JKW-KABAB-04-NGA-029

From Khyentse Lineage - A Tsadra Foundation Project
Revision as of 15:20, 21 April 2021 by Mort (talk | contribs)

JKW-KABAB-04-NGA-029

Wylie title JKW-KABAB-04-NGA-029.pdf
Location mkhyen brtse'i bka' babs
Volume Expression error: Unrecognized word "nga"., Text 29, Pages (Folios to )
Author [[ | ]]
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. '. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 2-. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma
Karchag page JKW-KABAB-Volume-02-KHA-Karchag"NGA" is not a number.

"NGA" is not a number.

[edit]
༄༅། །ཡང་གཏེར་ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་རྒྱུན་གྱི་རྣལ་འབྱོར་པདྨ་སྣང་བའི་རྒྱན་ཞེས་བྱ་བ་བཞུགས། གུ་རུ་པདྨ་ནིརྟེ་ཤྭ་ར་ཡེ། ཁྱབ་བདག་པདྨོའི་དཔལ་གྱི་མགོན། །ཞི་ཁྲོ་འདུས་པའི་ལྷར་བཏུད་ནས། །རྒྱུན་གྱི་རྣལ་འབྱོར་སྙིང་པོའི་རྒྱན། །ཉུང་ངུར་བསྡུས་པ་འདི་ན་འཆད། །དེ་ལ་འདིར་བསྙེན་སྒྲུབ་སྔོན་སོང་གི་རྣལ་འབྱོར་པས་རྒྱུན་གྱི་ཉམས་ལེན་དུ་བྱ་བའི་རིམ་པ་ལ་སྦྱོར་དངོས་གཉིས་ལས། དང་པོ་ནི། རྩ་བ་གསུམ་གྱི་རྟེན་གྱི་དྲུང་དུ་མཆོད་གཏོར། སྨན་རག །ཉེར་སྤྱོད་ལ་སོགས་པ་བཤམས་པའམ། མི་ལྕོགས་ན་ཏིང་ངེ་འཛིན་གྱི་སྤྲུལ་པས་ཀྱང་ཁྱབ་བོ། །གཉིས་པ་ལ་སྔོན་དངོས་རྗེས་གསུམ་གྱི་དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་བསྲང༌། རླུང་རོ་བསལ་ནས། ཚིག་བདུན་ལ་སོགས་པའི་གསོལ་འདེབས་སྔོན་དུ་བཏང་ནས། ཐུན་མོང་གི་སྔོན་འགྲོ་རྣམས་རྒྱུད་ལ་འདྲེས་ངེས་སུ་གསལ་གདབ་པས་བློ་དགེ་བ་ལ་བཀོལ། ཐོག་མར་སྐྱབས་ཡུལ་གསལ་གདབ་པ་ནི། མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་མངོན་སུམ་དུ་བཞུགས་པར་མོས་ལ། སྐྱབས་སུ་འགྲོ་བ་ནི། ན་མོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ སྐྱབས་གནས་རྒྱ་མཚོའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་པ་ནི། མ་གྱུར་འགྲོ་བ་ཀུན་དོན་དུ༔ བླ་མ་ཞི་ཁྲོ་བསྒྲུབས་ནས་ནི༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པས༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་སོ་སོར་ཚར་ཇི་ལྟར་འོས་པ་དང༌། མཐར་ཚད་མེད་བཞི་ལ་བློ་བཞག་སྟེ། འགྲོ་ཀུན་བདེ་དང་ལྡན་པ་དང་༔ སྡུག་བསྔལ་རྒྱུར་བཅས་ཀུན་དང་བྲལ༔ བདེ་ལས་རྟག་ཏུ་མི་ཉམས་ཤིང་༔ བཏང་སྙོམས་མཆོག་ལ་འགོད་པར་བགྱི༔ ཞེས་པའི་དོན་རྒྱུད་ལ་འདྲེས་ངེས་སུ་བསྒོམ། སླར་ཡང་ཞིང་མཆོག་དེ་རྣམས་ཀྱི་སྤྱན་སྔར་ཚོགས་བསགས་པའི་སླད་ཡན་ལག་བདུན་པ་འབུལ་བ་ནི། ཧོཿ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་གནོང་འགྱོད་དྲག་པོས་བཤགས༔ དགེ་ཚོགས་ཀུན་ལ་ཡི་རང་ངོ་༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས༔ ཆོས་འཁོར་བསྐོར་བཞིན་བཞུགས་པར་གསོལ༔ བསོད་ནམས་བྱང་ཆུབ་ཆེན་པོར་བསྔོ༔ མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ བདག་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས༔ སྣོད་བཅུད་བཀོད་པ་ལྷུན་གྲུབ་འདོད་ཡོན་རྒྱན༔ ཕུང་ཁམས་སྐྱེ་མཆེད་རྡོ་རྗེའི་མཎྜལ་ལ༔ ཆོས་དབྱིངས་དཀྱིལ་འཁོར་ཡེ་ཤེས་སྒྱུ་མའི་སྤྲིན༔ ནམ་མཁའ་ཁྱབ་པར་ཡིད་ཀྱིས་མངོན་སྤྲུལ་ཏེ༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་འབུལ༔ ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མཎྜལ་པཱུ་ཛ་ཧོཿ ཞེས་ཇི་ལྟར་ནུས་པས་ཕུལ། སྡིག་སྒྲིབ་སྦྱོང་ཕྱིར་བཤགས་སྡོམ་གྱི་འདུན་པ་རྩེ་གཅིག་པས། བདག་ནི་མི་ཤེས་གཏི་མུག་མཐུས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྡིག་ལྟུང་ཉེས་བྱས་རྣམས༔ མགོན་པོའི་སྤྱན་སྔར་གནོང་འགྱོད་ཀྱི༔ གདུང་བ་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་བསྡམ་པར་དམ་བཅའ་ན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ བྱང་ཞིང་དག་པར་བྱིན་བརླབས་གསོལ༔ ཞེས་གདུང་བ་དྲག་པོས་བཤགས་པས། བླ་མ་པདྨ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་དཀར་པོ་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས༔ ཡབ་ཡུམ་གྱི་སྐུའི་ནང་གང་༔ སྦྱོར་མཚམས་ནས་ཐོན། རང་གི་སྤྱི་བོ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང་༔ སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་བསམས་ལ༔ ཨོཾ་གུ་རུ་པདྨ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ གུ་རུ་པདྨ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་གུ་རུ་པདྨ་ཧྲཱི་ད་ཡ་མཱ་མེ་མུཉྩ༔ གུ་རུ་པདྨ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་བླ་མའི་ཡིག་བརྒྱ་བཟླས་མཐར། སྐུ་གསུང་ཐུགས་སོགས་རྩ་བ་དང༌། །ཡན་ལག་དམ་ཚིག་ཉམས་འདས་རྣམས། །མི་འཆབ་མི་སྦེད་མཐོལ་ལོ་བཤགས། །སླད་ཆད་མི་བགྱིད་སྡོམ་ལགས་ན། །བྱང་དག་ཚངས་པར་སྩལ་དུ་གསོལ། ཞེས་བཤགས་བསྡོམ་བྱ། ཁྱད་པར་བྱིན་རླབས་བཙན་ཐབས་སུ་འབེབས་པའི་སླད་དུ་མོས་གུས་གདུང་ཤུགས་དྲག་པོས། སྐུ་གསུང་ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་༔ སྐྱབས་གནས་ཀུན་འདུས་གུ་རུ་པདྨ་ལ༔ སྙིང་ནས་མོས་གུས་དྲག་པོས་གསོལ་བ་འདེབས༔ དབང་བསྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔ ཞེས་ཅི་ནུས་དང༌། གསོལ་འདེབས་ཀྱི་བསྙེན་པ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩེ་གཅིག་པས་བཟླ། མཐར་དབང་བླང་ཞིང་མཉམ་པར་བཞག་པ་ནི༔ དཔལ་ལྡན་བླ་མ་རིན་པོ་ཆེས༔ བདག་ལ་དབང་བཞི་བསྐུར་དུ་གསོལ༔ སྒྲིབ་བཞི་དག་ཅིང་ལམ་བཞི་འབྱོངས༔ སྐུ་བཞི་ཐོབ་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་པས༔ བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་གི་གནས་གསུམ་དུ་ཐིམ་པས་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ མཐར་བླ་མ་ཉིད་འོད་དུ་ཞུ༔ རང་ལ་ཐིམ༔ ཐུགས་ཡིད་དབྱེར་མེད་དུ་འདྲེས༔ དབང་བཞི་པ་ཐོབ༔ དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་བསམས་ལ་སེམས་མ་བཅོས་པའི་ངང་དུ་བཞག་གོ༔ དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་སྔོན་འགྲོའི་རིམ་པའོ། །གཉིས་པ་དངོས་གཞི་ལ་བསྐྱེད་བཟླས་ཡན་ལག་དང་བཅས་པ་ནི། འདོན་བསྒོམ་ཟུང་དུ་འཇུག་པས་བླ་མའི་བྱིན་རླབས་བསྙེན་པ་ནི། ཧྲཱིཿ སེམས་ཉིད་མ་བཅོས་གཉུག་མའི་ངང་༔ འགག་མེད་ཧྲཱིཿཡི་སྒྲ་གདངས་ཀྱིས༔ སྣང་སྲིད་དངོས་འཛིན་དབྱིངས་སུ་ཡལ༔ དེ་ལས་སྣོད་ཀྱི་འཇིག་རྟེན་ཀུན༔ པདྨ་དྲཱ་བའི་ཞིང་གི་གཞིར༔ རྡོ་རྗེ་སྲུང་བའི་འཁོར་ལོ་དང་༔ རིན་ཆེན་གཞལ་མེད་ཁང་བཟང་དབུས༔ པད་ཉི་ཟླ་བའི་གདན་གྱི་སྟེང་༔ བདག་ཉིད་བདེ་གཤེགས་ཀུན་གྱི་དངོས༔ འཇིག་རྟེན་དབང་ཕྱུག་པདྨའི་རྒྱལ༔ དམར་གསལ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ ཐལ་སྦྱར་རྡོ་རྗེ་རྩེ་ལྔ་བསྣམས༔ འོག་མས་ཕྲེང་བ་ཨུཏྤལ་འཆང་༔ པང་དུ་གསང་བ་ཡེ་ཤེས་དམར༔ ཌ་རུ་ཐོད་ཆང་འཛིན་མས་འཁྲིལ༔ གཉིས་ཀ་མེ་ཏོག་ཕྲེང་བ་དང་༔ དར་དང་རིན་ཆེན་རུས་པས་བརྒྱན༔ ཞི་ཆགས་ཅུང་ཟད་ཁྲོས་པའི་ཉམས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ ཐབས་དང་ཤེས་རབ་འགྲོ་འདུལ་སྲས༔ ཕུང་པོ་འབྱུང་བ་རིགས་ལྔ་ཡུམ༔ ཚོགས་ཡུལ་སེམས་དཔའ་ལྕམ་དྲལ་དང་༔ ཉོན་མོངས་རང་གྲོལ་ཐུབ་པ་དྲུག༔ ལྟ་བ་དུས་བཞི་སྒོ་སྐྱོང་ཚོགས༔ དུས་གསུམ་རྟོགས་ཚོགས་རྣམ་དག་པ༔ བདེ་གཤེགས་ཁྲག་འཐུང་རབ་འབྱམས་ལྷ༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་ལྷུན་གྱིས་གྲུབ༔ སྤྱི་བོར་པད་ཉི་ཟླ་སྟེང་དུ༔ རྩ་བའི་བླ་མ་རྡོ་རྗེ་འཆང་༔ པདྨ་འབྱུང་གནས་སྐུ་མདོག་དམར༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་འཁྲིལ༔ བརྒྱུད་གསུམ་བླ་མའི་སྤྲིན་ཕུང་འཕྲོ༔ ཀུན་ཀྱང་ཆུ་ཟླ་འཇའ་ཚོན་ལྟར༔ སྣང་ལ་རང་བཞིན་མ་གྲུབ་པ༔ དམ་ཚིག་ཡེ་ཤེས་དབྱེར་མེད་གྱུར༔ ཅེས་གསལ་བཏབ་ལ་བཟླས་པའི་དམིགས་པ་ནི། ཐོག་མར་སྤྱི་བོའི་བླ་མ་ལ་མོས་གུས་རྩེ་གཅིག་པས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ གུ་རུ་པདྨ་རྡོ་རྗེ་འཆང་༔ བདག་ལ་རེ་ས་གཞན་ན་མེད༔ ཡེ་ཤེས་ཐུགས་རྗེས་དགོངས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་གསོལ་བ་གདབ༔ གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་རིམ་དང་གཅིག་ཅར་དུ་བྱུང་༔ རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམས་ལ༔ ཞེས་དབང་བཞི་ལེན་པའི་དམིགས་པ་དང་བཅས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བསྙེན་སྔགས་ཅུང་ཟད་བཟླས་མཐར༔ བླ་མ་ཨོ་རྒྱན་རྡོ་རྗེ་འཆང་༔ དགྱེས་པ་ཆེན་པོས་རང་ལ་ཐིམ༔ བྱིན་བརླབས་ཐུགས་ཡིད་གཅིག་ཏུ་འདྲེས༔ ཡེ་ཤེས་རྒྱུད་ལ་སྐྱེས་པར་གྱུར༔ ཅེས་བརྗོད་ཅིང་མཉམ་པར་བཞག །དེ་ནས་ཡི་དམ་བསྒྲུབ་པའི་བཟླས་པ་ནི། ཐུགས་ཀར་ཉི་ཟླ་ཁ་སྦྱོར་དབུས༔ ཧྲཱིཿཡིག་དམར་གསལ་སྔགས་ཀྱིས་བསྐོར༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ རབ་འབྱམས་བདེ་གཤེགས་དགྱེས་པ་བསྐྱེད༔ སྐུ་གསུང་ཐུགས་དང་ཡེ་ཤེས་དབྱིངས༔ ལྷ་སྔགས་ཕྱག་མཚན་རྣམ་པ་རུ༔ ཆར་ལྟར་བབས་ཏེ་བདག་ལ་ཐིམ༔ སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་བཟླ། འཁོར་བ་དོང་སྤྲུགས་ལས་སྦྱོར་ནི། སླར་ཡང་བདག་ཉིད་ལུས་དཀྱིལ་གྱི༔ ལྷ་ལས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས༔ འཕགས་པའི་སྐུ་གསུང་ཐུགས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ནི་པདྨེ་ཧཱུྃ༔ དྷཱུ་མ་གྷ་ཡེ་ན་མཿསྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་ས་ཏྭ་པཱ་པཾ་ཀླེ་ཤ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤྱི་དྲིལ་ཅི་རིགས་བཟླ། གཟུངས་སྔགས་བཟླ་བར་སྤྲོ་ན། ན་མོ་རཏྣ་ཏྲ་ཡཱའ་ཡ། ན་མོ་བྷ་ག་ཝ་ཏེ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་པདྨ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ། ཨོཾ་ན་མོ་པདྨ་ཤྭ་རི་རཱ་ཡ༔ པདྨ་ཨུཥྞཱི་ཥཱ་ཡ༔ པདྨ་ལོ་ཙ་ནཱ་ཡ༔ པདྨ་མུ་ཁཱ་ཡ༔ པདྨ་ཧསྟཱ་ཡ༔ པདྨ་པ་ད་ནཱ་ཡ༔ པདྨ་དྷ་ར་ཎཱ་ཡ༔ པདྨ་ཛྙཱ་ན་ཡ༔ པདྨ་པཱ་དཱ་ཡ༔ པདྨ་ཨཾ་ཀུ་ཤཱ་ཡ༔ པདྨ་ཤྭ་རཱ་ཡ༔ པདྨ་བཛྲ་གབྟཱ་ཡ༔ པདྨ་སཾ་གྲ་ཧཱ་ཡ༔ པདྨ་སུ་ཁཱ་ཡ༔ པདྨ་ཕུལླཱ་ཡ༔ པདྨ་པྲ་བྷཱ་ཡ༔ པདྨ་ཏེ་ཛཱ་ཡ༔ པདྨ་བི་ཤྲནྟཱ་ཡ༔ པདྨ་སིཾ་ཧ་ནཱ་དཱ་ཡ༔ པདྨ་ལོ་ཀེ་ཤྭ་རཱ་ཡ༔ པདྨ་ཁ་ཙརྻ་ཡ༔ པདྨ་ག་ག་ན་རཱ་ཛཱ་ཡ༔ པདྨ་ཀྲཱི་ཧི་གརྦྷཱ་ཡ༔ པདྨ་བཱི་བྷ་ཡཱ་ཡ༔ པདྨ་ཙིནྟ་ཙཀྲཱ་ཡ༔ པདྨ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ པདྨ་ཨ་མོ་གྷ་པཱ་ཤཱ་ཡ༔ པདྨ་ཙིནྟ་མ་ཎི་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ མ་མ་སརྦ་པཱ་པཾ་ཀླེ་ཤ་ཤོ་དྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ སརྦ་ཀརྨ་ཨཱ་ར་ཎ་བི་ཤོ་དྷ་ཡ༔ ཧ་ན་ཧ་ན༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ ད་ཧ་ན་ད་ཧ་ན༔ པིཉྩ་ཡ་པིཉྩ་ཡ༔ སརྦ་མ་ཡ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཞེས་ཅུང་ཟད་བཟླ། དེ་རྣམས་ནི་དངོས་གཞི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་སྟན་ཐོག་གཅིག་ཏུ་ཚང་བའོ། །གསུམ་པ་ལ་ཐུན་མཚམས་གཏོར་མ་འབུལ་བ་ནི། རྃ་ཡྃ་ཁྃ་གིས་གསང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབས༔ ཧ་ཧོ་ཧྲཱིཿས་སྤེལ་ལ། གཏོར་མགྲོན་སྤྱན་དྲང་པ་ནི༔ ཧྲཱི༔ བླ་མ་ཡི་དམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་༔ བདག་ཅག་ཚོགས་བསགས་མཆོད་པ་བཞེས་སླད་དུ༔ ཡེ་ཤེས་སྒྱུ་མའི་རོལ་པས་གནས་འདིར་གཤེགས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོཿ པདྨ་ཨཱ་ས་ན་ཏིཥྛནྟུ༔ ཞེས་པའི་མདུན་གྱི་ནམ་མཁར་བཞུགས་པ་ལ་གཏོར་མ་འབུལ་བ་ནི༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་པདྨ་རཱ་ཛ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷཱུཉྩ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ལན་བདུན་གྱིས་ཕུལ༔ མཆོད་ཅིང་བསྟོད་ལ་ཕྲིན་ལས་གསོལ་བ་ནི༔ ཧྲཱིཿ ཉེར་སྤྱོད་འདོད་ཡོན་བདེ་བ་ཆེ༔ སྨན་རཀ་གཏོར་ཚོགས་བསམ་མི་ཁྱབ༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀུ་རུ་ཎི་ཀ་པདྨ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཧོཿ ཧྲཱིཿ མཁའ་ཁྱབ་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཀུན་ཏུ་སྟོན༔ བླ་མ་ཐུགས་རྗེའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་ལམ་གྱི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ཅེས་བརྗོད། ཡི་གེ་བརྒྱ་པས་ནོངས་པ་བཤགས། གཏོར་མགྲོན་གྱི་ཡེ་ཤེས་པ་བདག་དང་རྟེན་ལ་ཐིམ་པར་བསམ་མོ། །བདག་བསྐྱེད་བསྡུ་ལྡང་ནི། སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཀུན༔ ཧྲཱིཿཡིག་ལ་ཐིམ་འོད་གསལ་ངང་༔ ཞེས་རྫོགས་རིམ་འོད་གསལ་གྱི་ཉམས་ལེན་ལ་གནད་དུ་བསྣུན། སླར་ཡང་མ་བཅོས་རྩ་བའི་ལྷ༔ མཁའ་ལས་འཇའ་ཚོན་བཞིན་དུ་ཤར༔ ཞེས་ཟུང་འཇུག་གི་སྐུར་ལྡང༌། བསྔོ་སྨོན་བྱ་བ་ནི། དགེ་བ་འདི་ཡིས་བདག་གཞན་ཀུན༔ ཁམས་གསུམ་འཁོར་བ་དོང་སྤྲུགས་ནས༔ སྲིད་ན་འགར་ཡང་མི་གནས་པར༔ ཐམས་ཅད་བྱང་ཆུབ་མྱུར་ཐོབ་ཤོག༔ བཀྲ་ཤིས་ནི། བྱིན་རླབས་སྤྲིན་ཕུང་བླ་མ་རྡོ་རྗེ་འཆང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ཐུགས་རྗེའི་གཏེར༔ འཁོར་བ་དོང་སྤྲུགས་བདེ་གཤེགས་སེམས་དཔའི་ཚོགས༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་ཤིས་བརྗོད་ཀྱི་རིམ་པས་མཐའ་བརྒྱན་པས་གྲུབ་བོ། །དེ་ལས་ཀྱང་བསྡུ་བར་མོས་ན། སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པའི་རྗེས། དངོས་གཞིའི་བསྐྱེད་བཟླས་ལ་འཇུག་པ་དང༌། བཟླས་པའི་མཐར་བསྡུ་ལྡང་ལ་འཇུག་པས་འཐུས་སོ། །ཞེས་པའང་རང་སློབ་མང་ཐོས་ཀྱི་འདུལ་འཛིན་སྨིན་གྲོལ་འབོག་པའི་སློབ་དཔོན་ཐུགས་རྗེའི་དབང་ཕྱུག་པདྨ་དགྱེས་པ་ནས་འདི་ལྟ་བུ་སྦྱོར་ཞེས་པའི་ཆེད་དུ་བསྐུལ་བའི་ངོར། གཏེར་གཞུང་དང་དམ་པའི་གསུང་ལ་བསྟུན་ཏེ་འདུ་བགྱིད་པ་པོ་ནི་སངས་རྒྱས་ཀརྨ་པའི་མཚན་འཛིན་སྔགས་བན་མཁའ་ཁྱབ་རྡོ་རྗེར་འབོད་པས་མཚུར་མདོ་བོ་ལུང་ཐུགས་རྗེ་ཆེན་པོའི་ཕོ་བྲང་གི་རི་བོའི་སྤོའི་བསམ་གཏན་གྱི་ཁང་བུ་ལྷུན་གྲུབ་ཕོ་བྲང་ནས་བྲིས་པ་དགེ་ལེགས་འཕེལ།། །།
[edit]

@#/___/yang gter thugs rje chen po pad+ma zhi khro'i rgyun gyi rnal 'byor pad+ma snang ba'i rgyan zhes bya ba bzhugs/___gu ru pad+ma nirte shwa ra ye/__khyab bdag pad+mo'i dpal gyi mgon/__/zhi khro 'dus pa'i lhar btud nas/__/rgyun gyi rnal 'byor snying po'i rgyan/__/nyung ngur bsdus pa 'di na 'chad/__/de la 'dir bsnyen sgrub sngon song gi rnal 'byor pas rgyun gyi nyams len du bya ba'i rim pa la sbyor dngos gnyis las/__dang po ni/__rtsa ba gsum gyi rten gyi drung du mchod gtor/__sman rag__/nyer spyod la sogs pa bshams pa'am/__mi lcogs na ting nge 'dzin gyi sprul pas kyang khyab bo/__/gnyis pa la sngon dngos rjes gsum gyi dang po ni/__bde ba'i stan la lus gnad bsrang*/__rlung ro bsal nas/__tshig