DKR-KABUM-02-KHA-050-10

From Khyentse Lineage - A Tsadra Foundation Project
Revision as of 17:11, 4 November 2022 by WikiBot2015 (talk | contribs)

Wylie title page=1
Location dil mgo mkhyen brtse bka' 'bum
Volume 50, Text 10, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre
[edit]
༈ གུ་རུ་ཛམ་གླིང་རྒྱན་མཆོག་ལ་བསྔགས་པ་བདེ་ཆེན་བདུད་རྩིའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། ཀ་ནས་དག་པའི་ཆོས་དབྱིངས་ཞི་བའི་ལྷུམས། །ཁ་དོག་དངོས་མཚན་རྡུལ་བྲལ་རྟག་སིམ་ཡང༌། །ག་བུར་ཞུ་བདེའི་དཔྱིད་བཞིན་བདེ་མཆོག་གཟུགས། །ང་བདག་རྟོག་བྲལ་ཧེ་རུ་ཀ་དཔལ་དགྱེས། །ཅ་ཅོའི་ཚིག་གིས་མི་མཚོན་ནམ་མཁའི་དཀྱིལ། །ཆ་མེད་ཀུན་འགྲོ་སྲིད་ཞིའི་སྲོག་ཞུགས་ཀྱང༌། །ཇ་བཟང་བཅུད་བཞིན་བརྗོད་མེད་རོས་མྱོས་པའི། །ཉ་གང་ཟླ་བཞིན་ཡེ་ཤེས་འཕེལ་འགྲིབ་མེད། །ཏ་ན་ག་ནའི་ཐབས་ཤེས་རྡོ་རྗེའི་སྤྱོད། །ཐ་མལ་ལས་འདས་ཁྱོད་དབྱིངས་འཇུག་ཕྱིར་ཏེ། །ད་ལྟ་མ་འོངས་འདས་པའི་དུས་ཀུན་ཏུ། །ན་རྒ་སྐྱེ་འཆིའི་ཟུག་རྔུ་གཞར་ཡང་མེད། །པ་སངས་ཤར་རིའི་ཕྲག་པར་ཆས་པ་བཞིན། །ཕ་མཐའ་ཡས་པའི་ཆོས་ཉིད་ཉིན་བྱེད་འོད། །བ་མོར་རེག་བཞིན་འཆར་བས་ཀུན་ཉོན་མུན། །མ་ལུས་བགྲུངས་བ་རྡོ་རྗེའི་དེ་ཁོ་ན། །ཙཱ་རི་རེག་པ་མེད་པའི་མཆོད་རྟེན་བཞིན། །ཚ་གྲང་སྲིད་ཞིའི་གདུང་ཞི་འབྲས་བུ་མཆོག །ཛ་ལནྡྷ་རའི་ཏོག་བཞིན་སྲིད་ཞི་ལས། །ཝ་ལེར་རྣམ་གྲོལ་འཕགས་པའི་མཉམ་བཞག་ཡུལ། །ཞ་ཉེ་ལྟར་ལྕིའི་འཁྲུལ་སྣང་རྒྱུ་དང་འབྲས། །ཟྭ་ལྟར་རྩུབ་པ་ཁྱོད་དབྱིངས་ངལ་གསོས་པས། །འ་འོལ་ར་རིབ་བཞིན་དུ་སངས་ནས་ཀྱང༌། །ཡ་མཚན་དེ་ཉིད་རྟོགས་པས་རབ་ཏུ་ཞི། །ར་བ་སྲིད་པའི་གྲོང་ལས་བརྒལ་འདོད་ན། །ལ་འུར་ཁྱོད་ཀྱི་རྡོ་རྗེ་གསུམ་དབྱིངས་སུ། །ཤ་རྐྱང་རི་ལ་རྩེན་བཞིན་འཇུག་བྱས་པས། །ས་བཅུ་དབུ་མར་རྫོགས་པའི་ངལ་འཚོ་སྟེར། །ཧ་ལ་ལྟ་བུའི་དུག་ལྔ་ཡེ་ཤེས་དབྱིངས། །ཨ་ཧོ་མ་སྤངས་དག་པའི་ངོ་མཚར་གྱིས། །ཨ་དོན་རྣམ་མེད་ཆོས་དབྱིངས་བཙུན་མོའི་ཀློང༌། །ཧ་ཅང་སིམ་པའི་དཔལ་སྟེར་ངོ་མཚར་ལ། །ཧི་མ་ལ་རིར་སྟོན་ཟླས་འཁྱུད་པ་བཞིན། །ཧེ་ཞེས་དགྱེས་པས་བསྔགས་པ་ཕྲ་མོས་ཀྱང༌། །ཨེ་མ་ལེགས་བྱས་ཆུ་གཏེར་མི་ཟད་པ། །ཨོ་རྒྱན་མཁའ་སྤྱོད་ཚལ་དུ་ཕྱིན་གྱུར་ཅིག །བསྔགས་བརྗོད་ཀྱི་རབ་བྱེད་བརྒྱད་པའོ།
[edit]

