DKR-KABUM-11-DA-017

From Khyentse Lineage - A Tsadra Foundation Project
Revision as of 17:20, 1 December 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

ཧཱུྃ་ཧཱུྃ། རིགས་གསུམ་རྒྱལ་བའི་སོགས།
Wylie title hUM hUM/ rigs gsum rgyal ba'i sogs DKR-KABUM-11-DA-017.pdf
Location dil mgo mkhyen brtse bka' 'bum
Volume 11, Text 17, Pages 95 (Folios 1a1 to 1b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. hUM hUM rigs gsum rgyal ba'i sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 11: 95. Delhi: Shechen Publications, 1994.
Genre Invocations - bskul ba
Deity ge sar
Colophon

།ཅེས་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་གཟིམ་དཔོན་འབྲོང་པ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ཡིག་གིས་ལམ་ནས་བསྐུལ་བ་བཞིན་མཐུ་ལྡན་དགྲ་ལྷའི་རྒྱལ་པོས་དགྱེས་དགུར་སྐྱོང་བའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་ལྷོ་འབྲུག་ས་ཡི་ཐིག་ལེ་བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་དབྱར་མཚོ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག།

/ces skyabs rje mdo khams pa chen po'i gzim dpon 'brong pa mchog sprul rin po che'i 'phrin yig gis lam nas bskul ba bzhin mthu ldan dgra lha'i rgyal pos dgyes dgur skyong ba'i 'bangs mang+ga la shrI b+hU tis lho 'brug sa yi thig le bum thang sku rjes rdo rje brtsegs pa'i ke'u tshang du bris te phul ba dge legs dbyar mtsho ltar rgyas pa'i rgyur gyur cig/

[edit]
ཧཱུྃ་ཧཱུྃ། རིགས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་གཟུགས། །དྲན་པ་ཙམ་གྱིས་སྲིད་ཞིའི་དཔལ་ཡོན་སྩོལ། །འཛམ་གླིང་རྒྱན་གཅིག་ནོར་བུ་དགྲ་འདུལ་རྩལ། །ཕྱོགས་དུས་སྐྱབས་གནས་རྒྱ་མཚོ་འཁོར་བཅས་གཤེགས། །ཤིན་ཏུ་མི་བཟད་སྙིགས་མའི་རྒུད་པ་ཡིས། །མནར་ཚེ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །རྩེ་གཅིག་གདུངས་བས་ཐུགས་དམ་རྒྱུད་བསྐུལ་ཕྱིར། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མདུན་བདར་ཞིང༌། །བསྟོད་དབྱངས་དད་མོས་རྩེ་གཅིག་བསྐྱེད་བཞིན་ཕྱིར། །རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་སྒྲུབ་བརྒྱུད་སྲོལ། །དཔལ་ལྡན་འབྲུག་པའི་བཤད་སྒྲུབ་སྤོང་ཀློག་སྤེལ། །བསྟན་འཛིན་སྐྱེས་ཆེན་རྣམས་དང་འཁོར་ལོའི་མགོན། །སྙིགས་མའི་སྐྱབས་གཅིག་དོན་བརྒྱུད་ཉི་མ་ཡི། །མཆོག་གི་སྤྲུལ་སྐུའི་གསང་གསུམ་འཕོ་མེད་བརྟན། །ཐུགས་བསྐྱེད་ཡར་ཟླའི་དཔལ་ལ་འགྲན་བཞིན་དུ། །ངོ་མཚར་ཕྲིན་ལས་བདུད་རྩིའི་སྣང་བ་སྤེལ། །དམ་པའི་སྤང་རྟོགས་བདུད་རྩིའི་སྣང་བ་རྒྱས། །ཁྲིམས་ལྡན་ངུར་སྨྲིག་འཛིན་པས་ས་སྟེང་ཁྱབ། །བཤད་སྒྲུབ་ལས་ཀྱི་འཁོར་ལོས་དུས་འདའ་བས། །སྐྱེ་དགུའི་བདེ་སྐྱིད་ཆུ་གཏེར་འཕེལ་བར་མཛོད། །རྟག་ཏུ་ཁྱོད་བརྟེན་ཁྱོད་མཆོད་ཁྱོད་བསྒྲུབས་ན། །ཇི་ལྟར་འདོད་པའི་ཕྲིན་ལས་དགའ་སྟོན་གྱིས། །གཡེལ་མེད་སྐྱོང་བས་དོན་གཉིས་ལྷུན་གྲུབ་པའི། །དགེ་ལེགས་བཀྲ་ཤིས་ཆེན་པོས་ཁྱབ་གྱུར་ཅིག །ཅེས་སྐྱབས་རྗེ་མདོ་ཁམས་པ་ཆེན་པོའི་གཟིམ་དཔོན་འབྲོང་པ་མཆོག་སྤྲུལ་རིན་པོ་ཆེའི་འཕྲིན་ཡིག་གིས་ལམ་ནས་བསྐུལ་བ་བཞིན་མཐུ་ལྡན་དགྲ་ལྷའི་རྒྱལ་པོས་དགྱེས་དགུར་སྐྱོང་བའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་ལྷོ་འབྲུག་ས་ཡི་ཐིག་ལེ་བུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཏེ་ཕུལ་བ་དགེ་ལེགས་དབྱར་མཚོ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག། །།
[edit]

