PJCW-KABUM-02-KHA-015

From Khyentse Lineage - A Tsadra Foundation Project
Revision as of 15:19, 4 June 2024 by Mort (talk | contribs)
Wylie title
Location dpal sprul bka' 'bum
Volume 2, Text 15, Pages (Folios to )
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Citation
Genre
[edit]
༄༅། །བསམ་པ་མྱུར་འགྲུབ་ཀྱི་ས་བཅད།


བསམ་པ་མྱུར་འགྲུབ་ཀྱི་ས་བཅད་ནི། དང་པོ་ཐོས་བསམ་བསྒོམ་གསུམ་གང་གི་སྔོན་རོལ་དུ་ལེགས་པར་མཐར་ཕྱིན་པའི་ཆེད་དུ་བླ་མ་དང་དབྱེར་མེད་པའི་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་དགོས་ཏེ། དེ་ལ་དང་པོ་རྣམ་ཐར་དྲན་པའི་སྒོ་ནས་གསོལ་བ་འདེབས་པ་ནི། ཨེ་མ་ཧོ། མཚོ་དབུས་གེ་སར་སོགས། གཉིས་པ་ཞལ་བཞེས་ཐུགས་དམ་གནད་ནས་བསྐུལ་བ་ནི། ལས་ངན་སྤྱད་པའི་སོགས། གསུམ་པ་བདེ་སྐྱིད་རྒྱུ་འབྲས་ལ་ལོངས་སྤྱོད་པར་གསོལ་འདེབས་ནི། དད་དང་ཚུལ་ཁྲིམས་སོགས། བཞི་པ་སྡུག་བསྔལ་རྒྱུ་འབྲས་སྤོངས་བར་གསོལ་བ་འདེབས་པ་ནི། གང་ལ་ནད་དང་སོགས། དགེའོ། །དཔལ་སྤྲུལ་པས་སོ། །