ltar:__phyag rgya chen po mngon gyur shog:__oM karma mu dra sarba dz+nyA na ma hA su kha ho:__zhes rig ma'i rtul zhugs byin par mos la sin+d+hU ra'i thig le smin mtshams su 'god pa dang bcas pa'i phyag rgya chags pa'i mdangs kyis/__sa ma ya hoH__zhes bskul bas/__sa ma ya s+t+wa~M:__zhes lan byin pas slar yang*/__a nu ra ga ya ho:sa bskul bas/__a nu ra ga ya mis lan gdab pas mchog tu dgyes pas/__dzaHhU~M ba~M hoH__zhes 'du shes gsum ldan gyis snyoms par zhugs nas dga' ba bzhi'i ros rgyud yongs su gang zhing tshims par gyur/__lag gnyis 'khyud rgya dang bcas/__oM sarba ta thA ga ta ma hA a nu ra ga Na hoH__slar yang thig le gyen du zlog ste mas brtan gyi dga' ba bzhi'i mthar son te lhan cig skyes pa'i ye shes mngon du byas pa'i ngang la mnyam par bzhag go:__dz+nyA na badz+ra swA b+ha wa at+ma ko\u0f85 ha~M:__zhes nga rgyal bzung*/__de ltar na thugs phyag rgya'i chu skyes mtshon pa'i sin+d+hU ra'i dkyil 'khor du shes rab ye shes kyi dbang thob:__gzugs med khams dang yid kyi dri ma dag:__rdo rje phag mo'i thugs bde chen gyi ye shes sgom pa la dbang zhing 'bras bu thugs rdo rje mngon du byed pa'i skal ba can du nges shes bskyed do:__bzhi pa tshig dbang ni/__slob ma lus gnad dang bcas bde chen gyi ngang du dus gsum gyi spros pa bcad de mnyam par bzhag pa la slob dpon rdo rje btsun mo'i brda' don rdo rje'i tshig gis ngo sprod par gyur/__rdo rje sems dpa'i me long bstan te/__ho:__ltos shig skal ldan rigs kyi bu:__snang ba'i ngo bo he ru ka:__stong pa'i bdag nyid phag mo yum:__mnyam sbyor bde ba chen po'i ngang :__dus gsum rtog pas ma bslad par:__rtse gcig mnyam par bzhag pa las:__ngo bo stong pa shel lta bu:__rdo rje phag mo chos kyi sku:__rang bzhin gsal ba 'ja' tshon ltar:__longs spyod rdzogs sku'i rol par shar:__zung 'jug rtsal snang ma 'gags pa:__thugs rje'i rnam rol sprul pa'i tshul:__de gsum ngo bo dbyer med pa'i:__blo 'das chen po'i rang zhal skyongs:__don gyi badz+ra wA ra hi:__tshe 'di nyid la 'grub par 'gyur:__oM d+harma d+hA tu dz+nyA na badz+ra a a a:__zhes tshig gis ngo sprad cing don la mnyam par bzhag go__/de ltar na ye shes dbyings rig dbyair med mtshon pa'i rdo rje btsun mo'i ye shes kyi dkyil 'khor du dbang bzhi pa thob:__khams gsum dang sgo gsum tha dad du 'dzin pa'i rtog pa thams cad dag:__rdo rje phag mo'i de kho na nyid bsam mi khyab pa'i gnas lugs sgom pa la dbang zhing 'bras bu ye shes rdo rje mngon du byed pa'i skal ba can du nges shes bskyed do:__gsum pa ni/__de ltar dbang bskur bas dam tshig tshul bzhin bsrung dgos pas rdo rje slob dpon gyis 'da' ka'i tha tshig bsgrags par mos shig:__hoH__de ring phyin chad bu khyod kyis:__gsang sngags rgyud las gang gsungs pa'i:__spyi dang khyad par lhag pa yi:__dam tshig sdom pa rtag tu zungs:__mdor na spyi dang khyad par gyi:__rgyud dang man ngag las gsungs pa'i:__dam tshig sdom la rab brtson pas:__dngos grub tshe 'dir grub par gyis:__zhes stsal ba'i lan du/__ji skad gsung bzhin sgrub lags na:__ye shes thugs rjes rtag tu skyongs:__gtang rag gi maN+Dal dang*/__deng nas brtsams te sogs lus longs spyod 'bul ba spyi ltar bya/__de ltar dbang bskur ba 'di lan gcig thob nas dam tshig ma nyams pa kho nas tshe 'di'am:__'chi kha'am:__bar do tshun chad du pho nya gsum gyis rjes su bzung zhing byin gyis brlabs pa la brten nas mchog gi dngos grub mngon du 'gyur ba the tshom med do:__zhes phan yon brjod pas spro ba bskyed/__slob ma la dbang bskur dgos na/__oM/__rdo rje ye shes thob byed pa'i/__/de bzhin gshegs pa thams cad kyi/__/snying po'i dkyil 'khor chen po 'dir/__/bdag gi slob ma 'jug par 'tshal/__/zhes gnang ba zhu/__tshogs la rol zhing lhag ma nas bzung shis brjod kyi bar mchod skong dang phrin las gzhung ltar mthar dbyung ngo*/__/tshul 'di lta bu'i slob ma la don dbang snying po'i tshul du byas na rung ba rig 'dzin brgyud pa'i phyag bzhes ltar la/__bsnyen bzlas las rung tsam la smin byed de kas 'thus pa dang*/__bskyed rdzogs thams cad nyams len 'dod pa la rtsa dbang chen mo 'bog dgos pa'i skabs kyang phyed bar dgos so/__/mchog tu mi 'gyur bde ba'i sgyu rtsal gyis/__/rnam kun mchog ldan mkha' 'gro'i dbyings rol pa'i/__/rdo rje bzhi yi grong khyer du rtsen pas/__/lhan skyes phyag rgya'i dga' ston rol gyur cig__/ces pa'ang yongs rdzogs bstan pa'i shing rta pad+ma 'od gsal mdo sngags gling pa'i ye shes sgyu ma'i rol rtsed bde chen he ru ka dngos pad+ma ye shes rdo rje'am 'jam dbyangs blo gros rgya mtsho'i thun mong ma yin pa'i bka' drin gyis rmad du byung ba'i gsang ba chen po'i dkyil 'khor du smin cing grol ba'i skal bzang nyams su myong ba'i rig 'dzin gyi btsun pa pad+ma dbang chen ye shes rol pa'i rdo rjes rnal 'byor zab mo'i rkyen du rig 'dzin gyi brgyud pa'i phyag bzhes kun mkhyen bla ma many+dzu'i zhabs kyis ji ltar gnang ba bzhin rtsa dbang chen mo las snying po'i bcud sdebs te 'dan yul rang gnas sa dkar bsam grub gling du bris pa 'dis kyang mkha' khyab yid can rgya mtsho bla ma ye shes DA kis mngon sum rjes su 'dzin pa'i rgyur gyur cig/_

Footnotes

Other Information