ཡང་གསང་ཐུགས་ཐིག་ཆ་ལག་ལསཿ བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགསཿ

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-005
Wylie title yang gsang thugs thig cha lag las bsang mchod bdud rtsi'i sprin phung
Location mdo mkhyen brtse bka' 'bum
Volume 7, Text 5, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
Deity ge sar
Colophon

རྩ་གསུམ་དམ་ཅན་ནོར་ལྷ་གཏེར་བདག་གིཿ བསང་མཆོད་འདི་ཡང་ཌཱཀྐིའི་དགོངས་བཞེད་བཞིནཿ འཛད་མེད་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཁྲག་འཐུང་ལས་ཀྱི་དཔའ་བོའི་ཕབ་པ་བཞིནཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིསཿ བགྱིས་འདི་ཕྲིན་ལས་གློག་ལྟར་མྱུར་བ་སྟེཿ རྩ་གསུམ་དམ་ཅན་གཏེར་བདག་དགྱེས་སྐོང་ཤོགཿ

rtsa gsum dam can nor lha gter bdag gi: bsang mchod 'di yang DAk+ki'i dgongs bzhed bzhin: mdzad med nam mkha' mdzod kyi chos sde las: khrag 'thung las kyi dpa' bos phab pa bzhin: yi ge'i 'du byed rig pa'i ye shes kyis: bgyis 'di phrin las glog ltar myur ba ste: rtsa gsum dam can gter bdag dgyes skong shog:

[edit]
ཡང་གསང་ཐུགས་ཐིག་ཆ་ལག་ལསཿ བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགསཿ «྅྅྅པདྨ་ཐོད་ཕྲེང་རྩལ་ལ་འདུདཿ རྩ་གསུམ་དམ་ཅན་རྒྱ་མཚོ་ཡིཿ བསང་མཆོད་འདོད་ཡོན་སྤྲིན་ཕུང་ནིཿ ལྷ་ཤིང་ཟས་སྣ་འབྲུ་སྨན་སྤོསཿ མེ་ཏོག་ཕྱེ་མར་མེར་བསྲེགས་པསཿ དུད་པ་ཕྱུངས་ཤིང་ཆབ་ཀྱིས་སྦྱངཿ» རཾ་ཡཾ་ཁཾཿ «ལན་གསུམཿ »བསང་མཆོད་རྫས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུསཿ དྲི་ཞིམ་དུད་སྤྲིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱོང་ཞིང་དགྱེས་སྐོང་གི་ནུས་པ་ཕུན་སུམ་ཚོགས་པ་བཞེད་དགུའི་ལོངས་སྤྱོད་འདོད་ཡོན་ལྔ་ཡི་ཆར་སྤྲིན་འཕྲོ་བའི་རང་བཞིན་ཅན་དུ་གྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ« ལན་གསུམཿ» ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ «ལན་གསུམ་གྱིས་བརླབས་ལཿ »ཀྱེཿ འཇིག་རྟེན་དབང་ཕྱུག་རྟ་ཕག་ཡབ་ཡུམ་སྲསཿ སངས་རྒྱས་ཀུན་ཀྱི་སྤྲུལ་པའི་རྣམ་རོལ་གརཿ པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལཿ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཆེན་ཕོབཿ དེ་རིང་མགྲོན་རིགས་འཁོར་བཅས་མཉེས་པའི་རྫསཿ ཟབ་ཡང་རིན་པོ་ཆེ་ཡི་སྣོད་མཆོག་ཏུཿ འབྱུང་བའི་དྭངས་མ་ལྷ་ཤིང་བསྲེགས་པའི་མེརཿ ཙན་དན་ལ་སོགས་བཟང་དྲུག་སྨན་གྱི་ཚོགསཿ སྤོས་སྣ་དར་ཟབ་མེ་ཏོག་སྣ་ཚོགས་དངཿ དཀར་གསུམ་མངར་གསུམ་འབྲུ་སྣ་ཕྱེ་མར་སྦྱརཿ བསྲེགས་པའི་དངས་མ་དྲི་ཞིམ་བསངས་དུད་སྤྲིནཿ ས་དང་བར་སྣང་ནམ་མཁའ་ཡོངས་ཁྱབ་པཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཕྲོ་བ་འདིསཿ བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་གསུམ་བསངཿ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་ནསཿ དྲི་མེད་བཱི་མ་པད་འབྱུང་ལ་སོགས་ཏེཿ བཀའ་དྲིན་སུམ་ལྡན་རྩ་བའི་བླ་མའི་བརཿ དགོངས་བརྡ་སྙན་གསུམ་རྩ་རྒྱུད་བླ་མ་བསངཿ ཡི་དམ་དཔལ་ཆེན་ཆེ་མཆོག་འདུས་པ་རྩལཿ ཕ་རྒྱུད་མ་རྒྱུད་གཉིས་མེད་དེ་ཁོ་ནཿ བཀའ་དགོངས་ཕུར་གསུམ་རྒྱུད་སྡེ་ཕྱི་ནང་གིཿ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་འཁོར་བཅས་བསངཿ གནམ་ཞལ་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མཿ བདུད་འདུལ་དྲག་མོ་གསང་བ་ཡེ་ཤེས་ཡུམཿ ཁྲོས་ནག་སེང་གདོང་མཁའ་འགྲོ་སྡེ་ལྔ་སོགསཿ ཡེ་ཤེས་ལས་དམ་ཌཱཀྐི་འཁོར་བཅས་བསངཿ མོ་རྒྱུད་ཀུན་འདུས་སྔགས་སྲུང་རལ་གཅིག་མཿ རྡོ་རྗེ་གཤོག་རྒོད་ལྷ་མོ་རེ་མ་ཏིཿ འདོད་ཁམས་དབང་ཕྱུག་ཤ་ཟ་ཚེ་རིང་མཿ ལྷ་མོ་མོ་རྒྱུད་སྲུང་མ་འཁོར་བཅས་བསངཿ བསྟན་སྲུང་ཆེན་པོ་དཔལ་མགོན་མ་ནིང་ནགཿ མགོན་པོ་སྡེ་ལྔ་ལས་མགོན་བྱ་རོག་གདོངཿ བདུད་མགོན་ཡབ་ཡུམ་དཔལ་མགོན་བདུན་ཅུ་སོགསཿ ཕོ་རྒྱུད་བསྟན་སྲུང་མགོན་པོ་འཁོར་བཅས་བསངཿ དྲག་རྩལ་ཐོགས་མེད་གཟའ་བདུད་རཱ་ཧུ་ལཿ གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་ཚོགསཿ བསྙོ་ཁ་བཙན་རྒོད་དམ་ཅན་རྡོར་ལེགས་སོགསཿ མཐུ་ལྡན་དམ་ཅན་སྲུང་མའི་ཚོགས་བཅས་བསངཿ ནོར་བདག་ཆེན་པོ་ཨཱརྱ་ཛམ་བྷ་ལཿ སྤྲུལ་སྒྱུར་གཉན་སྲས་གནོད་སྦྱིན་ཆེན་པོ་དངཿ རྡོ་རྗེ་དྲག་རྩལ་ཡབ་ཡུམ་སྲས་འཁོར་འབངསཿ གཏེར་སྲུང་དགྲ་ལྷའི་རྒྱལ་པོ་འཁོར་བཅས་བསངཿ གཞན་ཡང་འཛམ་གླིང་སྐྱོང་བའི་གཏེར་གྱི་བདགཿ རྡོ་རྗེ་ཐོགས་མེད་རྡོ་རྗེ་དགྲ་འཇོམས་དངཿ རྡོ་རྗེ་ལས་དབང་བཙུན་མོ་སྲས་བློན་སོགསཿ གཏེར་གྱི་སྲུང་མ་དམ་ཚིག་ལྡན་རྣམས་བསངཿ མཐུ་ཆེན་དྲེགས་པའི་སྡེ་དཔོན་སུམ་ཅུ་དངཿ སྔགས་བདག་དྲེགས་ཆེན་བཅོ་བརྒྱད་འཁོར་དང་བཅསཿ མངའ་རིས་དབུས་གཙང་མདོ་ཁམས་སྒང་དྲུག་སོགསཿ འཛམ་གླིང་དྲེགས་པ་སྡེ་བརྒྱད་གཞི་བདག་བསངཿ ཁྱད་པར་གནས་འདིའི་ཟོ་དོར་གཙོ་བོ་གངཿ གཡས་རི་གཡོན་རི་མདུན་རི་རྒྱབ་རི་དངཿ རི་བྲག་ཆུ་ཤིང་འབྱུང་བཞིར་གནས་པ་ཡིཿ ལྷ་གཉན་ཀླུ་རིགས་གཞི་བདག་འཁོར་བཅས་བསངཿ ལྷ་ཤིང་བསང་གི་དུད་པས་བསང་གྱུར་ཅིགཿ དཀར་དམར་བདུད་རྩིའི་བཅུད་ཀྱིས་ཚིམས་གྱུར་ཅིགཿ འདོད་ཡོན་ལྔ་ལྡན་ཆར་གྱིས་མཉེས་གྱུར་ཅིགཿ ཀྱེཿ རྩ་གསུམ་ལྷ་དང་བསྲུང་མའི་ཚོགས་བཅས་ལཿ དམ་ཉམས་མཛེ་ཡུག་དམེ་མནོལ་གྲིབ་ཀྱིས་ཕོགཿ མི་གཙང་ཐབ་གཞོབ་མཁོན་དང་རོ་བག་མནོལཿ གཞན་ཡང་ཐུགས་དང་འགལ་བའི་ལས་བགྱིས་གངཿ དྲི་ཞིམ་བསང་གི་དུད་པས་སངས་གྱུར་ཅིགཿ ཡེ་ཤེས་བདུད་རྩིའི་ཆར་གྱིས་དག་གྱུར་ཅིགཿ བྱིན་རླབ་འོད་ཟེར་སྣ་ལྔ་གསོས་གྱུར་ཅིགཿ བཀྲག་མདངས་གཟི་བརྗིད་བསྐྱེད་ལ་སྟོབས་རྩལ་ཕྱུངཿ དགྱེས་པའི་ཞལ་སྟོན་འཛུམ་པའི་མདངས་ཕྱུང་ལཿ སྲ་བའི་གོས་གྱོན་མཛེས་པའི་རྒྱན་གྱིས་སྤུདཿ རྣོ་བའི་མཚོན་ཐོགས་མགྱོགས་པའི་རྟ་ཞོན་ལཿ སངས་རྒྱས་བསྟན་སྐྱོང་དཀོན་མཆོག་དབུ་འཕང་བསྟོདཿ འདུས་པའི་སྡེ་སྐྱོང་བསྟན་སྦྱིན་མངའ་ཐང་སྤེལཿ ཟབ་གསང་ཐིག་ལེ་སྐོར་གསུམ་བསྟན་པ་སྲུངསཿ འཛམ་གླིང་སྐྱེ་དགུའི་བདེ་སྐྱིད་སྤེལ་བ་དངཿ བླ་མའི་སྐུ་ཚེ་མཛད་འཕྲིན་ཕྱོགས་མཐར་རྒྱསཿ བདག་ཅག་ཆོས་བཞིན་སྒྲུབ་པའི་འགལ་རྐྱེན་སོལཿ མཐུན་རྐྱེན་མ་ལུས་ལྷུན་གྱིས་གྲུབ་པ་དངཿ ནད་གདོན་འཇིགས་བརྒྱད་བར་ཆོད་ཀུན་ཞི་ཞིངཿ ཚེ་དང་བསོད་ནམས་དབྱར་གྱི་ཆབ་ལྟར་རྒྱསཿ ཁམས་གསུམ་སྐྱེ་དགུའི་ཟས་ནོར་དབང་དུ་བསྡུསཿ ལོག་འདྲེན་དགྲ་གདོན་འབྱུང་པོ་ཚར་ཆོད་ཅིགཿ ས་ལམ་ཡར་ལྡན་ཕྱོགས་ལས་རྣམ་རྒྱལ་གྱིསཿ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོགཿ «རྩ་གསུམ་དམ་ཅན་ནོར་ལྷ་གཏེར་བདག་གིཿ བསང་མཆོད་འདི་ཡང་ཌཱཀྐིའི་དགོངས་བཞེད་བཞིནཿ འཛད་མེད་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ ཁྲག་འཐུང་ལས་ཀྱི་དཔའ་བོའི་ཕབ་པ་བཞིནཿ ཡི་གེའི་འདུ་བྱེད་རིག་པའི་ཡེ་ཤེས་ཀྱིསཿ བགྱིས་འདི་ཕྲིན་ལས་གློག་ལྟར་མྱུར་བ་སྟེཿ རྩ་གསུམ་དམ་ཅན་གཏེར་བདག་དགྱེས་སྐོང་ཤོགཿ