དགྲ་འདུལ་རྗེའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
Revision as of 10:16, 28 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title dgra 'dul rje'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 4, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

གྲུབ་ཆེན་ཛྙཱ་ནས་སོ། །དགེའོ། །

grub chen dz+nyA nas so/_/dge'o/_/

[edit]
དགྲ་འདུལ་རྗེའི་བསང་མཆོད། དཔལ་ཆེན་ཧེ་རུ་ཀ་ལ་འདུད༔ འཛམ་གླིང་དམག་དཔོན་ཆེན་པོ་དགྲ་འདུལ་རྗེ༔ བསང་དང་མཆོད་པའི་རིམ་པ་ནིཿ དམར་གཏོར་རྒྱན་ལྡན་འཁོར་སུམ་ཅུཿ སྐྱུ་གུ་དར་མཚོན་ཟས་སྣས་བརྒྱནཿ ཕྱེ་མར་སྐྱེམས་ཕུད་གོ་མཚོན་བཤམསཿ བསང་གསུར་དུད་སྤྲིན་འཁྲིགས་བྱས་ལཿ རཾ་ཡཾ་ཁཾཿ བསང་དང་མཆོད་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ ཨོཾ་ཨཱཿཧཱུྃཿངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་ལོངས་སྤྱོད་ཟག་མེད་ཀྱི་གཏེར་ཆེན་པོར་གྱུརཿ ཅེས་བརྗོད་རོལ་མོ་བསྒྲགས་མདའ་དར་གཡབ་མོ་བྱས་ལཿ ལྷ་ཀྭི་ཀྭི་ཀྭི་ལ་བསྭོ་བསྭོ་བསྭོཿ ཆོས་དབྱིངས་དག་པའི་ཞིང་ཁམས་ནསཿ རྩ་གསུམ་རྒྱལ་བ་ཞི་ཁྲོའི་ཚོགསཿ ཁྱད་པར་དགའ་ལྡན་ལྷ་ཡུལ་སོགསཿ རང་བཞིན་གར་བཞུགས་གནས་མཆོག་ནསཿ འབུམ་པའི་རྒྱ་ཚ་ཞལ་དཀར་ལཿ དཔའ་ཐུལ་གྲུབ་ཆེན་སུམ་ཅུས་བསྐོརཿ འཁོར་དང་བཅས་པ་གཤེགས་སུ་གསོལཿ དབུ་ལ་རྨོག་དཀར་དར་འཕྲུ་ལྡེམཿ རྒྱབ་ལ་ཁྲབ་ཆེན་ཉི་ལི་ལིཿ ཞབས་ལ་སག་ལྷྭམ་འཇའ་རིས་འཁྱུགཿ ཆིབས་སུ་ལྷ་རྟ་སུམ་ཅུ་ཆིབསཿ སྟག་དུང་གཡས་ལ་གཟིག་ཤུབས་གཡོནཿ རལ་གྲི་གོ་མཚོན་རང་རང་གིཿ ཆ་ལུགས་རྣམ་འགྱུར་ཇི་བཞིན་དུཿ སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལཿ བཛྲ་ས་མ་ཡཱ་ཛ་ཛཿ ཀྱེ་ཀྱེ། ཆོས་སྐུ་ཞི་ལས་དྲག་གཏུམ་རྔམ་པའི་སྐུཿ རབ་བཞེངས་དགྲ་འཇོམས་འཁོར་བཅས་གནས་འདི་རུཿ དགྱེས་པར་བཞུགས་ལ་སྔོན་གྱི་ཐ་ཚིག་བཞིནཿ བདག་ལ་བརྩེ་བར་དགོངས་ལ་ཕྲིན་ལས་སྒྲུབསཿ ཧཱུྃཿ དགྲ་ལྷའི་གཙོ་བོ་འཁོར་བཅས་མཉེས་པའི་རྫསཿ བྷ་ལིང་རྒྱན་ལྡན་གཏོར་མ་དམ་པ་དངཿ གསེར་སྐྱེམས་གཡུ་སྐྱེམས་ཕུད་རྒོད་བཏུང་བའི་ཚོགསཿ དྲི་ཞིམ་མངར་ལྡན་བསང་གསུར་དུད་སྤྲིན་འཁྲིགསཿ གོ་མཚོན་སྤྱན་གཟིགས་ཅང་ཤེས་དར་སྣ་ལྔཿ གཞན་ཡང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལཿ འདོད་ཡོན་ལོངས་སྤྱོད་མ་ཚང་མེད་སྤྲུལ་ཏེཿ དགྲ་ལྷ་འཁོར་བཅས་མཆོད་དོ་མཉེས་གྱུར་ཅིགཿ འདོད་ཡོན་ལྔ་ལྡན་བསང་གསུར་མཆོད་པ་འབུལཿ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིགཿ དགྲ་ལྷའི་གཙོ་བོ་རྒྱ་ཚ་ཞལ་དཀར་དངཿ བཀའ་འཁོར་ཕུ་ནུ་སུམ་ཅུ་ཡང་འཁོར་ཚོགསཿ མ་ལུས་འཁོར་བཅས་བསང་མཆོད་གསུར་གྱིས་བརྔནཿ དགྱེས་པར་བཞེས་ལ་ཐུགས་དམ་སྐོང་གྱུར་ཅིགཿ ཁྱེད་ཅག་འཁོར་བཅས་མཆོད་པའི་མཐུ་སྟོབས་ཀྱིསཿ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལཿ སྲུང་སྐྱོབས་མགོན་དང་སྡོང་གྲོགས་གཉན་པོ་མཛོདཿ དམ་ཆོས་སྒྲུབས་ལ་བར་དུ་གཅོད་པ་བཟློགཿ ཁྱད་པར་གནོད་ཅིང་འཚེ་བའི་དགྲ་དང་བགེགསཿ མི་དང་མི་མིན་ལོག་པར་འདྲེན་པ་ཀུནཿ སྐད་ཅིག་ཙམ་གྱིས་ཐལ་བའི་རྡུལ་དུ་རློགསཿ བསམ་པའི་དོན་ཀུན་མ་ལུས་འགྲུབ་པ་དངཿ ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལཿ ཆོས་བཞིན་སྒྲུབ་ལ་འགལ་རྐྱེན་བར་ཆད་སོལཿ དགྲ་ཤ་ཟོ་ལ་དགྲ་ཁྲག་མྱུར་དུ་འཐུངཿ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོདཿ འདི་ཡང་སྐྱེས་མཆོག་དགྲ་འདུལ་གྱིཿ ཚང་རྒྱལ་དོན་ཏུ་སྨྲས་པ་བཞིནཿ ཉམས་སུ་བླང་བའི་འབྲས་སྨིན་འགྱུརཿ གཞན་ལ་སྤེལ་ན་འཁུ་ལྡོག་ཆེཿ གཅིག་པུར་བཟུང་ལ་དམ་སྲུང་བཿ བདེ་ལེགས་འབྱུང་བར་ང་ཡིས་སྨྲཿ གྲུབ་ཆེན་ཛྙཱ་ནས་སོ། །དགེའོ། །