JKCL-KABUM-02-KHA-014

From Khyentse Lineage - A Tsadra Foundation Project
Revision as of 18:02, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-02-KHA-014.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "kha"., Text 14, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "KHA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"KHA" is not a number.</li></ul>

[edit]
འཕགས་པ་འཇམ་དཔལ་ཞི་ཁྲོའི་ཐུགས་རྒྱུད་བསྐུལ་ཞིང་མཆོག་གི་དེད་དཔོན་དུ་ཉེ་བར་བསྟེན་པའི་རྒྱུད་དབྱངས་རྡོ་རྗེ་སྒྲ་མ་ཞེས་བྱ་བ་བཞུགས། །ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། མཁའ་ཁྱབ་ཞིང་ན་རྟག་པར་བཞུགས་པ་ཡི། །རྒྱལ་དང་རྒྱལ་སྲས་ཏིལ་གོང་ཁ་ཕྱེས་ལྟར། །ཀུན་ཀྱང་འཇམ་དཔལ་རྡོ་རྗེའི་དཀྱིལ་འཁོར་ལྷ། །མངོན་སུམ་སྣང་བ་བདག་གི་དཔང་པོ་མཛོད། །རྒྱལ་བ་ཐམས་ཅད་བསྐྱེད་དང་སྡུད་མཛད་པ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཁོ་ན། །བརྟན་དང་གཡོ་བའི་སྲོག་ཏུ་རབ་ཞུགས་པའི། །གཞི་རྒྱུད་དང་པོའི་སངས་རྒྱས་འཇམ་པའི་དཔལ། །ཇི་སྙེད་སངས་རྒྱས་གངྒཱའི་རྡུལ་སྙེད་རྣམས། །སློབ་པའི་ལམ་གྱི་གནས་སྐབས་ཐམས་ཅད་དུ། །ལམ་རྒྱུད་འཇམ་པའི་རྡོ་རྗེ་བསྙེན་པ་ལས། །སྒྲིབ་དག་ཚོགས་རྫོགས་དོན་གཉིས་མཐར་ཕྱིན་གྱུར། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཟབ་མོ་ཡི། །སྒྲིབ་གསུམ་ཕྲ་བའི་བག་ཆགས་བཅོམ་པའང་། །འཇམ་པའི་རྡོ་རྗེ་ཉིད་ལ་དེ་སྐད་བསྒྲགས། །དེ་མཐུས་འབྲས་རྒྱུད་བཅོམ་ལྡན་འཇམ་པའི་དཔལ། །རིམ་དགུའི་ཐེག་པ་ཀུན་གྱི་འཕྲོ་གཞི་ཡང་། །མཁྱེན་པའི་ཡེ་ཤེས་ལམ་བདེན་རྣམ་པར་ཤར། །དེས་ན་ལུང་དང་རྟོགས་པའི་ཆོས་ཕུང་ཆེ། །ཁྱེད་ཀྱི་ཆོ་འཕྲུལ་ལས་གཞན་དམིགས་སུ་མེད། །ཆོས་ཉིད་དེ་བཞིན་ཉིད་དུ་གཤེགས་པ་ཡི། །ཞི་དང་ཁྲོ་ཆགས་རབ་འབྱམས་ལྷ་ཡི་ལྷ། །རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཇི་སྙེད་པའི། །སྤྲོ་མཛད་དང་པོའི་སངས་རྒྱས་ཁྱོད་ཅིག་པུ། །འཕགས་པའི་དགེ་འདུན་ནམ་མཁའི་མཐས་གཏུགས་ཀུན། །འཇམ་དཔལ་ཉིད་ཀྱི་རྣམ་པར་འཕྲུལ་པའི་གཟུགས། །དེས་ན་སྐྱབས་གནས་ཐམས་ཅད་འདུས་པའི་བློས། །ཡིད་ཆེས་དད་པས་སྐྱབས་སུ་དམ་བཅའོ། །ཚེ་རབས་འདི་དང་ཚེ་བརྒྱུད་གཞན་དག་ཏུའང་། །འཇམ་དཔལ་ཞི་ཁྲོའི་བསྐྱེད་རྫོགས་ལམ་ཟབ་མོ། །སྙིང་གི་ཐིག་ལེ་ངེས་པར་བཟུང་བྱས་ན། །བཅོམ་ལྡན་མགོན་པོས་དགོངས་པར་མཁྱེན་མཛོད་ཅིག །སྐྱེ་འཆི་མེད་པ་གཞོན་ནུའི་སྐུར་གྱུར་ཏེ། །གང་གི་སྐུ་དང་གསང་སྔགས་བཟླས་པ་དང་། །འོད་གསལ་མཚན་མེད་ཡེ་ཤེས་མངོན་བྱས་སམ། །མཉྫུ་ཤྲཱི་ཉིད་དང་དབྱེར་མེད་ཤོག །ཅེས་པའང་མགོ་ཟླའི་ཚེས་༡༠ལའོ། །༈རབ་མཛེས་འཇམ་པའི་རྡོ་རྗེ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་མཛད་པ། །ཞི་ཁྲོའི་རྒྱལ་ལ་ཕྱག་འཚལ་ལོ། །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པའོ། ། །།
[edit]

