JKCL-KABUM-02-KHA-025

From Khyentse Lineage - A Tsadra Foundation Project

དབྱངས་ཅན་མ་ལ་བསྟོད་པ་པུཎྜཱ་རི་ཀའི་འཛུམ་རླབས།
Wylie title dbyangs can ma la bstod pa puN+DA ri ka'i 'dzum rlabs JKCL-KABUM-02-KHA-025.pdf
Location chos kyi blo gros bka' 'bum
Volume 2, Text 25, Pages 409-411 (Folios 1a1 to 2a1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. dbyangs can ma la bstod pa puN+DA ri ka'i 'dzum rlabs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 409-411. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Deity dbyangs can ma
Colophon

དེ་སྐད་བསྟོད་ཅིང་གསོལ་བའི་རིམ་པ་ནི། །ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྨོན་པའི། །མིང་གི་འཇམ་དབྱངས་ལང་ཚོ་སྙིམས་པ་དེས། །དཀར་ཕྱོགས་རྫོགས་པའི་ཚེས་ཀྱི་སྔ་ཆར་བྲིས། །དགེའོ། །

de skad bstod cing gsol ba'i rim pa ni/____/thams cad mkhyen pa'i go 'phang la smon pa'i/____/ming gi 'jam dbyangs lang tsho snyims pa des/____/dkar phyogs rdzogs pa'i tshes kyi snga char bris/____/dge'o/__/

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
དབྱངས་ཅན་མ་ལ་བསྟོད་པ་པུཎྜཱ་རི་ཀའི་འཛུམ་རླབས་ཞེས་བྱ་བ། ཨོཾ་སྭ་ར་སྭསྟི་ན་མོ། ཚངས་པ་ལས་བྱུང་ཏམ་བུ་རས། །མཛེས་འཁྱུད་སྒྲ་དབྱངས་ལྷ་མོ་ནི། །རང་གཞན་ཀུན་གྱི་སྤོབས་པའི་གཏེར། །འབྱུང་གནས་མ་དྲོས་རྒྱ་མཚོ་ཆེ། ༡། ཕུན་ཚོགས་དབྱར་གྱི་དཔལ་ཡོན་རྒྱས། །སྐྱེ་རྒུ་རྒུད་པའི་གདུང་བ་གཞིལ། །རི་བོང་ཅན་གྱི་སྤུན་ཟླ་ནི། །དྲི་མེད་གསལ་བ་ཀུནྡའི་གཉེན། ༢། མུན་པའི་འཐིབ་པོ་དྲལ་བྱེད་ཅིང་། །ལྟ་ངན་ཚ་ཟེར་ཉམས་དམས་པས། །མཚན་མོའི་མགོན་པོ་ཁྱོད་གཅིག་པུ། །ངག་ཚིག་ས་རའི་སྒྲ་ལས་བྱུང་། ༣། དེ་ཕྱིར་ཁྱོད་ལུས་མཚོ་བྱུང་ཞེས། །རིག་བྱེད་མཁན་པོས་མ་བཞིན་བཀུར། །བསྟན་བཅོས་མང་པོའི་དོན་སྩོལ་ཞིང་། ༤། སྐུ་གཅིག་ཀུན་ལ་ཁྱབ་པས་ན། །ཞི་ཆགས་ཁྲོ་མོའི་རྣམ་འགྱུར་ནི། །གར་ལ་བལྟས་པ་དང་མཚུངས་པའི། །དངོས་གྲུབ་ཀུན་སྟེར་དབྱངས་ཅན་མ། ༥། བདེ་དང་སྟོང་པའི་ཕ་མཐར་སོན། །ཟུང་འཇུག་གཞི་འབྲས་དབྱེར་མེད་སྐུ། །གསུང་དབྱངས་རྣམ་པ་ཐམས་ཅད་པ། །ཟབ་ཞི་སྤྲོས་པ་བྲལ་བའི་ཐུགས། ༦། མཛེས་པའི་སྐུ་དང་སྙན་པའི་གསུང་། །བྱམས་བརྩེའི་ཐུགས་དང་ཡོན་ཏན་ཞི། །བརྒྱན་མཆོག་དུ་མས་དུང་གི་རི། །སྤྲས་པ་དང་མཚུངས་ཕྲིན་ལས་ཀྱི། ༧། རོལ་མོ་ཅིར་ཡང་འཁྲོལ་བ་ལས། །ཕྱོགས་དུས་གནས་སྐབས་ཐམས་ཅད་ལ། །སྒྲིབ་ཐོགས་བྲལ་ཞིང་ལྷ་ལམ་གྱི། །རྗེས་སུ་རྐང་པ་ངེས་པར་འཇོག༨། ཁྱེད་ཀྱི་ཞལ་བཟང་བལྟས་མི་ངོམས། །ཆགས་བྲལ་ལྡན་རྣམས་སྲེད་པ་འཕེལ། །ཚངས་པའི་དབྱངས་ལ་དབང་ཐོབ་ཀྱང་། །ཁྱོད་ངག་ཡིད་ལ་སྨོན་པར་བྱེད། ༩། ཡན་ལག་ཕྲ་མོའི་ཆ་ཤས་དག །བསྐྱོད་པ་མིག་འཕྲུལ་མཁན་པོ་ཡི། །མཐུ་ལས་མ་ཡིན་སྒྲ་ལྡན་མ། །ཏམྦུ་ར་ལ་ཡིད་ཞུགས་སོ། ༡༠། མེས་པོ་ལྷ་དང་དྲི་ཟ་ཡིས། །སྙན་པའི་ཆ་ཤས་ཕྱོགས་བསྡུས་ནས། །གཅིག་བྱས་ཁྱོད་ཀྱི་ཏམྦུ་རའི། །རྒྱུད་གཅིག་ལ་ཡང་འགྲན་མི་བཟོད། ༡༡། ཕྱག་ཞབས་པདྨའི་འཁྲི་ཤིང་ལས། །སྐྱེས་པའི་ཡལ་འདབ་སོར་གདུབ་ཀྱི། །སིལ་སིལ་འཁྲོལ་འདི་ངང་མོའི་སྒྲ། །ཡིན་ནམ་བདག་སེམས་ཐེ་ཚོམ་གྱུར། ༡༢། པཉྩ་ལི་ཀ་དབང་པོའི་གཞུའི། །སྨད་གཡོགས་ལྷ་ཡི་དར་རིང་པོ། །རླུང་གིས་བསྐྱོད་ལས་འཕུར་ལྡིང་གཡོ། །དེས་ནི་བཅོམ་ལྡན་ཁྱོད་སྐུ་བསིལ། ༡༣། གཞན་ཡང་མཛེས་པའི་ཡོན་ཏན་ནི། །འབུམ་འབུམ་གྱིས་སྒེགས་རྒྱལ་བའི་ཡུམ། །མཁྱེན་པའི་ཆུ་གཏེར་རླབས་ཕྲེང་དབུས། །མི་ཟད་སྙན་པའི་ངག་ལྡན་པའི། ༡༤། ལྷ་མོ་ཁྱོད་སྐུ་དུས་རིང་ན། །བདག་གི་ཡིད་ལ་བྱས་གྱུར་ན། །འཇམ་དཔལ་རྣོན་པོའི་ལྕགས་ཀྱུ་ཡིས། །སྙིང་གི་དབུས་སུ་རོལ་པར་མཛོད། ༡༥། དེ་སྐད་བསྟོད་ཅིང་གསོལ་བའི་རིམ་པ་ནི། །ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྨོན་པའི། །མིང་གི་འཇམ་དབྱངས་ལང་ཚོ་སྙིམས་པ་དེས། །དཀར་ཕྱོགས་རྫོགས་པའི་ཚེས་ཀྱི་སྔ་ཆར་བྲིས། །དགེའོ། ། །།
[edit]

