DKR-KABUM-03-GA-003

From Khyentse Lineage - A Tsadra Foundation Project
Revision as of 18:43, 9 November 2022 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)

རྣམ་ཐར་གསོལ་འདེབས་རབ་བཏགས་ཀྱིས་བསྙད་པ་ལེགས་བྱས་ལྷ་ཡི་རྔ་སྒྲ།
Wylie title rnam thar gsol 'debs rab btags kyis bsnyad pa legs byas lha yi rnga sgra DKR-KABUM-03-GA-003.pdf
Location dil mgo mkhyen brtse bka' 'bum
Volume 3, Text 3, Pages 10-14 (Folios 1a to 5b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. Rnam thar gsol 'debs rab btags kyis bsnyad pa legs byas lha yi rnga sgra. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 3: 10-14. Delhi: Shechen Publications, 1994.
Genre Supplications - gsol 'debs
Colophon
  • First colophon: །ཅེས་པ་འདིའང་གང་གི་ཚེ་སྙིགས་མའི་མཐར་ཐུག་ཏུ་སྐྱེས་པས་དུས་ཀྱི་འགྱུར་བ་གློག་ཕྲེང་ལྟར་གཡོ། བསྟན་འགྲོའི་བདེ་སྐྱིད་ཀྱི་དཔལ་ནམ་ལངས་ཀྱི་སྐར་མ་ལྟར་ཡལ། དམ་པའི་ཆོས་མཐུན་ཐམས་ཅད་དགུན་གྱི་ཆུ་ཕྲན་ལྟར་གྱུར་ནས། བདག་ལྟ་བུ་ལའང་བསྟན་འཛིན་གྱི་སྐྱེས་བུར་གཟིགས་མངའི་སྙིགས་དུས་བསྟན་འགྲོའི་རྒྱན་མཆོག་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་མཎྜལ་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ལྡན་ཁྱད་པར་ཅན་བཅས་རིང་མོའི་དུས་ནས་གསུང་བསྐུལ་ཡང་ཡང་གནང་བ་དང༌། མཁྱེན་ཡོན་རྨད་བྱུང་བྲག་གཡབ་བླ་མ་འགྱུར་མེད་བློ་གྲོས་རྣམ་རྒྱལ་སོགས་དད་སྤྱན་མངའ་བའི་དམ་པ་དག་གིས་ལྷ་རྫས་ཀྱི་རྟེན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་གྱིས་བྲིས་པ་ལ་འཕགས་རྣམས་ཐུགས་ཀྱིས་མི་ཁྲེལ་བ་དང༌། མཐོང་ཐོས་དྲན་རེག་གིས་ཐོག་དྲངས་མཁའ་ཁྱབ་ཀྱི་གདུལ་བྱ་ལ་ཕན་པ་དང༌། རྒྱལ་བསྟན་རིན་པོ་ཆེའི་ཞབས་ཏོག་ཏུ་འགྱུར་བར་ཡབ་གཅིག་མཁྱེན་པའི་བདག་པོས་བྱིན་གྱིས་བརླབ་ཏུ་གསོལ།
  • Second colophon: །ཅེས་གྲུབ་ཆེན་སངས་རྒྱས་མཉན་པའི་རྗེ་དབོན་འཆི་མེད་སྤྲུལ་པའི་སྐུ་དང་མཁྱེན་ཡོན་དཔལ་མངའ་ཨ་གྲོ་སྤྲུལ་སྐུ་ཟུང་ནས་གསུང་བསྐུལ་བཞིན་རྒད་པོ་རང་ཉིད་ཀྱིས་བྲིས་ཤིང་སྨོན་པ་དགེ་ལེགས་འཕེལ
  • Third colophon: ཅེས་དད་ལྡན་ཤར་པ་དགེ་ཚུལ་ཐུབ་བསྟན་བྱང་ཆུབ་ཡེ་ཤེས་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དད་ལྡན་བློ་རྒྱུད་ཆོས་ལ་འབྱོར་བའི་རྒྱུར་གྱུར་ཅིག
  • Fourth colophon : །ཅེས་པའང་སྒྲུབ་བརྩོན་པདྨ་འགྱུར་མེད་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ།། །།
  • First colophon: /ces pa 'di'ang gang gi tshe snyigs ma'i mthar thug tu skyes pas dus kyi 'gyur ba glog phreng ltar g.yo/__bstan 'gro'i bde skyid kyi dpal nam langs kyi skar ma ltar yal/__dam pa'i chos mthun thams cad dgun gyi chu phran ltar gyur nas/__bdag lta bu la'ang bstan 'dzin gyi skyes bur gzigs mnga'i snyigs dus bstan 'gro'i rgyan mchog 'khrul zhig rin po che 'gyur med mdo sngags bstan 'dzin nas maN+Dal sku gsung thugs kyi rten byin ldan khyad par can bcas ring mo'i dus nas gsung bskul yang yang gnang ba dang*/_mkhyen yon rmad byung brag g.yab bla ma 'gyur med blo gros rnam rgyal sogs dad spyan mnga' ba'i dam pa dag gis lha rdzas kyi rten bcas bka' yis bskul ba'i rkyen gyis bris pa la 'phags rnams thugs kyis mi khrel ba dang*/__mthong thos dran reg gis thog drangs mkha' khyab kyi gdul bya la phan pa dang*/__rgyal bstan rin po che'i zhabs tog tu 'gyur bar yab gcig mkhyen pa'i bdag pos byin gyis brlab tu gsol/
  • Second colophon: /ces grub chen sangs rgyas mnyan pa'i rje dbon 'chi med sprul pa'i sku dang mkhyen yon dpal mnga' a gro sprul sku zung nas gsung bskul bzhin rgad po rang nyid kyis bris shing smon pa dge legs 'phel
  • Third colophon: ces dad ldan shar pa dge tshul thub bstan byang chub ye shes nas bskul ngor rang nyid kyis bris pa dad ldan blo rgyud chos la 'byor ba'i rgyur gyur cig
  • Fourth colophon : /ces pa'ang sgrub brtson pad+ma 'gyur med nas bskul ngor rang nyid kyis bris pa'o//__//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །རྣམ་ཐར་གསོལ་འདེབས་རབ་བཏགས་ཀྱིས་བསྙད་པ་ལེགས་བྱས་ལྷ་ཡི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།


༄༅། །དམ་པའི་ཡོན་ཏན་རིན་ཆེན་གསེར་འགྱུར་རྩི། །བདག་རྒྱུད་ལྕགས་ཁམས་རེག་ལ་ལེགས་བྱས་ཀྱི། །གསེར་དུ་སྒྱུར་མཛད་ཁྱབ་བདག་བླ་མ་རྗེ། །མཁས་གྲུབ་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས། །འཇམ་པའི་དཔལ་གྱི་ཡེ་ཤེས་རྡོ་རྗེའི་ཀློང༌། །སྲིད་ཞི་སྒྱུ་འཕྲུལ་བཀོད་པ་འབྱམས་ཀླས་པ། །ཀུན་ཀྱང་ངེས་དོན་སྐུ་དང་ཡེ་ཤེས་སུ། །ཤར་བའི་བདག་ཉིད་ཆེན་པོར་གསོལ་བ་འདེབས། །མདོ་སྨད་སྡེ་བཞི་དགེ་བཅུའི་ས་ཡི་ཆར། །མྱུར་མཛད་འཕགས་མ་དགྱེས་པའི་ལྡན་ལྗོངས་སུ། །རྣམ་དཀར་རྒྱུད་ཕྱུག་གཉོས་རིགས་གྲགས་པའི་ཁྱིམ། །དལ་རྟེན་མྱུ་གུ་བཞད་ལ་གསོལ་བ་འདེབས། །བཙས་ནས་རིང་པོར་མ་ལོན་འཇམ་པའི་དབྱངས། །མི་ཕམ་རྣམ་པར་རྒྱལ་བས་རྗེས་བཟུང་ཞིང༌། །གསེར་མདོག་ཝསྟྲ་བཅུད་ལྡན་བུམ་བཟང་བསྩལ། །བཀྲ་ཤིས་དཔལ་འབྱོར་བཏགས་ལ་གསོལ་བ་འདེབས། །གཟུགས་ཕུང་ཞུགས་རེག་རྐྱེན་གྱིས་ལེགས་བསྐུལ་ཏེ། །བསྐལ་མང་རྙེད་དཀའི་མཆོག་གསུམ་ཞབས་བསྙེན་ནས། །རྣམ་གསུམ་ཐར་པའི་རྒྱལ་མཚན་གྱིས་བཀླུབས་པའི། །འཇིགས་མེད་རབ་གསལ་ཟླ་བར་གསོལ་བ་འདེབས། །འཇམ་དབྱངས་བླ་མ་བློ་གྲོས་རྒྱ་མཚོ་དང༌། །ཀུན་མཁྱེན་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལས། །སྲོལ་གཉིས་བྱང་ཆུབ་སེམས་ཀྱི་སྡོམ་པ་ནོས། །རྒྱལ་སྲས་བློ་གྲོས་དྲི་མེད་གསོལ་བ་འདེབས། །གཏན་སྐྱབས་འཁོར་ལོའི་མགོན་པོ་ཞེ་ཆེན་པ། །མཁན་ཆེན་མཁས་གྲུབ་དབང་པོ་བློ་གསལ་སོགས། །མཚུངས་མེད་དགེ་བའི་བཤེས་གཉེན་མཆོག་རྣམས་ལས། །བཀའ་གཏེར་སྨིན་གྲོལ་ཐོབ་ལ་གསོལ་བ་འདེབས། །བཅུ་ཕྲག་རིག་པའི་འབྱུང་གནས་དཔལ་སྤུངས་ཀྱི། །རྡོ་རྗེ་འཛིན་དབང་བསྟན་འཛིན་རྡོ་རྗེ་ལས། །སྒྲ་རིག་སྙན་ངག་མངོན་བརྗོད་དཀར་ནག་རྩིས། །ཐ་སྙད་ཅི་ནུས་སྦྱངས་ལ་གསོལ་བ་འདེབས། །མཁས་བཙུན་བཟང་མངའ་མཁན་ཆེན་དུ་མ་ལས། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གཙོས། །འདུལ་མངོན་དབུ་མ་ཕར་ཕྱིན་བྱམས་ཆོས་སོགས། །ཐོས་པའི་སྐལ་བཟང་ལྡན་ལ་གསོལ་བ་འདེབས། །ཁྱད་པར་བརྟན་མཁས་རྨད་བྱུང་མཁན་ཆེན་རྗེ། །ཐུབ་བསྟན་ཆོས་འཕེལ་ཞབས་ལས་རྡོ་རྗེའི་རྒྱུད། །གསང་བ་སྙིང་པོའི་བཤད་ཁྲིད་ལན་གསུམ་མནོས། །ཡིད་ཆེས་ངེས་པ་ཐོབ་ལ་གསོལ་བ་འདེབས། །གསང་རྒྱུད་རྒྱ་མཚོའི་འབྱུང་གནས་ཐུབ་བསྟན་བདག །བཀའ་དྲིན་མཉམ་མེད་ཆོས་ཀྱི་བློ་གྲོས་ལས། །གསུང་ངག་ལམ་འབྲས་ཚོགས་སློབ་སྒྲུབ་བཏུས་ཀྱི། །གདམས་ངག་རྫོགས་པར་གསན་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་རྒྱལ་དབང་ཀརྨ་པ། །བྱམས་མགོན་པདྨ་དབང་ཆེན་ཡབ་སྲས་ལས། །བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་དབང་མན་ངག །ཟབ་རྒྱས་མཐའ་ཡས་ནོད་ལ་གསོལ་བ་འདེབས། །མཁས་བཙུན་གྲུབ་མཆོག་དྲུང་ཆེན་ཆོས་ཉིན་བྱེད། །མཁྱེན་རྟོགས་མཚུངས་མེད་ལུང་རྟོགས་ཕྲིན་ལས་དཔལ། །གཏེར་སྤྲུལ་དྲི་མེད་འོད་ལས་སྙན་བརྒྱུད་ཀྱི། །གདམས་ངག་རྫོགས་པར་ཐོབ་ལ་གསོལ་བ་འདེབས། །གཞན་ཡང་རིག་འཛིན་རྩལ་འཆང་རྣམ་གསུམ་གྱི། །བཀའ་བབ་མཛོད་ཆེན་རྣམ་ལྔ་ཡན་ལག་བཅས། །མཁས་གྲུབ་རྒྱལ་པོ་པདྨ་བི་ཛ་དང༌། །དྷརྨ་མ་ཏི་ལས་ཐོབ་གསོལ་བ་འདེབས། །གངས་ཅན་མགོན་པོ་རྒྱལ་མཆོག་པད་དཀར་འཆང༌། །པཎ་ཆེན་ཆོས་ཀྱི་ཉི་མ་མདོ་སྨད་ཀྱི། །མཁན་ཆེན་བློ་བཟང་བསྟན་འཛིན་རྒྱ་མཚོ་ཡི། །ཐུན་མིན་ཐུགས་བརྩེས་བསྐྱངས་ལ་གསོལ་བ་འདེབས། །ཁྱད་པར་ཆོས་རབ་རྣམ་འབྱེད་སྤྱན་ཡངས་ཤིང༌། །བསྐྱེད་རྫོགས་གདིང་ཐོབ་མཁས་གྲུབ་རིག་པ་འཛིན། །བཅུ་ཕྲག་ལྔ་ལྷག་དམ་པའི་སྐྱེས་བུ་ཡིས། །རྗེས་བཟུང་གདམས་ངག་བསྩལ་ལ་གསོལ་བ་འདེབས། །རྣམ་འདྲེན་བླ་མའི་ཞལ་གདམས་བཀའ་དྲིན་གྱིས། །ཟབ་རྒྱས་ཆོས་ཀྱི་གནད་རྣམས་ཕྱོགས་ཙམ་མཇལ། །ང་རྒྱལ་ཁེངས་སེམས་ཁྱད་གསོད་སྤངས་བ་དང༌། །ཞི་དུལ་སྤྱོད་པར་བསླབས་ལ་གསོལ་བ་འདེབས། །ངེས་འབྱུང་སྐུལ་བའི་གསུང་གི་བྱིན་སྣང་གིས། །ན་ཚོད་མེ་ཏོག་གསར་པའི་དུས་ནས་ཀྱང༌། །དབེན་པར་སྦྱང་ཡོན་ལྡན་དང་སྒྲུབ་ལ་འདུན། །འདིར་སྣང་ཞེན་པ་ཆུང་ལ་གསོལ་བ་འདེབས། །སྨན་ཤིང་མེ་ཏོག་རྒྱས་པའི་ནགས་ཚལ་དང༌། །བྲག་རིའི་ཁང་བཟང་མཐོན་མཛེས་དབེན་པ་རུ། །བགྲང་བྱ་ཉི་ཤུ་ལྷག་བསྟེན་བསྙེན་བཟླས་རྫོགས། །ཅི་ནུས་བརྩོན་པས་འདའ་ལ་གསོལ་བ་འདེབས། །གུ་རུ་རྩ་གསུམ་ལྷ་ཡི་བྱིན་རླབས་དང༌། །རླུང་སེམས་འཆར་སྒོ་མ་འགགས་འདྲེས་པ་ཡིས། །དགོངས་གཏེར་ལྟ་བུའི་ཆོས་བཀའ་ཇི་སྙེད་དང༌། །ས་གཏེར་ཁ་བྱང་བབ་ལ་གསོལ་བ་འདེབས། །ཀུན་གཟིགས་པདྨ་ཡེ་ཤེས་རྡོ་རྗེ་ཡིས། །དགྱེས་པས་དབུགས་དབྱུང་རྩོད་དུས་བསྟན་འགྲོ་ལ། །ངེས་པར་སྨན་པས་ཡལ་བར་མ་དོར་ཞེས། །བརྩེ་བས་རྗེས་སུ་གདམས་ལ་གསོལ་བ་འདེབས། །མྱོས་སྟོན་སྐུ་མཆེད་གསར་རྙིང་རིས་མེད་ཀྱི། །དམ་པ་དུ་མས་ཟབ་ཆོས་བདུད་རྩི་བཞེས། །རྟེན་འབྲེལ་ལེགས་དགུའི་དགེ་མཚན་གྱུར་པ་བཞིན། །ལྷག་བསམ་སྨོན་འདུན་བགྱིས་ལ་གསོལ་བ་འདེབས། །རང་རྒྱུད་དེ་ཉིད་བཅུ་དང་མི་ལྡན་ཡང༌། །དུས་ཀྱི་རྒུད་པས་རྙིང་བསྟན་ཉམས་དམས་པར། །ཞབས་ཏོག་རློམས་པས་གསར་རྙིང་བཀའ་གཏེར་གྱི། །སྨིན་གྲོལ་གདམས་ངག་སྤེལ་ལ་གསོལ་བ་འདེབས། །རྒྱལ་བསྟན་གཞི་མ་གསུང་རབ་རིན་པོ་ཆེ། །སྤེལ་བའི་སླད་དུ་མཛོད་ཆེན་རྣམ་ལྔ་སོགས། །དངོས་བརྒྱུད་ཀུན་ནས་འབད་པས་སྤར་བསྐྲུན་ཏེ། །འཛམ་གླིང་ཐ་གྲུར་ཁྱབ་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་མང་ཐོས་ནོར་གྱིས་ཕྱུག །རིས་མེད་དམ་པའི་བཤེས་ཀྱིས་རྗེས་སུ་བཟུང༌། །གདུལ་དཀའ་འདུལ་ལ་པདྨ་འབྱུང་གནས་ཀྱི། །རྣམ་ཐར་ཇི་བཞིན་འདུན་དེར་གསོལ་བ་འདེབས། །བྱང་སེམས་རྒྱུད་ལ་སྐྱེ་བའི་སྨོན་ལམ་གྱིས། །ནམ་མཁའ་སེམས་ཅན་ཇི་སྲིད་གནས་ཀྱི་བར། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཛད་བཟང་ལྟར། །སྤྱོད་པར་རྟག་ཏུ་སྨོན་ལ་གསོལ་བ་འདེབས། །བདག་ལ་དམ་པར་བལྟ་བས་ཐོག་དྲངས་པའི། །མཐོང་ཐོས་དྲན་རེག་གཤེ་སྐུར་འབྲེལ་བ་ཀུན། །ཚེ་རབས་ཀུན་ཏུ་ལམ་གོལ་དམན་མི་ལྟུང༌། །བྱང་ཆེན་སྤྱོད་པ་རྒྱ་མཚོར་དབུགས་འབྱིན་ཤོག །སྲིད་ཞིར་ཁྱབ་པའི་མཚན་དང་སྐུའི་བཀོད་པས། །སྲིད་ཞིའི་མཐར་ལྷུང་མཁའ་ཁྱབ་འགྲོ་བ་ཀུན། །སྲིད་ཞི་ལས་འདས་གོ་འཕང་མཆོག་འགོད་མཛད། །སྲིད་ཞིའི་ཁྱབ་བདག་འཇམ་དཔལ་དབྱངས་མཚུངས་ཤོག །རབ་འབྱམས་རྒྱལ་བའི་རྣམ་ཐར་ཕྲིན་ལས་མཐུ། །ཡོངས་རྫོགས་རྒྱལ་ཀུན་ཡབ་གཅིག་གང་དེ་དང༌། །གཉིས་མེད་གཅིག་ཏུ་མངོན་པར་བྱང་ཆུབ་པའི། །གོ་འཕང་མཐོང་བའི་ཆོས་ལ་མངོན་གྱུར་ཤོག །ཅེས་པ་འདིའང་གང་གི་ཚེ་སྙིགས་མའི་མཐར་ཐུག་ཏུ་སྐྱེས་པས་དུས་ཀྱི་འགྱུར་བ་གློག་ཕྲེང་ལྟར་གཡོ། བསྟན་འགྲོའི་བདེ་སྐྱིད་ཀྱི་དཔལ་ནམ་ལངས་ཀྱི་སྐར་མ་ལྟར་ཡལ། དམ་པའི་ཆོས་མཐུན་ཐམས་ཅད་དགུན་གྱི་ཆུ་ཕྲན་ལྟར་གྱུར་ནས། བདག་ལྟ་བུ་ལའང་བསྟན་འཛིན་གྱི་སྐྱེས་བུར་གཟིགས་མངའི་སྙིགས་དུས་བསྟན་འགྲོའི་རྒྱན་མཆོག་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་ནས་མཎྜལ་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ལྡན་ཁྱད་པར་ཅན་བཅས་རིང་མོའི་དུས་ནས་གསུང་བསྐུལ་ཡང་ཡང་གནང་བ་དང༌། མཁྱེན་ཡོན་རྨད་བྱུང་བྲག་གཡབ་བླ་མ་འགྱུར་མེད་བློ་གྲོས་རྣམ་རྒྱལ་སོགས་དད་སྤྱན་མངའ་བའི་དམ་པ་དག་གིས་ལྷ་རྫས་ཀྱི་རྟེན་བཅས་བཀའ་ཡིས་བསྐུལ་བའི་རྐྱེན་གྱིས་བྲིས་པ་ལ་འཕགས་རྣམས་ཐུགས་ཀྱིས་མི་ཁྲེལ་བ་དང༌། མཐོང་ཐོས་དྲན་རེག་གིས་ཐོག་དྲངས་མཁའ་ཁྱབ་ཀྱི་གདུལ་བྱ་ལ་ཕན་པ་དང༌། རྒྱལ་བསྟན་རིན་པོ་ཆེའི་ཞབས་ཏོག་ཏུ་འགྱུར་བར་ཡབ་གཅིག་མཁྱེན་པའི་བདག་པོས་བྱིན་གྱིས་བརླབ་ཏུ་གསོལ།། །། ༈ ཀུན་མཁྱེྃན་ཡེ་ཤེས་མེ་ལོང་འཇམ་པའི་དབྱངས། །ཀུན་ཁྱབ་བརྩེྃ་ཆེན་འཇིག་རྟེན་དབང་ཕྱུག་ཆེ། །ཀུན་སྒྲོལ་སྟོབས་བཅུའི་འོྃད་ཟེརྃ་ཁྱབ་པའི་དབྱིག །ཀུན་གཟིགས་དཔལ་ལྡན་བླ་མར་གསོལ་བ་འདེབས། །དོན་དམ་ཡེ་ཤེས་དབྱིངས་ཀྱི་བླ་མ་ནི། །གདོད་ནས་འདུ་འབྲལ་མེད་པ་རང་ལ་བཞགས། །ཡིད་ཆེས་མོས་གུས་དད་པས་རྟག་འབོད་ན། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་མཛོད། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །བསྟན་པའི་སྙིང་པོ་བཤད་སྒྲུབ་ལས་ལ་བརྩོན། །རང་གི་རྒྱུད་ལྡོག་གཞན་ཕན་མཁའ་ལྟར་ཁྱབ། །ཆོས་རྗེ་བླ་མའི་གོ་འཕང་མངོན་གྱུར་ཤོག །ཅེས་གྲུབ་ཆེན་སངས་རྒྱས་མཉན་པའི་རྗེ་དབོན་འཆི་མེད་སྤྲུལ་པའི་སྐུ་དང་མཁྱེན་ཡོན་དཔལ་མངའ་ཨ་གྲོ་སྤྲུལ་སྐུ་ཟུང་ནས་གསུང་བསྐུལ་བཞིན་རྒད་པོ་རང་ཉིད་ཀྱིས་བྲིས་ཤིང་སྨོན་པ་དགེ་ལེགས་འཕེལ ༈ མཚོ་སྐྱེས་མ་ཧཱ་གུ་རུའི་གསང་གསུམ་གྱི། བྱིན་རླབས་བདུད་རྩིའི་དབུགས་འབྱིན་རྨད་བྱུང་བས། ངེས་གསང་ཆོས་མཆོག་སྤྱོད་པའི་སྐལ་བཟང་ཅན། །འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གསོལ་བ་འདེབས།། དད་དང་བློ་ཡིས་ལམ་གྱིས་སྒོ་ཕྱེས་ནས། །ངེས་འབྱུང་སྙིང་རྗེའི་ལམ་གྱི་གཞུང་བསྲང་སྟེ། །སྐུ་དང་ཡེ་ཤེས་ལམ་གྱི་འབྲས་བུ་ལ། །རྟེན་འདིར་སྤྱོད་པའི་སྐལ་བཟང་ཐོབ་གྱུར་ཅིག ཅེས་དད་ལྡན་ཤར་པ་དགེ་ཚུལ་ཐུབ་བསྟན་བྱང་ཆུབ་ཡེ་ཤེས་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དད་ལྡན་བློ་རྒྱུད་ཆོས་ལ་འབྱོར་བའི་རྒྱུར་གྱུར་ཅིག ༈ འགྱུར༵་མེད༵་རྡོ་རྗེ་དངོས་བྱོན་བི་ཛ་ཡས།།བྱིན་རླབས་ཐེག༵་མ༵ཆོག་སྙིང་པོའི་ཆོས་ཀྱི་ཕྱུག བསྟན༵་པ༵འི་རྒྱལ༵་མཚན༵་འཛིན་པའི་ལྷག་བསམ་ཅན། །བ༵ཀྲ་ཤིས༵་དཔ༵ལ་འབྱོར༵་ཞབས་ལ་གསོལ་བ་འདེབས། །ཅེས་པའང་སྒྲུབ་བརྩོན་པདྨ་འགྱུར་མེད་ནས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ།། །།
[edit]

@#/__/rnam thar gsol 'debs rab btags kyis bsnyad pa legs byas lha yi rnga sgra zhes bya ba bzhugs so// @#/_/dam pa'i yon tan rin chen gser 'gyur rtsi/_/bdag rgyud lcags khams reg la legs byas kyi/_/gser du sgyur mdzad khyab bdag bla ma rje/_/mkhas grub rgya mtsho'i tshogs la gsol ba 'debs/_/'jam pa'i dpal gyi ye shes rdo rje'i klong*/_/srid zhi sgyu 'phrul bkod pa 'byams klas pa/_/kun kyang nges don sku dang ye shes su/_/shar ba'i bdag nyid chen por gsol ba 'debs/_/mdo smad sde bzhi dge bcu'i sa yi char/_/myur mdzad 'phags ma dgyes pa'i ldan ljongs su/_/rnam dkar rgyud phyug gnyos rigs grags pa'i khyim/_/dal rten myu gu bzhad la gsol ba 'debs/_/btsas nas ring por ma lon 'jam pa'i dbyangs/_/mi pham rnam par rgyal bas rjes bzung zhing*/_/gser mdog was+t+ra bcud ldan bum bzang bstsal/_/bkra shis dpal 'byor btags la gsol ba 'debs/_/gzugs phung zhugs reg rkyen gyis legs bskul te/_/bskal mang rnyed dka'i mchog gsum zhabs bsnyen nas/_/rnam gsum thar pa'i rgyal mtshan gyis bklubs pa'i/_/'jigs med rab gsal zla bar gsol ba 'debs/_/'jam dbyangs bla ma blo gros rgya