'phags pa 'jam dpal zhi khro'i thugs rgyud bskul zhing mchog gi ded dpon du nye bar bsten pa'i rgyud dbyangs rdo rje sgra ma zhes bya ba bzhugs/____/na mo gu ru many+dzu shrI ye/__mkha' khyab zhing na rtag par bzhugs pa yi/____/rgyal dang rgyal sras til gong kha phyes ltar/____/kun kyang 'jam dpal rdo rje'i dkyil 'khor lha/____/mngon sum snang ba bdag gi dpang po mdzod/____/rgyal ba thams cad bskyed dang sdud mdzad pa/____/'jam dpal ye shes sems dpa' de kho na/____/brtan dang g.yo ba'i srog tu rab zhugs pa'i/____/gzhi rgyud dang po'i sangs rgyas 'jam pa'i dpal/____/ji snyed sangs rgyas gang+gA'i rdul snyed rnams/____/slob pa'i lam gyi gnas skabs thams cad du/____/lam rgyud 'jam pa'i rdo rje bsnyen pa las/____/sgrib dag tshogs rdzogs don gnyis mthar phyin gyur/____/rdo rje lta bu'i ting 'dzin zab mo yi/____/sgrib gsum phra ba'i bag chags bcom pa'ang /____/'jam pa'i rdo rje nyid la de skad bsgrags/____/de mthus 'bras rgyud bcom ldan 'jam pa'i dpal/____/rim dgu'i theg pa kun gyi 'phro gzhi yang /____/mkhyen pa'i ye shes lam bden rnam par shar/____/des na lung dang rtogs pa'i chos phung che/____/khyed kyi cho 'phrul las gzhan dmigs su med/____/chos nyid de bzhin nyid du gshegs pa yi/____/zhi dang khro chags rab 'byams lha yi lha/____/rtsa gsum dkyil 'khor 'khor lo ji snyed pa'i/____/spro mdzad dang po'i sangs rgyas khyod cig pu/____/'phags pa'i dge 'dun nam mkha'i mthas gtugs kun/____/'jam dpal nyid kyi rnam par 'phrul pa'i gzugs/____/des na skyabs gnas thams cad 'dus pa'i blos/____/yid ches dad pas skyabs su dam bca'o/____/tshe rabs 'di dang tshe brgyud gzhan dag tu'ang /____/'jam dpal zhi khro'i bskyed rdzogs lam zab mo/____/snying gi thig le nges par bzung byas na/____/bcom ldan mgon pos dgongs par mkhyen mdzod cig__/skye 'chi med pa gzhon nu'i skur gyur te/____/gang gi sku dang gsang sngags bzlas pa dang /____/'od gsal mtshan med ye shes mngon byas sam/____/many+dzu shrI nyid dang dbyer med shog__/ces pa'ang mgo zla'i tshes 10la'o/____/!rab mdzes 'jam pa'i rdo rje ni/____/sangs rgyas kun gyi 'khor los bsgyur/____/gdul dka' ma lus 'dul mdzad pa/____/zhi khro'i rgyal la phyag 'tshal lo/____/ces pa'ang 'jam dbyangs chos kyi blo gros pas gsol ba btab pa'o/__/____//__

Footnotes

Other Information