hU~M hU~M/_rigs gsum rgyal ba'i mkhyen brtse nus pa'i gzugs/_/dran pa tsam gyis srid zhi'i dpal yon stsol/_/'dzam gling rgyan gcig nor bu dgra 'dul rtsal/_/phyogs dus skyabs gnas rgya mtsho 'khor bcas gshegs/_/shin tu mi bzad snyigs ma'i rgud pa yis/_/mnar tshe khyod las skyabs gzhan ma mchis pas/_/rtse gcig gdungs bas thugs dam rgyud bskul phyir/_/kun bzang mchod sprin rgya mtshos mdun bdar zhing*/_/bstod dbyangs dad mos rtse gcig bskyed bzhin phyir/_/rab 'byams phrin las thogs med 'grub par mdzod/_/rgyal bstan spyi dang khyad par sgrub brgyud srol/_/dpal ldan 'brug pa'i bshad sgrub spong klog spel/_/bstan 'dzin skyes chen rnams dang 'khor lo'i mgon/_/snyigs ma'i skyabs gcig don brgyud nyi ma yi/_/mchog gi sprul sku'i gsang gsum 'pho med brtan/_/thugs bskyed yar zla'i dpal la 'gran bzhin du/_/ngo mtshar phrin las bdud rtsi'i snang ba spel/_/dam pa'i spang rtogs bdud rtsi'i snang ba rgyas/_/khrims ldan ngur smrig 'dzin pas sa steng khyab/_/bshad sgrub las kyi 'khor los dus 'da' bas/_/skye dgu'i bde skyid chu gter 'phel bar mdzod/_/rtag tu khyod brten khyod mchod khyod bsgrubs na/_/ji ltar 'dod pa'i phrin las dga' ston gyis/_/g.yel med skyong bas don gnyis lhun grub pa'i/_/dge legs bkra shis chen pos khyab gyur cig__/ces skyabs rje mdo khams pa chen po'i gzim dpon 'brong pa mchog sprul rin po che'i 'phrin yig gis lam nas bskul ba bzhin mthu ldan dgra lha'i rgyal pos dgyes dgur skyong ba'i 'bangs mang+ga la shrI b+hU tis lho 'brug sa yi thig le bum thang sku rjes rdo rje brtsegs pa'i ke'u tshang du bris te phul ba dge legs dbyar mtsho ltar rgyas pa'i rgyur gyur cig/__//

Footnotes[edit]

Other Information[edit]


Debug data: