DKR-KABUM-12-NA-004

From Khyentse Lineage - A Tsadra Foundation Project
Revision as of 13:13, 7 November 2022 by WikiBot2015 (talk | contribs)

Wylie title DKR-KABUM-12-NA-004.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "na"., Text 4, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "NA" is not a number.

<ul><li>":Property:textsubnumber|textsubnumber" can not be assigned to a declared number type with value 1.</li> <!--br--><li>"NA" is not a number.</li></ul>

[edit]
༈ ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །གདོད་མའི་དབྱིངས་ལས་གང་འདུལ་ཤར། །སྐུ་ལྔ་ལྷུན་རྫོགས་སངས་རྒྱས་མེས། །རྡོ་རྗེ་འཆང་ཆེན་དབང་བསྐུར་རོ། །བཛྲ་དྷཱ་ར་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། །རྫོགས་པ་ཆེན་པོའི་སྟོན་པ་མཆོག །ལྷ་ཡུལ་དགའ་ལྡན་བརྩེགས་པ་རུ། །རིག་པ་སྐུར་སྨིན་ཕྱག་རྒྱའི་གཟུགས། །རྡོ་རྗེ་སེམས་དཔས་དབང་བསྐུར་རོ། །བཛྲ་སཏྭ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མི་མཇེད་འཇིག་རྟེན་ཁམས་ཉིད་དུ། །ཚེ་ལོ་དཔག་མེད་དུས་བྱོན་པའི། །མཛེས་པའི་ཏོག་འོད་མི་འཁྲུགས་པ་ གིས་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དྲོད་གཤེར་འདུས་པ་འོད་ཕུང་དུ། །ཚེ་ལོ་འབུམ་པའི་དུས་བྱོན་པའི། །འཇིགས་སྐྱོབ་དཀར་པོས་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །ཆགས་འབྱུང་མངལ་དུ་སྣང་བ་རུ། །ཚེ་ལོ་བརྒྱད་ཁྲིའི་དུས་བྱོན་པའི། །གཞོན་ནུ་རྣམ་རོལ་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ། །ཚེ་ལོ་བདུན་ཁྲིའི་དུས་བྱོན་པའི། །རྡོ་རྗེ་འཆང་གི་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །དུར་ཁྲོད་མེ་རི་འབར་བ་རུ། །ཚེ་ལོ་དྲུག་ཁྲིའི་དུས་བྱོན་པའི། །གཞོན་ནུ་སྟོབས་ལྡན་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །སྲིན་པོ་རུ་ལུའི་སྒྲ་ལྡན་དུ། །ཚེ་ལོ་ཁྲི་པའི་དུས་བྱོན་པའི། །དྲང་སྲོང་ཁྲོས་པའི་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་སྤུངས་པའི་རི་བོ་རུ། །ཚེ་ལོ་ལྔ་སྟོང་དུས་བྱོན་པའི། །གསེར་འོད་དམ་པས་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པའི་ཆེན་པོའི་སྟོན་པ་མཆོག །སོག་པོ་གཡུ་སྨིན་ཅན་གནས་སུ། །ཚེ་ལོ་སྟོང་གི་དུས་བྱོན་པའི། །བརྩེ་བས་རོལ་པའི་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །བྱ་རྒོད་ཕུང་པོའི་རི་བོ་རུ། །ཚེ་ལོ་ལྔ་བརྒྱའི་དུས་བྱོན་པའི། །འོད་སྲུང་བགྲེས་པོའི་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །རྡོ་རྗེ་གདན་གྱི་ཤིང་དྲུང་དུ། །ཚེ་ལོ་སུམ་བརྒྱའི་དུས་བྱོན་པའི། །མངོན་རྫོགས་རྒྱལ་པོའི་དབང་བསྐུར་རོ། །མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཧཱུྃ། རྫོགས་པ་ཆེན་པོའི་སྟོན་པ་མཆོག །མགོན་མེད་ཟས་སྦྱིན་ཀུན་དགའ་རར། །ཚེ་ལོ་བརྒྱ་པའི་དུས་བྱོན་པའི། །ཤཱཀྱ་ཐུབ་པས་དབང་བསྐུར་རོ། མ་ཧཱ་སིནྡྷ་སུ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་པའང་འཇམ་མགོན་མཁྱེན་བརྩེའི་མཆོག་སྤྲུལ་རིན་པོ་ཆེར་དབང་ཕུལ་སྐབས་མངྒ་ལ་རྒན་བུས་བྲིས་པ་རྡོ་རྗེ་སྙིང་པོའི་བསྟན་པའི་དཔལ་དུ་གྱུར་ཅིག །།
[edit]

!_hU~M/_rdzogs pa chen po'i ston pa mchog_/gdod ma'i dbyings las gang 'dul shar/_/sku lnga lhun rdzogs sangs rgyas mes/_/rdo rje 'chang chen dbang bskur ro/_/badz+ra d+hA ra a b+hi Shiny+tsa hU~M/_hU~M/_/rdzogs pa chen po'i ston pa mchog_/lha yul dga' ldan brtsegs pa ru/_/rig pa skur smin phyag rgya'i gzugs/_/rdo rje sems dpas dbang bskur ro/_/badz+ra satwa a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/mi mjed 'jig rten khams nyid du/_/tshe lo dpag med dus byon pa'i/_/mdzes pa'i tog 'od mi 'khrugs pa _gis dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/drod gsher 'dus pa 'od phung du/_/tshe lo 'bum pa'i dus byon pa'i/_/'jigs skyob dkar pos dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/chags 'byung mngal du snang ba ru/_/tshe lo brgyad khri'i dus byon pa'i/_/gzhon nu rnam rol dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/'tsho byed gzhon nu'i ldum ra ru/_/tshe lo bdun khri'i dus byon pa'i/_/rdo rje 'chang gi dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/dur khrod me ri 'bar ba ru/_/tshe lo drug khri'i dus byon pa'i/_/gzhon nu stobs ldan dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/srin po ru lu'i sgra ldan du/_/tshe lo khri pa'i dus byon pa'i/_/drang srong khros pa'i dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/bya rgod spungs pa'i ri bo ru/_/tshe lo lnga stong dus byon pa'i/_/gser 'od dam pas dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa'i chen po'i ston pa mchog_/sog po g.yu smin can gnas su/_/tshe lo stong gi dus byon pa'i/_/brtse bas rol pa'i dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/bya rgod phung po'i ri bo ru/_/tshe lo lnga brgya'i dus byon pa'i/_/'od srung bgres po'i dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/rdo rje gdan gyi shing drung du/_/tshe lo sum brgya'i dus byon pa'i/_/mngon rdzogs rgyal po'i dbang bskur ro/_/ma hA sin+d+ha su ga ta a b+hi Shiny+tsa hU~M/_hU~M/_rdzogs pa chen po'i ston pa mchog_/mgon med zas sbyin kun dga' rar/_/tshe lo brgya pa'i dus byon pa'i/_/shAkya thub pas dbang bskur ro/_ma hA sin+d+ha su ga ta a b+hi Shiny+tsa hU~M/_zhes pa'ang 'jam mgon mkhyen brtse'i mchog sprul rin po cher dbang phul skabs mang+ga la rgan bus bris pa rdo rje snying po'i bstan pa'i dpal du gyur cig_//

Footnotes

Other Information