JKCL-KABUM-02-KHA-024

From Khyentse Lineage - A Tsadra Foundation Project
Revision as of 14:49, 24 November 2021 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

སྒྲ་དབྱངས་ལྷ་མོར་བསྟོད་པ་པི་ཝཾ་གླིང་བུའི་དབྱངས་སྙན།
Wylie title sgra dbyangs lha mor bstod pa pi waM gling bu'i dbyangs snyan JKCL-KABUM-02-KHA-024.pdf
Location chos kyi blo gros bka' 'bum
Volume 2, Text 24, Pages 403-407 (Folios 1a1 to 3a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sgra dbyangs lha mor bstod pa pi waM gling bu'i dbyangs snyan. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 403-407. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma
Colophon

།ཅེས་པའང་མེ་གླང་ཐ་སྐར་ཟླ་༩ཚེས་༡༢ལ་གཉེར་པད་རྡོར་ལ་ལྷ་མོ་འདིའི་རྗེས་གནང་སྐབས་ཡིད་ལ་གང་ཤར་ཐོལ་བྱུང་བཀོད་པའི་དགེ་བས་བདག་གཞན་ཐམས་ཅད་བློ་གྲོས་ཀྱི་པད་ཚལ་དར་ལ་བབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། ། །།

/ces pa'ang me glang tha skar zla 9tshes 12la gnyer pad rdor la lha mo 'di'i rjes gnang skabs yid la gang shar thol byung bkod pa'i dge bas bdag gzhan thams cad blo gros kyi pad tshal dar la bab pa'i rgyur gyur cig__/shu b+haM/__mang+ga laM/__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
སྒྲ་དབྱངས་ལྷ་མོར་བསྟོད་པ་པི་ཝཾ་གླིང་བུའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་ར་སྭསྟཱི་ལསྱ་ཀ་མ་ལེ་ན་མཿསྔོན་ཚེ་རྒྱལ་བ་རྣམས་ལ་ནི། །མཉེས་པའི་བྱ་བ་རབ་སྒྲུབ་ཅིང་། །རྣམ་པར་གཟིགས་ཞེས་བྱ་བ་ཡི། །རྒྱལ་བ་ཉི་མ་འཇིག་རྟེན་དུ། ༡། བྱུང་ཚེ་འདྲེན་པ་མཆོག་དེ་ཡིས། །འཕགས་པའི་ཐུ་བོ་སྤྱན་རས་གཟིགས། །པད་དཀར་འཆང་བའི་བསྔགས་པ་སྒྲོགས། །དེ་ཡི་རོལ་གར་མཐའ་ཡས་སྟོན། ༢། འཕགས་མཆོག་ཚེམས་ཀྱི་མཆེ་བ་ཡི། །མྱུ་གུ་གསར་པའི་རྩེ་མོ་ལས། །ངག་དབང་དབྱངས་ཅན་དཔལ་མོ་འདི། །མངོན་པར་ཕྱུངས་ཞེས་གྲགས་པས་མཛེས། ༣། རྒྱལ་རྣམས་འཕོ་མདོ་བདེ་བ་དང་། །མི་ཕྱེད་སྟོང་ཉིད་ཤེར་ཕྱིན་དེ། །རྣམ་པའི་གཟུགས་སུ་རབ་ཤར་བ། །སྒྲ་དབྱངས་ལྷ་མོ་ཁྱོད་ཉིད་ངེས། ༤། ལྷུན་པོའི་ལྷོ་ཡི་ཕྱོགས་ཞིག་ན། །བདུད་རྩིའི་རྒྱ་མཚོར་རླུང་གིས་བསྐུལ། །མུ་ཏིག་ལྟར་དཀར་རླབས་གཡོས་པས། །སྲིད་གསུམ་སྒྲ་ཡི་དབྱངས་སྙན་ཁྱབ། ༥། མི་འཆི་ཞེས་བྱའི་ཚངས་པ་ཡི། །ཐོས་འཛིན་བུ་གར་ཆུད་གྱུར་ཅིང་། །གང་ཞིག་སྲེད་པ་དང་ལྡན་པས། །སྒྲ་རོས་སེམས་ནི་མྱོས་པར་གྱུར། ༦། ཡིད་ཀྱིས་སྦྱོར་བ་དེ་ལས་ནི། །ཕྱོགས་བཅུའི་སྒྲ་ཡི་རྡུལ་འདུས་པས། །ཡ་མཚན་རྨད་བྱུང་ལྷ་མོ་ནི། །ཏམྦུ་ར་ལ་འཁྱུད་པ་བྱུང་། ༧། རྒྱ་མཚོའི་བུ་མོ་ཚངས་སྲས་དང་། །སྒྲ་ཡི་དབྱངས་ཀྱི་ལྷ་མོ་ཞེས། །རང་རང་སྐད་ཀྱིས་ཚིམ་པར་བྱེད། །ཆགས་བྲལ་ཆགས་པ་ལྡན་མ་དེ། ༨། གཟུངས་སྟོབས་བློ་གྲོས་ཆོས་དབང་འབྱོར། །གསང་གསུམ་འཇིག་རྟེན་ཀུན་གྱི་ཕུལ། །ལྷར་བཅས་འགྲོ་ཀུན་དགའ་བསྐྱེད་ཅིང་། །འཇམ་པའི་དཔལ་ལའང་ཆགས་བསྐྱེད་ན། ༩། གཞན་དང་གཞན་ལ་སྨོས་ཅི་ཞིག །འདོད་པའི་ཁམས་ཀྱི་ལུས་སྔ་མས། །ཀུན་ཏུ་འཆིང་བའི་ཟག་པ་སྐྱེད། །ཁྱོད་ཀྱི་གཞིན་གྱི་དཔལ་ཡོན་དེས། ༡༠། ཁམས་གསུམ་ཡིད་ཀྱི་བརྟན་འཕྲོག་ཀྱང་། །ཉེས་པའི་སྐྱེད་རྩ་ཐམས་ཅད་ཟད། །བདག་ཏུ་རྟོག་པའི་དགྲར་གྱུར་ཅིང་། །བདག་མེད་ཤེས་རབ་དཔལ་དང་རོལ། ༡༡། མཆོག་ཏུ་མི་འགྱུར་བདེ་སྟེར་མཁན། །འཕགས་དང་སོ་སྐྱེ་ཐམས་ཅད་ཀྱིས། །གང་གིས་སྐུ་དང་རིག་སྔགས་རྣམས། །ཡིད་ཀྱི་ཁང་པར་བཀོད་པ་ན། ༡༢། དེ་དང་དེ་ལ་དངོས་སུ་འཇུག །བློ་གྲོས་མཆོག་ཏུ་རྒྱས་བྱེད་ཅིང་། །སྨྲ་བ་ལ་ནི་ཐོགས་མེད་འགྱུར། །ཁྱད་པར་སྒྲ་ཡི་སྦྱོར་བ་དང་། ༡༣། སྙན་ངག་བྱེད་མཁས་རྒྱལ་རྣམས་བསྟོད། །དེ་ཡིས་ཚོགས་ཆེན་སྡུད་པར་འགྱུར། །ཀུན་ཏུ་རྨོངས་པའི་སེམས་ལྡན་རྣམས། །ཐེ་ཚོམ་སྨག་བྲལ་སྙིང་ལ་ནི། ༡༤། དབྱངས་ཅན་ཟླ་བ་རྒྱས་པར་བྱེད། །ཞི་བསིལ་བདུད་རྩིའི་རླབས་ཕྲེང་གི། རྒྱགས་སོགས་འདོད་ཉོན་ཚ་གདུང་རྣམས། །འཇོམས་བྱེད་ཀུན་ཏུ་དགའ་བའི་སྨན། ༡༥། ཁྱོད་ཉིད་ལས་ནི་གཞན་སུ་ཞིག །རི་བོང་ཅན་དང་པད་དཀར་སོགས། །སྐུ་ཡི་ཆ་ཙམ་དག་གི་ཡང་། །མོག་པོར་བྱེད་པའི་གཟི་འོད་འདི། ༡༦། ཚངས་སྲས་ལྷ་མོ་མ་ལགས་སམ། །འཁོར་དང་མྱ་ངན་འདས་པ་ཡི། །བརྟན་གཡོ་ཇི་སྙེད་མཆིས་གྱུར་པ། །ཁྱོད་ཉིད་དུ་མར་འཕྲུལ་པ་ཡིས། ༡༧། རྣམ་རོལ་གཅིག་ཏུ་བདེན་པར་འཁུམས། །མདོ་སྡེ་གསེར་གྱི་འོད་ཆེན་ལས། །བྱང་ཆུབ་ཆེན་པོ་དབྱངས་ཅན་མཆོག །རང་རྒྱལ་ཟུང་བཞི་བདེན་ཡང་དག༡༨། དྲང་སྲོང་ཨུ་མ་སྙེམ་བྱེད་སོགས། །དབྱངས་ཅན་ཉིད་དུ་བདེན་སྨྲས་གསུངས། །ཚངས་པའི་གནས་ནས་འཕོས་པ་ཡིས། །ཆུ་གཏེར་རིག་བྱེད་བདེན་པའི་དོན། ༡༩། སྭ་ར་སྭསྟཱི་ཞེས་གྲགས་པའི། །ངང་པའི་བུ་མོ་མཆོག་མཛེས་མ། །ཏམྦུ་ར་ཡི་ཆུང་མ་སྟེ། །འཁོར་འདས་གཉིས་ཀྱི་མཚམས་གནས་ཤིང་། ༢༠། ཕྱི་ནང་ཀུན་གྱི་ལྷ་མོར་ཆེར། །བདག་གི་ཁྱེད་ལ་དད་པའི་མཐུས། །རབ་ཏུ་བསྟོད་པའི་དགེ་ཚོགས་ནི། །ཤིན་ཏུ་རྣམ་པར་དཀར་བའི་སྤྲིན། ༢༡། འཆི་མེད་ལམ་གྱི་ཕ་མཐར་ཁྱབ། །དེ་མཐུས་བདག་བློ་དྲི་མེད་ཤོག །སྒྲ་དང་ཚད་མ་བཟོ་གསོ་དང་། །གྲངས་གནས་སྙན་ངག་སྡེབ་སྦྱོར་སོགས། ༢༢། ཕྱི་ནང་རིག་པའི་གནས་ཀུན་ལ། །བློ་གྲོས་ཐོགས་པ་མེད་སྒྲུབ་ཤོག །ཁྱད་པར་བདག་དང་བལྟོས་བཅས་ཀྱི། །ཟབ་རྒྱས་གནས་ཀུན་མཇལ་བ་ལ། ༢༣། སྤོབས་པའི་གཏེར་ཆེན་རྒྱས་པ་དང་། །སྨྲ་བའི་ཉི་མར་བྱིན་གྱིས་རློབས། །མཆོག་ཏུ་རྡོ་རྗེ་ཐེག་པ་ཡི། །སྔགས་གཞུང་རྒྱ་མཚོར་དབང་བརྙེས་ཤིང་། ༢༤། ནང་གི་ཡེ་ཤེས་ཟེར་ཆེན་གྱིས། །དཀྱིལ་འཁོར་རྣམ་བཞི་གསལ་གྱུར་ཅིག །བཅུ་དྲུག་དགའ་བཞིའི་སྒྱུ་རྩལ་གྱིས། །གྲོགས་བུའང་ལྷ་མོས་ཉེར་བསྒྲུབ་ཀྱིས། ༢༥། འཇམ་དཔལ་རྡོ་རྗེ་ཡབ་ཡུམ་གཉིས། །ཚེ་འདི་ཉིད་ལ་འགྲུབ་པར་ཤོག །གང་ཞིག་བརྗོད་པ་ཐམས་ཅད་ཀྱང་། །མཚོ་བྱུང་དབྱངས་ཅན་ལྷ་མོ་བཞིན། ༢༦། སྒྲ་དབྱངས་བདག་པོར་འགྱུར་བ་དང་། །རབ་སྙན་ཚིག་གཏེར་བསྟོབས་གྱུར་ཅིག །བྲམ་ཟེ་ཕུར་བུ་འཕགས་མས་རྗེས་བཟུང་ནས། །དངོས་གྲུབ་ཇི་ལྟར་སྩོལ་བ་དེ་བཞིན་དུ། །གུས་ལྡན་བདག་ལ་བརྩེ་ལྡན་ལྷ་མོ་ཡི། །དུས་རྣམ་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །སྨྲ་བ་ཟད་མེད་ཆུ་རླུང་འབུམ་དུ་འཕྱུར། །སྙན་ངག་མུ་ཏིག་སྦུ་བ་ཆིལ་ཆིལ་གཡོ། །སྲས་བཅས་རྒྱལ་བས་རབ་བསྔགས་དབྱངས་སྙན་གྱིས། །བསྔགས་འོས་བསྔགས་བསྟོད་མཆོག་གྱུར་བཀྲ་ཤིས་ཤོག །ཅེས་པའང་མེ་གླང་ཐ་སྐར་ཟླ་༩ཚེས་༡༢ལ་གཉེར་པད་རྡོར་ལ་ལྷ་མོ་འདིའི་རྗེས་གནང་སྐབས་ཡིད་ལ་གང་ཤར་ཐོལ་བྱུང་བཀོད་པའི་དགེ་བས་བདག་གཞན་ཐམས་ཅད་བློ་གྲོས་ཀྱི་པད་ཚལ་དར་ལ་བབ་པའི་རྒྱུར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། ། །།
[edit]

sgra dbyangs lha mor bstod pa pi waM gling bu'i dbyangs snyan zhes bya ba bzhugs so/____/oM swa ra swastI las+ya ka ma le na maHsngon tshe rgyal ba rnams la ni/____/mnyes pa'i bya ba rab sgrub cing /____/rnam par gzigs zhes bya ba yi/____/rgyal ba nyi ma 'jig rten du/__1/__byung tshe 'dren pa mchog de yis/____/'phags pa'i thu bo spyan ras gzigs/____/pad dkar 'chang ba'i bsngags pa sgrogs/____/de yi rol gar mtha' yas ston/__2/__'phags mchog tshems kyi mche ba yi/____/myu gu gsar pa'i rtse mo las/____/ngag dbang dbyangs can dpal mo 'di/____/mngon par phyungs zhes grags pas mdzes/__3/__rgyal rnams 'pho mdo bde ba dang /____/mi phyed stong nyid sher phyin de/____/rnam pa'i gzugs su rab shar ba/____/sgra dbyangs lha mo khyod nyid nges/__4/__lhun po'i lho yi phyogs zhig na/____/bdud rtsi'i rgya mtshor rlung gis bskul/____/mu tig ltar dkar rlabs g.yos pas/____/srid gsum sgra yi dbyangs snyan khyab/__5/__mi 'chi zhes bya'i tshangs pa yi/____/thos 'dzin bu gar chud gyur cing /____/gang zhig sred pa dang ldan pas/____/sgra ros sems ni myos par gyur/__6/__yid kyis sbyor ba de las ni/____/phyogs bcu'i sgra yi rdul 'dus pas/____/ya mtshan rmad byung lha mo ni/____/tam+bu ra la 'khyud pa byung /__7/__rgya mtsho'i bu mo tshangs sras dang /____/sgra yi dbyangs kyi lha mo zhes/____/rang rang skad kyis tshim par byed/____/chags bral chags pa ldan ma de/__8/__gzungs stobs blo gros chos dbang 'byor/____/gsang gsum 'jig rten kun gyi phul/____/lhar bcas 'gro kun dga' bskyed cing /____/'jam pa'i dpal la'ang chags bskyed na/__9/__gzhan dang gzhan la smos ci zhig__/'dod pa'i khams kyi lus snga mas/____/kun tu 'ching ba'i zag pa skyed/____/khyod kyi gzhin gyi dpal yon des/__10/__khams gsum yid kyi brtan 'phrog kyang /____/nyes pa'i skyed rtsa thams cad zad/____/bdag tu rtog pa'i dgrar gyur cing /____/bdag med shes rab dpal dang rol/__11/__mchog tu mi 'gyur bde ster mkhan/____/'phags dang so skye thams cad kyis/____/gang gis sku dang rig sngags rnams/____/yid kyi khang par bkod pa na/__12/__de dang de la dngos su 'jug__/blo gros mchog tu rgyas byed cing /____/smra ba la ni thogs med 'gyur/____/khyad par sgra yi sbyor ba dang /__13/__snyan ngag byed mkhas rgyal rnams bstod/____/de yis tshogs chen sdud par 'gyur/____/kun tu rmongs pa'i sems ldan rnams/____/the tshom smag bral snying la ni/__14/__dbyangs can zla ba rgyas par byed/____/zhi bsil bdud rtsi'i rlabs phreng gi/__rgyags sogs 'dod nyon tsha gdung rnams/____/'joms byed kun tu dga' ba'i sman/__15/__khyod nyid las ni gzhan su zhig__/ri bong can dang pad dkar sogs/____/sku yi cha tsam dag gi yang /____/mog por byed pa'i gzi 'od 'di/__16/__tshangs sras lha mo ma lags sam/____/'khor dang mya ngan 'das pa yi/____/brtan g.yo ji snyed mchis gyur pa/____/khyod nyid du mar 'phrul pa yis/__17/__rnam rol gcig tu bden par 'khums/____/mdo sde gser gyi 'od chen las/____/byang chub chen po dbyangs can mchog__/rang rgyal zung bzhi bden yang