རྩ་གསུམ་ཀུན་འདུས་རྒྱལ་དབང་པདྨ་འབྱུང་སོགས་ཨོ་རྒྱན་གསོལ་འདེབས་ཚིག་བཞི་མ།

From Khyentse Lineage - A Tsadra Foundation Project
JKCL-KABUM-03-GA-013
Wylie title rtsa gsum kun 'dus rgyal dbang pad+ma 'byung sogs o rgyan gsol 'debs tshig bzhi ma JKCL-KABUM-03-GA-013.pdf
Location chos kyi blo gros bka' 'bum
Volume 3, Text 13, Pages 47 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum kun 'dus rgyal dbang pad+ma 'byung sogs o rgyan gsol 'debs tshig bzhi ma. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 47. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Deity pad+ma 'byung gnas, o rgyan rdo rje 'chang
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/spontaneous-fulfilment-of-wishes

https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/heart-prayer https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/to-fulfil-all-wishes

Colophon
  • First colophon: །ཅེས་པའང་དྷརྨ་མ་ཏིས་སོ།།
  • Second colophon: ཆོས་ཀྱི་བློ་གྲོས་པས་སོ།།
  • Third colophon: །ཅེས་པའང་གུང་རུ་ཁག་བཞི་ལས་ལྷ་ལུང་སྟོད་ཁ་བདེ་རབ་གཞིས་ཀར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པའོ།།
  • First colophon: /ces pa'ang d+harma ma tis so//
  • Second colophon: chos kyi blo gros pas so//
  • Third colophon: ces pa'ang gung ru khag bzhi las lha lung stod kha bde rab gzhis kar chos kyi blo gros pas gsol ba btab pa'o

1 Texts in this Section (sde tshan or chos tshan)

[edit]
རྩ་གསུམ་ཀུན་འདུས་རྒྱལ་དབང་པདྨ་འབྱུང་། །རང་བཞིན་དབྱེར་མེད་ངང་ནས་གསོལ་བ་འདེབས། །ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། །དོན་གཉིས་བསམ་པ་ལྷུན་གྱིས་འགྲུབ་པར་ཤོག །ཅེས་པའང་དྷརྨ་མ་ཏིས་སོ།། །། ༈ སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །བདག་གི་སྙིང་དབུས་ཟེའུ་འབྲུར་བཞུགས་ནས་ཀྱང་། །དུག་གསུམ་འཁྲུལ་པའི་བག་ཆགས་རྒྱུན་སྦྱངས་ནས། །རིག་པའི་འོད་གསལ་རྟོགས་པར་བྱིན་གྱིས་རློབས། །ཆོས་ཀྱི་བློ་གྲོས་པས་སོ།། །། ༈ བསླུ་མེད་སྐྱབས་ཀྱི་སྙིང་པོ་པདྨ་འབྱུང་། །ཁྱེད་ལ་ཉིན་མཚན་དུས་དྲུག་མོས་གུས་ཀྱི། །གདུང་ཤུགས་དྲག་པོས་གསོལ་བ་འདེབས་ལགས་ན། །བར་ཆད་རྐྱེན་ངན་དབང་དུ་མི་གཏོང་ཞིང་། །མི་འབྲལ་རྟག་ཏུ་ཐུགས་རྗེས་སྐྱོང་བ་དང་། །བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཅེས་པའང་གུང་རུ་ཁག་བཞི་ལས་ལྷ་ལུང་སྟོད་ཁ་བདེ་རབ་གཞིས་ཀར་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པའོ།། །།

Footnotes

Other Information