པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ མན་ངག་གུད་དུ་སྦས་པཿ

From Khyentse Lineage - A Tsadra Foundation Project
Wylie title pad 'byung thugs kyi thig le las man ngag gud du sbas pa
Location mdo mkhyen brtse bka' 'bum
Volume 4, Text 30, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Averting or Dispelling Rites- zlog pa  ·  Cakra and Amulet Designs - 'khor lo - srung 'khor
Cycle པད་འབྱུང་ཐུགས་ཀྱི་ཐིག་ལེ་ (pad 'byung thugs kyi thig le)
Deity sngags rgod lok+t+ri pA la
Colophon

བདག་འདྲ་ཁྲག་འཐུང་རོ་སྙོམས་རྡོ་རྗེས་ཌཱཀྐིའི་བརྡའ་རིས་དང་མངའ་བདག་གླེགས་རལ་མི་མ་ཡིན་གྱི་ཆོ་འཕྲུལ་སོགས་བསམ་བཟོད་དཀའ་བ་བྱུང་ཡང་ཡབ་ཡུམ་སྙིང་སྟོབས་གཉེན་པོའི་དབང་དུ་གཏོང་བ་ཏེ་མི་རབས་གསུམ་གྱི་རབ་ཏུ་ཆིག་རྒྱུད་དུ་གུ་ཧྱཿ ཡི་གེ་དམ་ལྡན་རྣལ་འབྱོར་པ་སློབ་བུ་འཇིགས་མེད་འོད་ཟེར་གྱིས་ཞབས་ཏོག་བགྱིས་པའོཿ

bdag 'dra khrag 'thung ro snyoms rdo rjes DAk+ki'i brda' ris dang mnga' bdag glegs ral mi ma yin gyi cho 'phrul sogs bsam bzod dka' ba byung yang yab yum snying stobs gnyen po'i dbang du gtong ba te mi rabs gsum gyi rab tu chig rgyud du gu h+yaH_yi ge dam ldan rnal 'byor pa slob bu 'jigs med 'od zer gyis zhabs tog bgyis pa'o:

[edit]
༄༅། །པད་འབྱུང་ཐུགས་ཀྱི་ཐིག་ལེ་ལསཿ མན་ངག་གུད་དུ་སྦས་པ་བཞུགསཿ

༄༅། «།སློབ་དཔོན་དྲི་མེད་འོད་ཟེར་ལཿ རྟག་ཏུ་གུས་པའི་ཡིད་ཀྱིས་འདུདཿ སྔགས་རྒོད་ལོཀྟྲི་པཱ་ལ་ཡིཿ བསྲུང་བཟློག་བསད་པའི་མན་ངག་ལསཿ བསྲུང་བ་རྡོ་རྗེའི་གོ་ཁྲབ་ནིཿ» བྱང་ཆེན་མཆོད་རྟེན་ཕྱི་རོལ་དུཿ བསྲུང་འཁོར་གསལ་བརྟན་གཟི་བརྗིད་འབརཿ རང་ཉིད་ཞེ་སྡང་རྡོ་རྗེ་ཡིཿ ཐུགས་ཀར་དྲི་མེད་འོད་ཟེར་གྱིཿ ཐུགས་སྲོག་ཀླད་ཀོར་བླ་མ་དངཿ ཧ་ཡི་ཁོག་པར་ཚེ་བསོད་རྣྲྀཿ གཡས་སུ་བསྲུང་བྱ་ཕོ་རིང་དང་ཿ གཡོན་དུ་མོ་རིང་རྒྱབ་ཏུ་ལྷཿ མདུན་དུ་དམིགས་བྱ་དངོས་སུ་གསལཿ འོག་ཏུ་ཡུལ་མཁར་ནོར་ཕྱུགས་བཅསཿ སྨྲ་བྱེད་རྡོ་རྗེའི་ལྟེ་བ་རུཿ ཧཱུྃ་མཐར་བསྲུང་སྔགས་གཡས་སུ་འཁོརཿ དེ་ལས་འཕྲོས་པའི་འོད་ཟེར་གྱིཿ རྩེ་ལས་ཕོ་ཉ་དཔག་མེད་འཕྲོསཿ བདག་དང་བསྲུང་བྱའི་ཚེ་སྲོག་བླཿ བསོད་ནམས་ལྷ་སྲིན་སྡེ་བརྒྱད་ཀྱིསཿ བརྐུས་འཕྲོག་ཡར་ཤིང་འཁྱམ་པ་རྣམསཿ ཚུར་བསྡུས་བདག་དང་སྲུང་བྱར་ཐིམསཿ སླར་ཡང་རྒྱལ་བ་རིག་འཛིན་དངཿ དྲང་སྲོང་ལྷ་ཀླུ་གནོད་སྦྱིན་གྱིཿ ཚེ་བསོད་སྣོད་བཅུད་ཡོན་ཏན་ཀུནཿ འུབ་ཀྱིས་བསྡུས་ནས་བདག་ལ་ཐིམཿ བཀྲག་མདངས་གཟི་བརྗིད་ཉམས་རྟོགས་དཔལཿ ཤེས་རབ་རྩལ་འབར་མཐུ་སྟོབས་རྒྱསཿ འོད་ཟེར་ཕ་ལམ་སྤུ་གྲི་དངཿ ཕྱི་རོལ་གུར་ལ་ཐིམ་པ་ཡིསཿ ཅིས་ཀྱང་མི་ཤིགས་པ་རུ་སྒོམཿ ཨོཾ་ལོཀྟྲི་པཱ་ལ་ནན་བྷྲཱུཾཿ ས་ག་པཱ་ཤ་ནན་བྷྲཱུཾཿ ནཱ་ག་དུ་དུ་ནན་བྷྲཱུཾཿ མ་མཾ་མ་མཾ་བྷྲཱུཾཿ ཙིད་ཙར་ཙིད་ཙར་བྷྲཱུཾཿ བཾ་རུ་ལུ་བཾ་རུ་ལུ་བྷྲུཾཿ རྦད་ཏྲ་ཀོ་ཤ་རྦད་ཏྲ་ཀོ་ཤ་ཡ་བྷྲཱུཾཿ ཧོ་ར་ཧོ་ར་བྷྲུཾཿ ཙི་དུ་སོད་ཙི་དུ་སོད་བྷྲུཾཿ ཤིག་ལྷུར་གཏུབཿ ཧ་ལ་པཱ་ཏི་ནན་བྷྲུཾཿ གནོད་བྱེད་བྱད་མའི་ཀཱ་ཝ་ཙི་བརླག་བརླག་རྣྲྀ་བྷྲུཾ་ཧཱུྃ་ཛཿ མཱ་མ་ཀཱ་ཝ་ཙི་རཀྵ་ཀུ་རུ་བྷྲཱུཾཿ« ཏིང་འཛིན་དམིགས་གནད་ལྡན་པ་ཡིཿ དངོས་སམ་རྨི་ལམ་གང་རིགས་སུཿ རྡོ་རྗེ་རྙེད་དང་གོ་ཆ་བགོསཿ འཇའ་ཚོན་ལུས་ལ་ཐིམ་པ་སོགསཿ རབ་འབྲིང་ཐ་མའི་རྟགས་མཚན་མཐོངཿ རྒྱཿ བཟློག་པ་མཚོན་ཆའི་འཁོར་ལོ་ནིཿ» དྲང་སྲོང་ཁྲོས་པ་རྡོ་རྗེའི་ལྗགསཿ ཕཊཿདམར་དགུ་ལས་འོད་ཟེར་འཕྲོསཿ འཁོར་གྱི་དྲང་སྲོང་ཌཱཀྐི་དངཿ གུར་ཁང་ཁྲོ་བོ་ཁྲོ་མོའི་ཚོགསཿ ཕྱིར་གཟིགས་དྲག་སྔགས་དམོད་པ་སྒྲོགས༔ སྐུུ་ཡི་བ་སྤུའི་བུ་ག་དངཿ གུར་ཁང་རྣམས་ལས་སྤྲུལ་པ་ཡིཿ ཕོ་ཉ་མཚོན་ཆ་དཔག་མེད་འཕྲོསཿ ནམ་མཁའ་ས་གཞི་བར་སྣང་གངཿ བྱད་མ་ལྷ་སྲུང་དགྲ་གདོན་བགེགས༔ མེ་ལྕེར་སྦྲང་བུ་འཕྲད་པའམཿ རྩྭ་ཕུང་མེ་ཡི་བསྲེག་པ་བཞིནཿ བསད་བསྲེགས་ཐལ་བའི་རྡུལ་དུ་རློགསཿ ལྷ་སྲུང་ཁོ་ཡི་གཤེད་དུ་བབཿ ལྕགས་རི་ནག་པོའི་མཐའ་བསྐྲད་ནསཿ ཁྲག་འཐུང་རྒྱལ་པོའི་ཞིང་དུ་གྱུརཿ ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོཿབཟློགཿ ས་ག་པ་ཤ་ནན་བྷྱོཿབཟློགཿ ནཱ་ག་དུ་དུ་ནན་བྷྱོ་བཟློགཿ མ་མཾ་མ་མཾ་བྷྱོ་བཟློགཿ ཙིད་ཙར་ཙིད་ཙར་བྷྱོ་བཟློགཿ བཾ་རུ་ལུ་བཾ་རུ་ལུ་བྷྱོ་བཟློགཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་བཟློགཿ ཧོ་ར་ཧོ་ར་བྷྱོ་བཟློགཿ ཙི་ཏུ་སོད་ཙི་ཏུ་སོད་བྷྱོ་བཟློགཿ ཤིག་ལྷུར་གཏུབཿ ཧ་ལ་སཱ་ཏི་ནན་བྷྱོ་བཟློགཿ གནོད་བྱེད་བྱད་མའི་ཀཱ་ཝ་ཙི་བརླག་བརླགཿ བྱད་མ་ལྷ་སྲུང་དག་བཅས་པ་བྱེར་བྱེར་བྷྱོ་བྷྱོཿབཟློག་བཟློགཿ «དྲག་ཏུ་བཟླ་ཤིང་དམིགས་པས་གཟིར༔ རི་ཆེན་བརྙིལ་དང་ཆུ་ཆེན་གཏོངཿ ཤ་འུད་སྐྱིན་ཐང་གཏོང་བ་སོགསཿ ཉམས་དང་རྨི་ལམ་རྟགས་མཚན་མཐོངཿ ས་མ་ཡཱཿ རྒྱཿ བསད་པ་གླང་སྨྱོན་མཚོན་འཁོར་ནིཿ »མདུན་དུ་ཨེ་ལས་ཏིང་འཛིན་གྱིཿ གནམ་ལྕགས་བྲུབ་ཁང་གཏིང་ཟབ་པཿ དུག་དང་ཁྲག་གི་རྒྱ་མཚོ་འཁྱིལཿ བསྐལ་པའི་མེ་འབར་མཚོན་ཆར་འབེབསཿ ནད་ཀྱི་ན་བུན་འཁྲིགས་པའི་ནངཿ གནོད་བྱེད་དགྲ་གདོན་བྱད་མ་ནིཿ མགོན་མེད་སྐྱབས་བྲལ་ཉམ་ཐག་པརཿ ལག་པའི་སྐྲ་འབལ་བྲང་བརྡུང་ཞིངཿ ཁ་ནས་འོ་དོད་དྲག་པོ་འབོདཿ གདུག་པའི་དྲི་ངན་འཐུལ་བར་བསམཿ སྨྲ་བྱེད་རྡོ་རྗེའི་རྩེ་མོ་ནསཿ འོད་ཟེར་ཕོ་ཉའི་ཚོགས་འཕྲོས་པའིཿ དམིགས་བྱ་གར་གནས་དབང་མེད་བཀུགཿ མདུན་གྱི་གཟུགས་ལ་ཐིམ་པར་བསམཿ «འགུགས་པ་ནིཿ »ན་མོཿ བསླུ་བ་མེད་པའི་དཀོན་མཆོག་གསུམཿ བླ་མ་ཡི་དམ་ཌཱཀྐི་མཿ ཁྱད་པར་དྲང་སྲོང་ཁྲོ་བོའི་རྒྱལཿ སྔགས་རྒོད་ཞེ་སྡང་རྡོ་རྗེ་གཏུམཿ རིག་འཛིན་དྲང་སྲོང་དམོད་པ་འགྲུབཿ ལས་མཁན་ཁྲོ་བོ་ཁྲོ་མོའི་ཚོགསཿ མཐུ་ལྡན་དམ་ཅན་སྲུང་མའི་སྡེཿ བཀའ་ཉན་དྲེགས་པ་སྡེ་བརྒྱད་བཅས༔ བདེན་མཐུ་ནུས་པའི་སྟོབས་རྩལ་གྱིས༔ དམ་ཉམས་དགྲ་དང་གནོད་བྱེད་བགེགསཿ མཐུ་ལྡན་བསམ་ངན་བྱད་མ་དངཿ རྒྱལ་བསེན་དམ་སྲི་ལོག་འདྲེན་རིགསཿ སྐད་ཅིག་ཙམ་གྱིས་འདིར་ཁུག་ལཿ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངསཿ ཞགས་པ་ཅན་གྱིས་མགུལ་ནས་ཆིངསཿ ལྕགས་སྒྲོག་ཅན་གྱིས་ཡན་ལག་བསྡོམཿ དྲིལ་བུ་ཅན་གྱིས་མྱོས་སུ་ཆུགསཿ ཐོ་བ་ཅན་གྱིས་རྒྱབ་ནས་དེདཿ གཤོགས་པ་ཅན་གྱིས་ལྷ་དང་ཕྲོལཿ དམིགས་རྟེན་ལིང་གར་དབྱེར་མེད་འདྲེསཿ ཨོཾ་ལོཀྟྲི་པཱ་ལ་ནན་ཛཿ ས་ག་པཱ་ཤ་ནན་ཛཿ ནཱ་ག་དུ་དུ་ནན་ཛཿ མ་མཾ་མ་མཾ་དཿ ཙིད་ཙར་ཙིད་ཙར་ཛཿ བཾ་རུ་ལུ་བཾ་རུ་ལུ་ཛཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཛཿ ཧོ་ར་ཧོ་ར་ཛཿ ཙི་དུ་སོད་ཙི་དུ་ཛཿ ཤིག་ལྷུར་གཏུབ་ཛཿ ཧ་ལ་པཱ་ཏི་ནན་ག་ན་པ་ཏི་ཛཿ འཁོར་བ་ཐུལཿ གནོད་བྱེད་དགྲ་གདོན་བྱད་མ་རྣྲྀ་ཏྲི་ཨཾ་ཀུ་ཤ་ཛ་ཛཿ ཛ་ཧཱུྃ་བཾ་ཧོ་ཨཱཿ «འགུགས་པ་ལན་གསུམ་འགུགས་རིགས་བཟླཿ དྲག་པོའི་ཏིང་འཛིན་པ་དངོསཿ »བྲུབ་ཁུང་སྡེ་བརྒྱད་དྲེགས་པས་བསྐོརཿ སྨྲ་བྱེད་རྩེ་མོའི་ཕཊཿརྣམས་ལསཿ གནམ་ལྕགས་རྡོ་རྗེ་མེ་འབར་བཿ མགར་གྱི་ཚྭ་ཚྭ་ལྟར་འཕྲོས་པསཿ བྲུབ་ཁུང་ལིང་གར་ཕོག་པ་ཡིཿ བྱད་མ་དགྲ་གདོན་འབྱུང་པོའི་ཚོགསཿ ཁང་རུལ་སྒྱོགས་ཀྱིས་བཤིགས་པ་བཞིནཿ ཤ་ཁྲག་རུས་གསུམ་དུམ་བུར་གཏུབསཿ སྡེ་བརྒྱད་ཚོགས་ཀྱིས་ཧབ་ཐོབ་ཟོསཿ རྣམ་ཤེས་ཁྱབ་འཇུག་ལྟོ་བར་ཚུདཿ བརྒྱལ་ཞིང་དྲན་པ་ཉམ་པར་གྱུརཿ ཨོཾ་ལོཀྟྲི་པཱ་ལ་ནན་རྦད་ཐུམསཿ ས་ག་པཱ་ཤ་ནན་རྦད་ལིངཿ ནཱ་ག་དུ་དུ་ནན་རྦད་ཕཊཿ མ་མཾ་མ་མཾ་རྦད་མྱོགཿ ཙིད་ཙར་ཙིད་ཙར་རྦད་རྦུདཿ བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམསཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོསཿ ཧོ་ར་ཧོ་ར་རྦད་ཤགཿ ཙི་དུ་སོད་ཙི་དུ་སོད་རྦད་ཐིབསཿ ཤིག་ལྷུ་རུ་གཏུབ་རྦད་མྱོགཿ ཧ་ལ་པཱ་ཏི་ནན་ག་ན་པཱ་ཏི་རྦད་རྨུགཿ འཁོར་བ་ཐུལ་རྦད་ཆོམསཿ གནོད་བྱེད་འབྱུང་པོའི་ཀཱ་ཝ་ཙི་བརླག་བརླག་རྦད་ཧུརཿ དགྲ་བགེགས་བྱད་མའི་སྲོག་ལ་མ་ར་ཡ་སོད་སོད་རྦད་རྦད་ཛ་ཛཿ «སྐབས་བསྟུན་བཟླཿ ཐུན་སྔགས་རིང་མོཿ »ཨོཾ་ལོ་ཀྟྲི་པཱ་ལ་ནན་རྦད་ཐུམསཿ འཇིག་རྟེན་མགོན་པོས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ ས་ག་པཱ་ཤ་ནན་རྦད་ལིངཿ ས་བདག་གིས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ ནཱ་ག་དུ་དུ་ནན་རྦད་ཕཊཿ ཀླུ་བདུད་ཀྱིས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ མ་མཾ་མ་མཾ་རྦད་མྱོགསཿ མ་མོས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ ཙིད་ཙར་ཙིད་ཙར་རྦད་རྦུདཿ བཙན་གྱིས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ བཾ་རུ་ལུ་བཾ་རུ་ལུ་རྦད་ཐུམསཿ བདུད་ཀྱིས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་རྦད་ཁོསཿ གཟའ་བདུད་ཀྱིས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཕྱུང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ ཧོ་ར་ཧོ་ར་རྦད་ཤགཿ རྒྱལ་པོས་གནོད་བྱེད་བྱད་མའི་སྲོག་ཆོད་སྙིང་ཙིཏྟ་མ་ར་ཡ་ཐུན་བྷྱོ་རྦདཿ རྒྱལ་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ བསེན་མོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ པེ་ཧར་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ གཙང་ཐིལ་གྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ གནོད་བྱེད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ དགྲ་བགེགས་འབྱུང་པོའི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ ཨཿཡཿམཿདུཿརུཿཙཿཤཿནཿ སྡེ་བརྒྱད་ཀྱི་སྲོག་ལ་དུང་དུང་སྙིང་ལ་ཤད་ཤདཿ ཙི་དུ་སོད་ཙི་དུ་སོད་རྦད་ཐིབཿ ཤིག་ལྷུ་རུ་གཏུབ་རྦད་མྱོགསཿ ཧ་ལ་པཱ་ཏི་ནན་ག་ན་པཱ་ཏི་རྦད་རྨུགཿ འཁོར་བ་ཐུལ་རྦད་ཆོམསཿ གནོད་བྱེད་དགྲ་གདོན་བྱད་མ་དམ་སྲིའི་ཀཱ་ཝ་ཙི་བརླག་བརླག་རྦད་ཧུརཿ རྒྱལ་བསེན་འབྱུང་པོའི་སྲོག་ལ་མ་ར་ཡ་རྦད་རྦདཿ གནོད་བྱེད་རྒྱལ་པོ་ཐམས་ཅད་ར་ཙ་ཧབ་ལེ་ཧབ་ལེ་སོདཿ ཀླུ་ཐམས་ཅད་ནཱ་ག་ལིང་ནཱ་ག་ལིང་སོདཿ འབྱུང་པོ་ཐམས་ཅད་ཀ་ཏྲི་ཀུ་ཏྲི་སོདཿ བགེགས་ཐམས་ཅད་འགུག་གེ་འགུག་གེ་སོདཿ གཟའ་ཐམས་ཅད་ཐེ་ཙེ་ཐེ་ཙེ་སོདཿ ཐེའུ་རང་ཐམས་ཅད་རི་ཏྲི་རི་ཏྲི་སོདཿ བསེན་མོ་ཐམས་ཅད་རོ་ཏྲི་རོ་ཏྲི་སོདཿ གྲི་བོ་གྲི་བོ་ཐམས་ཅད་སུམ་ཏྲི་སུཾ་ཏྲི་མ་ར་ཡ་སོདཿ གནོད་བྱེད་དགྲ་གདོན་བྱད་མའི་སྲོག་ལ་མ་ར་ཡ་སོད་སོད་རྦད་རྦད་ཛ་ཛཿ «ལན་གསུམ་མཐརཿ» རང་ཉིད་ཞེ་སྡང་རྡོ་རྗེ་ཡིཿ མཐའ་ཕྱག་དམ་བཅའ་བཞི་ལྡན་མཚོནཿ ཕྱག་མཐིལ་འཁོར་ལོ་ཉི་ཟླ་གཉིསཿ སོར་མོ་ལྕགས་སྡིག་མགོ་དགུ་པཿ བརྡབ་པའི་བྱད་མ་རྡུལ་ཕྲན་བཞིནཿ ཤ་ཁྲག་སྡིག་པ་རྣམས་ཀྱིས་ཟོསཿ བསམ་ངན་ལྷ་སྲུང་རང་གཤེད་དབབཿ ཤིང་བལ་ཇི་བཞིན་མཐར་སྤྲད་བསམཿ «ཐལ་བརྡེབ་དྲང་སྲོང་དམོད་རིང་ནིཿ »ན་མོཿ སངས་རྒྱས་ཀྱི་བདེན་པས་མ་རུང་བདུད་ཀྱི་སྡེ་ཚོགས་ཕམ་པར་གྱུར་ཅིགཿ ཆོས་ཀྱི་བདེན་པསཿ ལྟ་ལོག་བོན་དང་མུ་སྟེགས་ཀྱི་སྡེ་ཚོགས་ཕམ་པར་གྱུར་ཅིགཿ དགེ་འདུན་གྱི་བདེན་པས་དགྲ་གདོན་གྱི་གཡུལ་ངོ་ཕམ་པར་གྱུར་ཅིགཿ དྲང་སྲོང་གི་བདེན་པས་གཞན་གྱི་རིགས་སྔགས་ཀྱི་སྦྱོར་བ་ངན་པ་ཐམས་ཅད་བཤིགས་ཅིང་ཕྲོལ་བར་གྱུར་ཅིགཿ ཁྲོ་རྒྱལ་གྱི་བདེན་པའི་བགེགས་ཀྱིས་དཔུང་ཚོགས་གཞོམ་པར་གྱུར་ཅིགཿ ཁྲོ་བོ་ཁྲོ་མོའི་བདེན་པས་བྱད་མ་རང་གཤེད་རང་ལ་དབབ་པར་གྱུར་ཅིགཿ ཆོས་ཅན་རྒྱུ་འབྲས་བསླུ་མེད་ཀྱི་བདེན་པས་དྲང་སྲོང་དམོད་པ་འགྲུབ་པར་གྱུར་ཅིགཿ ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པས་འགྲུབ་པར་གྱུར་ཅིགཿ བཀའ་ལྟར་མི་བྱེད་ཅིང་དམ་ལ་མི་གནས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིགཿ སྲིད་པ་སྤྱི་ནས་ཤིག་ཅིགཿ སྲིད་གསུམ་རྨིང་ནས་བསྒྱེལ་ཅིགཿ འཁོར་བ་གཏིང་ནས་ཕྱུངས་ཤིགཿ བསྐལ་པའི་མེས་བསྲེགས་ཅིགཿ དམ་ཚིག་དམོད་པས་བརྡེགས་ཤིགཿ བཀའ་ཡི་ཆད་པ་ཆོད་ཅིགཿ གནམ་ལྕགས་ཐོ་བས་ཆོམས་ཤིགཿ རལ་གྲིའི་སྤྱི་བོའི་གཙུག་ནས་ཁོས་ཤིགཿ སུམ་བྷ་ནིས་ནོན་ཅིགཿ སྲིད་གསུམ་གར་སྐྱེས་གར་གནས་སྡིག་ཆེན་འདིའི་སྟེང་དུ་གནམ་ལྕགས་རྡོ་རྗེའི་མེ་ཆར་ཆེན་པོ་ཕོབ་ཅིགཿ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊཿ བསམ་པ་ངན་པ་ཐམས་ཅད་ཐུལ་ཅིགཿ «དམིགས་གནད་ལྡན་པས་ལན་གསུམ་བརྗོདཿ» ནམ་མཁའ་མེད་པར་གྱུར་ན་ཡངཿ སྔགས་ཀྱི་དངོས་གྲུབ་མེད་མི་སྲིདཿ ལྷ་དང་དྲང་སྲོང་གིས་བཤད་པའིཿ གསང་སྔགས་སྦྱོར་བའི་བསླུས་པ་ནིཿ མ་འབྱུང་འབྱུང་བར་མི་འགྱུར་རོཿ «ཡིད་ཆེས་བསྐྱེད»་«ཅིང་མི་དམིགས་ངང་ཿ འཛབ་མཇུག་བསྡུ་བ་གཞུང་ལྟར་རོཿ ལས་མཐའ་དྲག་པོས་གཏོར་ཟོར་ནིཿ འབྲུ་སྣ་ལྔ་ཡི་ངར་ཕྱེ་བཏགསཿ དུག་སྣ་བསྲེགས་ཤིང་ཁྲག་གི་སྦྲུས། དྲག་པོའི་གཏོར་མ་ཟུར་གསུམ་པཿ ཀྱུ་གུ་ཁྲག་ཀྱུའི་མཐའ་མར་བསྐོརཿ ཕ་ཝཾ་ལང་བུའི་རྡོ་ཕྱེ་དངཿ ལྕགས་ཕྱེ་ཟངས་ཕྱེ་རོ་སོལ་བྱུགཿ མཚེ་ཡུང་གཙང་གིས་ལེགས་པར་བརྒྱནཿ དཀྱིལ་འཁོར་དབུས་སུ་བཀོད་བྱས་ལཿ ཆོ་ག་བསྙེན་སྒྲུབ་བསྲུང་བཟློག་བསདཿ གཞུང་བཞིན་བསྒྲུབས་ལ་ཚོགས་འཁོར་མཐརཿ གཏོར་མའི་ཡེ་ཤེས་རང་ལ་བསྟིམསཿ» ཨོཾ་ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛཿ བཛྲ་རཀྵན་ཏུཿ སླར་ཡང་གཏོར་མ་ཁྲོ་རྒྱལ་ཞེ་སྡང་རྡོ་རྗེའི་དྲེགས་པའི་དམག་ཚོགས་ཀྱིས་བསྐོར་ཞིང་ནད་མཚོན་དུག་དང་མེ་རླུང་འཁྲུགས་པའི་རང་བཞིན་དུ་གྱུརཿ ལོཀྟྲི་པཱ་ལ་ནན་ཐུམ་རིལ་རྦདཿ ས་ག་པཱ་ཤ་ནན་ཐུམ་རིལ་རྦདཿ ནཱ་ག་དུ་དུུ་ནན་ཐུམས་རིལ་རྦདཿ མ་མཾ་མ་མཾ་ཐུམས་རིལ་རྦདཿ ཙིད་ཙར་ཙིད་ཙར་ཐུམས་རིལ་རྦདཿ བཾ་རུ་ལུ་བཾ་རུ་ལུ་ཐུམས་རིལ་རྦདཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་ཐུམས་རིལ་རྦདཿ ཧོ་ར་ཧོ་ར་ཐུམས་རིལ་རྦདཿ ཙི་དུ་སོད་ཙི་དུ་སོད་ཐུམས་རིལ་རྦདཿ ཤིག་ལྷུ་རུ་གཏུབསཿ ཐུམས་རིལ་རྦདཿ འཁོར་བ་ཐུལཿ བྱད་མ་ལྷ་སྲུང་དང་བཅས་པའི་ཀཱ་ཝ་ཙི་བརླག་བརླགཿ མཱ་ར་ཡ་བྷྱོ་ཐུམས་རིལ་རིལ་རྦདཿ «ཅུང་ཟད་བཟླ་ཞིང་དམིགས་གནད་གཟབཿ ཐུགས་དམ་གནད་ནས་བསྐུལ་བ་ནིཿ »ཧཱུྃཿ བསླུ་མེད་སྐྱབས་གནས་དཀོན་མཆོག་རྣམ་གསུམ་དངཿ བླ་མ་ཡི་དམ་མ་བརྒྱུད་མཁའ་འགྲོའི་ཚོགསཿ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དངཿ བཀའ་སྐྱོང་དྲེགས་པ་སྡེ་བརྒྱད་གཟུ་དང་དཔངཿ སངས་རྒྱས་བསྟན་སྲུང་དམ་ཉམས་དགྲ་བགེགས་སྒྲོལཿ བྱད་མར་རྦོད་གཏོང་རང་གཤེད་དབབ་པ་དངཿ ལྷ་སྲིན་སྡེ་བརྒྱད་གདུག་པ་འདུལ་བའི་ཕྱིརཿ དྲང་སྲོང་རབ་ཁྲོས་ཞེ་སྡང་རྡོ་རྗེ་ནིཿ སངས་རྒྱས་ཀུན་ཀྱི་ཕྲིན་ལས་གཅིག་བསྡུས་པཿ ཁྲོ་རྒྱལ་ཆེན་པོ་ལས་ལ་གཤེགས་ཙ་ནཿ མཐིང་ནག་རབ་འཇིགས་དྲག་གཏུམ་རྔམས་པའི་སྐུཿ ཞལ་ནས་དམོད་པ་དྲག་སྔགས་ཤ་ར་རཿ ཕྱག་གཡས་རལ་གྲི་འབར་བའི་ཁམས་གསུམ་སྒྲོལཿ གཡོན་པས་གནམ་ལྕགས་ཐོ་བས་སྲིད་གསུམ་གཞོམསཿ འོག་གཉིས་རི་རབ་གནམ་ལྕགས་འབར་བ་ཡིསཿ ཟོར་ཆེན་བྱད་མ་དགྲ་བོའི་སྟེང་དུ་བརྡེབཿ ནད་མཚོན་དུག་གི་རླངས་པ་ཕྱུ་རུ་རུཿ སྡེ་བརྒྱད་དྲེགས་པའི་དམག་ཚོགས་ཤ་ར་རཿ ཁྲོ་བོ་ཁྲོ་མོའི་ཚོགས་རྣམས་སྐར་ལྟར་འཁྲུགསཿ དྲང་སྲོང་དམོད་པས་ཐོག་རྒོད་རྦབ་ལྟར་འདྲིལཿ མངོན་སྤྱོད་དྲག་པོས་ཕྲིན་ལས་དུས་ལ་བབསཿ བྱད་མ་དགྲ་གདོན་ལས་ངན་སྡིག་པོ་ཆེཿ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་སྨད༔ དགེ་འདུན་སྡེ་དཀྲུག་དབེན་གནས་གཉེན་པོ་བཤིགསཿ གསང་བ་སྔགས་ལ་བཀུར་འདེབས་ལོག་པར་ལྟཿ ཉེས་མེད་མཐུ་གཏད་མནན་བསྲེགས་དམོད་པ་བོརཿ རྐུ་ཕྲོག་ཇག་ཆོམ་མུ་གེ་སྡུག་སྦྱོར་གྱིསཿ སེམས་ཅན་སྡུག་བསྔལ་དྲག་པོའི་ལས་ལ་སྦྱརཿ འདི་ལ་མངོན་སྤྱོད་ཕྲིན་ལས་མ་མཛད་ནཿ རྒྱལ་བ་རྣམས་ཀྱིས་ཐུགས་བསྐྱེད་ཞེན་ཏ་རེཿ དྲང་སྲོང་དམོད་པའི་བདེན་ཚིག་རྫུན་དུ་ཟད༔ ཡི་དམ་བསྙེན་ཅིང་སྒྲུབ་པ་དོན་རེ་ཆུངཿ མཁའ་འགྲོ་ཆོས་སྐྱོང་འཇིག་རྟེན་ལྷ་བས་མོདཿ བདག་ཀྱང་ཡིད་ཆད་བསྟན་དང་འགྲོ་དོན་འདོརཿ བྱང་ཆུབ་སེམས་བསྐྱེད་དམ་བཅའ་རེས་སུ་བོརཿ བོན་དང་མུ་སྟེགས་གྲུབ་མཐར་མི་འཇུག་རེཿ ཀྱེ་མ་ཀྱི་ཧུད་དྲང་སྲོང་ཐུགས་རྗེའི་གཏེརཿ རྩ་གསུམ་ལྷ་ལ་ཐུགས་རྗེས་སྟོབས་མངའ་ནཿ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པརཿ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངསཿ བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལཿ མཛོད་ཅིག་མཛོད་ཅིག་དྲག་པའི་ལས་མཛོད་ཅིགཿ ཞེ་སྡང་བསྐལ་མེ་འབར་བའི་ཀློང་ནས་བཞེངསཿ འདོད་ཆགས་ཁྲག་མཚོ་འཁྲུགས་པའི་ཀློང་ནས་བཞེངསཿ གཏི་མུག་མུན་ལྟར་གཏིབ་པའི་ཀློང་ནས་བཞེངསཿ ང་རྒྱལ་རི་ལྟར་བརྙིལ་བའི་ཀློང་ནས་བཞེངསཿ ཕྲག་དོག་རླུང་དམར་འཚུབས་པའི་ཀློང་ནས་བཞེངསཿ མཁྱེན་བརྩེ་ནུས་པའི་སྟོབས་ཤུགས་ད་ཕྱུང་ལཿ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབསཿ «བཟློག་པའི་ཕྲིན་ལས་བཅོལ་བ་ནིཿ» ཧཱུྃཿ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱངཿ སྙིགས་དུས་འགྲོ་བ་མགོན་མེད་སྐྱོབ་པའི་ཕྱིརཿ གློག་ལྟར་མྱུར་བའི་ཐུགས་རྗེའི་སྐུར་བཞེངས་པཿ དྲང་སྲོང་ཁྲོས་པ་ཞེ་སྡང་རྡོ་རྗེ་ནིཿ ཆོས་ཉིད་འགྱུར་བ་མེད་པས་སྐུ་མདོག་མཐིངཿ གཏི་མུག་ལས་གྱུར་ས་བདག་ཀླུ་གཉན་སྲིནཿ གཅན་ཟན་སྦྲུལ་དུག་གནོད་པ་དུད་འགྲོའི་ཐནཿ ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་བཟློགཿ རབ་འབར་ཁྲོས་པའི་ཞལ་ནས་གད་རྒྱངས་སྒྲོགཿ ཞེ་སྡང་ལས་གྱུར་དགྲ་གདོན་བགེགས་ཀྱི་ཚོགསཿ དམ་སྲི་རྒྱལ་འགོང་ཆོ་འཕྲུལ་ནད་རིམས་ཐནཿ གསལ་སྟོང་མེ་ལོང་ཡེ་ཤེས་ཀློང་དུ་བཟློགཿ ཐུགས་རྗེ་ཆགས་པའི་རྡོ་རྗེ་བསྒྲེངས་ཤིང་འབརཿ འདོད་ཆགས་ལས་གྱུར་མོ་གདོན་གནོད་པ་དངཿ འཇིག་རྟེན་མ་མོ་མཁའ་འགྲོའི་ཡམ་དལ་ཐནཿ སོ་སོར་རྟོགས་པའི་ཡེ་ཤེས་ཀློང་དུ་བཟློགཿ སྐུ་ལས་མེ་འབར་རྡོ་རྗེའི་ཁྲོ་ཁྱུང་འཕྲོཿ ང་རྒྱལ་ལས་གྱུར་སྡེ་བརྒྱད་གནོད་པ་དངཿ དམག་འཁྲུགས་མཚོན་དང་འབྱུང་བཞིའི་གནོད་པ་ཐནཿ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀློང་དུ་བཟློགཿ ཕྱག་མཚན་སྣ་ཚོགས་ཅིར་ཡང་སྒྱུར་བ་ཡིཿ ཕྲག་དོག་ལས་གྱུར་བན་བོན་མུ་སྟེགས་བྱདཿ རྦོད་གཏོང་ངན་སྔགས་ཐན་ལྟས་བཀྲ་མི་ཤིསཿ བྱ་བ་གྲུབ་པའི་ཡེ་ཤེས་ཀློང་དུ་བཟློགཿ བཀའ་འཁོར་དྲང་སྲོང་འབུམ་གྱིས་དམོད་པའི་མཐུསཿ བདག་ཅག་དཔོན་སློབ་སྲུང་བྱ་བཅས་པ་ཡིཿ ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལངས་དངཿ ལོ་ཟླ་ཞག་དུས་ཟ་མའི་སྐེག་རིགས་བཟློགཿ རིག་འཛིན་དཔའ་བོ་དཔའ་མོའི་བདེན་ཚིག་གིསཿ སྟེང་ནས་ཐོག་སེར་འོག་ནས་ས་གཡོ་བཿ རིམ་ཉིལ་ཤ་འུད་མེ་ཆུ་གཡང་སའི་འཇིགསཿ ལོ་ཉེས་བཙའ་ཐན་ས་སྲིན་གནོད་པ་བཟློགཿ ཕྱི་རོལ་ཁྲོ་བོ་ཁྲོ་མོའི་དམག་ཚོགས་ཀྱིསཿ མི་ཕྱུག་ནད་རིམ་བསོད་ནམས་དབང་ཐང་ཉམསཿ རྨི་ལམ་རྟགས་མཚན་གཟུགས་མེད་ཆོ་འཕྲུལ་རིགསཿ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་བཟློགཿ གཞན་ཡང་མི་འདོད་ཉེ་བར་འཚེ་བ་དངཿ མི་མཐུན་རྐྱེན་དང་བར་ཆད་མ་ལུས་པཿ དམ་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་དངཿ སེམས་ཅན་བསོད་ནམས་དམན་པའི་རྒྱུ་རྐྱེན་ཀུནཿ གཅིག་ཏུ་བསྡུས་ཏེ་ཞིང་བཅུ་ཚང་པ་ཡིཿ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་བཟློགཿ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བཟློགཿ བྱད་ཕུར་རྦོད་གཏོང་བྱད་པོའི་སྟེང་དུ་བཟློགཿ བསྟན་དང་འགྲོ་ལ་འཚེ་བའི་སྟེང་དུ་བཟློགཿ ཆོས་ཅན་རྒྱུ་འབྲས་བསླུ་མེད་བདེན་པས་བཟློགཿ ཆོས་ཉིད་འགྱུར་བ་མེད་པའི་བདེན་པས་བཟློགཿ དྲང་སྲོང་དམོད་པ་དྲག་པོའི་རྩལ་ཤུགས་ཀྱིསཿ བཟློག་བསྒྱུར་མཱ་ར་ཡ་ཐུན་ཛ་བྷྱོ་རྦདཿ ཨོཾ་ལོཀྟྲི་པཱ་ལ་ནན་བྷྱོ་བཟློགཿ ས་ག་པཱ་ཤ་ནན་བྷྱོ་བཟློགཿ ནཱ་ག་དུ་དུ་ནན་བྷྱོཿབཟློགཿ མ་མཾ་མ་མཾ་བྷྱོ་བཟློགཿ ཙིད་ཙར་ཙིད་ཙར་བྷྱོཿབཟློགཿ བཾ་རུ་ལུ་བཾ་རུ་ལུ་བྷྱོ་བཟློགཿ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ་བྷྱོ་བཟློགཿ ཧོ་ར་ཧོ་ར་བྷྱོ་བཟློགཿ ཙི་དུ་སོད་ཙི་དུ་སོད་བྷྱོ་བཟློགཿ ཤིག་ལྷུ་རུ་གཏུབ་བྷྱོ་བཟློགཿ ཧཱ་ལ་པ་ཏི་ནན་བྷྱོ་བཟློགཿ འཁོར་བ་ཐུལཿ གནོད་བྱེད་བྱད་མའི་ཀཱ་ཝ་ཙི་བརླག་བརླགཿ བྱད་མ་ལྷ་སྲུང་དང་བཅས་པ་བྱེར་བྱེར་བྷྱོ་བྷྱོ་བཟློགཿ «བཟློག་སྔགས་བཟླ་ཤིང་དམོད་པ་པོརཿ གསེར་སྐྱེམས་སྔོན་དུ་འགྲོ་བ་ཡིཿ གཏོར་ཟོར་དགྲ་ཡི་ཕྱོགས་སུ་བརྡེགསཿ» བྷྱོཿ གཏུམ་ཆེན་རྔམ་པའི་གཏོར་ཟོར་ནིཿ དྲང་སྲོང་འཁྲོས་པའི་སྤྲུལ་སྒྱུར་གརཿ གནམ་ལྕགས་རྡོ་རྗེའི་རི་རབ་འཇིགསཿ བསྐལ་པ་དུས་མཐའི་མེ་དཔུང་འབརཿ ནད་མཚོན་དུག་གི་རླངས་པ་འཕྱོཿ སྲོག་གཅོད་གཤེད་མའི་དཔུང་གིས་གཏོརཿ ཁྱབ་མཇུག་གཡུལ་ངོ་ཆས་པའམཿ དམ་བཅའ་བཞི་ལྡན་མཚོན་འཁོར་བཞིནཿ རྦད་ནས་བཟློག་པར་མི་སྲིད་དོཿ མི་འདོད་མི་མཐུན་བར་ཆད་རྐྱེནཿ ཆགས་ཆེ་ཉམས་དང་བཀྲ་མི་ཤིསཿ བྱད་ཕུར་རྦོད་གཏོང་ཀུན་དེད་ནསཿ ཕ་རོལ་དམོད་པའི་དགྲ་གདོན་སྟེངཿ འཕེན་ནོ་དྲང་སྲོང་སྟོབས་ཀྱིས་འཕེནཿ གནམ་ལྕགས་ངར་མའི་ཐོག་བཞིན་རྒྱུགསཿ ཕ་རོལ་ཡུལ་འཁོར་གནས་རིགས་སྡེཿ མི་རབས་བདུན་བརྒྱུད་ཐལ་བར་རློགསཿ རྣམ་ཤེས་གཤིན་རྗེའི་ཁ་རུ་གཏདཿ ལྷག་མ་རྗེས་ཤུལ་མེད་པར་མཛོདཿ «ཟོར་སྔགས་བཟླ་ཞིང་དམོད་རིང་བརྗོདཿ རལ་པ་རྡེབ་ཅིང་ངུ་འབོད་བྱཿ ཚངས་པའི་ཚེ་དང་ལྡན་ཀྱང་འཆིཿ བརྒྱ་བྱིན་ཡིན་ཀྱང་ཐལ་བར་བརླགཿ ས་བརྒྱད་མན་ཆད་ཕུང་བར་ངེསཿ མཐར་སྡུད་ཟོར་གྱི་མན་ངག་གོཿ རྗེས་ལ་བསྲུང་བ་ཚེ་སྒྲུབ་འབདཿ ཕུང་བྱེད་ཤནྟིཾ་གྷརྦ་ཡིཿ མན་ངག་གུད་དུ་སྦས་པ་འདིཿ བདག་འདྲ་ཨ་ཙར་དམར་པོ་ཡིསཿ ལྷ་ལྕམ་དོན་དུ་བརྡའ་རིས་ཕབཿ མ་འོངས་སྡུག་བསྔལ་སྤྱོད་པའི་ཚེཿ རང་སྲུང་གོ་མཚོན་འགྱུར་བར་ཤོགཿ མི་བསྲུན་ཁྱབ་འཇུག་རཱ་ཧུ་ལཿ བསྟན་སྲུང་ཚོགས་ཀྱིས་ཐུབ་པར་སྲུངསཿ ས་མ་ཡཱཿ རྒྱ་རྒྱ་རྒྱཿ སྐུ་གསུང་ཐུགས་ཀྱི་རྒྱཿ སྲོག་གི་རྒྱཿ སྙིང་གི་རྒྱཿ དམ་ཚིག་གི་རྒྱཿ ས་མ་ཡཱཿ གུ་ཧྱཿ ཁ་ཐཾཿ ན་རཀྐནཿ བདག་འདྲ་ཁྲག་འཐུང་རོ་སྙོམས་རྡོ་རྗེས་ཌཱཀྐིའི་བརྡའ་རིས་དང་མངའ་བདག་གླེགས་རལ་མི་མ་ཡིན་གྱི་ཆོ་འཕྲུལ་སོགས་བསམ་བཟོད་དཀའ་བ་བྱུང་ཡང་ཡབ་ཡུམ་སྙིང་སྟོབས་གཉེན་པོའི་དབང་དུ་གཏོང་བ་ཏེ་མི་རབས་གསུམ་གྱི་རབ་ཏུ་ཆིག་རྒྱུད་དུ་གུ་ཧྱཿ ཡི་གེ་དམ་ལྡན་རྣལ་འབྱོར་པ་སློབ་བུ་འཇིགས་མེད་འོད་ཟེར་གྱིས་ཞབས་ཏོག་བགྱིས་པའོཿ