dbyangs can ma la bstod pa puN+DA ri ka'i 'dzum rlabs zhes bya ba/__oM swa ra swasti na mo/__tshangs pa las byung tam bu ras/____/mdzes 'khyud sgra dbyangs lha mo ni/____/rang gzhan kun gyi spobs pa'i gter/____/'byung gnas ma dros rgya mtsho che/__1/__phun tshogs dbyar gyi dpal yon rgyas/____/skye rgu rgud pa'i gdung ba gzhil/____/ri bong can gyi spun zla ni/____/dri med gsal ba kun+da'i gnyen/__2/__mun pa'i 'thib po dral byed cing /____/lta ngan tsha zer nyams dmas pas/____/mtshan mo'i mgon po khyod gcig pu/____/ngag tshig sa ra'i sgra las byung /__3/__de phyir khyod lus mtsho byung zhes/____/rig byed mkhan pos ma bzhin bkur/____/bstan bcos mang po'i don stsol zhing /__4/__sku gcig kun la khyab pas na/____/zhi chags khro mo'i rnam 'gyur ni/____/gar la bltas pa dang mtshungs pa'i/____/dngos grub kun ster dbyangs can ma/__5/__bde dang stong pa'i pha mthar son/____/zung 'jug gzhi 'bras dbyer med sku/____/gsung dbyangs rnam pa thams cad pa/____/zab zhi spros pa bral ba'i thugs/__6/__mdzes pa'i sku dang snyan pa'i gsung /____/byams brtse'i thugs dang yon tan zhi/____/brgyan mchog du mas dung gi ri/____/spras pa dang mtshungs phrin las kyi/__7/__rol mo cir yang 'khrol ba las/____/phyogs dus gnas skabs thams cad la/____/sgrib thogs bral zhing lha lam gyi/____/rjes su rkang pa nges par 'jog8/__khyed kyi zhal bzang bltas mi ngoms/____/chags bral ldan rnams sred pa 'phel/____/tshangs pa'i dbyangs la dbang thob kyang /____/khyod ngag yid la smon par byed/__9/__yan lag phra mo'i cha shas dag__/bskyod pa mig 'phrul mkhan po yi/____/mthu las ma yin sgra ldan ma/____/tam+bu ra la yid zhugs so/__10/__mes po lha dang dri za yis/____/snyan pa'i cha shas phyogs bsdus nas/____/gcig byas khyod kyi tam+bu ra'i/____/rgyud gcig la yang 'gran mi bzod/__11/__phyag zhabs pad+ma'i 'khri shing las/____/skyes pa'i yal 'dab sor gdub kyi/____/sil sil 'khrol 'di ngang mo'i sgra/____/yin nam bdag sems the tshom gyur/__12/__pany+tsa li ka dbang po'i gzhu'i/____/smad g.yogs lha yi dar ring po/____/rlung gis bskyod las 'phur lding g.yo/____/des ni bcom ldan khyod sku bsil/__13/__gzhan yang mdzes pa'i yon tan ni/____/'bum 'bum gyis sgegs rgyal ba'i yum/____/mkhyen pa'i chu gter rlabs phreng dbus/____/mi zad snyan pa'i ngag ldan pa'i/__14/__lha mo khyod sku dus ring na/____/bdag gi yid la byas gyur na/____/'jam dpal rnon po'i lcags kyu yis/____/snying gi dbus su rol par mdzod/__15/__de skad bstod cing gsol ba'i rim pa ni/____/thams cad mkhyen pa'i go 'phang la smon pa'i/____/ming gi 'jam dbyangs lang tsho snyims pa des/____/dkar phyogs rdzogs pa'i tshes kyi snga char bris/____/dge'o/__/____//_

Footnotes

Other Information