bdun la sogs pa'i gsol 'debs sngon du btang nas/__thun mong gi sngon 'gro rnams rgyud la 'dres nges su gsal gdab pas blo dge ba la bkol/__thog mar skyabs yul gsal gdab pa ni/__mdun gyi nam mkhar bla ma dang thugs rje chen po bde gshegs zhi khro rtsa gsum rgyal ba rab 'byams mngon sum du bzhugs par mos la/__skyabs su 'gro ba ni/__na mo:__bla ma yi dam thugs rje che:__zhi khro rgyal ba'i dkyil 'khor lha:__skyabs gnas rgya mtsho'i bdag nyid la:__byang chub bar du skyabs su mchi:__sems bskyed pa ni/__ma gyur 'gro ba kun don du:__bla ma zhi khro bsgrubs nas ni:__stong nyid snying rje dbyer med pas:__gzhan don byed par sems bskyed do:__zhes so sor tshar ji ltar 'os pa dang*/__mthar tshad med bzhi la blo bzhag ste/__'gro kun bde dang ldan pa dang :__sdug bsngal rgyur bcas kun dang bral:__bde las rtag tu mi nyams shing :__btang snyoms mchog la 'god par bgyi:__zhes pa'i don rgyud la 'dres nges su bsgom/__slar yang zhing mchog de rnams kyi spyan sngar tshogs bsags pa'i slad yan lag bdun pa 'bul ba ni/__hoH__bla ma zhi khro'i lha tshogs la:__sgo gsum gus pas phyag 'tshal lo:__kun bzang mchod sprin rgya mtshos mchod:__sdig ltung gnong 'gyod drag pos bshags:__dge tshogs kun la yi rang ngo :__phyogs bcu'i rgyal ba sras bcas rnams:__chos 'khor bskor bzhin bzhugs par gsol:__bsod nams byang chub chen por bsngo:__maN+Dal 'bul ba ni/__oM AHhU~M:__bdag lus longs spyod dus gsum dge tshogs bcas:__snod bcud bkod pa lhun grub 'dod yon rgyan:__phung khams skye mched rdo rje'i maN+Dal la:__chos dbyings dkyil 'khor ye shes sgyu ma'i sprin:__nam mkha' khyab par yid kyis mngon sprul te:__sku gsum rgyal ba rgya mtsho'i tshogs la 'bul:__thugs rje 'gro ba'i don du bzhes nas kyang :__thun mong mchog gi dngos grub stsal du gsol:__oM gu ru sarba ta thA ga ta maN+Dal pU dza hoH__zhes ji ltar nus pas phul/__sdig sgrib sbyong phyir bshags sdom gyi 'dun pa rtse gcig pas/__bdag ni mi shes gti mug mthus:__tshe rabs 'khor ba thog med nas:__bsags pa'i sdig ltung nyes byas rnams:__mgon po'i spyan sngar gnong 'gyod kyi:__gdung ba drag pos mthol lo bshags:__phyin chad bsdam par dam bca' na:__thugs rje chen pos dgongs mdzod la:__byang zhing dag par byin brlabs gsol:__zhes gdung ba drag pos bshags pas/__bla ma pad+ma rdo rje 'chang chen po'i thugs kar zla ba la gnas pa'i hU~M dkar po las bdud rtsi'i chu rgyun dpag tu med pa babs:__yab yum gyi sku'i nang gang :__sbyor mtshams nas thon/__rang gi spyi bo nas zhugs:__lus kyi nang thams cad gang :__sdig sgrib nyes ltung thams cad byang zhing dag par bsams la:__oM gu ru pad+ma sa twa sa ma ya:__ma nu pA la ya:___gu ru pad+ma sa twa twe no pa tiSh+Tha:__dr-i D+ho me b+ha wa:__su toSh+yo me b+ha wa:__su poSh+yo me b+ha wa:__a nu rak+to me b+ha wa:__sarba sid+d+hi m+me pra yats+tsha:__sarba karma su tsa me:_tsit+taM shre ya:__ku ru hU~M ha ha ha ha ho:__b+ha ga wAn sarba ta thA ga ta gu ru pad+ma hrI da ya mA me muny+tsa:__gu ru pad+ma b+ha wa ma hA sa ma ya sa twa AH__zhes bla ma'i yig brgya bzlas mthar/__sku gsung thugs sogs rtsa ba dang*/__/yan lag dam tshig nyams 'das rnams/__/mi 'chab mi sbed mthol lo bshags/__/slad chad mi bgyid sdom lags na/__/byang dag tshangs par stsal du gsol/__zhes bshags bsdom bya/__khyad par byin rlabs btsan thabs su 'bebs pa'i slad du mos gus gdung shugs drag pos/__sku gsung thugs kyi bdag nyid rdo rje 'chang :___skyabs gnas kun 'dus gu ru pad+ma la:__snying nas mos gus drag pos gsol ba 'debs:__dbang bskur byin rlobs mchog thun dngos grub stsol:__zhes ci nus dang*/__gsol 'debs kyi bsnyen pa:__oM AHhU~M badz+ra gu ru pad+ma sid+d+hi hU~M:__zhes rtse gcig pas bzla/__mthar dbang blang zhing mnyam par bzhag pa ni:__dpal ldan bla ma rin po ches:__bdag la dbang bzhi bskur du gsol:__sgrib bzhi dag cing lam bzhi 'byongs:___sku bzhi thob par byin gyis rlobs:__zhes gsol ba btab pas:__bla ma'i gnas gsum 'bru gsum las:__'od zer dkar dmar mthing gsum 'phros:__rang gi gnas gsum du thim pas bum gsang shes rab ye shes kyi dbang thob:__mthar bla ma nyid 'od du zhu:__rang la thim:__thugs yid dbyer med du 'dres:__dbang bzhi pa thob:__de kho na nyid kyi ye shes mngon du gyur par bsams la sems ma bcos pa'i ngang du bzhag go:__de ltar bsod nams dang ye shes kyi tshogs bsags pa rnams sngon 'gro'i rim pa'o/__/gnyis pa dngos gzhi la bskyed bzlas yan lag dang bcas pa ni/__'don bsgom zung du 'jug pas bla ma'i byin rlabs bsnyen pa ni/__hrIH__sems nyid ma bcos gnyug ma'i ngang :__'gag med hrIHyi sgra gdangs kyis:__snang srid dngos 'dzin dbyings su yal:__de las snod kyi 'jig rten kun:__pad+ma drA ba'i zhing gi gzhir:__rdo rje srung ba'i 'khor lo dang :__rin chen gzhal med khang bzang dbus:__pad nyi zla ba'i gdan gyi steng :__bdag nyid bde gshegs kun gyi dngos:__'jig rten dbang phyug pad+ma'i rgyal:__dmar gsal pad+ma rA ga'i mdangs:__zhal gcig phyag bzhi dang po gnyis:__thal sbyar rdo rje rtse lnga bsnams:__'og mas phreng ba ut+pal 'chang :__pang du gsang ba ye shes dmar:__Da ru thod chang 'dzin mas 'khril:__gnyis ka me tog phreng ba dang :__dar dang rin chen rus pas brgyan:__zhi chags cung zad khros pa'i nyams:__rdo rje pad+ma'i skyil krung gis:__snang stong 'od lnga'i klong na bzhugs:__thabs dang shes rab 'gro 'dul sras:__phung po 'byung ba rigs lnga yum:__tshogs yul sems dpa' lcam dral dang :__nyon mongs rang grol thub pa drug:__lta ba dus bzhi sgo skyong tshogs:__dus gsum rtogs tshogs rnam dag pa:__bde gshegs khrag 'thung rab 'byams lha:__nyi ma dang ni 'od zer bzhin:__ma bskyed ye rdzogs lhun gyis grub:__spyi bor pad nyi zla steng du:__rtsa ba'i bla ma rdo rje 'chang :__pad+ma 'byung gnas sku mdog dmar:__rdo rje dril 'dzin yum dang 'khril:__brgyud gsum bla ma'i sprin phung 'phro:__kun kyang chu zla 'ja' tshon ltar:__snang la rang bzhin ma grub pa:__dam tshig ye shes dbyer med gyur:__ces gsal btab la bzlas pa'i dmigs pa ni/__thog mar spyi