པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ དྲག་སྔགས་གསང་བ་གཅིག་བརྒྱུདཿ

From Khyentse Lineage - A Tsadra Foundation Project
Revision as of 14:12, 24 June 2024 by Mort (talk | contribs)
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title pad 'byung thugs kyi thig le las drag sngags gsang ba gcig brgyud
Location mdo mkhyen brtse bka' 'bum
Volume 4, Text 31, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa  ·  Cakra and Amulet Designs - 'khor lo - srung 'khor
Cycle པད་འབྱུང་ཐུགས་ཀྱི་ཐིག་ལེ་ (pad 'byung thugs kyi thig le)
Deity sngags rgod lok+t+ri pA la
Colophon

བདག་འདྲ་དུས་མཐའི་སྙོམས་ལས་པཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ དབང་བསྒྱུར་ཁྲག་འཐུང་དཔའ་བོ་ཞེས༔ མཁའ་འགྲོ་དགྱེས་པའི་རྡོ་རྗེ་ལཿ ཤིང་འབྲུག་ལོ་ལ་བརྡའ་རིས་ཤརཿ མི་ལོ་བཅུ་གསུམ་གསང་རྒྱས་བཏབསཿ མེ་འབྲུག་སྨིན་དྲུག་ཟླ་བ་ལཿ ཡི་དམ་རྡོ་རྗེ་ཕག་མོ་དངཿ ཉང་རིགས་རལ་པའི་ཅོད་པཎ་ཅནཿ ཉི་མ་འོད་ཟེར་བརྡའ་འཁྲོལ་བཞིནཿ མཐིང་ཤོག་གསེར་གྱི་བརྡ་རིས་ལསཿ ཕབ་པའི་གསང་བ་གཅིག་བརྒྱུད་འདིཿ དྲང་སྲོང་ཞོ་འཐུང་རུས་པ་ཡིསཿ དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོནཿ མཐུ་ལྡན་བསྟན་འཛིན་དཔའ་མོ་ཡིཿ བསྟན་པ་བསྲུང་བའི་ཕྱག་ཆར་འབུལཿ ཡི་གེ་འདུ་བྱེད་བྱང་སེམས་རིགསཿ ཨ་བྷྱཿརིསྨའི་བགྱིས་པ་ཡིསཿ བསྟན་པ་སྲུང་བའི་གོ་ཆར་ཤོགཿ མི་རབས་གསུམ་དུ་ཆིག་བརྒྱུད་རྒྱཿ གུ་ཧྱཿ

bdag 'dra dus mtha'i snyom las pa: nam mkha' mdzod kyi chos sde las: dbang bsgyur khrag 'thung dpa' bo zhes: mkha' 'gro dgyes pa'i rdo rje la: shing 'brug lo la brda' ris s mi lo bcu gsum gsang rgyas btab: me 'brug smin drug zla ba la: yi dam rdo rje phag mo dang: nyang rigs ral pa'i cod paN can: nyi ma 'od zer brda' 'khrol bzhin: mthing shog gser gyi brda ris las: phab pa'i gsang ba gcig brgyud 'di: drang srong zhong 'thung rus pa yis: dam bca' bzhi ldan rdo rje'i mtshon: mthu ldan bstan 'dzin dpa' mo yi: bstan pa srung ba'i phyag char 'bul: yi ge'i 'du byed byang sems rigs: a b+h+ya:risma'i bgyis pa yis: bstan pa srung ba'i go char shog: mi rabs gsum du chig brgyud rgya: gu h+ya:

[edit]
༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ དྲག་སྔགས་གསང་བ་གཅིག་བརྒྱུད་བཞུགསཿ

༄༅། «།ཀུན་བཟང་དྲི་མ་མེད་དང་ཐོད་ཕྲེང་རྩལཿ རྡོ་རྗེ་འཛིན་དབང་མཐུ་སྟོབས་ནུས་པའི་བདགཿ སྲིད་གསུམ་དབང་སྒྱུར་ཁྲོ་རྒྱལ་འབར་བ་ཆེཿ ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་ལ་འདུདཿ ཧེ་ཆེན་བརྡལ་བའི་དུར་ཁྲོད་ཆེན་པོ་རུཿ བདག་ཉིད་ཁྲག་འཐུང་པདྨ་བདུད་འདུལ་གྱིསཿ ཕུང་བྱེད་ཤནྟིཾ་གྷརྦ་བླ་མར་བསྟེནཿ དྲག་སྔགས་ཀུན་གྱི་བཅུད་བསྡུས་ཡང་ཞུན་གནདཿ རེག་ཕུང་དུག་མདའ་ནག་པོ་འདི་ཞུས་ཤིངཿ ཟླ་དྲུག་བསྒྲུབ་པའི་རྟགས་མཚན་མངོན་དུ་གྱུརཿ དྲང་སྲོང་དམོད་པ་འགྲུབ་ཅིང་སྲིད་པ་གསུམཿ ཐལ་བར་བརླག་ཅིང་མ་མོ་མཁའ་འགྲོ་ཀུནཿ དབང་དུ་འདུས་ཤིང་སྲོག་སྙིང་དངོས་གྲུབ་ཐོབཿ མ་སྤེལ་སྙིང་ལ་འཆང་ཤིག་ས་མ་ཡཱཿ འདི་ཉིད་སྒྲུབ་པའི་རྣལ་འབྱོར་པསཿ ལུས་ལ་དྲི་ཆུ་བར་ལས་བྱུགཿ འདྲེ་འཇིགས་བདུག་ཅིང་ཡུང་ཀར་བྲབཿ སྤྲོས་བཅས་སྨན་རཀ་གཏོར་གསུམ་དངཿ ཕྱི་ནང་གསང་བའི་མཆོད་པས་བསྐོརཿ ཤིན་ཏུ་སྤྲོས་མེད་གང་ཟག་གིཿ རང་ལུས་དཀྱིལ་དུ་ཕྱི་སྣོད་འཁོརཿ འདོད་ཡོན་མཆོད་པའི་རྫས་སུ་བརླབཿ དང་པོ་སྐྱབས་སུ་འགྲོ་བ་ནིཿ »མདུན་མཁར་འཇའ་འོད་སྤྲིན་ཕུང་འཁྲིགསཿ སེང་ཁྲི་པདྨ་འབུམ་བརྡལ་དབུསཿ དྲང་སྲོང་དྲི་མེད་འོད་ཟེར་ལཿ སྐུ་གསུམ་ལྷ་ཚོགས་འཁོར་བཅས་གསལཿ ན་མོཿ སྐྱེ་མེད་སྤྲོས་དང་བྲལ་བ་ཆོས་ཀྱི་སྐུཿ འགགས་མེད་ཐུགས་རྗེས་རོལ་གར་དྲི་མ་མེདཿ འགྲོ་འོང་ལས་འདས་རྩ་གསུམ་ལྷ་ཚོགས་ལཿ བདག་སོགས་སེམས་ཅན་ཐམས་ཅད་སྐྱབས་སུ་མཆིཿ «གཉིས་པ་སེམས་བསྐྱེད་པ་ནིཿ »སྡུག་བསྔལ་དུ་མས་གཟིར་བའི་མ་རྒན་འགྲོཿ རང་གྲོལ་བདེ་བའི་ལམ་ལ་འགོད་པའི་ཕྱིརཿ སྔགས་རྒོད་ཞེ་སྡང་རྡོ་རྗེ་བསྒྲུབ་ནས་ཀྱངཿ མ་རུང་ལོག་འདྲེན་བསྒྲལ་བར་སེམས་བསྐྱེད་དོཿ «གསུམ་པ་ཡན་ལག་བདུན་པ་ནིཿ »ལྷག་མཐོང་རང་ཞལ་མཇལ་བར་གུས་ཕྱག་འཚལཿ དགའ་བཞི་བདེ་བ་ཆེན་པོའི་མཆོད་པ་འབུལཿ མ་རིག་གཟུངས་འཛིན་འཁྲུལ་སྣང་མཐོལ་ལོ་བཤགསཿ བྱད་ཕུར་ལོག་འདྲེན་འདུལ་བར་རྗེས་ཡི་རངཿ བདག་དང་འབྲལ་མེད་བཞུགས་པར་གསོལ་བ་འདེབསཿ སྔོན་གྱི་ཞལ་བཞེས་ཐུགས་དམ་རྗེས་སུ་དགོངསཿ འཁོར་གསུམ་ཡང་དག་དགེ་རྩ་འགྲོ་ལ་བསྔོཿ «བཞི་པ་བགེགས་ལ་བཀའ་བགོ་བཿ» ཧཱུྃཿ བདག་ཉིད་རྡོ་རྗེ་གཏུམ་པོའི་སྐུཿ མཁའ་ལ་འཇའ་ཚོན་ཤར་བཞིན་སྣངཿ ལོག་འདྲེན་མ་རུང་བདུད་ཀྱི་སྡེཿ མདུན་དུ་བཀུག་ཅིང་བཀའ་ཉན་ནོཿ «སྤྲོས་བཅས་གཏོར་མ་བྱིན་གྱིས་བརླབཿ སྦྱངས་སྤེལ་བསྒྱུར་ལ་ཚིམ་པར་བསྔོཿ »ཧཱུྃཿ ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་དངཿ མ་རུང་ལོག་འདྲེན་འབྱུང་པོའི་ཚོགསཿ ང་ཡི་བཀའ་ལས་མ་འདའ་ཤིགཿ རྡོ་རྗེ་གསང་བའི་བཀའ་ལས་ནིཿ སྡིག་ཆེན་གང་ཞིག་འདའ་བྱེད་ནཿ སྤྲུལ་པའི་ཁྲོ་མཚོན་མེ་དཔུང་གིསཿ མགོ་སྙིང་ཚལ་བ་བརྒྱ་རུ་འགསཿ ལུས་ཀྱང་དུམ་བུ་སྟོང་དུ་གཏུབཿ རྡོ་རྗེ་དམྱལ་བར་འཆི་ཏ་རེཿ དེ་བས་ཡུལ་འདིར་མ་འཁོར་བཿ བྱད་མ་དགྲ་བོའི་ཡུལ་དུ་དེངསཿ དཀར་ཕྱོགས་ལས་ཀྱི་ཕྲིན་ལས་སྒྲུབསཿ ནག་ཕྱོགས་དམ་ཉམས་ཚར་ཆོད་ཅིགཿ ཨོཾ་བཛྲ་ཙནྟྲ་ཀྲོ་ཏ་རཱ་ཛ་སརྦ་དུཥྟཾ་ཨུ་ཙ་ཏ་ཡ་ཕཊཿ «ཧཱུྃ་བཞིའི་སྔགས་དང་དྲག་པོས་གཟིརཿ» སྟོང་གསུམ་ཁྲོ་བོ་ཁྲོ་མོ་དངཿ མེ་དཔུང་མཚོན་ཆའི་རབ་གང་ཏེཿ དགྲ་གདོན་བྱད་ཕུར་མིང་ཡང་མེདཿ ཚུར་འདུས་ནང་ཁོང་ཁྲོ་བོའི་གུརཿ དེའི་ཕྱིར་འཁོར་ལོ་རྡོ་རྗེ་དངཿ རལ་གྲི་པདྨ་རྒྱ་གྲམ་གུརཿ ཕྱི་རོལ་བསྐལ་པའི་མེ་དཔུང་འབརཿ སྤུ་གྲི་རེག་གཅོད་རླུང་གིས་གཏམསཿ ཡེ་ནས་དག་པ་རབ་འབྱམས་ཀྱིཿ བསྲུང་འཁོར་ཆེན་པོ་ལྷུན་རྫོགས་གྱུརཿ ཨོཾ་ཙཀྲ་བཛྲ་ཏིཀྵ་པདྨ་ཀརྨ་ཛྭ་ལ་ཡཾ་རཀྵ་རཀྵ་ཀུ་རུ་བྷྲུཾཿ «ཅེས་པས་བསྲུངས་བའི་འཁོར་ལོ་བསྒོམཿ ལྔ་པ་བྱིན་ཆེན་དབབ་པ་ནིཿ» ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནསཿ སྟོན་པ་ཀུན་བཟང་དྲི་མ་མེདཿ ལོངས་སྤྱོད་རྫོགས་སྐུའི་གནས་མཆོག་ནསཿ ཁྲག་འཐུང་རྒྱལ་པོ་རིགས་མཆོག་ལྔཿ འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནསཿ པདྨ་ཐོད་ཕྲེང་དྲག་པོ་རྩལཿ རི་བོ་ཀུན་འདུས་རྩེ་མོ་ནསཿ དྲི་མེད་འོད་ཟེར་འབུམ་ཕྲག་འཁོརཿ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷཿ ཐུགས་དམ་གནད་ནས་ད་བསྐུལ་ལོཿ བྱིན་ཆེན་བྱིན་ཕོབ་རྒྱལ་བའི་ལྷཿ དབང་ཆེན་དབང་བསྐུར་བཅོམ་ལྡན་འདསཿ དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷཿ ལས་བཞི་མྱུར་སྒྲུབ་མཁའ་འགྲོའི་ཚོགསཿ འཁོར་འདས་དུ་མ་རོ་གཅིག་གྱུརཿ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱཀྐི་ནི་མ་ཧཱ་རི་ཥི་ཀྲོ་ཏ་རཱ་ཛ་ཨ་ཝེ་ཤ་ཡཱ་ཕེཾ་ཕེཾཿ སརྦ་ཛྙཱ་ན་ཧཱུྃ་ཧཱུྃ་ཧཱུྃཿ «དྲུག་པ་འདོད་ཡོན་བྱིན་བརླབ་ནིཿ »རཾ་ཡཾ་ཁཾཿ འདོད་ཡོན་མཆོད་པའི་རྫས་རྣམས་ཀུནཿ མེ་རླུང་ཆུ་ཡི་བསྲེགས་གཏོར་བཀྲུསཿ ཡི་གེ་གསུམ་གྱིས་སྦྱང་སྤེལ་སྒྱུརཿ འཛད་མེད་ནམ་མཁའ་མཛོད་ཀྱི་གཏེརཿ རྒྱ་ཆེ་རྒྱུན་མི་ཆད་པར་སྤེལཿ ཨོཾ་ཨཱཿཧཱུྃཿ «ལན་གསུམཿ» ཨརྒྷཾ་པདྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ལྦི་ཤབྟ་རུ་པཱ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་སརྦ་པཱུ་ཙ་ས་མ་ཡཱ་ཧོཿ« བདུན་པ་དངོས་གཞིའི་ལྷ་བསྐྱེད་ནིཿ »རང་གི་སྙིང་ནང་ཨཱཿདཀར་པོཿ འོད་ཟེར་ཤིན་ཏུ་འབར་བ་ཡིསཿ རྣམ་སྨིན་ལུས་དང་བག་ཆགས་སྦྱངསཿ སྣང་སྲིད་འཁོར་འདས་ཆོས་རྣམས་ཀུནཿ བརྗོད་བྲལ་དེ་བཞིན་ཉིད་ཀྱི་དབྱིངསཿ རང་རྩལ་སྙིང་རྗེ་ཆེན་པོ་ཡིསཿ སེམས་ཅན་ཀུན་ལ་ཁྱབ་པར་བསྒོམསཿ རྒྱུ་རིག་ཨཱཿདཀར་དྲི་མེད་ནིཿ ཉི་ཟླའི་དཀྱིལ་འཁོར་དབུས་སུ་བབསཿ འཕྲོ་འདུ་ཡོངས་སུ་གྱུར་པ་ལསཿ བདག་ཉིད་ཞེ་སྡང་རྡོ་རྗེ་ནིཿ དྲང་སྲོང་ཁྲོས་པ་རབ་གཏུམ་རྔམསཿ ཞལ་གཅིག་མཆེ་བ་རབ་ཏུ་གཙིགསཿ སྤྱན་གསུམ་དམར་ཟླུམ་མེ་ལྟར་འབརཿ ཁྲོ་གཉེར་ཆུ་ཡི་རླབ་བཞིན་འཁྲུགསཿ ཕྱག་བཞི་གཡས་ཀྱི་དང་པོ་ནཿ གནམ་ལྕགས་རལ་གྲི་མེ་འབར་དངཿ གཡོན་གྱི་དང་པོས་ཐོ་ཆེན་ཕྱརཿ མཐའ་གཉིས་གནམ་ལྕགས་འཁོར་ལོ་ཡིཿ ལག་མཐིལ་སོར་མོ་ལྕགས་བསྲེགས་ཀྱིཿ སྡིག་པ་མགོ་དགུའི་མཚན་པ་གདེངསཿ མཚན་མ་བསྒྲེངས་ཤིང་མེ་སྟག་འཕྲོཿ ཞབས་གཉིས་པད་ཟླ་ཉི་མར་འགྱིངསཿ ཡེ་ཤེས་བསྐལ་པའི་མེ་འབར་དབུསཿ མཐིང་ནག་རྒྱན་མེད་ཧྲིང་ངེ་བཿ འཁོར་དུ་དྲང་སྲོང་འབུམ་ཕྲག་དང་ཿ རིག་འཛིན་དྲང་སྲོང་མཁའ་འགྲོ་མཿ ཁྲོ་བོ་ཁྲོ་མོ་བྱེ་བས་བསྐོརཿ གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྕགཿ ལྕེ་རྩར་ཟླ་དཀྱིལ་རིགས་སྔགས་དངཿ ལྟེ་བར་ཧཱུྃ་མཐར་སྤུ་གྲིས་བསྐོརཿ རྩེ་མོར་མཆོང་བཅག་འདྲ་བ་ཡིསཿ ཕཊཿདགུ་མེ་སྟག་ཚྭ་ཚྭ་འཕྲོཿ སྙིང་ཁར་གསེར་གྱི་ཙཀྲ་ནིཿ རྩིབ་བརྒྱད་དབུས་སུ་པདྨ་དངཿ ཉི་ཟླ་སྟེང་དུ་འོད་ཁྱིམ་དབུསཿ དྲང་སྲོང་དྲི་མེད་འོད་ཟེར་ནིཿ སྐུ་མདོག་སྔོ་སྐྱ་སྐྱིལ་ཀྲུང་བཞུགསཿ རས་དཀར་སྨད་དཀྲིས་སྟོད་གཡོག་ཅནཿ དབུ་སྐྲ་དུང་མདོག་ཐོར་ཚུག་སྤྲསཿ སྨིན་མ་སྟུག་ཅིང་སྨ་ར་དང་ཿ ཨག་ཚོམས་བྲང་གི་རྒྱ་མདོར་སླེབསཿ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྡིགསཿ གཡོན་པས་མཉམ་བཞག་ཚེ་བུམ་བསྣམསཿ ཞལ་ནས་རིགས་སྔགས་འབྲུག་ལྟར་སྒྲོགསཿ ཐུགས་ཀར་པདྨ་འདབ་བརྒྱད་སྟེངཿ ཉི་ཟླའི་གའུ་ཁ་སྦྱོར་དབུསཿ རང་རིག་དྲི་མ་མེད་པ་ནིཿ ཧཱུྃ་མཐིང་བཀྲག་མདངས་ལྡན་པའོཿ ཞེ་སྡང་རྡོ་རྗེའི་སྤྱི་བོ་རུཿ བྱིན་རླབ་བླ་མ་ཐོད་ཕྲེང་རྩལཿ མཐིང་གསལ་གཅེར་བུ་རུས་རྒྱན་ཅནཿ རྡོ་རྗེ་དྲིལ་བུ་དང་བཅས་ཏེཿ རྡོ་རྗེ་ཕག་མོ་ཡུམ་དང་སྦྱོརཿ རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབཿ ཕྱི་རོལ་གནམ་ལྕགས་རྡོ་རྗེ་ནིཿ རྩེ་དགུ་ཡར་རྩེ་བླ་མའི་ཞིང་ཿ རྩེ་མོར་ཁུང་ནག་འབར་བ་ལྡིང་ཿ མར་རྩེ་རྣོ་དབལ་གྲུ་གསུམ་དབུསཿ བྱད་མའི་ལྕེ་མི་བྲང་ཁེབ་པའིཿ སྙིང་དབུས་རྣྲྀ་བཅས་དབུས་སུ་གཟིརཿ རྭ་བརྒྱད་སྡེ་བརྒྱད་ཕོ་བྲང་དངཿ དབུས་རྭ་ལས་མཁན་ཁྱབ་འཇུག་གནསཿ ལྟེ་བར་ཡི་དམ་གཞལ་ཡས་ཁངཿ གནམ་ལྕགས་རྡོ་རྗེའི་ཕྱི་རོལ་དུཿ བྱང་ཆུབ་ཆེན་པོའི་མཆོད་རྟེན་ནིཿ གདན་ཁྲི་བུམ་པ་བྲེ་ཆོས་འཁོརཿ ཉི་ཟླ་ནོར་བུའི་ཏོག་གིས་བརྒྱནཿ བུ་རི་དཀར་ནག་ཁ་སྤྲད་པའིཿ འོག་བཞི་གནམ་ལྕགས་བཙོན་ཁང་འཇིགསཿ ཕ་ལམ་རྡོ་རྗེའི་གཞལ་མེད་ཁངཿ ཕྱི་རོལ་ཁྲོ་མཚོན་གུར་ཁང་འཁྲིགསཿ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པསཿ རྒྱལ་བ་རབ་འབྱམས་ཐུགས་རྒྱུད་བསྐུལཿ དབང་སྐུར་བྱིན་གྱིས་རླབ་པར་གྱུརཿ «བརྒྱད་པ་སྤྱན་འདྲེན་པ་ནིཿ» ཧཱུྃཿ ཆོས་ཀྱི་དབྱིངས་དང་ལོངས་སྤྱོད་སྤྲུལ་སྐུའི་ཞིངཿ ཁྲག་འཐུང་ཁྲོ་བོ་རོལ་པའི་དཀྱིལ་འཁོར་ནསཿ རྩ་གསུམ་རྒྱལ་བ་རབ་འབྱམས་འཁོར་བཅས་གཤེགསཿ དབང་བསྐུར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལཿ རྒྱ་གར་ལྷོ་ཕྱོགས་རི་བོ་ཀུན་འདུས་རྩེརཿ སྤྲུལ་སྐུ་དྲང་སྲོང་དྲི་མེད་འོད་ཟེར་ལཿ དྲང་སྲོང་རིག་འཛིན་མཁའ་འགྲོ་བྱེ་བའི་འཁོརཿ ཐུགས་རྗེ་གློག་ལྟར་མྱུར་བར་གནས་འདིར་གཤེགསཿ བདག་ལ་ཐུགས་རྗེ་ནུས་པའི་རྩལ་ཤུགས་བསྐྱེདཿ ཁྱོད་ཀྱི་མཐུ་སྟོབས་རྫུ་འཕྲུལ་ཅི་ལྟ་བཿ རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་འདྲེསཿ ངོ་མཚར་རྟགས་དང་མཚན་མ་བསྟན་དུ་གསོལཿ ཨོཾ་མ་ཧཱ་རི་ཥི་ཀྲོ་ཏ་རཱ་ཛ་སརྦ་ས་མ་ཡཱ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨེ་ཨ་ར་ལི་ཕེམ་ཕེམཿ ཨ་ཝཱེ་ཤ་ཡ་ཨ་ཨཱཿ «དགུ་པ་བཞུགས་སུ་གསོལ་བ་ནིཿ» ཡེ་ཤེས་ལྷ་ཚོགས་ཆུ་དང་འོ་མ་བཞིནཿ དབྱེར་མེད་འདྲེས་ཤིང་ཐེ་ཚོམ་གཉིས་འཛིན་སྦྱངསཿ བདག་ཉིད་ཡེ་ནས་དྲང་སྲོང་དྲི་མ་མེདཿ རིག་པ་བདེ་ཆེན་ཟག་མེད་ཡེ་ཤེས་ངངཿ ཨ་ཨ་ཨ་ཨ་ཨཱཿ «ཞེས་པའི་དབྱེར་མེད་གཅིག་ཏུ་བསྲེཿ བཅུ་པ་བརྡ་ཕྱག་འཚལ་བ་ནིཿ »ན་མོཿ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམསཿ ལྷ་དང་ལྷ་མོ་དང་བཅས་པསཿ དད་གུས་གདུང་བ་ཆེན་པོ་ཡིསཿ སྒོ་གསུམ་བཏུད་དེ་ཕྱག་འཚལ་ལོཿ ན་མོཿ ན་མ་པྲ་ཏི་ཙ་ཧོཿ« བཅུ་གཅིག་ཕྱི་མཆོད་འབུལ་བ་ནིཿ »སྨན་སྣ་སྦྱར་བའི་ཨརྒྷཾ་དངཿ དག་བྱེད་ཞབས་བསིལ་ཨུ་དུམ་ཝརཿ དྲི་ཞིམ་བདུག་སྤོས་སྣང་གསལ་སྒྲོནཿ བདུད་རྩི་དྲི་ཆབ་ལྷའི་ཞལ་ཟསཿ སྙན་པའི་རོལ་མོ་དང་བཅས་འབུལཿ བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ནཻ་ཝི་དྱ་ཤབྟ་པུ་ཙ་ཧོཿ «བཅུ་གཉིས་ནང་མཆོད་འབུལ་བ་ནིཿ» ཁྲག་ཆེན་དུག་ཆུ་དབང་པོ་ལྔཿ ཤ་བསུར་ཞུན་མེ་མཁྲིས་པའི་ཆབཿ ཤ་རུས་རྐང་གླིང་ཐོད་རྔ་བཅསཿ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨནཿ དམར་ཆེན་རཀྟ་གཏོར་མར་སྤུངཿ ཞེ་སྡང་རྡོ་རྗེའི་ལྷ་ལ་འབུལཿ རཱུ་པ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་སརྦ་པཉྩ་རཀྟ་བཱ་ལིངྟ་ཁཱ་ཧིཿ «བཅུ་གསུམ་གསང་མཆོད་འབུལ་བ་ནིཿ» ཀྱེཿ རིགས་ཀྱི་ལྷ་མོ་བཅུ་དྲུག་དགའ་སྟེར་མའིཿ ཆགས་པ་ཆེན་པོའི་དགའ་བཞིའི་ཡེ་ཤེས་རོཿ ཐེ་ཚོམ་གཉིས་འཛིན་བྱད་མ་རཱུ་ཏྲའི་དཔུངཿ ཡེ་ཤེས་ཆེན་པོའི་དབྱིངས་སུ་བསྒྲལ་མཆོད་འབུལཿ ཏ་ན་ག་ཎ་པཱུ་ཙ་ཨ་ལ་ལ་ཧོཿ «བཅུ་བཞི་བསྟོད་པའི་རིམ་པ་ནིཿ »ཧཱུྃཿ རྒྱ་གར་ལྷོ་ཕྱོགས་ཨིནྟྲའི་ཡུལ་གྱི་དབུསཿ རྫུ་འཕྲུལ་སྤྲུལ་པའི་སྐུ་རུ་རབ་སྣང་པའིཿ སློབ་དཔོན་དྲང་སྲོང་དྲི་མེད་འོད་ཟེར་ཞེསཿ སངས་རྒྱས་སྟོང་གིས་བླ་མ་ཁྱོད་ལ་བསྟོདཿ དེ་ཉིད་རབ་ཁྲོས་ཁྲོ་རྒྱལ་གཏུམ་པོ་ནིཿ མཐིང་ནག་ཞལ་གཅིག་ཕྱག་བཞི་རྡོ་རྗེའི་སྐུཿ འབྲུག་སྟོང་དུས་གཅིག་ལྡིར་བ་དམོད་པའི་སྒྲཿ གང་བཅོལ་ཐོགས་པ་མེད་པ་རྡོ་རྗེའི་གསུངཿ ཀ་དག་སྤྲོས་དང་བྲལ་བ་གཉུག་མའི་གཤིསཿ དགེ་སྡིག་བླང་དོར་བྲལ་བ་རྡོ་རྗེའི་ཐུགསཿ ལོཀྟྲི་ས་ལའི་གསང་བ་གསུམ་ལ་བསྟོདཿ དམོད་པ་འགྲུབ་པའི་དྲང་སྲོང་འབུམ་ཕྲག་དངཿ དཔའ་བོ་རིག་འཛིན་ཡེ་ཤེས་ཌཱཀྐི་མཿ ཁྲོ་བོ་ཁྲོ་མོ་བྱེ་བ་འབུམ་སྡེའི་འཁོརཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོདཿ «བཅོ་ལྔ་ཆེ་བའི་ང་རྒྱལ་བསྐྱེདཿ» ཧཱུྃཿ ང་ནི་བླ་མའི་བླ་མ་སྟེཿ ང་ནི་ཡི་དམ་ཧེ་རུ་ཀཿ ང་ནི་ཡེ་ཤེས་ཌཱཀྐི་མསཿ ང་ནི་མ་མོ་ཀུན་ཀྱི་གྲོགསཿ ང་ནི་ཆོས་སྐྱོང་ཀུན་ཀྱི་གཙོཿ ཀུན་ཀྱི་སྲོག་སྙིང་ང་ལ་ཡོདཿ ཐམས་ཅད་ང་ཡི་ལས་སྒྲུབས་ཤིགཿ ཧཱུྃ་ཧཱུྃ་ཧཱུྃཿ ས་མ་ཡཱཿ རཀྵནྟུཿ« བཅུ་པ་བསྙེན་ཅིང་བསྒྲུབ་པ་ནིཿ དང་པོ་བྱིན་རླབ་འཇུག་པའི་ཕྱིརཿ རྩེ་གཅིག་མོས་གུས་དྲག་པོ་ཡིསཿ »ཡེ་ཤེས་སེམས་དཔའི་ཐུགས་ཀ་ནསཿ འོད་ཟེར་བ་ཐག་འཛིང་བཞིན་འཕྲོསཿ རིགས་བདག་བླ་མའི་ཐུགས་བརྒྱུད་བསྐུལཿ སྐུ་ལས་ཟག་མེད་ཡེ་ཤེས་ཀྱིཿ བྱིན་བརླབས་བདུད་རྩིའི་རྒྱུན་བབ་པའིཿ ལུས་གང་སྒྲིབ་པ་བཞི་དག་ནསཿ དབང་བཞིའི་ཡེ་ཤེས་མངོན་རྫོགས་ཤིངཿ རིག་འཛིན་བཞིར་སྨིན་སྐུ་བཞི་ཡིཿ འབྲས་བུ་མངོན་གྱུར་དགའ་བ་བཞིའིཿ ཡེ་ཤེས་ཉམས་སུ་མྱོང་བར་གྱུརཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ་སིདྡྷི་ཕ་ལ་ཧཱུྃཿ «རྩེ་གཅིག་དམིགས་གནད་ལྡན་པས་བཟླཿ» བདག་ཉིད་རྩ་བའི་ཐུགས་ཀ་རུཿ དྲང་སྲོང་ཡེ་ཤེས་སེམས་དཔའ་ཡིཿ སྙིང་དབུས་ཉི་ཟླའི་གའུའི་དཀྱིལཿ རིག་པ་དྲི་མེད་ཧཱུྃ་མཐིང་གསལཿ ཏྲཾ་དུ་སྔགས་ཀྱི་ཕྲེང་བའི་བསྐོརཿ བཟླས་པའི་འོད་ཟེར་རབ་འབར་ཞིངཿ བདག་ཉིད་རྡོ་རྗེ་དྲང་སྲོང་ཁྲོ་བོའི་རྒྱལཿ ཞེ་སྡང་རྡོ་རྗེ་དངོས་སུ་གྱུརཿ ཀུན་བཟང་ཐུགས་དང་གཉིས་མེད་པརཿ རྣམ་དག་རྒྱལ་བའི་ཞིང་དུ་གྱུརཿ «རིག་པ་གཏད་ཅིང་ཐུགས་སྲོག་ཧཱུྃཿ བརྒྱ་རྩ་བརྒྱད་བསྒྲང་རྩ་བའི་སྔགསཿ ཡང་ཟབ་སྙིང་པོ་འདི་བཟླའོཿ »ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཧཱུྃ་ཛཿ« འབུམ་གསུམ་བཟླས་པས་དམོད་པ་འགྲུབཿ འབུམ་ལྔ་བཟླས་པས་ཞལ་མཐོང་ཞིངཿ གསུང་ཐོས་དངོས་གྲུབ་རྣམ་གཉིས་ཐོབཿ འབུམ་བདུན་བཟླས་པས་མཁའ་འགྲོ་དངཿ སྣང་སྲིད་སྡེ་བརྒྱད་སྲོག་སྙིང་དབངཿ འབུམ་དགུ་བཟླས་པས་མཁའ་སྤྱོད་སོགསཿ མཆོག་གི་རིག་འཛིན་འགྲུབ་པ་དངཿ སྒྱུ་མ་ལུས་ཀྱི་བག་ཆགས་འཇིགཿ བྱེ་བས་དྲི་མེད་འོད་ཟེར་དངཿ དབྱེར་མེད་འདྲེས་པར་ང་མི་སྨྲཿ འདི་ནི་གསང་བའི་མན་ངག་སྟེཿ ལྟ་བ་རྟོགས་པའི་རྣལ་འབྱོར་ལསཿ གཞན་གྱི་སྤྱོད་ཡུལ་མ་ཡིན་ནོཿ ཚེ་ཡི་རིག་འཛིན་བསྒྲུབ་འདོད་ནཿ» དྲང་སྲོང་དྲི་མེད་འོད་ཟེར་གྱིཿ ཐུགས་ཀར་སྔགས་ཕྲེང་འཁོར་བ་ལཿ འོད་ཟེར་སྣ་ཚོགས་བུན་བུན་འཕྲོསཿ རྩ་གསུམ་རྒྱལ་བ་སྲས་བཅས་དང་ཿ རིག་འཛིན་དཔའ་བོ་མཁའ་འགྲོ་མཿ ལྷ་དང་དྲང་སྲོང་ཚེ་ལ་དབང་ཿ གནོད་སྦྱིན་དྲི་ཟ་ཀླུ་དབང་གིཿ ཚེ་བཅུད་བསོད་ནམས་དཔལ་ཡོན་དང་ཿ སྣོད་བཅུད་འབྱུང་ལྔའི་བཀྲག་མདངས་ཚེཿ དངས་མའི་བཅུད་ཀུན་འུབ་ཀྱིས་བསྡུསཿ ཐུགས་སྲོག་ལ་ཐིམ་འོད་ཟེར་འབརཿ བུམ་པར་བསྡུས་ཤིང་བཅུད་ཀྱིས་གང་ཿ ཡེ་ཤེས་སེམས་དཔའ་གཟི་བརྗིད་རྒྱསཿ བདག་ཉིད་དམ་བཅའ་བཞི་ལྡན་ལུསཿ འཆི་མེད་ཚེ་ཡི་རིག་འཛིན་བརྙེསཿ རྡོ་རྗེའི་གོ་ཆ་བགོས་པར་བསམཿ ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཨ་ཡུརྫྙཱ་ན་པུཎྱཻ་སིདྡྷི་ཧཱུྃ་ཛཿ «རྐང་མགྱོགས་རིལ་བུ་མིག་སྨན་སོགསཿ དམ་ཚིག་ལྡན་པས་འགྲུབ་པར་ངེསཿ ལས་སྦྱོར་ཁྲོ་བོར་བསྒྲུབ་པ་ནིཿ »སྨྲ་བྱེད་གནམ་ལྕགས་རྡོ་རྗེ་ཡིཿ ལྟེ་བར་ཉི་དཀྱིལ་ཧཱུྃ་གིས་མཐརཿ བསྙེན་སྔགས་སྤུ་གྲི་རིང་མོ་ཡིསཿ གཡས་བསྐོར་འོད་ཟེར་འཕྲོ་བ་ལསཿ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིསཿ འཇིག་རྟེན་མཁའ་འགྲོ་མི་མ་ཡིནཿ སྡེ་བརྒྱད་དྲེགས་པའི་སྙིང་ནས་དྲངསཿ མདུན་དུ་བཀུགས་པའི་སྤྱི་བོ་རུཿ རྡོ་རྗེ་རྒྱ་གྲམ་གཟིར་བ་ཡིསཿ མགུལ་སྤྱོད་མི་ཤེས་སྡུག་བསྔལ་མྱོངཿ ཡང་ཅིག་ཐུགས་ཀའི་འོད་ཟེར་གྱིསཿ སྡེ་བརྒྱད་སྲོག་སྙིང་ཡི་གེར་བཅསཿ ཚུར་དྲངས་ཧཱུྃ་གི་འོག་ཏུ་ཚུདཿ སྲིད་གསུམ་སྲོག་གི་བདག་པོར་གྱུརཿ བྱད་མ་མཁན་གྱི་ལྷ་སྲུང་རྣམསཿ སྲོག་སྙིང་ཕྲོག་ཅིང་རང་གཤེད་དབབཿ ཆོས་ཉིད་སྟོང་པའི་རང་མདངས་ངངཿ ཨོཾ་ལོཀྟྲི་པ་ལ་ནནཿ ས་ག་པཱ་ཤ་ནནཿ ནཱ་ག་དུ་དུ་ནནཿ མ་མཾ་མཾཿ ཙིད་ཙར་ཙིད་ཙརཿ རྦད་ཏྲ་ཀོ་ཤ་ཡཿ ཧོ་ར་ཧོ་རཿ ཙི་དུ་སོད་ཙི་དུ་སོདཿ ཤིག་ལྷུར་གཏུབཿ ཧ་ལ་པཱ་ཏི་ནནཿ འཁོར་བ་ཐུལཿ གནོད་བྱེད་འབྱུང་པོ་དགྲ་བགེགས་བྱད་མའི་ཀཱ་ཝཱ་ཙི་བརླག་རླགསཿ« འབུམ་ཕྲག་གཅིག་གིས་དམོད་པ་འགྲུབཿ འབུམ་གསུམ་བཟླས་པས་སྡེ་བརྒྱད་ཀྱིཿ སྲོག་གི་སྙིང་པོ་གནད་དུ་ལོནཿ འབུམ་ཕྲག་ལྔ་འདི་སུས་བཟླས་པཿ ཞེ་སྡང་རྡོ་རྗེ་དངོས་སུ་འགྱུརཿ ཕུང་བྱེད་ཤནྟིཾ་གྷརྦ་ཡིཿ དྲག་སྔགས་ཀུན་ཀྱི་ཡང་སྙིང་ངོཿ བསྲུང་བཟློག་བསད་དང་འབྱུང་བཞིའི་མཐའཿ མན་ངག་གསང་བའི་ཡི་གེར་ཤེསཿ ནད་རིམས་ཞི་བའི་ལས་མཐའ་ནིཿ »བདག་ཉིད་ཞེ་སྡང་རྡོ་རྗེ་ཡིཿ ཐུགས་ཀའི་ཡེ་ཤེས་སེམས་དཔའ་ནིཿ དྲི་མེད་འོད་ཟེར་སྐུ་ལས་ནིཿ འོད་ཟེར་སྣ་ཚོགས་འཕྲོས་པའི་རྩེརཿ རིགས་སྔགས་ལྷ་མོ་འབུམ་ཕྲག་གིསཿ སྐུ་ལས་བྱུང་བའི་ཡེ་ཤེས་མེསཿ ནད་ཡམས་བདག་པོ་བདག་མོ་ཀུནཿ སྤུ་རྡུལ་ལྕགས་བསྲེགས་འཕྲད་པའམཿ བ་མོར་ཉི་ཟེར་ཕོག་པ་བཞིནཿ དངོས་མེད་སྦྱངས་ནས་ལྷ་མོ་ཀུནཿ གཅིག་བསྡུས་དཀར་མོ་བུམ་པ་འཛིནཿ བདུད་རྩིའི་བཅུད་ཀྱིས་ཁྲུས་བྱས་པསཿ འགྲོ་བའི་ནད་རིམས་ཀུན་སེལ་ཞིངཿ དམིགས་བྱ་ལྷ་མོའི་སྐུར་གྱུར་པའིཿ ཅིས་ཀྱང་འཇིགས་པ་མེད་པར་གྱུརཿ ཨོཾ་རི་ཥི་ཀྲོ་ཏ་བཱི་མ་ལེཿ ཧཱུ་ལུ་མུ་ལུ་བྱེར་བྱེརཿ སཾ་ག་ཡེ་སྭཱ་ཧཱཿ «སྔགས་འདི་བཟླས་པ་ཙམ་གྱིས་ནིཿ འགོ་བའི་ནད་རིམས་མ་ལུས་ཀུནཿ དམིགས་པའི་ཡུལ་གྱུར་གང་ལ་ཡངཿ འགྲུབ་པར་ཐེ་ཚོམ་ཡོད་རེ་ཀནཿ ལས་སྦྱོར་སྤུ་གྲིའི་སྔགས་རིང་ནིཿ དམིགས་བྱ་རང་གི་སྙིང་ཁ་རུཿ དྲི་མེད་འོད་ཟེར་དྲུང་དུ་འཁོདཿ» སྨྲ་བྱེད་རྩེ་མོའི་ཕཊཿརྣམས་ལསཿ རྡོ་རྗེ་མེ་དཔུང་ཚྭ་ཚྭ་འཕྲོསཿ བྱད་མ་ལྷ་སྲུང་འཁོར་དང་བཅསཿ ངན་སྔགས་དྲག་པོའི་སྦྱོར་བ་ཀུནཿ ཤོག་སྐྱ་རླུང་གིས་དེད་པ་བཞིནཿ རང་གཤེད་དབབ་ཅིང་ཐལ་བར་བརླགཿ ཚེ་བསོད་བཀྲག་མདངས་གཟི་བརྗིད་ཀུནཿ ཚུར་བསྡུས་བསྲུང་བྱ་རང་ལ་ཐིམཿ བཀྲག་མདངས་གཟི་བརྗིད་རྒྱས་པར་གྱུརཿ ཨོཾ་ལོཀྟྲི་པ་ལ་ནན་རྦད་ཐུམསཿ ས་ག་པཱ་ཤ་ནན་རྦད་ལིངཿ ནཱ་ག་དུ་དུ་ནན་རྦད་ཕཊཿ མ་མཾ་མ་མཾ་རྦད་མྱོགཿ ཙིད་ཙར་ཙིད་ཙར་རྦད་རྦུདཿ བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམསཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོསཿ ཧོ་ར་ཧོ་ར་རྦད་ཤགཿ ཙི་དུ་སོད་ཙི་དུ་སོད་རྦད་ཐིབསཿ ཤིག་ལྷུ་རུ་གཏུབ་རྦད་མྱོངཿ ཧ་ལ་པཱ་ཏི་ནན་ག་ན་པཱ་ཏི་རྦད་རྨུགསཿ འཁོར་བ་ཐུལ་རྦད་ཆོམསཿ གནོད་བྱེད་འབྱུང་པོའི་ཀཱ་ཝ་ཙི་བརླག་བརླག་རྦད་ཧུརཿ དགྲ་བགེགས་བྱད་མའི་སྲོག་ལ་མཱ་ར་ཡ་སོད་སོད་རྦད་རྦད་ཛ་ཛཿ «ཏིང་འཛིན་དམིགས་གནད་ལྡན་པ་ཡིཿ སྐབས་དང་སྦྱར་ཏེ་བཟླ་བར་བྱཿ ཐུན་མཐར་དྲང་སྲོང་དམོད་པ་ནིཿ »རང་ཉིད་ཞེ་སྡང་རྡོ་རྗེ་ཡིཿ མཐའ་ཕྱག་དམ་བཅའ་བཞི་ལྡན་མཚོནཿ ཕྱག་མཐིལ་འཁོར་ལོ་ཉི་ཟླ་གཉིསཿ སོར་མོ་ལྕགས་སྡིག་མགོ་དགུ་པཿ བརྡབ་པའི་བྱད་མ་རྡུལ་ཕྲན་བཞིནཿ ཤ་ཁྲག་སྡིག་པ་རྣམས་ཀྱི་ཟོསཿ བསམ་ངན་ལྷ་སྲུང་རང་གཤེད་དབབཿ ཤིང་བལ་ཇི་བཞིན་མཐར་བསྐྲད་བསམཿ ན་མོཿ སངས་རྒྱས་ཀྱི་བདེན་པས་མ་རུང་བདུད་ཀྱི་སྡེ་ཚོགས་ཕམ་པར་གྱུར་ཅིགཿ ཆོས་ཀྱི་བདེན་པས་ལྟ་ལོག་བོན་དང་མུ་སྟེགས་ཀྱི་སྡེ་ཚོགས་ཕམ་པར་གྱུར་ཅིགཿ དགེ་འདུན་གྱི་བདེན་པས་དགྲ་གདོན་གྱི་གཡུལ་ངོ་ཕམ་པར་གྱུར་ཅིགཿ དྲང་སྲོང་གི་བདེན་པས་གཞན་གྱི་རིགས་སྔགས་ཀྱིས་སྦྱོར་བ་ངན་པ་ཐམས་ཅད་བཤིག་ཅིང་ཕྲོལ་བར་གྱུར་ཅིགཿ ཁྲོ་རྒྱལ་གྱི་བདེན་པས་བགེགས་ཀྱི་དཔུང་ཚོགས་གཞོམ་པར་གྱུར་ཅིགཿ དྲང་སྲོང་མཁའ་འགྲོའི་བདེན་པས་སྡེ་བརྒྱད་ཀྱི་དཔུང་ཚོགས་གཞོམ་པར་གྱུར་ཅིགཿ ཁྲོ་བོ་ཁྲོ་མོའི་བདེན་པས་བྱད་མ་རང་གཤེད་རང་ལ་དབབ་པར་གྱུར་ཅིགཿ ཆོས་ཅན་རྒྱུ་འབྲས་བསླུ་མེད་ཀྱི་བདེན་པས་དྲང་སྲོང་དམོད་པ་འགྲུབ་པར་གྱུར་ཅིགཿ ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པས་འགྲུབ་པར་གྱུར་ཅིགཿ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པ་གཞན་དུ་དེངས་ཤིགཿ སྲིད་པ་སྤྱི་ནས་ཤིག་ཅིགཿ སྲིད་གསུམ་རྨིང་ནས་བསྒྱེལ་ཅིགཿ འཁོར་བ་གཏིང་ནས་ཕྱུངས་ཤིགཿ བསྐལ་པའི་མེས་བསྲེགས་ཅིགཿ དམ་ཚིག་དམོད་པས་བརྡེགས་ཤིགཿ བཀའ་མི་ཆོད་པ་ཆོད་ཅིགཿ གནམ་ལྕགས་ཐོ་བས་ཆོམས་ཤིགཿ རལ་གྲིས་སྤྱི་བོའི་གཙུག་ནས་ཁོས་ཤིགཿ སུམྦྷ་ནིས་ནོན་ཅིགཿ སྲིད་གསུམ་གར་སྐྱེས་གར་གནས་ཀྱང་སྡིག་ཆེན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེ་ཆར་ཆེན་པོ་ཕོབ་ཅིགཿ གནོད་བྱེད་བྱད་མ་ཐམས་ཅད་མཱ་ར་ཡ་ཕཊཿ བསམ་སྦྱོར་ངན་པ་ཐམས་ཅད་ཐུལ་ཅིགཿ «ཐལ་མོ་རྡེབ་ཅིང་དམོད་རིང་མཐརཿ» བཀའ་བསྒོ་འདི་ཡི་ནུས་པ་ཡིསཿ ཐལ་ཕྱེ་རླུང་གིས་གཏོར་བ་ལྟརཿ གནོད་བྱེད་དེ་རུ་གནས་མི་འགྱུརཿ དྲང་སྲོང་དམོད་པས་བཟློག་ཅིང་མནནཿ «ཆོས་ཉིད་སྟོང་པའི་ངང་མདངས་སྐྱོངསཿ རིག་པ་དྲི་མ་མེད་པ་སྟེ ཚེ་གཅིག་གྲོལ་བའི་གདམས་པའོཿ སྲིད་པ་གསུམ་གྱི་བྱད་གཟུགས་ཀྱངཿ འདི་ཡིས་མི་བཟློག་གང་ཡང་མེདཿ གསང་བའི་མན་ངག་ཨེ་མ་ཧོཿ ཐུན་མཚམས་བྱ་བའི་རིམ་པ་ནིཿ» ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཧཱུྃ་ཛཿ ཤནྟིཾ་པུཥྟཾ་ཝ་ཤཾ་མ་ར་ཡ་ཕཊཿ དྲང་སྲོང་དྲི་མེད་འོད་ཟེར་གྱི་ལྷ་ཚོགས་འགྲུབ་པར་གྱུར་ཅིགཿ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨཿ ཀ་ཁ་ག་གྷ་ངཿ ཙ་ཚ་ཛ་ཛྷ་ཉཿ ཊ་ཋ་ཌ་ཌྷ་ཎཿ ཏ་ཐ་ད་དྷ་ནཿ པ་ཕ་བ་བྷ་མཿ ཡ་ར་ལ་ཝཿ ཤ་ཥ་ས་ཧ་ཀྵཿ བརྒྱ་སྟོང་ཁྲི་འབུམ་བྱེ་བ་ས་ཡ་ཡར་འཕེལ་བར་གྱུར་ཅིགཿ ཧོཿ དྲང་སྲོང་དྲི་མེད་འོད་ཟེར་གྱི་ལྷ་ཚོགས་ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེསཿ བརྩེ་བའི་ཐུགས་རྗེཿ སྐྱོབས་པའི་ནུས་མཐུཿ རྣམ་བཞིའི་ཕྲིན་ལསཿ བསམ་གྱིས་མི་ཁྱབ་པའི་མངའ་བདག་སྟེཿ བདག་ཅག་སྒྲུབ་པ་པོ་ལ་རྗེས་སུ་དགོངས་ལཿ སྒོ་གསུམ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནསཿ མཆོག་གི་དངོས་གྲུབ་ཡི་དམ་དྲང་སྲོང་དྲི་མེད་འོད་ཟེར་གྱི་གསང་བ་གསུམ་དང་དབྱེར་མེད་དུ་འདྲེས་ཤིངཿ ལོངས་སྐུ་ཆེན་པོར་འཚང་རྒྱ་བ་དངཿ ཐུན་མོང་གི་དངོས་གྲུབ་ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད་ལས་ཆེན་བཅུ་གཉིས་སོགས་མྱུར་བ་ཉིད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལཿ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་དུནྟེ་ཥཥྟ་ཐཱ་ག་ཏ་ཧྱ་ཝ་དཏ་ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎ་ཡེ་སྭཱ་ཧཱཿ «མཆོད་པ་ནིཿ »དྲང་སྲོང་ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡིཿ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ལཿ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དངཿ ཞལ་ཟས་རོལ་མོ་སྨན་རཀ་བཱ་ལིང་ཏཿ འདོད་ཡོན་ལྔ་དང་སྦྱོར་སྒྲོལ་རྨད་བྱུང་གིཿ མཆོད་པ་འབུལ་ལོ་དགྱེས་པར་བཞེས་སུ་གསོལཿ ཨོཾ་བཛྲ་པུཥྤེ་དྷུཔྤེ་ཨཱ་ལོ་ཀེ་གྷནྡྷེ་ར་ས་པརྴེ་མ་ཧཱ་པཉྩ་རཀྟ་བཱ་ལིངྟ་ཏ་ན་ག་ཎ་པཱུ་ཙ་ཁཱ་ཧིཿ« བསྟོད་པ་ནིཿ »ཧཱུྃཿ ཀུན་བཟང་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱངཿ མ་རུང་འགྲོ་བ་གདུལ་དཀའ་འདུལ་བའི་ཕྱིརཿ སྲིད་གསུམ་སྲོག་གི་བདག་པོ་ཁྲོ་བོའི་སྐུཿ ཡོངས་བཞེངས་ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་དངཿ དྲང་སྲོང་རིག་འཛིན་སྤྲུལ་པའི་མཁའ་འགྲོ་མཿ ཁྲོ་བོ་ཁྲོ་མོའི་དཀྱིལ་འཁོར་ལྷ་ལ་བསྟོདཿ «བཤགས་པ་ནིཿ »བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནསཿ རང་རིག་ཡི་དམ་ལྷ་དང་དབྱེར་མེད་ཀྱངཿ ཐེ་ཚོམ་དབང་གིས་རང་ངོ་མ་ཤེས་ཤིངཿ མ་རིག་འཁྲུལ་པའི་དབང་གྱུར་མཐོལ་ལོ་བཤགསཿ «ཡི་གེ་བརྒྱ་བའི་ནོངས་པ་བཤགསཿ རྗེས་ལ་ཚོགས་ཀྱི་རིམ་པ་ནིཿ ཞལ་ཟས་ཚོགས་ཀྱིས་མཆོད་པ་དངཿ དྲི་ངད་མ་གཏོགས་བཟའ་བའི་རིགསཿ རྩི་བཅུད་འབྲུ་བཅུད་བདུད་རྩི་བཤམསཿ» རཾ་ཡཾ་ཁཾཿ ཧཱུྃཿ རང་ཉིད་ལྷ་ཡི་ཐུགས་ཀ་ནསཿ འོད་འཕྲོས་ཡེ་ཤེས་ཌཱཀྐིས་དྲངསཿ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་ཀུནཿ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་སྒྱུརཿ «ཚོགས་ཀྱི་མགྲོན་རྣམས་སྤྱན་འདྲེན་པཿ »དབྱིངས་བཞུགས་རྩ་གསུམ་ལྷ་ཚོགས་དངཿ དྲི་མེད་འོད་ཟེར་སྤྲུལ་འཁོར་བཅསཿ དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོརཿ ཚོགས་མཆོད་མགྲོན་དུ་སྤྱན་འདྲེན་གཤེགསཿ ཨེ་ཧྱ་ཧི་ས་མ་ཡ་ཛ་ཛཿ «དང་པོ་ཚོགས་ཕུད་འབུལ་བ་ནིཿ »ཧོཿ གསང་སྔགས་ནང་གི་དམ་རྫས་ནིཿ ཤ་ཆེན་ལྔ་དང་བདུད་རྩི་ལྔཿ བྱིན་གྱིས་བརླབ་པའི་རྫས་མཆོག་འདིཿ བླང་དོར་བྲལ་བར་བཞེས་སུ་གསོལཿ ག་ཎ་ཙཀྲ་པུ་ཙ་ཁཱ་ཧིཿ «བར་པ་བསྐང་ཞིང་བཤགས་པ་ནིཿ» འདོད་ཡོན་ཚོགས་མཆོད་མི་ཟད་གཏེརཿ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་ཿ གསང་སྔགས་རྡོ་རྗེ་སློབ་དཔོན་གྱིཿ སྐུ་གསུང་ཐུགས་དང་འགལ་བགྱིས་བཤགསཿ བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ «ཐ་མ་བསྒྲལ་སྟབས་རིམ་པ་ནིཿ ཤ་ཁྲག་ཚོགས་ཟན་རཱུ་པ་བཤམསཿ »ཨེ་ལས་སྲིད་པའི་བྲུབ་ཁང་ནསཿ གནོད་བྱེད་དགྲ་བགེགས་དངོས་སུ་གསལཿ ན་མོཿ མཆོག་གསུམ་རྒྱལ་དང་རྩ་གསུམ་ལྷཿ ཞེ་སྡང་རྡོ་རྗེ་འཁོར་བཅས་ཀྱིཿ བདེན་མཐུ་ནུས་པའི་དགྲ་གདོན་བྱདཿ དམིགས་ཡུལ་རཱུ་པ་འདི་ལ་ཁུགཿ «ལན་གསུམཿ »ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡིསཿ གནམ་ལྕགས་གདུག་པའི་མཚོན་གྱིས་གཏུབསཿ ཐོ་བས་ཤ་ཁྲག་རྡུལ་དུ་ཆོམསཿ རྣམ་ཤེས་གཟའ་བདུད་ལྟོ་བར་ཚུདཿ ཤ་ཁྲག་སྡེ་བརྒྱད་རྔམས་ཟས་རོལཿ རྣྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊཿ གནོད་བྱེད་བྱད་མ་དགྲ་གདོན་འབྱུང་པོའི་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེང་ནི་རི་ཏི་ལ་ཁཱ་རཾ་ཁཱ་ཧིཿ «ང་རྒྱལ་བརྟན་པའི་ཚོགས་ལ་རོལཿ ཐ་མ་ལྷག་མ་བསྔོ་བ་ནིཿ» ཨོཾ་ཨཱཿཧཱུྃཿ ལྷག་གཏོར་འདོད་ཡོན་བདུད་རྩིའི་རྒྱ་མཚོ་གྱུརཿ ཨོཾ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཐཿ ཕཻཾཿ རོ་ལང་མ་དང་ཤ་ཟ་མོཿ དམ་ཚིག་མ་མོ་མཁའ་འགྲོ་ཀུནཿ ལྷག་མའི་གཏོར་མ་འདི་བཞེས་ལཿ ཕྲིན་ལས་སྒྲུབས་ལ་བར་ཆད་སྲུངསཿ ཨཥྩི་ཊ་བཱ་ལིངྟ་ཁཱ་ཧིཿ« ལྷག་གཏོར་བཤལ་ཆུ་མེད་མི་རུངཿ ཆད་མདོ་བསྒྲགས་ཤིང་གཏོར་འབུལ་ནིཿ བྱིན་གྱིས་བརླབ་ལ་འདི་སྐད་དོཿ »ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལཿ ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུཿ ཁས་བླངས་དམ་ལ་གནས་པ་ཡིསཿ མ་མོ་མཁའ་འགྲོ་དམ་ལ་འདུསཿ དེ་འོག་བར་གྱི་བསྐལ་པ་ལཿ དབང་ཕྱུག་ཆེན་པོའི་འོག་མིན་དུཿ གསང་བདག་སྤྱན་སྔར་ཁས་བླང་པའིཿ ཁྱབ་མཇུག་མིང་སྲིང་དམ་ལ་དགོངསཿ དེ་འོག་རི་བོ་ཀུན་འདུས་རྩེརཿ ཁྲོ་རྒྱལ་ཞེ་སྡང་རྡོ་རྗེ་ཡིཿ སྤྱན་སྔར་ཁས་བླང་བྲོ་བོར་པའིཿ ལྷ་ཆེན་ཡུམ་སྲས་དམ་ལ་དགོངསཿ ཧཱུྃཿ ཧེ་ཆེན་བརྡལ་པའི་དུར་ཁྲོད་ནསཿ སློབ་དཔོན་པདྨ་ཐོད་ཕྲེང་གིསཿ དབང་བསྐུར་དབུགས་དབྱུང་གཟེངས་བསྟོད་པའིཿ ཡེ་ཤེས་མགོན་པོ་དམ་ལ་དགོངསཿ དམ་རྫས་གཏོར་མ་འདི་བཞེས་ལཿ པད་མའི་རིང་ལུགས་སྐྱོང་བ་དངཿ ཡང་གསང་ཐུགས་ཐིག་སྲོག་ལྟར་སྲུངཿ རྒྱུད་འཛིན་རིག་པ་འཛིན་པའི་སྡེཿ ཚེ་ཆོས་བསོད་ནམས་དཔལ་འབྱོར་སྤེལཿ དགྲ་གདོན་བྱད་མ་རྦོད་གཏོང་བཟློགཿ གང་བཅོལ་ཕྲིན་ལས་ཐོགས་མེད་སྒྲུབསཿ བཀའ་དང་དམ་ལ་མ་འདའ་ཤིགཿ« ཅེས་བརྗོད་བསྟན་མ་སྐྱོང་བ་ནིཿ »ཀྱེཿ གངས་རི་རྟེན་ལ་གནས་བྱས་པའིཿ གནོད་སྦྱིན་མ་བཞི་སྨན་བཙུན་བཞིཿ བདུད་མོ་བཞི་དང་བྲན་གཡོག་བཅསཿ ཕ་འབབ་བཤལ་ཆུའི་གཏོར་མ་བཞེསཿ སློབ་དཔོན་པདྨ་འབྱུང་གནས་ཀྱིཿ ཇི་ལྟར་དམ་ཚིག་བསྒྲགས་པ་ནིཿ ཟབ་རྒྱས་བསྟན་པ་རྒྱས་པར་མཛོདཿ མ་མ་ཙིཏྟ་ཧྲིང་ཧྲིང་བཱ་ལིང་ཏ་ཁཱ་ཧིཿ «ལས་མཐའ་དམ་སྲི་མནན་པ་ནིཿ» «འགུགས་ཞུགས་དྲག་པོའི་གཏོར་གཞོང་སྦུབསཿ» འཇིག་རྟེན་མཁའ་འགྲོ་ཀུན་རྒྱུག་མཿ སྒྲུབ་ལ་བར་ཆད་ཐུགས་བརྒྱུད་ཀྲུགསཿ དམ་སྲི་རྒབ་འདྲེ་ལོག་འདྲེན་ཀུནཿ རིམ་པ་དགུ་ཡི་ས་འོག་ཏུཿ འཆི་བདག་གཤིན་རྗེའི་ཁ་རུ་གཏདཿ མ་གྲོལ་བར་དུ་མི་བཏང་ངོཿ ཨེ་ཡཾ་རཾ་ལཾ་བཾ་སྟྭཾ་བྷ་ཡ་ནནཿ «མཆོད་ཅིང་བསྟོད་དེ་ནོངས་བཤགས་ནིཿ» ཁྲོ་རྒྱལ་ཞེ་སྡང་དཀྱིལ་འཁོར་དུ༔ བསྐྱེད་རིམ་མ་གསལ་བསྙེན་སྒྲུབ་སྔགས་མ་དགཿ རང་རིག་ཡི་དམ་ལྷ་རུ་མ་གཏོགས་ཏེཿ གཉིས་འཛིན་ཐེ་ཚོམ་ལོག་ལྟའི་དབང་གྱུར་དངཿ གསང་སྔགས་དམ་ཚིག་འགལ་ཉམས་འདས་རལ་ཀུནཿ མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཤགསཿ «ཡི་གེ་བརྒྱ་བ་ལན་གསུམ་བརྗོདཿ རྟག་ཆད་གཉིས་ཀྱི་མཐའ་གསལ་བཿ »ཧཱུྃཿ བསྐྱེད་རིམ་ལྷར་སྣང་རྟེན་ཉིད་བརྟེན་པ་ལྷཿ འཁོར་རྣམས་གཙོ་བོ་ལ་ཐིམ་མི་ཤེས་སེམསཿ དེ་ཉིད་ཐུགས་སྲོག་ལ་ཐིམ་ན་དཱའི་བརཿ ན་དཱ་ཀ་དག་རིག་པ་ཡེ་ཤེས་ངངཿ སླར་ཡང་སྒྱུ་མ་ལྟ་བུའི་ཏིང་འཛིན་ལསཿ རྗེས་ཐོབ་གཉུག་མ་དོན་གྱི་ཧེ་རུ་ཀཿ དྲི་མེད་འོད་ཟེར་སྐུ་རུ་ལམ་གྱིས་གསལཿ «འབྱུང་བཞིའི་ལམ་ཁྱེར་ཁྱེར་སོ་གསུམ་གྱི་ངང་ཿ» ཧཱུྃ་ཧཱུྃ་ཧཱུྃཿ «བསྔོ་བ་ནིཿ» བསྐྱེད་རྫོགས་ཟབ་མོའི་ལམ་འདིར་འབད་པ་དངཿ གཞན་ཡང་ཟག་བཅས་ཟག་མེད་དགེ་བའི་རྒྱུནཿ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིརཿ འཁོར་གསུམ་དམིགས་པ་མེད་པའི་ཀློང་དུ་བསྔོཿ «སྨོན་ལམ་དྲང་སྲོང་བདེན་ཚིག་ནིཿ» ཕྱོགས་དུས་རྒྱལ་དང་དེ་སྲས་དམ་པའི་ཆོསཿ རིགས་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཚོགསཿ བཀའ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་ལཿ རྡོ་རྗེའི་སྐུ་བརྙེས་དྲི་མེད་འོད་ཟེར་དགེཿ དྲང་སྲོང་རིག་འཛིན་མཁའ་འགྲོ་བདེན་ཚིག་འགྲུབཿ བདེན་པའི་མཐུ་དང་བདག་གིས་སེམས་བསྐྱེད་ཀྱིསཿ སྨོན་པ་འདི་ཀུན་འགྲུབ་པར་བྱིན་གྱིས་རློབསཿ ཤཀ་ཐུབ་བསྟན་པ་མཐའ་ལ་ཐུག་དུས་འདིརཿ རྒྱལ་བ་གཉིས་པ་པདྨ་ཀཱ་ར་ཡིཿ ཐུགས་བསྐྱེད་དམ་བཅའ་བསླུ་མེད་དུས་སྨིན་ནསཿ ཡང་གསང་ཐིག་ལེ་སྐོར་གསུམ་སྤེལ་དུས་འདིརཿ བསྟན་པ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཤོགཿ རྒྱལ་དབང་པདྨའི་རིང་ལུགས་བླ་ན་མེདཿ སྔ་འགྱུར་རྡོ་རྗེ་སྙིང་པོ་ཨ་ཏིའི་ལམཿ བསྐྱེད་རྫོགས་སྦྱོར་སྒྲོལ་ལམ་ཀྱི་རྩལ་རྫོགས་ནསཿ རྡོ་རྗེ་གསུམ་གྱི་འབྲས་བུ་དུས་སྨིན་ཤོགཿ ཕྱི་སྣོད་དག་པ་ལོངས་སྤྱོད་རྫོགས་པའི་ཞིངཿ ནང་བཅུད་དག་པ་དཔའ་བོ་མཁའ་འགྲོའི་གྲོངཿ འཁོར་བ་མ་སྤང་ཆོས་ཉིད་རོལ་པའི་གརཿ ཁྱེར་སོ་གསུམ་གྱི་ལམ་བཟང་མངོན་གྱུར་ཤོགཿ ཆོས་ཉིད་མངོན་སུམ་རིག་གདངས་ངོ་འཕྲོད་ཅིངཿ སྒྲོན་མ་བཞི་ཡི་ཉམས་སྣང་གོང་དུ་འཕེལཿ སྒོ་གསུམ་ཆོས་ལོངས་སྤྲུལ་སྐུར་ཚད་དུ་ཕེབཿ ཆོས་ཉིད་གཞོན་ནུ་བུམ་སྐུར་གྲོལ་བར་ཤོགཿ བདག་ཅག་མཆེད་ལྕམ་འབྲེལ་བའི་བསྡུས་པ་ཀུནཿ གསང་སྔགས་དམ་ཚིག་མ་ཉམས་སུ་ཡང་རུངཿ ཆོས་ཉིད་བར་དོའི་སྣང་བ་ཤར་བའི་ཚེཿ སྐུ་གསུམ་པདྨ་འོད་དུ་གྲོལ་བར་ཤོགཿ བདག་ལ་བཟང་ངན་འབྲེལ་བའི་བསྡུས་པའི་གཙོཿ མཁའ་ཁྱབ་མ་རྒན་སེམས་ཅན་མ་ལུས་པཿ སྡུག་བསྔལ་འཁོར་བའི་རྒྱ་མཚོ་དང་སྤྲུག་ནསཿ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོགཿ «བཀྲ་ཤིས་མེ་ཏོག་འཐོར་བ་ནིཿ» འགྲོ་ལ་ཐུགས་རྗེ་རྒྱུན་མི་ཆདཿ བཀའ་བརྒྱུད་བླ་མའི་བཀྲ་ཤིས་ཤོགཿ སྒྲུབ་པ་པོ་ལ་དངོས་གྲུབ་སྟེརཿ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོགཿ དམ་ཚིག་ཅན་གྱི་གྲོགས་མཛད་པའིཿ མ་རྒྱུད་མཁའ་འགྲོའི་བཀྲ་ཤིས་ཤོགཿ རྣལ་འབྱོར་པ་ཡི་འཕྲིན་ལས་སྒྲུབཿ དམ་ཅན་སྲུང་མའི་བཀྲ་ཤིས་ཤོགཿ «གཞན་ཡང་བཀྲ་ཤིས་གང་རིགས་བརྗོདཿ རྗེས་ཀྱི་རིམ་པ་སྤྱི་ལྟར་རོཿ ཨེ་མཿ བདག་འདྲ་པདྨ་འབྱུང་གནས་ཀྱིཿ རྒྱུད་ལུང་མན་ངག་ཟབ་མོ་ཡིཿ བཅུད་ཀུན་གནད་ལས་གནད་དུ་བསྡུསཿ ཁྱད་པར་དམོད་པ་དྲག་སྔགས་ཀྱིཿ མན་ངག་རྒྱ་མཚོ་ལྟ་བུ་ལསཿ ཕུང་བྱེད་ཤནྟིཾ་གྷརྦ་ཡིསཿ གབ་པ་མངོན་བྱུང་བདག་ལ་གནངཿ དེ་ལས་སྙིང་པོའི་ཡང་ཞུན་འདིཿ ད་ལྟའི་དུས་ན་ཐུགས་སུ་སྦཿ རྒྱུད་ལུང་ཉང་རལ་ཞེས་བྱ་བཿ མ་འོངས་དུས་སུ་བོད་དུ་འབྱུངཿ དེ་ལ་གསང་བའི་བརྡ་རིས་ཐོབཿ དེ་ནས་ལྔ་བདོའི་སྙིགས་མ་ལཿ ལྷ་ལྕམ་ཟློས་པའི་གར་བསྒྱུར་བཿ ཏཱ་རེའི་མིང་ཅན་དང་འཕྲད་ནསཿ བྱད་ཕུར་བདུད་ཀྱི་གཡུལ་ལས་རྒྱལཿ ཐུགས་ཐིག་བསྟན་པའི་སྲོག་ཤིང་ཚུགསཿ མི་རབས་བདུན་དུ་འགྲོ་དོན་རྒྱསཿ དེ་ཕྱིར་གསང་བའི་བརྡའ་རིས་ལ༔ བཏབ་ནས་ཌཱཀྐིའི་ལག་ཏུ་གཏདཿ འགྲོ་དོན་དུས་ལ་བབ་པའི་ཚེཿ ཉི་མ་འོད་ཟེར་ལག་ཏུ་གཏོདཿ ང་སྤྲུལ་བདེ་བའི་རྡོ་རྗེ་ཡིསཿ བརྡའ་རིས་ལམ་ནས་རྟོགས་པར་ཤོགཿ བཀའ་འདི་བསྲུངས་བའི་བཀའ་སྲུང་མཆོགཿ གཟའ་རྒོད་ཁྱབ་འཇུག་དྲག་པོ་དངཿ སྐྱེ་རྒྱུད་བདག་པོ་ཡབ་ཡུམ་སྲསཿ མྱུར་མཛད་ཡེ་ཤེས་མགོན་པོ་ཡིསཿ ཉིན་མཚན་མ་གཡེལ་བྱ་ར་གྱིསཿ བཀའ་བཙན་བྱིན་རླབས་མྱུར་བ་དངཿ སྣོད་མིན་ལག་ཏུ་མ་ཤོར་ཅིགཿ དཔོན་སློབ་མ་དག་སྔགས་ལ་ཕྲཿ བཀའ་ཀུན་དམ་ཉམས་ལས་ངན་གྱིཿ སྙིང་ཁྲག་དམར་པོ་ཐང་དུ་ཕོབཿ དམ་ཅན་རིག་འཛིན་ཕོ་མོ་ལཿ བྲན་ལྟར་ཁས་བླང་དམ་བཅས་བཞིནཿ དམ་ཚིག་གཉན་ལས་མ་འདའ་ཤིགཿ ས་མ་ཡཱཿ གཏེར་རྒྱཿ སྦས་རྒྱཿ ཟབ་རྒྱཿ སྐུ་ཡི་རྒྱཿ གསུང་གི་རྒྱཿ ཐུགས་ཀྱི་རྒྱཿ དམ་ཚིག་གི་རྒྱཿ གུ་ཧྱཿ ཁ་ཐཾཿ རྒྱ་རྒྱ་རྒྱཿ བདག་འདྲ་དུས་མཐའི་སྙོམས་ལས་པཿ ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལསཿ དབང་བསྒྱུར་ཁྲག་འཐུང་དཔའ་བོ་ཞེས༔ མཁའ་འགྲོ་དགྱེས་པའི་རྡོ་རྗེ་ལཿ ཤིང་འབྲུག་ལོ་ལ་བརྡའ་རིས་ཤརཿ མི་ལོ་བཅུ་གསུམ་གསང་རྒྱས་བཏབསཿ མེ་འབྲུག་སྨིན་དྲུག་ཟླ་བ་ལཿ ཡི་དམ་རྡོ་རྗེ་ཕག་མོ་དངཿ ཉང་རིགས་རལ་པའི་ཅོད་པཎ་ཅནཿ ཉི་མ་འོད་ཟེར་བརྡའ་འཁྲོལ་བཞིནཿ མཐིང་ཤོག་གསེར་གྱི་བརྡ་རིས་ལསཿ ཕབ་པའི་གསང་བ་གཅིག་བརྒྱུད་འདིཿ དྲང་སྲོང་ཞོ་འཐུང་རུས་པ་ཡིསཿ དམ་བཅའ་བཞི་ལྡན་རྡོ་རྗེའི་མཚོནཿ མཐུ་ལྡན་བསྟན་འཛིན་དཔའ་མོ་ཡིཿ བསྟན་པ་བསྲུང་བའི་ཕྱག་ཆར་འབུལཿ ཡི་གེ་འདུ་བྱེད་བྱང་སེམས་རིགསཿ ཨ་བྷྱཿརིསྨའི་བགྱིས་པ་ཡིསཿ བསྟན་པ་སྲུང་བའི་གོ་ཆར་ཤོགཿ མི་རབས་གསུམ་དུ་ཆིག་བརྒྱུད་རྒྱཿ གུ་ཧྱཿ