DKYD-DZINDROL-037

From Khyentse Lineage - A Tsadra Foundation Project
Revision as of 10:40, 14 June 2024 by Mort (talk | contribs)
Wylie title DKYD-DZINDROL-037.pdf
Location mdo mkhyen brtse 'dzin grol
Volume 1, Text 37, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation Mdo mkhyen brtse. '. In Mdo mkhyen brtse ye shes rdo rje'i dgongs gter gcod 'dzin pa rang grol gyi 'don chog gi skor, (The Natural Liberation of Grasping, The Chod Teaching of Do Khyentse Yeshe Dorje): . Delhi: Shechen Publications, 2020.
Genre
Cycle གཅོད་འཛིན་པ་རང་གྲོལ་ (gcod 'dzin pa rang grol)
Karchag page DKYD-DZINDROL-Karchag
[edit]
དམ་པའི་གསང་ཆོས་ཀྱི་གསང་སྒྲུབ་ལས་གཞུང་དཀྱུས་ཀྱི་ཚོགས་བྱང་ཟུར་ཕྱུང་ནི། ྈ སྐབས་སུ་བཟའ་བཏུང་ཚོགས་འཁོར་ནིཿ རཾ་ཡཾ་ཁཾཿ དབྱིངས་ལས་རང་བྱུང་མེ་རླུང་ཆུསཿ ཚོགས་ཀྱི་མ་དག་ཉེས་སྐྱོན་སྦྱངསཿ འབྲུ་གསུམ་འོད་དུ་ཞུ་བ་ལསཿ ཐབས་ཤེས་རྫས་མཆོག་བདུད་རྩིར་བསྒྱུརཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃཿ ཚོགས་རྫས་ཤ་ལྔ་བདུད་རྩི་ལྔཿ འདོད་ཡོན་ལོངས་སྤྱོད་དཔག་མེད་པཿ ཕ་ཅིག་དྲིན་ལྡན་བླ་མ་དངཿ མ་ཅིག་ཡེ་ཤེས་མཁའ་འགྲོ་མཿ ཡི་དམ་ཁྲོས་མ་ལྷ་ལྔ་མཿ དཔའ་བོ་དཔའ་མོའི་ཚོགས་བཅས་ལཿ མཆོད་པ་འབུལ་ལོ་བཞེས་སུ་གསོལཿ དགྱེས་སྐོང་དམ་ཚིག་ཉམས་ཆག་བཤགསཿ མ་རིག་གཟུང་འཛིན་དགྲ་གདོན་ཀུནཿ རིག་པ་ཡེ་ཤེས་ཀློང་དུ་བསྒྲལཿ སྦྱོར་སྒྲོལ་བདེ་བ་ཆེན་པོ་ཡིསཿ ཐུགས་དམ་གཉན་པོ་སྐོང་གྱུར་ཅིགཿ ག་ཎ་ཙཀྲ་པཱུ་ཛ་ཧོཿ ས་མ་ཡ་ཤུདྡྷེ་ཨཿ ཧ་ལ་པཉྩ་པཱུ་ཛ་ཁ་ཧིཿ ལྷག་མའི་མགྲོན་ལ་བསྔོ་བ་ནིཿ ཕཻཾཿ གཽ་རཱི་མ་དང་སིང་ཧ་མཿ འབར་མ་དབང་ཕྱུག་གིང་ལང་ཚོགསཿ ཚོགས་ལྷག་ཕ་འབབ་འདི་ལོངས་ལཿ རྣལ་འབྱོར་པ་ཡི་ཕྲིན་ལས་སྒྲུབསཿ ཨུཙྪིཥྚ་ཨ་མྲྀཏ་ཁ་ཧིཿ གཙང་མའི་གནས་སུ་སྤུང་བར་བྱཿ རྗེའི་དགོངས་གཏེར་གསང་ཆོས་ལས་སོ།། ༈ ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འཇིག་རྟེན་དག་པའི་ཞིང་། །ནང་བཅུད་སེམས་ཅན་མཁའ་འགྲོའི་ཚོགས། །སྒྱུ་མ་ལྟ་བུའི་ཚོགས་མཆོད་འདི། །རེ་དོགས་མེད་པའི་ངང་དུ་འབུལ། །ཨ་ལ་ལ་ཧོ་བཞེས་སུ་གསོལ། །ཌཱཀྐི་ནཱི་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། །འཇིགས་གླིང་གིས་སོ།། སྣང་སྲིད་ཡེ་སངས་རྒྱས་པའི་དཀྱིལ་འཁོར་ལྷར། །གར་ཤར་འདོད་ཡོན་རྒྱན་གྱི་ཚོགས་མཆོད་འབུལ། །གཟུང་འཛིན་སེམས་བྱུང་འཁྲུལ་པ་དབྱིངས་སུ་བཤགས། །ཀ་དག་གཞོན་ནུ་བུམ་སྐུའི་དངོས་གྲུབ་སྩོལ། །ཅེས་པའང་མཁན་བསོད་རྡོར་ངོར་རྒྱལ་ཚབ་སྤྲུལ་མིང་པས་སོ།། ཨོཾ་ཨཱཿཧཱུྃ། སྣང་སྲིད་འདོད་ཡོན་ཚོགས་ཀྱི་མཆོད་པ་འདིས། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས༴ གནས་ཡུལ་དཔའ་བོ་དཔའ་མོའི་ཐུགས༴ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས༴ ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ་བ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད། །གུ་རུ་དྷེ་ཝ་ཌཱཀྐི་ནཱི་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི། །ཞེས་པ་འདིའང་རིག་འཛིན་མཁྱེན་བརྩེའི་ལྷས་སོ།། །།