bo'i bla ma la mos gus rtse gcig pas/__kye kye bla ma rin po che:__gu ru pad+ma rdo rje 'chang :__bdag la re sa gzhan na med:__ye shes thugs rjes dgongs su gsol:__phyi nang gsang ba'i bar chad sol:__sku gsung thugs kyi byin gyis rlobs:__lus ngag yid la dbang bzhi skur:__mchog dang thun mong dngos grub stsol:__zhes gsol ba gdab:__gnas gsum 'bru gsum las 'od zer dkar dmar mthing gsum bdud rtsi'i rgyun dang bcas pa rim dang gcig car du byung :__rang gi gnas gsum du rim dang gcig car du zhugs shing thim pas dbang dang byin rlabs dngos grub ma lus pa thob par bsams la:__zhes dbang bzhi len pa'i dmigs pa dang bcas:__oM AHhU~M badz+ra gu ru pad+ma sid+d+hi hU~M:__zhes bsnyen sngags cung zad bzlas mthar:__bla ma o rgyan rdo rje 'chang :__dgyes pa chen pos rang la thim:__byin brlabs thugs yid gcig tu 'dres:__ye shes rgyud la skyes par gyur:__ces brjod cing mnyam par bzhag__/de nas yi dam bsgrub pa'i bzlas pa ni/__thugs kar nyi zla kha sbyor dbus:__hrIHyig dmar gsal sngags kyis bskor:__'od zer mchod pa'i tshul du 'phros:__rab 'byams bde gshegs dgyes pa bskyed:__sku gsung thugs dang ye shes dbyings:__lha sngags phyag mtshan rnam pa ru:__char ltar babs te bdag la thim:__sgrib dag byin gyis brlabs par gyur:__oM ma Ni pad+me hU~M hrI:__zhes bzla/__'khor ba dong sprugs las sbyor ni/__slar yang bdag nyid lus dkyil gyi:__lha las 'od zer mkha' khyab 'phros:__khams gsum 'khor ba dong nas sprugs:__'phags pa'i sku gsung thugs su gyur:__oM AHhU~M hrIH__oM ma ni pad+me hU~M:__d+hU ma g+ha ye na maHswA hA:__bo d+hi tsit+ta ma hA su kha dz+nyA na d+hA tu AH__oM ru lu ru lu hU~M b+h+yo hU~M:__ma ma sarba sa twa pA paM kle sha shan+tiM ku ru swA hA:__zhes spyi dril ci rigs bzla/__gzungs sngags bzla bar spro na/__na mo rat+na tra yA' ya/__na mo b+ha ga wa te sarba ta thA ga ta lo ke shwa ra pad+ma rA dzA ya:__ta thA ga tA ya:__ar+ha te samyak+saM bud+d+ha ya:__tad+ya thA/__oM na mo pad+ma shwa ri rA ya:__pad+ma uSh+NI ShA ya:__pad+ma lo tsa nA ya:__pad+ma mu khA ya:__pad+ma hastA ya:__pad+ma pa da nA ya:__pad+ma d+ha ra NA ya:__pad+ma dz+nyA na ya:__pad+ma pA dA ya:__pad+ma aM ku shA ya:__pad+ma shwa rA ya:__pad+ma badz+ra gab+tA ya:__pad+ma saM gra hA ya:__pad+ma su khA ya:__pad+ma phul+lA ya:__pad+ma pra b+hA ya:__pad+ma te dzA ya:__pad+ma bi shran+tA ya:__pad+ma siM ha nA dA ya:__pad+ma lo ke shwa rA ya:__pad+ma kha tsar+Ya ya:__pad+ma ga ga na rA dzA ya:__pad+ma krI hi gar+b+hA ya:__pad+ma bI b+ha yA ya:__pad+ma tsin+ta tsakrA ya:__pad+ma ma hA kA ru Ni kA ya:__pad+ma a mo g+ha pA shA ya:__pad+ma tsin+ta ma Ni ya:__tad+ya thA:__oM sarba ta thA ga ta a wa lo ki te:__ma ma sarba pA paM kle sha sho d+ha ya sho d+ha ya:__bi sho d+ha ya bi sho d+ha ya:__sarba karma A ra Na bi sho d+ha ya:__ha na ha na:__pra ti ha na pra ti ha na:__da ha na da ha na:__piny+tsa ya piny+tsa ya:__sarba ma ya bi sho d+ha na ye swA hA:__zhes cung zad bzla/__de rnams ni