dag18/__drang srong u ma snyem byed sogs/____/dbyangs can nyid du bden smras gsungs/____/tshangs pa'i gnas nas 'phos pa yis/____/chu gter rig byed bden pa'i don/__19/__swa ra swastI zhes grags pa'i/____/ngang pa'i bu mo mchog mdzes ma/____/tam+bu ra yi chung ma ste/____/'khor 'das gnyis kyi mtshams gnas shing /__20/__phyi nang kun gyi lha mor cher/____/bdag gi khyed la dad pa'i mthus/____/rab tu bstod pa'i dge tshogs ni/____/shin tu rnam par dkar ba'i sprin/__21/__'chi med lam gyi pha mthar khyab/____/de mthus bdag blo dri med shog__/sgra dang tshad ma bzo gso dang /____/grangs gnas snyan ngag sdeb sbyor sogs/__22/__phyi nang rig pa'i gnas kun la/____/blo gros thogs pa med sgrub shog__/khyad par bdag dang bltos bcas kyi/____/zab rgyas gnas kun mjal ba la/__23/__spobs pa'i gter chen rgyas pa dang /____/smra ba'i nyi mar byin gyis rlobs/____/mchog tu rdo rje theg pa yi/____/sngags gzhung rgya mtshor dbang brnyes shing /__24/__nang gi ye shes zer chen gyis/____/dkyil 'khor rnam bzhi gsal gyur cig__/bcu drug dga' bzhi'i sgyu rtsal gyis/____/grogs bu'ang lha mos nyer bsgrub kyis/__25/__'jam dpal rdo rje yab yum gnyis/____/tshe 'di nyid la 'grub par shog__/gang zhig brjod pa thams cad kyang /____/mtsho byung dbyangs can lha mo bzhin/__26/__sgra dbyangs bdag por 'gyur ba dang /____/rab snyan tshig gter bstobs gyur cig__/bram ze phur bu 'phags mas rjes bzung nas/____/dngos grub ji ltar stsol ba de bzhin du/____/gus ldan bdag la brtse ldan lha mo yi/____/dus rnam kun tu rjes su 'dzin gyur cig__/smra ba zad med chu rlung 'bum du 'phyur/____/snyan ngag mu tig sbu ba chil chil g.yo/____/sras bcas rgyal bas rab bsngags dbyangs snyan gyis/____/bsngags 'os bsngags bstod mchog gyur bkra shis shog__/ces pa'ang me glang tha skar zla 9tshes 12la gnyer pad rdor la lha mo 'di'i rjes gnang skabs yid la gang shar thol byung bkod pa'i dge bas bdag gzhan thams cad blo gros kyi pad tshal dar la bab pa'i rgyur gyur cig__/shu b+haM/__mang+ga laM/__/____//_

Footnotes

Other Information