mtsho dang*/_/kun mkhyen 'jam dbyangs chos kyi blo gros las/_/srol gnyis byang chub sems kyi sdom pa nos/_/rgyal sras blo gros dri med gsol ba 'debs/_/gtan skyabs 'khor lo'i mgon po zhe chen pa/_/mkhan chen mkhas grub dbang po blo gsal sogs/_/mtshungs med dge ba'i bshes gnyen mchog rnams las/_/bka' gter smin grol thob la gsol ba 'debs/_/bcu phrag rig pa'i 'byung gnas dpal spungs kyi/_/rdo rje 'dzin dbang bstan 'dzin rdo rje las/_/sgra rig snyan ngag mngon brjod dkar nag rtsis/_/tha snyad ci nus sbyangs la gsol ba 'debs/_/mkhas btsun bzang mnga' mkhan chen du ma las/_/rgyal sras byang chub sems dpa'i spyod 'jug gtsos/_/'dul mngon dbu ma phar phyin byams chos sogs/_/thos pa'i skal bzang ldan la gsol ba 'debs/_/khyad par brtan mkhas rmad byung mkhan chen rje/_/thub bstan chos 'phel zhabs las rdo rje'i rgyud/_/gsang ba snying po'i bshad khrid lan gsum mnos/_/yid ches nges pa thob la gsol ba 'debs/_/gsang rgyud rgya mtsho'i 'byung gnas thub bstan bdag_/bka' drin mnyam med chos kyi blo gros las/_/gsung ngag lam 'bras tshogs slob sgrub btus kyi/_/gdams ngag rdzogs par gsan la gsol ba 'debs/_/rdo rje 'chang dbang rgyal dbang karma pa/_/byams mgon pad+ma dbang chen yab sras las/_/bka' brgyud grub thob rgya mtsho'i dbang man ngag_/zab rgyas mtha' yas nod la gsol ba 'debs/_/mkhas btsun grub mchog drung chen chos nyin byed/_/mkhyen rtogs mtshungs med lung rtogs phrin las dpal/_/gter sprul dri med 'od las snyan brgyud kyi/_/gdams ngag rdzogs par thob la gsol ba 'debs/_/gzhan yang rig 'dzin rtsal 'chang rnam gsum gyi/_/bka' bab mdzod chen rnam lnga yan lag bcas/_/mkhas grub rgyal po pad+ma bi dza dang*/_/d+harma ma ti las thob gsol ba 'debs/_/gangs can mgon po rgyal mchog pad dkar 'chang*/_/paN chen chos kyi nyi ma mdo smad kyi/_/mkhan chen blo bzang bstan 'dzin rgya mtsho yi/_/thun min thugs brtses bskyangs la gsol ba 'debs/_/khyad par chos rab rnam 'byed spyan yangs shing*/_/bskyed rdzogs gding thob mkhas grub rig pa 'dzin/_/bcu phrag lnga lhag dam pa'i skyes bu yis/_/rjes bzung gdams ngag bstsal la gsol ba 'debs/_/rnam 'dren bla ma'i zhal gdams bka' drin gyis/_/zab rgyas chos kyi gnad rnams phyogs tsam mjal/_/nga rgyal khengs sems khyad gsod spangs ba dang*/_/zhi dul spyod par bslabs la gsol ba 'debs/_/nges 'byung skul ba'i gsung gi byin snang gis/_/na tshod me tog gsar pa'i dus nas kyang*/_/dben