dngos gzhi bsnyen sgrub las sbyor dang bcas pa stan thog gcig tu tshang ba'o/__/gsum pa la thun mtshams gtor ma 'bul ba ni/__ra~M ya~M kha~M gis gsang*/__oM AHhU~M gis byin brlabs:__ha ho hrIHsa spel la/__gtor mgron spyan drang pa ni:__hrI:__bla ma yi dam thugs rje'i lha tshogs rnams:__chos kyi dbyings la rtsol rtog mi mnga' yang :__bdag cag tshogs bsags mchod pa bzhes slad du:__ye shes sgyu ma'i rol pas gnas 'dir gshegs:__oM gu ru sarba ta thA ga ta pad+ma rA dza sa pa ri wA ra badz+ra sa mA dza:__dzaHhU~M ba~M hoH__pad+ma A sa na tiSh+Than+tu:__zhes pa'i mdun gyi nam mkhar bzhugs pa la gtor ma 'bul ba ni:__oM gu ru sarba ta thA ga ta ma hA kA ru Ni ka pad+ma rA dza sa pA ri wA ra i daM ba liM b+hUny+tsa kha kha khA hi khA hi:__sarba sid+d+hi m+me pra yats+tshan+tu:__zhes lan bdun gyis phul:__mchod cing bstod la phrin las gsol ba ni:__hrIH__nyer spyod 'dod yon bde ba che:__sman raka gtor tshogs bsam mi khyab:__phyi nang gsang ba rmad byung ba'i:__mchod pa'i phyag rgya chen por rol:__oM gu ru sarba ta thA ga ta ma hA ku ru Ni ka pad+ma rA dza sa pa ri wA ra ma hA sarba pU dza hoH__hrIH__mkha' khyab rdo rje'i sku gsung thugs:__yon tan phrin las kun tu ston:__bla ma thugs rje'i lha tshogs la:__sgo gsum gus pas phyag 'tshal bstod:__'dod yon gtor ma 'di bzhes la:__byang chub lam gyi bar chad sol:__mchog dang thun mong dngos grub stsol:__'khor ba dong sprugs phrin las mdzod:__ces brjod/___yi ge brgya pas nongs pa bshags/__gtor mgron gyi ye shes pa bdag dang rten la thim par bsam mo/__/bdag bskyed bsdu ldang ni/__snod bcud phung khams skye mched kun:__hrIHyig la thim 'od gsal ngang :__zhes rdzogs rim 'od gsal gyi nyams len la gnad du bsnun/__slar yang ma bcos rtsa ba'i lha:__mkha' las 'ja' tshon bzhin du shar:__zhes zung 'jug gi skur ldang*/__bsngo smon bya ba ni/__dge ba 'di yis bdag gzhan kun:__khams gsum 'khor ba dong sprugs nas:__srid na 'gar yang mi gnas par:__thams cad byang chub myur thob shog:__bkra shis ni/__byin rlabs sprin phung bla ma rdo rje 'chang :__dngos grub char 'bebs yi dam thugs rje'i gter:__'khor ba dong sprugs bde gshegs sems dpa'i tshogs:__rab 'byams rtsa gsum rgya mtsho'i bkra shis shog:__ces bsngo smon shis brjod kyi rim pas mtha' brgyan pas grub bo/__/de las kyang bsdu bar mos na/__skyabs sems dang tshad med bzhi bsgom pa'i rjes/__dngos gzhi'i bskyed bzlas la 'jug pa dang*/__bzlas pa'i mthar bsdu ldang la 'jug pas 'thus so/__/zhes pa'ang rang slob mang thos kyi 'dul 'dzin smin grol 'bog pa'i slob dpon thugs rje'i dbang phyug pad+ma dgyes pa nas 'di lta bu sbyor zhes pa'i ched du bskul ba'i ngor/__gter gzhung dang dam pa'i gsung la bstun te 'du bgyid pa po ni sangs rgyas karma pa'i mtshan 'dzin sngags ban mkha' khyab rdo rjer 'bod pas mtshur mdo bo lung thugs rje chen po'i pho brang gi ri bo'i spo'i bsam gtan gyi khang bu lhun grub pho brang nas bris pa dge legs 'phel//__//

Footnotes

Other Information