JKCL-KABUM-03-GA-014: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...") |
No edit summary |
||
(One intermediate revision by the same user not shown) | |||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བདུད་དཔུང་མཐར་བྱེད་རྡོ་རྗེ་རྩེ་བརྒྱ། | |||
|fulltitle=o rgyan rin po che la gsol ba 'debs pa bdud dpung mthar byed rdo rje rtse brgya | |||
|citation=[['jam dbyangs mkhyen brtse chos kyi blo gros]]. ''o rgyan rin po che la gsol ba 'debs pa bdud dpung mthar byed rdo rje rtse brgya''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 3: 49-52. Bir, H.P.: Khyentse Labrang, 2012. | |||
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་ | |||
|collectiontitle=chos kyi blo gros bka' 'bum | |collectiontitle=chos kyi blo gros bka' 'bum | ||
|author='jam dbyangs mkhyen brtse chos kyi blo gros | |author='jam dbyangs mkhyen brtse chos kyi blo gros | ||
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | ||
|tibgenre=Supplications - gsol 'debs | |||
|terma=No | |||
|jkcloutline=Three | |||
|deity=pad+ma 'byung gnas | |||
|language=Tibetan | |language=Tibetan | ||
| | |volumenumber=003 | ||
| | |volnumtib=༣ | ||
|volyigtib=ག་ | |||
|totalvolumes=12 | |||
|textnuminvol=014 | |textnuminvol=014 | ||
|pagenumbers=49-52 | |||
|totalpages=4 | |||
|beginfolioline=1a1 | |||
|endfolioline=2b5 | |||
|totalfolios=2 | |||
|multivolumework=No | |||
|colophontib=ཅེས་པའང་ས་མོ་གླང་གི་ལོ་གསར་དུ་ཚེས་བའི་དགའ་བ་དང་པོར་རིག་འཛིན་གྱི་བཙུན་པ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་སྙིང་ཐག་པ་ནས་དད་ཅིང་གུས་པས་གསོལ་བ་འདེབས་པ་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་ཨུ་རྒྱན་རྡོ་རྗེ་འཆང་གི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དུས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབས་ཏུ་གསོལ། ཤུ་བྷ་མསྟུ་སརྦ་ཛ་པ་ཏཾ།། | |||
|colophonwylie=ces pa'ang sa mo glang gi lo gsar du tshes ba'i dga' ba dang por rig 'dzin gyi btsun pa 'jigs med nam mkha'i rdo rje tshe dbang grub pa rtsal gyis snying thag pa nas dad cing gus pas gsol ba 'debs pa 'brel tshad rnams kyi rgyud la u rgyan rdo rje 'chang gi byin rlabs rgyud la zhugs shing dus kyi rgud pa thams cad nye bar zhi bar byin gyis brlabs tu gsol/__shu b+ha mastu sarba dza pa taM// | |||
|pdflink=File:JKCL-KABUM-03-GA-014.pdf | |pdflink=File:JKCL-KABUM-03-GA-014.pdf | ||
}} | }} | ||
Line 16: | Line 32: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བདུད་དཔུང་མཐར་བྱེད་རྡོ་རྗེ་རྩེ་བརྒྱ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཀ་དག་སྟོང་ཆེན་སྤྲོས་བྲལ་ཆོས་ཀྱི་སྐུ། །ལྷུན་གྲུབ་གསལ་མདངས་རིགས་ལྔ་གངས་ཆེན་མཚོ། །ཐུགས་རྗེ་འགྲོ་འདུལ་སྤྲུལ་པའི་སྐུར་བཞེངས་པ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུབ་དྲུག་ཐོད་ཕྲེང་སྡེ་ལྔ་དང་། །མཚན་བརྒྱད་འཕྲུལ་མཚན་བཅུ་གཉིས་བཞི་བཅུ་སོགས། །མཐའ་ཡས་ཞིང་ན་ཡོངས་སུ་ཁྱབ་པའི་བདག །པདྨ་འབྱུང་གནས་ཞབས་ལ༴ །རིག་འཛིན་བླ་མ་རྒྱ་མཚོའི་སྤྱི་གཟུགས་ཆེ། །ཡི་དམ་ཞི་ཁྲོ་ཀུན་གྱི་ངོ་བོ་ཉིད། །མཁའ་འགྲོ་ཡོངས་གྱི་མིང་པོ་དཔའ་བོ་ཆེ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ༴ །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ནི། །སིནྡྷཱུའི་དྭངས་མཚོར་རང་བྱུང་པད་སྡོང་རྩེར། །མངལ་དྲིས་མ་གོས་མཚན་དང་དཔེ་བྱད་ལྡན། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །དམ་ཆོས་ཀུན་འདུས་གུ་རུ༴ །དགེ་འདུན་ཀུན་འདུས༴ །བླ་མ་ཀུན་འདུས༴ །ཡི་དམ་ཀུན་འདུས༴ །མཁའ་འགྲོ་ཀུན་འདུས༴ །ཆོས་སྐྱོངས་ཀུན་འདུས༴ །ནོར་ལྷ་ཀུན་འདུས༴ །སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ། །རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། །སྔོན་གྱི་དམ་བཅའ་ཐུགས་བསྐྱེད་དུས་འདིར་དགོངས། །གློག་ལྟར་མྱུར་བའི་ཐུགས་རྗེས་ཤུགས་བསྐྱེད་དོ། །ཁྱོད་ཀྱི་རྗེས་འཇུག་བོད་འབངས་རྣམས་ལ་གཟིགས། །ད་ལྟ་རྩོད་དུས་སྙིགས་མའི་མཐའ་ལ་ཐུག །མི་དགེ་བཅུ་ལ་བག་མེད་སྤྱོད་པ་དང་། །སྡོམ་པ་གསུམ་གྱི་དམ་ཚིག་ཉམས་ཆགས་སོགས། །མ་རུང་ལས་ཀྱི་འབྲས་བུ་དུས་སུ་སྨིན། །མི་རྣམས་ཕལ་ཆེར་བསམ་སྦྱོར་ཕྱིན་ཅི་ལོག །སྡང་སེམས་ཞེ་སྡང་ཕྲག་དོག་སེར་སྣ་དང་། །འདོད་ཆགས་གཏི་མུག་མེ་ཆེན་རབ་སྦར་ནས། །གཞན་འབྱོར་དཔལ་ལ་མི་བཟོད་སྡང་ཞིང་འཁུ། །ཕན་ཚུན་འཐབས་རྩོད་དགྲ་ཇག་ཆོམ་རྐུན་དང་། །དཀོན་མཆོག་དཀོར་འཕྲོག་ལ་སོགས་སྡིག་བསགས་སྟེ། །སངས་རྒྱས་བསྟན་པ་རིན་ཆེན་དམའ་དབབ་ཅིང་། །བསྟན་འཛིན་སྐྱེས་བུ་ཐམས་ཅད་དབུ་འཕང་སྨད། །ཆོས་རྒྱལ་ཆབ་སྲིད་རྒུད་པར་བྱེད་པ་སོགས། །འཇིག་རྟེན་མི་བདེ་ཕུང་བྱེད་འགོང་པོའི་ཚོགས། །སྡེ་རིས་དང་བཅས་གང་དུ་གནས་པ་རྣམས། །མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། །རྡོ་རྗེ་དྲག་པོ་རྩལ་གྱི་སྤྲུལ་པ་ནི། །ཉི་ཟེར་རྡུལ་ལྟར་འཚུབས་པས་དྲག་ཏུ་གཟིར། །རྒྱལ་བའི་བསྟན་ལ་ལོག་པར་སེམས་པ་ཡི། །ལྷ་མིན་ཀླ་ཀློ་དུ་རུ་ཀ་ཡི་དཔུང་། །རྩ་བ་ཡན་ལག་བསྡོངས་ཟླ་སྣ་ཁྲིད་དང་། །རྗེས་སུ་འབྲངས་རྣམས་ཐལ་བའི་རྡུལ་བཞིན་རློགས། །མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད། །རྒྱ་འདྲེ་འགོང་པོ་དམ་སྲིའི་རྒྱུ་ལམ་ཆོད། །གཟུགས་ཅན་གཟུགས་མེད་གནོད་པའི་རིགས་མཐའ་དག །ཁྱོད་མཚན་དྲན་པ་ཙམ་གྱིས་བཟློག་པ་དང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །དཀར་ཕྱོགས་ལྷ་རྣམས་རྟེན་ལ་བཀོལ་བ་དང་། །དྲེགས་པ་སྡེ་བརྒྱད་རྡོ་རྗེའི་བཀའ་ཡིས་གཟིར། །བསམ་སྦྱོར་ངན་པ་ནུས་མེད་རབ་ཞི་ནས། །གཞན་ཕན་བྱང་ཆུབ་སེམས་དང་ལྡན་པར་མཛོད། །མི་ཕྱུགས་དལ་ཡམ་འཁྲུགས་རྩོད་ཐམས་ཅད་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགས་པ་དང་། །བཙའ་སད་སེར་དང་འབྱུང་བ་འཁྲུགས་པ་བཟློག །ས་བཅུད་རྩི་བཅུད་བཀྲག་མདངས་རྒྱས་པར་མཛོད། །སེམས་ཅན་ལས་ངན་དབང་དུ་མི་གཏོང་པར། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་དཔའ་ཚོན་བསྐྱེད། །བོད་འབངས་ཡལ་བར་མ་དོར་པད་འབྱུང་མཁྱེན། །བསླུ་མེད་སྐྱབས་ཀྱི་སྙིང་པོ་པད་འབྱུང་མཁྱེན། །དྲན་ཆོག་རྒྱལ་པོ་གུ་རུ་པད་འབྱུང་མཁྱེན། །ད་ལྟ་ཉིད་དུ་དགོངས་པར་མཛད་དུ་གསོལ། །སྐྱབས་གནས་གཞན་ནས་མི་འཚོལ་ཡིད་ཆེས་བློས། །སྙན་འགྱུར་གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །གུ་རུའི་བརྩེ་ཆེན་སྙན་གྱིས་གསན་དུ་གསོལ། །ཡེ་ཤེས་སྤྱན་གྱིས་རྟག་པར་རབ་གཟིགས་ནས། །སེམས་ཅན་སྤྱི་དང་ཁྱད་པར་འཛམ་བུའི་གླིང་། །ཡང་སྒོས་བོད་ཁམས་མཐའ་དབུས་ཐམས་ཅད་ཀུན། །ཁྱོད་ཀྱིས་ཕྱག་གིས་ཁེབས་པར་མཛད་དུ་གསོལ། །སངས་རྒྱས་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་ཁྲིམས་གཙང་བསླབ་གསུམ་ནོར་གྱིས་ཕྱུག །བཤད་དང་སྒྲུབ་པ་རྣམ་པར་དག་པ་འཕེལ། །འཇིག་རྟེན་པ་ཀུན་ཡང་དག་ལྟ་ལ་སྤྱོད། །དེ་འབྲས་རྫོགས་ལྡན་དཔལ་ཡོན་ལྟར་རྒྱས་མཛོད། །བདག་ཅག་ཚེ་རབ་ཀུན་ཏུ་ཨོ་རྒྱན་རྗེས། །ཐུགས་ཀྱི་གསང་མཛོད་ཟབ་མོ་འཛིན་པ་དང་། །རང་སྣང་སྐུ་གསུམ་པདྨ་འོད་ཞིང་དུ། །རང་རིག་པད་འབྱུང་རྗེ་དང་དབྱེར་མེད་ཤོག | {{TibP|ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་བདུད་དཔུང་མཐར་བྱེད་རྡོ་རྗེ་རྩེ་བརྒྱ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀཱ་ར་ཡེ། ཀ་དག་སྟོང་ཆེན་སྤྲོས་བྲལ་ཆོས་ཀྱི་སྐུ། །ལྷུན་གྲུབ་གསལ་མདངས་རིགས་ལྔ་གངས་ཆེན་མཚོ། །ཐུགས་རྗེ་འགྲོ་འདུལ་སྤྲུལ་པའི་སྐུར་བཞེངས་པ། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །གུ་རུ་ཐུབ་དྲུག་ཐོད་ཕྲེང་སྡེ་ལྔ་དང་། །མཚན་བརྒྱད་འཕྲུལ་མཚན་བཅུ་གཉིས་བཞི་བཅུ་སོགས། །མཐའ་ཡས་ཞིང་ན་ཡོངས་སུ་ཁྱབ་པའི་བདག །པདྨ་འབྱུང་གནས་ཞབས་ལ༴ །རིག་འཛིན་བླ་མ་རྒྱ་མཚོའི་སྤྱི་གཟུགས་ཆེ། །ཡི་དམ་ཞི་ཁྲོ་ཀུན་གྱི་ངོ་བོ་ཉིད། །མཁའ་འགྲོ་ཡོངས་གྱི་མིང་པོ་དཔའ་བོ་ཆེ། །རྡོ་རྗེ་ཐོད་ཕྲེང་རྩལ་ལ༴ །སྣང་བ་མཐའ་ཡས་སོར་རྟོག་ཡེ་ཤེས་ནི། །སིནྡྷཱུའི་དྭངས་མཚོར་རང་བྱུང་པད་སྡོང་རྩེར། །མངལ་དྲིས་མ་གོས་མཚན་དང་དཔེ་བྱད་ལྡན། །མཚོ་སྐྱེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་འདུས་གུ་རུ་རིན་པོ་ཆེ། །དམ་ཆོས་ཀུན་འདུས་གུ་རུ༴ །དགེ་འདུན་ཀུན་འདུས༴ །བླ་མ་ཀུན་འདུས༴ །ཡི་དམ་ཀུན་འདུས༴ །མཁའ་འགྲོ་ཀུན་འདུས༴ །ཆོས་སྐྱོངས་ཀུན་འདུས༴ །ནོར་ལྷ་ཀུན་འདུས༴ །སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ། །རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས། །སྔོན་གྱི་དམ་བཅའ་ཐུགས་བསྐྱེད་དུས་འདིར་དགོངས། །གློག་ལྟར་མྱུར་བའི་ཐུགས་རྗེས་ཤུགས་བསྐྱེད་དོ། །ཁྱོད་ཀྱི་རྗེས་འཇུག་བོད་འབངས་རྣམས་ལ་གཟིགས། །ད་ལྟ་རྩོད་དུས་སྙིགས་མའི་མཐའ་ལ་ཐུག །མི་དགེ་བཅུ་ལ་བག་མེད་སྤྱོད་པ་དང་། །སྡོམ་པ་གསུམ་གྱི་དམ་ཚིག་ཉམས་ཆགས་སོགས། །མ་རུང་ལས་ཀྱི་འབྲས་བུ་དུས་སུ་སྨིན། །མི་རྣམས་ཕལ་ཆེར་བསམ་སྦྱོར་ཕྱིན་ཅི་ལོག །སྡང་སེམས་ཞེ་སྡང་ཕྲག་དོག་སེར་སྣ་དང་། །འདོད་ཆགས་གཏི་མུག་མེ་ཆེན་རབ་སྦར་ནས། །གཞན་འབྱོར་དཔལ་ལ་མི་བཟོད་སྡང་ཞིང་འཁུ། །ཕན་ཚུན་འཐབས་རྩོད་དགྲ་ཇག་ཆོམ་རྐུན་དང་། །དཀོན་མཆོག་དཀོར་འཕྲོག་ལ་སོགས་སྡིག་བསགས་སྟེ། །སངས་རྒྱས་བསྟན་པ་རིན་ཆེན་དམའ་དབབ་ཅིང་། །བསྟན་འཛིན་སྐྱེས་བུ་ཐམས་ཅད་དབུ་འཕང་སྨད། །ཆོས་རྒྱལ་ཆབ་སྲིད་རྒུད་པར་བྱེད་པ་སོགས། །འཇིག་རྟེན་མི་བདེ་ཕུང་བྱེད་འགོང་པོའི་ཚོགས། །སྡེ་རིས་དང་བཅས་གང་དུ་གནས་པ་རྣམས། །མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། །རྡོ་རྗེ་དྲག་པོ་རྩལ་གྱི་སྤྲུལ་པ་ནི། །ཉི་ཟེར་རྡུལ་ལྟར་འཚུབས་པས་དྲག་ཏུ་གཟིར། །རྒྱལ་བའི་བསྟན་ལ་ལོག་པར་སེམས་པ་ཡི། །ལྷ་མིན་ཀླ་ཀློ་དུ་རུ་ཀ་ཡི་དཔུང་། །རྩ་བ་ཡན་ལག་བསྡོངས་ཟླ་སྣ་ཁྲིད་དང་། །རྗེས་སུ་འབྲངས་རྣམས་ཐལ་བའི་རྡུལ་བཞིན་རློགས། །མིང་གི་ལྷག་མ་ཙམ་ཡང་མེད་པར་མཛོད། །རྒྱ་འདྲེ་འགོང་པོ་དམ་སྲིའི་རྒྱུ་ལམ་ཆོད། །གཟུགས་ཅན་གཟུགས་མེད་གནོད་པའི་རིགས་མཐའ་དག །ཁྱོད་མཚན་དྲན་པ་ཙམ་གྱིས་བཟློག་པ་དང་། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །དཀར་ཕྱོགས་ལྷ་རྣམས་རྟེན་ལ་བཀོལ་བ་དང་། །དྲེགས་པ་སྡེ་བརྒྱད་རྡོ་རྗེའི་བཀའ་ཡིས་གཟིར། །བསམ་སྦྱོར་ངན་པ་ནུས་མེད་རབ་ཞི་ནས། །གཞན་ཕན་བྱང་ཆུབ་སེམས་དང་ལྡན་པར་མཛོད། །མི་ཕྱུགས་དལ་ཡམ་འཁྲུགས་རྩོད་ཐམས་ཅད་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགས་པ་དང་། །བཙའ་སད་སེར་དང་འབྱུང་བ་འཁྲུགས་པ་བཟློག །ས་བཅུད་རྩི་བཅུད་བཀྲག་མདངས་རྒྱས་པར་མཛོད། །སེམས་ཅན་ལས་ངན་དབང་དུ་མི་གཏོང་པར། །མགོན་པོ་ཁྱོད་ཀྱི་ཐུགས་རྗེའི་དཔའ་ཚོན་བསྐྱེད། །བོད་འབངས་ཡལ་བར་མ་དོར་པད་འབྱུང་མཁྱེན། །བསླུ་མེད་སྐྱབས་ཀྱི་སྙིང་པོ་པད་འབྱུང་མཁྱེན། །དྲན་ཆོག་རྒྱལ་པོ་གུ་རུ་པད་འབྱུང་མཁྱེན། །ད་ལྟ་ཉིད་དུ་དགོངས་པར་མཛད་དུ་གསོལ། །སྐྱབས་གནས་གཞན་ནས་མི་འཚོལ་ཡིད་ཆེས་བློས། །སྙན་འགྱུར་གདུང་བའི་དབྱངས་ཀྱིས་འབོད་ལགས་ན། །གུ་རུའི་བརྩེ་ཆེན་སྙན་གྱིས་གསན་དུ་གསོལ། །ཡེ་ཤེས་སྤྱན་གྱིས་རྟག་པར་རབ་གཟིགས་ནས། །སེམས་ཅན་སྤྱི་དང་ཁྱད་པར་འཛམ་བུའི་གླིང་། །ཡང་སྒོས་བོད་ཁམས་མཐའ་དབུས་ཐམས་ཅད་ཀུན། །ཁྱོད་ཀྱིས་ཕྱག་གིས་ཁེབས་པར་མཛད་དུ་གསོལ། །སངས་རྒྱས་བསྟན་དར་བསྟན་འཛིན་ཞབས་པད་བརྟན། །དགེ་འདུན་ཁྲིམས་གཙང་བསླབ་གསུམ་ནོར་གྱིས་ཕྱུག །བཤད་དང་སྒྲུབ་པ་རྣམ་པར་དག་པ་འཕེལ། །འཇིག་རྟེན་པ་ཀུན་ཡང་དག་ལྟ་ལ་སྤྱོད། །དེ་འབྲས་རྫོགས་ལྡན་དཔལ་ཡོན་ལྟར་རྒྱས་མཛོད། །བདག་ཅག་ཚེ་རབ་ཀུན་ཏུ་ཨོ་རྒྱན་རྗེས། །ཐུགས་ཀྱི་གསང་མཛོད་ཟབ་མོ་འཛིན་པ་དང་། །རང་སྣང་སྐུ་གསུམ་པདྨ་འོད་ཞིང་དུ། །རང་རིག་པད་འབྱུང་རྗེ་དང་དབྱེར་མེད་ཤོག །{{TibChung|ཅེས་པའང་ས་མོ་གླང་གི་ལོ་གསར་དུ་ཚེས་བའི་དགའ་བ་དང་པོར་རིག་འཛིན་གྱི་བཙུན་པ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་སྙིང་ཐག་པ་ནས་དད་ཅིང་གུས་པས་གསོལ་བ་འདེབས་པ་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་ཨུ་རྒྱན་རྡོ་རྗེ་འཆང་གི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དུས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབས་ཏུ་གསོལ། ཤུ་བྷ་མསྟུ་སརྦ་ཛ་པ་ཏཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 17:50, 30 November 2021
Wylie title | o rgyan rin po che la gsol ba 'debs pa bdud dpung mthar byed rdo rje rtse brgya | |
---|---|---|
Location | chos kyi blo gros bka' 'bum Volume 3, Text 14, Pages 49-52 (Folios 1a1 to 2b5) | |
Author | འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ | |
Less details More details | ||
Citation | 'jam dbyangs mkhyen brtse chos kyi blo gros. o rgyan rin po che la gsol ba 'debs pa bdud dpung mthar byed rdo rje rtse brgya. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 49-52. Bir, H.P.: Khyentse Labrang, 2012. | |
Genre | Supplications - gsol 'debs | |
Deity | pad+ma 'byung gnas | |
Colophon |
ཅེས་པའང་ས་མོ་གླང་གི་ལོ་གསར་དུ་ཚེས་བའི་དགའ་བ་དང་པོར་རིག་འཛིན་གྱི་བཙུན་པ་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱིས་སྙིང་ཐག་པ་ནས་དད་ཅིང་གུས་པས་གསོལ་བ་འདེབས་པ་འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་ཨུ་རྒྱན་རྡོ་རྗེ་འཆང་གི་བྱིན་རླབས་རྒྱུད་ལ་ཞུགས་ཤིང་དུས་ཀྱི་རྒུད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབས་ཏུ་གསོལ། ཤུ་བྷ་མསྟུ་སརྦ་ཛ་པ་ཏཾ།། | |
ces pa'ang sa mo glang gi lo gsar du tshes ba'i dga' ba dang por rig 'dzin gyi btsun pa 'jigs med nam mkha'i rdo rje tshe dbang grub pa rtsal gyis snying thag pa nas dad cing gus pas gsol ba 'debs pa 'brel tshad rnams kyi rgyud la u rgyan rdo rje 'chang gi byin rlabs rgyud la zhugs shing dus kyi rgud pa thams cad nye bar zhi bar byin gyis brlabs tu gsol/__shu b+ha mastu sarba dza pa taM// |
":Property:textsubnumber|textsubnumber" can not be assigned to a declared number type with value 1.