ཡང་གསང་དམར་པོ་སྐོར་གསུམ་ལས། རིག་བྱེད་དམར་མོའི་སྒྲུབ་ཐབསཿ

From Khyentse Lineage - A Tsadra Foundation Project
Revision as of 11:46, 27 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title yang gsang dmar po skor gsum las rig byed dmar mo'i sgrub thabs
Location mdo mkhyen brtse bka' 'bum
Volume 5, Text 31, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle ཡང་གསང་དམར་པོ་སྐོར་གསུམ་ (yang gsang dmar po skor gsum)
Deity ku ru kul+le
Colophon

འཕགས་མ་རིག་བྱེད་ལྷ་མོའི་བསྒྲུབ་ཐབས་ལསཿ རྒྱུན་ཁྱེར་འདི་ཡང་ཉེ་བར་གནས་པ་ཡིཿ མཁས་བཙུན་འཇིགས་མེད་ངོ»་«མ་ཚར་གྱིས་བསྐུལ་ངོརཿ གཏེར་ཆེན་ཁྲག་འཐུང་རོལ་བའི་རྡོ་རྗེས་བཀོདཿ ཤིན་ཏུ་བྱིན་རླབས་མྱུར་བའི་ཁྱད་ཆོས་ཡོདཿ ས་མ་ཡཱཿ རྒྱཿ

'phags ma rig byed lha mo'i sgrub thabs las: rgyun khyer 'di yang nye bar gnas pa yi: mkhas btsun 'jigs med ngo mtshar gyis bskul ngor: gter chen khrag 'thung rol pa'i rdo rjes bkod: shin tu byin rlabs myur ba'i khyad chos yod: sa ma yA: rgya:

[edit]
༄༅། «།ཡང་གསང་དམར་པོ་སྐོར་གསུམ་ལས། རིག་བྱེད་དམར་མོའི་སྒྲུབ་ཐབས་ནིཿ སྐྱབས་འགྲོ་སེམས་བསྐྱེད་སྔོན་འགྲོ་བས༔» ཧྲཱིཿ སྣོད་བཅུད་མི་དམིགས་སྟོང་པའི་ངང་ཉིད་ལསཿ རྣམ་དག་ཞིང་ཁམས་ངོ་མཚར་བཀོད་མཛེས་དབུསཿ སྣ་ཚོགས་པདྨ་ཉི་གདན་འོད་འབར་ཁརཿ ཧྲཱིཿལས་རང་ཉིད་ལྷ་མོ་རིག་བྱེད་མཿ དམར་གསལ་ཞལ་གཅིག་ཕྱག་བཞི་ཆགས་ཉམས་ཁྲོཿ དར་དང་རུས་རྒྱན་སྟག་ཤམ་རིན་ཆེན་སྤྲས༔ ཐོར་ཅོག་ལྷག་མས་རྒྱབ་ཁེབ་སྤྱན་གསུམ་གཡོཿ དང་པོའི་ཕྱག་གཉིས་མདའ་གཞུ་འོག་མ་གཉིས༔ ལྕགས་ཀྱུ་ཞགས་པ་འཛིན་ཅིང་ཁམས་གསུམ་འགུགས༔ ཞབས་གཉིས་གཡས་བསྐུམ་གཡོན་བསྐྱངས་གར་སྟབས་འཁྲབཿ གནས་གསུམ་འོད་འཕྲོས་ཡེ་ཤེས་ལྷ་ཚོགས་བསྟིམསཿ དགྱེས་བཞུགས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ གུས་པས་བསྟོད་ཅིང་ཉམས་ཆགས་ཉེས་སྒྲིབ་བཤགསཿ ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར༔ འོད་འཕྲོས་བྱིན་ནུས་བསྡུས་ནས་འགྲོ་སྒྲིབ་སྦྱང་ཿ ལྷ་སྔགས་ཏིང་འཛིན་དུ་མ་རོ་གཅིག་ངང་ཿ ཨོཾ་ཀུ་རུ་ཀུལླེ་ཧྲིཾ་སྭཱ་ཧཱ༔ «བླ་མར་མོས་གུས་བསྐྱེད་རིམ་གསལ་བརྟན་དང་༔ སྙིང་པོ་ཡི་གེ་བརྒྱད་པའི་བཟླས་པར་འབད༔ མཆོག་ཐུན་དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད༔ ཐུན་མཐར་སྟོང་ཚིག་མཆོད་བསྟོད་ཡིག་བརྒྱས་བཤགས༔ ཉམས་ལེན་ནོར་བུའི་ལུགས་སུ་བཀོད་པའོཿ འཕགས་མ་རིག་བྱེད་ལྷ་མོའི་བསྒྲུབ་ཐབས་ལསཿ རྒྱུན་ཁྱེར་འདི་ཡང་ཉེ་བར་གནས་པ་ཡིཿ མཁས་བཙུན་འཇིགས་མེད་ངོ»་«མ་ཚར་གྱིས་བསྐུལ་ངོརཿ གཏེར་ཆེན་ཁྲག་འཐུང་རོལ་བའི་རྡོ་རྗེས་བཀོདཿ ཤིན་ཏུ་བྱིན་རླབས་མྱུར་བའི་ཁྱད་ཆོས་ཡོདཿ ས་མ་ཡཱཿ རྒྱཿ