!___gu ru dzam gling rgyan mchog la bsngags pa bde chen bdud rtsi'i sgra dbyangs zhes bya ba bzhugs/__ka nas dag pa'i chos dbyings zhi ba'i lhums/__/kha dog dngos mtshan rdul bral rtag sim yang*/__/ga bur zhu bde'i dpyid bzhin bde mchog gzugs/__/nga bdag rtog bral he ru ka dpal dgyes/__/ca co'i tshig gis mi mtshon nam mkha'i dkyil/__/cha med kun 'gro srid zhi'i srog zhugs kyang*/__/ja bzang bcud bzhin brjod med ros myos pa'i/__/nya gang zla bzhin ye shes 'phel 'grib med/__/ta na ga na'i thabs shes rdo rje'i spyod/__/tha mal las 'das khyod dbyings 'jug phyir te/__/da lta ma 'ongs 'das pa'i dus kun tu/__/na rga skye 'chi'i zug rngu gzhar yang med/__/pa sangs shar ri'i phrag par chas pa bzhin/__/pha mtha' yas pa'i chos nyid nyin byed 'od/__/ba mor reg bzhin 'char bas kun nyon mun/__/ma lus bgrungs ba rdo rje'i de kho na/__/tsA ri reg pa med pa'i mchod rten bzhin/__/tsha grang srid zhi'i gdung zhi 'bras bu mchog__/dza lan+d+ha ra'i tog bzhin srid zhi las/__/wa ler rnam grol 'phags pa'i mnyam bzhag yul/__/zha nye ltar lci'i 'khrul snang rgyu dang 'bras/__/zwa ltar rtsub pa khyod dbyings ngal gsos pas/__/'a 'ol ra rib bzhin du sangs nas kyang*/__/ya mtshan de nyid rtogs pas rab tu zhi/__/ra ba srid pa'i grong las brgal 'dod na/__/la 'ur khyod kyi rdo rje gsum dbyings su/__/sha rkyang ri la rtsen bzhin 'jug byas pas/__/sa bcu dbu mar rdzogs pa'i ngal 'tsho ster/__/ha la lta bu'i dug lnga ye shes dbyings/__/a ho ma spangs dag pa'i ngo mtshar gyis/__/a don rnam med chos dbyings btsun mo'i klong*/__/ha cang sim pa'i dpal ster ngo mtshar la/__/hi ma la rir ston zlas 'khyud pa bzhin/__/he zhes dgyes pas bsngags pa phra mos kyang*/__/e ma legs byas chu gter mi zad pa/__/o rgyan mkha' spyod tshal du phyin gyur cig__/bsngags brjod kyi rab byed brgyad pa'o/

Footnotes

Other Information