par sbyang yon ldan dang sgrub la 'dun/_/'dir snang zhen pa chung la gsol ba 'debs/_/sman shing me tog rgyas pa'i nags tshal dang*/_/brag ri'i khang bzang mthon mdzes dben pa ru/_/bgrang bya nyi shu lhag bsten bsnyen bzlas rdzogs/_/ci nus brtson pas 'da' la gsol ba 'debs/_/gu ru rtsa gsum lha yi byin rlabs dang*/_/rlung sems 'char sgo ma 'gags 'dres pa yis/_/dgongs gter lta bu'i chos bka' ji snyed dang*/_/sa gter kha byang bab la gsol ba 'debs/_/kun gzigs pad+ma ye shes rdo rje yis/_/dgyes pas dbugs dbyung rtsod dus bstan 'gro la/_/nges par sman pas yal bar ma dor zhes/_/brtse bas rjes su gdams la gsol ba 'debs/_/myos ston sku mched gsar rnying ris med kyi/_/dam pa du mas zab chos bdud rtsi bzhes/_/rten 'brel legs dgu'i dge mtshan gyur pa bzhin/_/lhag bsam smon 'dun bgyis la gsol ba 'debs/_/rang rgyud de nyid bcu dang mi ldan yang*/_/dus kyi rgud pas rnying bstan nyams dmas par/_/zhabs tog rloms pas gsar rnying bka' gter gyi/_/smin grol gdams ngag spel la gsol ba 'debs/_/rgyal bstan gzhi ma gsung rab rin po che/_/spel ba'i slad du mdzod chen rnam lnga sogs/_/dngos brgyud kun nas 'bad pas spar bskrun te/_/'dzam gling tha grur khyab la gsol ba 'debs/_/tshe rabs kun tu mang thos nor gyis phyug_/ris med dam pa'i bshes kyis rjes su bzung*/_/gdul dka' 'dul la pad+ma 'byung gnas kyi/_/rnam thar ji bzhin 'dun der gsol ba 'debs/_/byang sems rgyud la skye ba'i smon lam gyis/_/nam mkha' sems can ji srid gnas kyi bar/_/rje btsun 'jam dpal dbyangs kyi mdzad bzang ltar/_/spyod par rtag tu smon la gsol ba 'debs/_/bdag la dam par blta bas thog drangs pa'i/_/mthong thos dran reg gshe skur 'brel ba kun/_/tshe rabs kun tu lam gol dman mi ltung*/_/byang chen spyod pa rgya mtshor dbugs 'byin shog_/srid zhir khyab pa'i mtshan dang sku'i bkod pas/_/srid zhi'i mthar lhung mkha' khyab 'gro ba kun/_/srid zhi las 'das go 'phang mchog 'god mdzad/_/srid zhi'i khyab bdag 'jam dpal dbyangs mtshungs shog_/rab 'byams rgyal ba'i rnam thar phrin las mthu/_/yongs rdzogs rgyal kun yab gcig gang de dang*/_/gnyis med gcig tu mngon par byang chub pa'i/_/go 'phang mthong ba'i chos la mngon gyur shog_/ces pa 'di'ang gang gi tshe snyigs ma'i mthar thug tu skyes pas dus kyi 'gyur ba glog phreng ltar g.yo/__bstan 'gro'i bde skyid kyi dpal nam langs kyi skar ma ltar yal/__dam pa'i chos mthun thams cad dgun gyi chu phran ltar gyur nas/__bdag lta bu la'ang bstan 'dzin gyi skyes bur gzigs mnga'i snyigs dus bstan 'gro'i rgyan mchog 'khrul zhig rin po che 'gyur med mdo sngags bstan 'dzin nas maN+Dal sku gsung thugs kyi rten byin ldan khyad par can bcas ring mo'i dus nas gsung bskul yang yang gnang ba dang*/_mkhyen yon rmad byung brag g.yab bla ma 'gyur med blo gros rnam rgyal sogs dad spyan mnga' ba'i dam pa dag gis lha rdzas kyi rten bcas bka' yis bskul ba'i rkyen gyis bris pa la 'phags rnams thugs kyis mi khrel ba dang*/__mthong thos dran reg gis thog drangs mkha' khyab kyi gdul bya la phan pa dang*/__rgyal bstan rin po che'i zhabs tog tu 'gyur bar yab gcig mkhyen pa'i bdag pos byin gyis brlab tu gsol//__//__!___kun mkhye~Mn ye shes me long 'jam pa'i dbyangs/_/kun khyab brtse~M chen 'jig rten dbang phyug che/_/kun sgrol stobs bcu'i 'o~Md zera~M khyab pa'i dbyig_/kun gzigs dpal ldan bla mar gsol ba 'debs/_/don dam ye shes dbyings kyi bla ma ni/_/gdod nas 'du 'bral med pa rang la bzhags/_/yid ches mos gus dad pas rtag 'bod na/_/tshe rabs kun tu rjes su 'dzin par mdzod/_/tshul gnas thos bsam sgom pa'i yon tan rdzogs/_/bstan pa'i snying po bshad sgrub las la brtson/_/rang gi rgyud ldog gzhan phan mkha' ltar khyab/_/chos rje bla ma'i go 'phang mngon gyur shog_/ces grub chen sangs rgyas mnyan pa'i rje dbon 'chi med sprul pa'i sku dang mkhyen yon dpal mnga' a gro sprul sku zung nas gsung bskul bzhin rgad po rang nyid kyis bris shing smon pa dge legs 'phel__!__mtsho skyes ma hA gu ru'i gsang gsum gyi/_byin rlabs bdud rtsi'i dbugs 'byin rmad byung bas/_nges gsang chos mchog spyod pa'i skal bzang can/_/'jigs med mkhyen brtse'i 'od zer gsol ba 'debs//_dad dang blo yis lam gyis sgo phyes nas/_/nges 'byung snying rje'i lam gyi gzhung bsrang ste/_/sku dang ye shes lam gyi 'bras bu la/_/rten 'dir spyod pa'i skal bzang thob gyur cig_ces dad ldan shar pa dge tshul thub bstan byang chub ye shes nas bskul ngor rang nyid kyis bris pa dad ldan blo rgyud chos la 'byor ba'i rgyur gyur cig_!_'gyura~X meda~X rdo rje dngos byon bi dza yas//byin rlabs thega~X ma~Xchog snying po'i chos kyi phyug_bstana~X pa~X'i rgyala~X mtshana~X 'dzin pa'i lhag bsam can/_/ba~Xkra shisa~X dpa~Xl 'byora~X zhabs la gsol ba 'debs/_/ces pa'ang sgrub brtson pad+ma 'gyur med nas bskul ngor rang nyid kyis bris pa'o//__//

Footnotes

Other Information