སེམས་ཉིད་ངལ་གསོའི་བསྡུས་དོན་པདྨ་དཀར་པོའི་ཟིལ་མངར།

From Khyentse Lineage - A Tsadra Foundation Project
PJCW-KABUM-02-KHA-014
Wylie title sems nyid ngal gso'i bsdus don pad+ma dkar po'i zil mngar
Location dpal sprul bka' 'bum
Volume 2, Text 14, Pages 421-482 (Folios 1a1 to 31b6)
Author དཔལ་སྤྲུལ་རིན་པོ་ཆེ་
Less details More details
Source Author(s) ཀློང་ཆེན་རབ་འབྱམས་ (klong chen pa)
Citation Dpal sprul rin po che. Sems nyid ngal gso'i bsdus don pad+ma dkar po'i zil mngar. In Dpal sprul 'jigs med chos kyi dbang po'i gsung 'bum, Vol. 2: 421-482. Kathmandu: Tsadra Foundation and Shechen Publications, 2026.
Genre Commentary Synoptic - bsdus don 'grel pa
[edit]
༄༅། །སེམས་ཉིད་ངལ་གསོའི་བསྡུས་དོན་པདྨ་དཀར་པོའི་ཟིལ་མངར་བཞུགས་སོ། །


༄༅། །དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཆོས་ཐམས་ཅད་གཞུང་ལམ་གཅིག་ཏུ་སྟོན་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་འདི་ཉིད་འཆད་པར་བྱེད་པ་ལ། ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཚུལ་བརྗོད། གཞུང་གི་དོན་དངོས་རྒྱ་ཆེར་བཤད། མཐར་ཕྱིན་པ་མཇུག་གི་དོན་བསྟན་པ་དང་གསུམ་ལས། དང་པོ་ཀླད་ཀྱི་དོན་ལ་གསུམ། མཚན་དོན། ཕྱག་གི་དོན། བརྩམ་པར་དམ་བཅའ་བའོ། །དང་པོ་མཚན་གྱི་དོན་ལ། མཚན་བསྒྱུར་བ་རྒྱ་གར་སོགས། མ་ཧཱ། མཚན་བཤད་པ་རྫོགས་པ་ཆེན་པོ། གང་ལ་མཚན་དུ་གསོལ་ན་དོན་ལ་མཚན་དུ་གསོལ་བའོ། །གཉིས་པ་ཕྱག་གི་དོན་ལ་གཉིས། དང་པོ་མདོར་བསྟན་པ། དཔལ་ཀུན་ཏུ་སོགས། གཉིས་པ་རྒྱས་པར་བཤད་པ། གདོད་མའི་སོགས།༡༠ གཉིས་པ་བརྩམ་པར་དམ་བཅའ་བ། འོད་གསལ་སོགས། ཤོ་ལོ་ཀ༡ གཉིས་པ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ་ལ་ལེའུ་བཅུ་གསུམ་ལས། དང་པོ་དལ་འབྱོར་རྙེད་དཀའ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་བསྟན་པའོ། །དང་པོ་གྲོགས་དག་སོགས། ༡༠ གཉིས་པ་ལ་ལྔ་སྟེ། དལ་འབྱོར་གྱི་དབྱེ་བ། དེ་ཐོབ་དུས་ཆོས་ལ་འབད་དགོས་པའི་རྒྱུ་མཚན། དབྱེ་བའི་གནས་གཞན། ཆོས་ལ་ངེས་པས་དལ་འབྱོར་དོན་ཡོད་པར་གདམས་པ། སྤྲོ་དགའ་བསྐྱེད་ནས་དལ་འབྱོར་སྙིང་པོ་ལོན་པར་གདམས་པའོ། །དང་པོ་ནི་དལ་དང་སོགས།༣༡ གཉིས་པ་ལ་བདུན་ཏེ། དང་པོ། ད་རེས་ཆོས་ལ་མ་འབད་ན་འཁོར་བ་མཐའ་མེད་དུ་འཁྱམས་པ་ལ་བསམས་ནས་ཀྱང་ཆོས་ལ་འབད་དགོས་པ། གལ་ཏེ་སོགས།༡༡ གཉིས་པ་རང་དབང་ཡོད་དུས་ཐར་བའི་ལམ་སྣ་ཟིན་དགོས་པས་ཀྱང་ཆོས་ལ་འབད་དགོས་པ། དེ་བས་སོགས།༡༠ གསུམ་པ་དུས་སྐབས་འཛོམ་པའི་གྲུབ་པ་རྙེད་དཀའ་བས་ཀྱང་ཆོས་ལ་འབད་པ། འཁོར་བའི་སོགས།༡༠ བཞི་པ་ཀུན་རྟོག་མཐའ་དག་ཞི་བར་བྱ་བའི་ཕྱིར་ཡང་ཆོས་ལ་འབད་པ། དེ་བས་སོགས།༡༠ ལྔ་པ་མ་འབད་ན་ཡུན་དུ་གདུང་བས་ཀྱང་ཆོས་ལ་འབད་པ། གང་ལ་སོགས།༡༠ དྲུག་པ་སངས་རྒྱས་ཀྱི་ཆོས་ཟབ་མོ་འགྲུབ་སླ་བས་ཀྱང་ཆོས་ལ་འབད་པ། དཔལ་ལྡན་སོགས།༡༠ བདུན་པ་རྙེད་དཀའ་བ་དཔེས་བསྟན་པས་ཀྱང་ཆོས་ལ་འབད་པ། ཇི་ལྟར་སོགས།༡༡ དོན་གསུམ་པ་དབྱེ་བའི་གནས་གཞན་བསྟན་པ་ལ་གསུམ་སྟེ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ། འདི་ལྟར་སོགས།༠༢ གཉིས་པ་རྒྱས་བཤད་ལ་གསུམ། དང་པོ་མི་ལུས་ཕལ་བ། རིམ་བཞིན་སོགས།༠༣ གཉིས་པ་མི་ལུས་ཁྱད་པར་ཅན། བསྟན་པ་སོགས།༢༣ གསུམ་པ་མི་ལུས་རིན་པོ་ཆེ། རབ་མཆོག་སོགས།༢༣ གསུམ་པ་དོན་བསྡུ་བ་ལ་གཉིས། དང་པོ་ཆོས་སྒྲུབ་པར་གདམས་པ། དེ་ཕྱིར་སོགས།༡༠ གཉིས་པ་དེའི་ཕན་ཡོན་བསྟན་པ། རིང་པོར་སོགས།༠༡ དོན་བཞི་པ་ཆོས་ལ་ངེས་པའི་དལ་འབྱོར་དོན་ཡོད་པར་གདམས་པ་ལ་གཉིས། དང་པོ་མ་འབད་ན་བློ་གྲོས་བླུན་པས་ཀྱང་ཆོས་ལ་ངེས་པ། གང་ཞིག་སོགས།༡༡ གཉིས་པ་ལུས་སེམས་རྟེན་འབྲེལ་གྱི་ཚོགས་དོན་ལ་བསམ་སྟེ་ཆོས་ལ་ངེས་པ། ཆོས་ཀྱང་སོགས།༡༠ དོན་ལྔ་པ་སྤྲོ་དགའ་བསྐྱེད་ནས་དལ་འབྱོར་སྙིང་པོ་ལེན་ཚུལ་ལ་གདམས་པ་ལ་ལྔ། དང་པོ་དལ་འབྱོར་རྙེད་དཀའ་བསམ་མ་བསམ་གྱི་སྐྱོན་ཡོད་ལ་གདམས་ནས་སྤྲོ་དགའ་བསྐྱེད་པ། འཆི་བས་སོགས།༡༢ གཉིས་པ་འདི་ཕྱིའི་ལེགས་དགུ་དལ་འབྱོར་སྙིང་པོར་བྱས་པ་ལས་བྱུང་བའི་སྤྲོ་དགའ་བསྐྱེད་པ། འདིར་ནི་སོགས།༡༡ གསུམ་པ་སངས་རྒྱས་གང་ལས་འབྱུང་བའི་རྟེན་ཡང་དལ་འབྱོར་ཡིན་པས་སྤྲོ་དགའ་བསྐྱེད་པ། ལྷར་བཅས་སོགས།༤༢ བཞི་པ་ལམ་དང་མངོན་པར་རྟོགས་པའི་རྟེན་ཡང་དལ་འབྱོར་ཡིན་པས་སྤྲོ་དགའ་བསྐྱེད་པ། རྣམ་པར་སོགས།༠༦ ལྔ་པ་དགའ་བ་ཁྱད་པར་ཅན་གྱི་བློས་དལ་འབྱོར་རྙེད་པ་ལ་སྤྲོ་དགའ་བསྐྱེད་པ། ཇི་ལྟར་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་བསྟན་པ་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་དགེ་ལེགས་སོགས།༡༠ ལེའུའི་མཚན་བཤད་པ། རྫོགས་པ་ཆེན་པོ་སོགས། ལེའུ་དང་པོའི་བསྡུས་དོན་ཚང་ངོ་།། ༈ གཉིས་པ་ཚེ་མི་རྟག་པ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༠༥ གཉིས་པ་ལེའུ་དངོས་ཀྱི་དོན་ལ་བདུན། གང་མི་རྟག་པ་ཕུང་པོའི་རང་བཞིན་ལ་བསམ་སྟེ་ཆོས་ལ་བསྐུལ་བ།༡ དུས་རིང་བའི་རྒྱུ་མཚན་དཔྱད་དེ་ཆོས་ལ། ༢དུས་ཉེ་བར་སྣ་ཚོགས་ཀྱི་རྐྱེན་ལ་བསམ་སྟེ་ཆོས་ལ།༣ སྔ་ཕྱི་ད་ལྟའི་རང་བཞིན་ལ་བསམ།༤ འཇིག་ངེས་རྐྱེན་གྱི་གཏན་ཚིག་ངེས་པས་ཆོས་ལ།༥ རང་གཞན་རྟག་འཛིན་སྐྱོར་ཤེས་འཕེལ་བས།༦ མི་རྟག་བསྒོམ་ཚུལ་ཕན་ཡོན་ཅན་དང་བཅས་པས་ཆོས་ལ་བསྐུལ་བར་གདམས་པའོ།།༧ དང་པོ་གང་མི་རྟག་པ་ཕུང་པོའི་རང་བཞིན་ལ་བསམ་སྟེ་ཆོས་ལ་བསྐུལ་བ། སྡུག་བསྔལ་སོགས།༢༠ གཉིས་པ་དུས་རིང་བའི་རྒྱུ་མཚན་དཔྱད་པ་ལ་བཞི་སྟེ། དང་པོ་ཚེ་བསྐལ་བར་ཐུབ་པའི་ལྷ་ཆེན་པོ་རྣམས་ཀྱང་མི་རྟག་པ། ས་གསུམ་སོགས།༢༡ གཉིས་པ་ཁམས་གསུམ་སྤྱི་བཙན་གྱི་སྐྱེ་དགུ་རྣམས་ཀྱང་མི་རྟག་པ། ཚེ་འདི་སོགས།༡༠ གསུམ་པ་སྣོད་བཅུད་བརྟན་གཡོའི་འཇིག་རྟེན་རྣམས་ཀྱང་མི་རྟག་པ། སྣོད་བཅུད་སོགས།༡༢ བཞི་པ་སྔོན་རབས་འབྱོན་པའི་འཕགས་པ་རྣམས་ཀྱང་མི་རྟག་པ་ལ་བསམ་སྟེ་ཆོས་ལ་བསྐུལ་བ། འཇིག་རྟེན་སོགས།༢༢ གསུམ་པ་དུས་ཉེ་བའི་རྐྱེན་བསམ་པ་ལ་བཞི། དང་པོ་གཅིག་ཏུ་ངེས་པ་མེད་པས་མི་རྟག་པ། དེ་ཕྱིར་སོགས།༡༢ གཉིས་པ་གྲོང་ཁྱེར་རྙིང་པ་བཞིན་དུ་མི་རྟག་པ། འབྱུང་བཞི་སོགས།༠༧ གསུམ་པ་རླུང་ནང་གི་མར་མེ་བཞིན་དུ་མི་རྟག་པ། ཇི་ལྟར་སོགས།༠༤ བཞི་པ་ཐམས་ཅད་པོར་ནས་འགྲོ་བས་མི་རྟག་པ། འཁོར་དང་སོགས།༡༤ བཞི་པ་སྔ་ཕྱི་ད་ལྟའི་རང་བཞིན་བསམ་པ་ལ་གཉིས། དང་པོ་སྔོན་རབས་འདས་པའི་ཚུལ་ལ་དཔགས་ཏེ་མི་རྟག་པ་བསམ་པ། འདི་ལྟར་སོགས།༣༠ གཉིས་པ་ད་ལྟ་འཕོ་འགྱུར་མི་རྟག་པའི་ཚུལ་ལ་བསམ་པ། ས་གསུམ་སོགས།༣༡ ལྔ་པ་འཇིག་ངེས་རྐྱེན་གྱི་གཏན་ཚིགས་ངེས་པ་ལ་གཉིས། དང་པོ་ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་མི་རྟག་པ། འཚེ་བ་སོགས།༠༤ གཉིས་པ་འཆི་རྐྱེན་མ་ངེས་སྣ་ཚོགས་ཡོད་པས་མི་རྟག་པ། ཟག་བཅས་སོགས།༡༣ དྲུག་པ་རང་གཞན་རྟག་འཛིན་སྐྱོ་ཤས་འཕེལ་བས་ཆོས་ལ་བསྐུལ་བ་ལ་གསུམ། དང་པོ་འཆི་བ་མ་དྲན་ཚེ་འདིས་བསླུས་པ་ལ་སྐྱོ་བ། འདིར་ནི་སོགས།༡༠ གཉིས་པ་འཆི་བ་མ་དྲན་འཁོར་བར་འཆིང་བ་ལ་སྐྱོ་བ། གང་ཕྱིར་སོགས།༡༠ གསུམ་པ་འཆི་བ་མ་དྲན་མཁས་བླུན་བར་གསུམ་ལ་སྐྱོ་བ། ཀྱེ་མ་སོགས།༢༠ བདུན་པ་མི་རྟག་སྒོམ་ཚུལ་ཕན་ཡོན་དང་བཅས་པ་ལ་གཉིས། དང་པོ་མི་རྟག་པ་སྒོམ་ཚུལ་ནི། འདིར་ནི་སོགས།༠༤ གཉིས་པ་དེའི་ཕན་ཡོན་ནི། དེས་ནི་སོགས།༡༢ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༡ གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སོགས། ལེའུ་གཉིས་པའི་ས་བཅད་དོ།། ༈ གསུམ་པ་འཁོར་བ་སྡུག་བསྔལ་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༡༠ གཉིས་པ་ལ་བཞི། རང་གཞན་མངོན་པར་སྐྱོ་བས་འཁོར་བ་སྡུག་བསྔལ་དུ་བསམ་ལ། སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ་བསམ་པ། འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་བསམ་པ། ཐམས་ཅད་རང་ལ་ཐུགས་པས་རང་ལས་རང་གིས་སྤྱོད་པ་ལ་བསམ་པའོ། །དང་པོ་ལ་བདུན། དང་པོ་སྡུག་བསྔལ་བརྒྱུད་ནས་མནར་བས་འཁོར་བ་ལ་སྐྱོ་བ། ཇི་ལྟར་སོགས།༡༠ གཉིས་པ་སྤང་བླང་གནས་ལ་རྨོངས་པའི་འཁོར་བ་ལ་སྐྱོ་བ། བདེ་ཐོབ་སོགས། ༢༠གསུམ་པ་འཁྲུལ་སྣང་མཐོ་དམན་དུ་བརྒྱུད་པས་འཁོར་སོགས། ལྷ་དང་སོགས།༡༠ བཞི་པ་དགྲ་གཉེན་ངེས་མེད་དུ་བྱས་པས་སོགས། ཚེ་རབས་སོགས།༦༠ ལྔ་པ་ལུས་དང་ལས་སྣང་མང་བས་སོགས། འདི་ལྟར་སོགས།༣༠ དྲུག་པ་བདེ་སྡུག་སྣ་ཚོགས་མྱོང་བས་སོགས།༠༦ བྱོལ་སོང་སོགས། བདུན་པ་ཤིན་ཏུ་འགྱུར་ཞིང་འཕོ་བས་སོགས། ཚེ་འདིར་སོགས། ༢༠གཉིས་པ་སྡུག་བསྔལ་སེམས་ཀྱི་འཁྲུལ་སྣང་རྟེན་གཞི་དང་བཅས་པ་ལ་གསུམ། དང་པོ་རྟེན་སྒོ་གསུམ་གྱི་དབྱེ་བ་ངེས་པ། ལུས་ངག་སོགས།༠༤ གཉིས་པ་བརྟེན་པ་ཚོགས་བརྒྱད་ཀྱི་དབྱེ་བ་ངེས་པ། ཀུན་གཞི་སོགས།༠༦ གསུམ་པ་ཀུན་གཞི་ལ་བག་ཆགས་སྦྱོང་ཚུལ་གྱི་དབྱེ་བ་ངེས་པ། སེམས་ཉིད་སོགས།༠༡ གསུམ་པ་འགྲོ་དྲུག་འཁོར་བའི་སྡུག་བསྔལ་སྣ་ཚོགས་ལ་བསམ་པ་ལ་གསུམ། རང་སྣང་འཁོར་བའི་སྡུག་བསྔལ་སྤྱིར་བཤད་པ། འགྲོ་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསྟན་པ། འཁོར་བར་དགའ་བའི་སྐྱེ་བོ་རྟག་ཏུ་སྡུག་བསྔལ་བར་བསྟན་པའོ། །དང་པོ་ནི། ཨེ་མ་སོགས།༥༠ གཉིས་པ་འགྲོ་དྲུག་སོ་སོའི་སྡུག་བསྔལ་ལ་དྲུག །དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷའི་སྡུག་བསྔལ་ལོ། །དང་པོ་དམྱལ་བ་ལ། ཚ་དམྱལ། ཉི་ཚེ་ཉེ་འཁོར། གྲང་དམྱལ་དང་གསུམ་ལས། དང་པོ་ཚ་དམྱལ་ལ་གཉིས། སྡུག་བསྔལ་སོ་སོར་བསྟན་པ་དང་། ཐུན་མོང་དུ་བཤད་པའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་ཡང་སོས་ལའང་གཉིས་ཏེ། དང་པོ་སྡུག་བསྔལ། ཡང་སོས་སོགས།༡༠ གཉིས་པ་ཚེ་ཚད། ཚེ་ཚད་སོགས།༢༠ གཉིས་པ་ཐིག་ནག་ནི། ཐིག་ནག་སོགས།༠༣ གསུམ་པ་བསྡུས་འཇོམས་ནི། བསྡུས་འཇོམས་སོགས།༢༢ བཞི་པ་ངུ་འབོད་ནི། ངུ་འབོད་སོགས།༢༠ ལྔ་པ་ངུ་འབོད་ཆེན་པོ་ནི། འབོད་སྒྲོག་སོགས།༢༠ དྲུག་པ་ཚ་བ་ནི། ཚ་བ་སོགས།༠༡ བདུན་པ་རབ་ཏུ་ཚ་བ་ནི། རབ་ཏུ་སོགས།༢༠ བརྒྱད་པ་མནར་མེད་ནི། མནར་མེད་སོགས།༢༠ གཉིས་པ་ཚ་དམྱལ་གྱི་སྡུག་བསྔལ་ཐུན་མོང་དུ་བསྟན་པ་ནི། དགོང་དུ་སོགས།༡༠ གཉིས་པ་ཉི་ཚེ་ཉེ་འཁོར་ལ་གཉིས། ཉི་ཚེ་བ་དང་། ཉེ་འཁོར་པའོ། །དང་པོ་ལ་གཉིས་སྡུག་བསྔལ་བསྟན་པ། ཉི་ཚེ་སོགས།༠༤ གཉིས་པ་ལོག་རྟོག་དགག་པ། གཞན་དག་སོགས།༠༢ གཉིས་པ་ཉེ་འཁོར་ལ་གསུམ། མདོར་བསྟན། རྒྱས་པར་བཤད་དོན་བསྡུ་བའོ། །དང་པོ་ནི། ཉེ་འཁོར་སོགས།༠༣ གཉིས་པ་རྒྱས་པར་བཤད་པ་ལ་དྲུག །དང་པོ་མེ་མ་མུར་གྱི་འོབ་ནི། མནར་མེད་སོགས།༠༤ གཉིས་པ་རོ་མྱགས་ཀྱི་འདམ། ཡང་ནི་སོགས།༠༣ གསུམ་པ་སྤུ་གྲིའི་ཐང་། སླར་ཡང་སོགས།༠༢ བཞི་པ་རལ་གྲིའི་ནགས། ནགས་འདབས་སོགས།༠༢ ལྔ་པ་ཤལ་མ་རི། དེ་འདས་སོགས།༢༡ དྲུག་པ་ཐལ་ཚན་གྱི་ཆུ་བོ་རབ་མེད། ཡང་ནི་སོགས།༠༤ གསུམ་པ་དོན་བསྡུ་བ། དེ་ལྟའི་སོགས།༠༣ གསུམ་པ་གྲངས་དམྱལ་ལ་གསུམ། དང་པོ་སྡུག་བསྔལ་དངོས། གྲང་བས་སོགས།༢༡ གཉིས་པ་ཚེ་ཚད། ཚེ་ཡི་སོགས།༡༠ གསུམ་པ་དེ་དག་ལས་འདའ་བར་གདམས་པ། སེམས་ལྡན་སོགས།༠༢ གསུམ་པ་ཡི་དྭགས་ལ་གསུམ། དང་པོ་བྱིང་ལ་གནས་པ། ཡི་དྭགས་སོགས།༢༣ གཉིས་པ་མཁའ་ལ་རྒྱུ་བ། མཁའ་ལ་སོགས།༢༠ གསུམ་པ་དེ་དག་ལས་འདའ་བར་བསྟན་པ། དེ་ལྟའི་སོགས། གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་སྡུག་བསྔལ་དངོས། དུད་འགྲོ་སོགས།༤༢ གཉིས་པ་དེ་ལས་འདའ་བར་གདམས་པ། འདི་དག་སོགས།༡༠ བཞི་པ་མིའི་སྡུག་བསྔལ་བསམ་པ་ལ་གསུམ། སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱི་ངོ་བོ་སྤྱིར་བསྟན། རྣམ་པ་བརྒྱད་ཀྱི་དབྱེ་བ་བྱེ་བྲག་ཏུ་བཤད། དེ་ལས་འདའ་བར་གདམས་པའོ། །དང་པོ་ནི། མི་རྣམས་ལ་ཡང་སོགས།༢༢ གཉིས་པ་རྣམ་པ་བརྒྱད་ཀྱི་དབྱེ་བ་ལ་བརྒྱད། དང་པོ་སྐྱེ་བའི་སྡུག་བསྔལ། མ་རིག་སོགས།༤༠ གཉིས་པ་རྒས་པའི་སྡུག་བསྔལ། རྒས་པའི་སོགས།༣༢ གསུམ་པ་ན་བའི་སོགས། ན་བའི་སོགས།༠༥ བཞི་པ་འཆི་བའི་སོགས། འཆི་བའི་སོགས།༡༠ ལྔ་པ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། མི་སྡུག་སོགས།༢༠ དྲུག་པ་སྡུག་པ་དང་བྲལ་བའི་སྡུག་བསྔལ། བྱམས་ཤིང་སོགས།༠༣ བདུན་པ་འདོད་པས་ཕོངས་པའི་སོགས། འདོད་པ་སོགས།༠༢ བརྒྱད་པ་ཉེར་ལེན་ཕུང་པོའི་སྡུག་བསྔལ། གཟུགས་ཚོར་སོགས།༡༠ གསུམ་པ་དེ་ལས་འདའ་བར་གདམས་པ། དེ་ལྟར་སོགས།༡༠ ལྔ་པ་ལྷ་མིན་ལ་གཉིས། དང་པོ་སྡུག་བསྔལ་དངོས། ལྷ་མིན་སོགས།༡༠ གཉིས་པ་ཆུ་བོ་དེ་ལས་འདའ་བར་གདམས་པ། དེ་བས་སོགས།༡༢ དྲུག་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། དང་པོ་འདོད་ལྷའི་སྡུག་བསྔལ་བསྟན་པ། འདོད་ལྷའི་སོགས།༡༢ གཉིས་པ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ། ཚངས་རིས་སོགས།༠༧ གསུམ་པ་འཁོར་བར་དགའ་པའི་སྐྱེ་བོ་རྟག་ཏུ་སྡུག་བསྔལ་བར་བསྟན་པ་ནི། འཁོར་བའི་སོགས།༠༢ བཞི་པ་ཐམས་ཅད་རང་ལ་ཐུགས་རང་ལས་རང་གིས་སྤྱོད་པར་བསྟན་པ་ལ་ལྔ། དང་པོ་ཐར་པ་རང་ལ་རག་ལས་པས་རང་གིས་བརྩོན་པར་བསྟན་པ། འདི་ལྟར་སོགས། ༢༠གཉིས་པ་རང་གི་ལས་སྨིན་པ་ལ་གཞན་གྱིས་དགག་དཀའ་བར་བསྟན་པ། གྲངས་མེད་སོགས།༠༥ གསུམ་པ་རྒྱལ་བའི་ཐུགས་རྗེས་འདྲེན་པའང་རང་གི་ལས་སུ་བསྟན་པ། འཁོར་བའི་སོགས།༡༣ བཞི་པ་རང་གི་ལས་སུ་མ་རྟོགས་པའི་སྐྱེ་བོ་ལ་སྐྱོ་བར་བསྟན་པ། དེ་ལྟའི་སོགས། ལྔ་པ་ལས་ངན་འཁོར་བའི་བག་ཆགས་སྦྱང་དགོས་པར་བསྟན་པ། འཁོར་བ་སོགས།༠༥ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་གསུམ་པའི་ས་བཅད་ཚང་ངོ་།། ༈ བཞི་པ་ལས་རྒྱུ་འབྲས་བསམ་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༠༢ གཉིས་པ་ལ་གསུམ་སྟེ། སྲིད་པ་སྒྲུབ་པའི་ལས་དང་། ཞི་བར་སྦྱོར་བའི་ལས། དེ་གཉིས་ཀྱི་གནས་སྐབས་གཞན་བསྟན་པའོ། །དང་པོ་ལ་གསུམ་སྟེ། ལས་ཀྱི་ངོ་བོ་མདོར་བསྟན། དེའི་རྟེན་གཞི་བྱེ་བྲག་ཏུ་བཤད། རྟེན་ཆོས་ལས་ཀྱི་རབ་ཏུ་དབྱེ་བའོ། །དང་པོ་མདོར་བསྟན་ནི། འཁོར་བར་སོགས།༠༣ གཉིས་པ་རྟེན་གཞི་བྱེ་བྲག་ཏུ་བཤད་པ་ལ་བཅུ་གཉིས། དང་པོ་ཀུན་གཞི་དང་ཚོགས་བརྒྱད་ཀྱི་ངོ་བོ་སྤྱིར་བསྟན་པ། དེ་ཡི་སོགས།༢༡ གཉིས་པ་དེ་ལ་ལས་སོགས་པ་དང་བརྟེན་ཚུལ་བྱེ་བྲག་ཏུ་བསྟན་པ། དེ་ཡང་སོགས།༡༢ གསུམ་པ་ཚོགས་བརྒྱད་ཀུན་གཞི་དང་བཅས་པའི་རང་འདུས་ངོས་བཟུང་བ། ཤེས་པ་སོགས།༡༣ བཞི་པ་དེ་གོམས་པས་ཁམས་གསུམ་གྱི་འཁྲུལ་སྣང་འགྲུབ་ཚུལ་འདི་དག་སོགས།༠༢ ལྔ་པ་ཁམས་གསུམ་སོ་སོའི་སར་གང་གཙོ་ངོས་གཟུང་བ། དེ་ཡང་སོགས།༠༥ དྲུག་པ་འདོད་པར་ཉིན་མཚན་ངེས་པའི་ཤེས་པ་ངོས་གཟུང་བ། འདི་ལྟར་སོགས།༢༣ བདུན་པ་གཟུགས་ཁམས་རང་སའི་ཤེས་པ་ངོས་གཟུང་བ། གཟུགས་སུ་སོགས།༠༥ བརྒྱད་པ་གཟུགས་མེད་རང་སའི་ཤེས་པ་ངོས་གཟུང་བ། གཟུགས་མེད་སོགས།༠༧ དགུ་པ་ཁམས་གོང་མའི་སེམས་ལས་གྲོལ་དགོས་པར་གདམས་པ། དེ་ལྟར་སོགས།༠༥ བཅུ་པ་འདོད་པར་ལས་ཁྱད་པར་ཅན་གྱི་བསགས་སྦྱངས་དགོས་པར་གདམས་པ། འདོད་པའི་སོགས།༠༥ བཅུ་གཅིག་པ་འདོད་པར་ཉིན་དུས་ཀྱི་ཤེས་པའི་ཆ་དབྱེ་བ། ཉིན་དུས་སོགས།༠༦ བཅུ་གཉིས་པ་འདོད་པར་ཉིན་མཚན་གྱི་ཤེས་པ་ལ་ངོ་བོ་གཅིག་པའི་གནས་སྐབས་བསམ་པ། གཉིས་སུ་སོགས།༡༠ གསུམ་པ་རྟེན་ཆོས་ལས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ། རྩ་བའི་ལས་མདོར་བསྟན། དེའི་བསྐྱེད་པའི་ལས་དངོས་རྒྱས་པར་བཤད། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་རྩ་བའི་ལས་ནི། རྟེན་ཆོས་སོགས།༠༣ གཉིས་པ་དེས་བསྐྱེད་པའི་ལས་ལ་གཉིས། མི་དགེ་བ་བཅུ་དང་། དགེ་བ་བཅུའོ། །དང་པོ་མི་དགེ་བ་བཅུ་ལ་གཉིས་ཏེ། རང་བཞིན་དང་འབྲས་བུའོ། །རང་བཞིན་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་ནི། འཁོར་བར་སོགས།༠༡ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དང་པོ་ལུས་ཀྱི་ལས་གསུམ། སྲོག་གཅོད་སོགས།༠༦ གཉིས་པ་ངག་གི་ལས་བཞི། རྫུན་ཚིག་སོགས། ༠༢གསུམ་པ་ཡིད་ཀྱི་ལས་གསུམ། བརྣབ་སེམས་སོགས།༠༦ གཉིས་པ་འབྲས་བུ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་མདོར་བསྟན་ནི། ཡུལ་དང་སོགས།༠༣ གཉིས་པ་ལ་ལྔ། དང་པོ་རྣམ་སྨིན་གྱི་འབྲས་བུ། ལས་བཅུ་སོགས།༠༢ གཉིས་པ་བྱེད་པ་རྒྱུ་མཐུན། རྒྱུ་མཐུན་སོགས། ༠༢གསུམ་པ་མྱོང་བ་རྒྱུ་མཐུན། མཐོ་རིས་སོགས།༠༣ བཞི་པ་དབང་འབྲས། དབང་གི་སོགས།༠༧ ལྔ་བ་སྐྱེས་བུ་བྱེད་འབྲས། སྐྱེས་བུ་སོགས།༠༢ གསུམ་པ་དོན་བསྡུ་བ། མདོར་བསྟན་སོགས།༡༠ གཉིས་པ་དགེ་བ་བཅུའི་ལས་ལ་གཉིས། དང་པོ་ངོ་བོ་སྤྱིར་བསྟན་པ། མཐོ་རིས་སོགས།༠༦ གཉིས་པ་འབྲས་བུ་བྱེ་བྲག་ཏུ་བསྟན་པ། ཆུང་ངུས་སོགས།༠༥ གསུམ་པ་སྐབས་ཀྱི་དོན་བསྡུ་བ། དེ་ལྟར་སོགས། གཉིས་པ་ཞི་བར་སྦྱོར་བའི་ལས་ལ་གསུམ། ལས་ཀྱི་ངོ་བོ་སྤྱིར་བསྟན་པ། དེའི་རྟེན་གཞི་བྱེ་བྲག་ཏུ་བཤད། རྟེན་ཆོས་ལས་ཀྱི་དབྱེ་བ་ངེས་པའོ། །དང་པོ་ལས་ཀྱི་ངོ་བོ་ལ་གཉིས། དང་པོ་ངོ་བོ་དངོས་བསྟན་པ། ཐར་པའི་སོགས།༢༣ གཉིས་པ་དེ་ཉིད་སྒྲུབ་ཚུལ་བསྟན་པ། དེ་ཡང་སོགས།༠༦ གཉིས་པ་རྟེན་གཞི་ནི། ཐར་བ་སོགས།༠༢ གསུམ་པ་རྟེན་ཆོས་ལས་ཀྱི་དབྱེ་བ་ལ་གསུམ། ཐར་བ་ཆ་མཐུན་གྱི་རྩ་བའི་ལས། དེའི་བསྐྱེད་པ་ཡན་ལག་གི་ལས། ལས་ཀྱི་འབྲས་བུ་བསྟན་པའོ། །དང་པོ་རྩ་བའི་ལས་ནི། རིགས་དེ་སོགས།༢༠ གཉིས་པ་དེའི་བསྐྱེད་པ་ཡན་ལག་གི་ལས་ལ་གཉིས། དང་པོ་ཟུང་འབྲེལ་ཁྱད་པར་ཅན་གྱི་ལས་བསྟན་པ། འཇིག་རྟེན་སོགས།༠༥ གཉིས་པ་ལས་སུ་བརྟགས་པའི་ངེས་ཚིག་བཤད་པ། དེ་ཡང་སོགས།༠༣ གསུམ་པ་འབྲས་བུ་ལ་གཉིས། འབྲས་བུ་བཞིའི་རང་བཞིན་སྤྱིར་བསྟན་པ་དང་། སྦྱིན་སོགས་ཁྱད་པར་ཅན་གྱི་འབྲས་བུ་བྱེ་བྲག་ཏུ་བསྟན་པའོ། །དང་པོ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་མདོར་བསྟན་ནི། ལམ་ཞུགས་སོགས།༠༢ གཉིས་པ་རྒྱས་བཤད་ལ་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། དེ་དག་སོགས།༠༢ གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་མཐུན་སོགས།༠༦ གསུམ་པ་དབང་གི་འབྲས་བུ། དབང་གིས་སོགས།༢༢ བཞི་པ་བྱེད་པའི་འབྲས་བུ། སྐྱེས་བུ་སོགས།༠༢ གཉིས་པ་སྦྱིན་སོགས་ཁྱད་པར་ཅན་གྱི་འབྲས་བུ་ལ་གཉིས། དང་པོ་སྦྱིན་སོགས་དྲུག་གི་འབྲས་བུ། གཞན་ཡང་སོགས།༠༣ གཉིས་པ་བྱམས་སོགས་བཞིའི་འབྲས་བུ། བྱམས་པས་སོགས།༦ དོན་གསུམ་པ་དེ་གཉིས་ཀྱི་གནས་སྐབས་གཞན་བསྟན་པ་ལ་གསུམ། ལས་རྒྱུ་འབྲས་ཀྱི་རང་བཞིན་བསྟན་པ། ཚུལ་གཞན་གྱི་ལོག་རྟོག་དགག་པ། ཡང་དག་པའི་རྒྱུ་འབྲས་བསྒྲུབ་པའོ། །དང་པོ་རྒྱུ་འབྲས་ཀྱི་རང་བཞིན་ལ་གསུམ། དང་པོ་ལས་འབྲས་ཀྱི་ངོ་བོ་རྟེན་འབྲེལ་དུ་བསྟན་པ། དེ་ལྟར་སོགས།༡༠ གཉིས་པ་ལས་འབྲས་ཀྱི་སྣང་ཚུལ་སྒྱུ་མར་བསྟན་པ། གདོད་ནས་སོགས།༢༠ གསུམ་པ་ལས་འབྲས་ཀྱི་རང་བཞིན་སྣང་བ་ལ་རང་བཞིན་མེད་པར་བསྟན་པ། ལས་རྣམས་སོགས།༢༠ གཉིས་པ་ཚུལ་གཞན་གྱི་ལོག་རྟོག་དགག་པ་ལ་བཞི། དང་པོ་ཚུལ་གཞན་གྱི་རང་བཞིན་བརྗོད་པ། གང་ཞིག་སོགས།༠༦ གཉིས་པ་དེ་དག་གི་ཁས་བླང་དགོད་པ། རྒྱུ་འབྲས་སོགས།༡༠ གསུམ་པ་བཞད་གད་ཀྱི་གནས་སུ་བསྟན་པ། ཆད་པ་སོགས།༤༠ བཞི་པ་ཚར་བཅད་ཀྱི་རིག་པ་དགོད་པ། ནམ་མཁའ་སོགས།༠༦ གསུམ་པ་ཡང་དག་པའི་རྒྱུ་འབྲས་བསྒྲུབ་པ་ལ་གཉིས། དང་པོ་རྟེན་འབྲེལ་སྒྱུ་མའི་ལས་རྣམ་པར་བཞག་པ། ཡང་དག་སོགས།༠༣ གཉིས་པ་དགེ་སྡིག་བླང་དོར་དུ་བྱ་བའི་མཆོག་ཐར་བའི་ལས་སྒྲུབ་པར་གདམས་པ། འདིར་ནི་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༣༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་བཞི་པའི་བསྡུས་དོན་ཚང་ངོ་།། ༈ ལྔ་པ་དགེ་བའི་བཤེས་གཉེན་བསྟེན་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༠༢ གཉིས་པ་ལེའུ་དངོས་ལ་བདུན། གང་ལ་བརྟེན་པ་བླ་མའི་རང་བཞིན། གང་གིས་བསྟེན་པ་སློབ་མའི་ཁྱད་པར། ཇི་ལྟར་བརྟེན་ཚུལ་ཐབས་ཀྱི་ཡན་ལག །འགལ་ཟླ་སྡིག་པའི་རྩ་ལག་སྤང་བ། མཐུན་རྐྱེན་དགེ་བའི་རྩ་བ་བསྟན་པ། ལམ་ཟབ་བླ་མའི་རྣལ་འབྱོར་བསྟན་པ། རྟག་ཏུ་དགེ་བའི་བཤེས་གཉེན་བསྟེན་པར་གདམ་པའོ། །དང་པོ་ལ་ལྔ། ལེགས་དགུའི་འབྱུང་གནས་དམ་པ་བསྟན་པ། བརྟེན་པ་བཟང་ངན་གྱི་ལེགས་ཉེས་བསམ་པ། བཤེས་གཉེན་དམ་པའི་མཚན་ཉིད་བསྟན་པ། དེ་ཡི་ཡོན་ཏན་རླབས་ཆེན་བསམ་པ། དམ་པ་བསྟེན་པའི་མན་ངག་སྦྱིན་པའོ། །དང་པོ་ནི། དུས་གསུམ་སོགས།༠༥ གཉིས་པ་ནི། ཇི་ལྟར་སོགས།༠༦ གསུམ་པ་བཤེས་གཉེན་དམ་པའི་མཚན་ཉིད་ལ་གསུམ། དང་པོ་བཤེས་གཉེན་སྤྱིའི་མཚན་ཉིད། དམ་པ་སོགས།༡༠ གཉིས་པ་ཁྱད་པར་གྱི་མཚན་ཉིད། ཞི་སྐུ་སོགས།༢༠ གསུམ་པ་གསང་སྔགས་བླ་མའི་མཚན་ཉིད། ཁྱད་པར་སོགས།༢༠ བཞི་པ་ཡོན་ཏན་བསམ་པ་ལ་ལྔ། དང་པོ་མཐའ་ཡས་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཡོན་ཏན། གང་གི་སོགས།༣༢ གཉིས་པ་ཚད་མེད་ཡོན་ཏན་གཞན་དུ་མེད་པའི་སོགས། དགོང་ཀློང་སོགས།༠༢ གསུམ་པ་ས་ཆེན་འགྲོ་བའི་རྟེན་དུ་གྱུར་པའི། དེ་འདྲའི་སོགས།༠༥ བཞི་པ་རྒྱལ་བ་ཀུན་དང་སྐལ་བ་མཉམ་པའི་སོགས། དཀོན་མཆོག་སོགས།༠༦ ལྔ་པ་བྱིན་རླབས་ཕན་བདེའི་སྤྲིན་ཚོགས་མངའ་བའི་ཡོན་ཏན། དེ་དག་སོགས།༠༩ ལྔ་པ་དམ་པ་བསྟེན་པའི་མན་ངག་ལ་གཉིས། དང་པོ་མདོར་བསྟན་པ། ཇི་ལྟར་སོགས།༠༦ གཉིས་པ་རྒྱས་པར་བཤད་པ། བླ་མ་སོགས།༠༦ གཉིས་པ་གང་གིས་བརྟེན་པ་སློབ་མའི་ཁྱད་པར་ལ་གསུམ། དང་པོ་སློབ་མ་ངན་པའི་རང་བཞིན་སྤང་བ། གཞན་དུ་སོགས།༣༡ གཉིས་པ་ངན་པའི་ཀུན་སྤྱོད་སྤང་བ། ལ་ལས་སོགས།༠༥ གསུམ་པ་སློབ་མ་བཟང་པོའི་རང་བཞིན་བསྟན་པ། སྐལ་བཟང་སོགས།༠༦ གསུམ་པ་ཇི་ལྟར་བསྟེན་པ་ཐབས་ཀྱི་ཡན་ལག་ལ་གསུམ། སྤང་བྱ་སྤོང་བའི་ཐབས། བླང་བྱ་བསྟེན་པའི་ཐབས། དེ་གྲུབ་པའི་འབྲས་བུ་བསྟན་པའོ། །དང་པོ་སྤང་བྱ་ལ་དྲུག །དང་པོ་བླ་མའི་ཉེས་སྐྱོན་བརྟགས་པ་སྤང་བ། རྟག་ཏུ་སོགས།༡༠ གཉིས་པ་བླ་མའི་ཐུགས་དང་འགལ་བ་སྤང་བ། བླ་མ་སོགས།༠༧ གསུམ་པ་ལུས་ཀྱི་མ་གུས་པ་སྤང་པ། བླ་མའི་སྤྱན་སོགས།༠༣ བཞི་པ་ངག་གི་སོགས། བབ་བཅོལ་སོགས།༠༢ ལྔ་པ་ཡིད་ཀྱིས་སོགས། བླ་མའི་རྫས་སོགས།༠༦ དྲུག་པ་བླ་མ་རང་སྣང་ལོག་པ་སྤང་བ། གལ་ཏེ་སོགས།༡༠ གཉིས་པ་བླང་བྱ་བསྟེན་ཐབས་ལ་བཞི། དང་པོ་ལུས་ངག་མདང་གསལ་གྱིས་མཉེས་པ། བླ་མ་མཐོང་སོགས།༡༠ གཉིས་པ་རང་སེམས་རྣམ་དག་གིས་སོགས། རྟག་ཏུ་སོགས།༢༠ གསུམ་པ་བསྙེན་བཀུར་ཞབས་ཏོག་གིས་སོགས། རང་ལ་སོགས།༠༣བཞི་པ་རང་ཕྱོགས་འགྱུར་མེད་ཀྱིས་མཉེས་པ། གཞན་གྱི་སོགས།༡༠ གསུམ་པ་དེས་འགྲུབ་པའི་འབྲས་བུ། དེ་རྣམས་སོགས།༠༥ བཞི་པ་འགལ་ཟླ་སྡིག་པའི་རྩ་ལག་སྤང་བ་ལ་གསུམ། དང་པོ་སྡིག་པའི་བཤེས་གཉེན་སྤང་བ། དེ་ལྟར་སོགས།༣༡ གཉིས་པ་སྡིག་པའི་གྲོགས་པོ་སྤང་བ། སྡིག་པའི་སོགས།༠༡ གསུམ་པ་བཤེས་དང་གྲོགས་ངན་སྤང་བའི་ཕན་ཡོན། སྡིག་པའི་སོགས།༣༠ལྔ་པ་མཐུན་རྐྱེན་དགེ་བའི་རྩ་ལག་བརྟེན་པ་ལ་གསུམ། དང་པོ་དགེ་གྲོགས་བསྟེན་པར་འོས་པ། དགེ་བའི་གྲོགས་པོ་སོགས།༠༦ གཉིས་པ་དེའི་ཕན་ཡོན་ལ་བསྔགས་པ། དགེ་བའི་བཤེས་སོགས།༠༦ གསུམ་པ་ཡོན་ཏན་གཞན་ཡང་བསྟན་པ། དེ་ཡིས་སོགས།༡༠ དྲུག་པ་ལམ་ཟབ་བླ་མའི་རྣལ་འབྱོར་བསྟན་པ་ལ་གསུམ། རྒྱུན་དུ་བསྒོམ་པ་ལས་ཚོགས་དང་བཅས་པ། བར་ཆད་བཟློག་པ་དམིགས་གནད་དང་བཅས་པ། ཐབས་དེས་གྲུབ་པ་ཕན་ཡོན་དང་བཅས་པའོ། །དང་པོ་རྒྱུན་དུ་བསྒོམ་པ་ལས་ཚོགས་དང་བཅས་པ་ལ་གསུམ། སྒོམ་ཚུལ། ལས་ཚོགས། ཆ་རྐྱེན་ནོ། །དང་པོ་སྒོམ་ཚུལ་ལ་གཉིས། དང་པོ་བསྐྱེད་པ་སྐུའི་ལམ་ཁྱེར། ཇི་ལྟར་སོགས།༠༧ གཉིས་པ་གྲགས་སྟོང་གསུང་གི་ལམ་ཁྱེར། མཚན་ཉིད་དེ་སོགས།༠༢ གཉིས་པ་ལས་ཚོགས་ལ་བཞི། དང་པོ་ཞི་བ། གདོན་སོགས།༠༣ གཉིས་པ་རྒྱས་པ། ཚེ་དཔལ་སོགས། གསུམ་པ་དབང་། དབང་སོགས།༠༢ བཞི་པ་དྲག་པོ། བགེགས་དང་། ཆ་རྐྱེན་ལ་གསུམ་དང་པོ་མགྲོན་བསམ་པ། སྔགས་བཟླས་སོགས། ༠༢གཉིས་པ་རྫོགས་རིམ་གྱི་རྣལ་འབྱོར། རྗེས་རྣམས་སོགས།༠༢ གསུམ་པ་ཕན་ཡོན་གྱི་རང་བཞིན་སོ་སོའི་སོགས།༠༢གཉིས་པ་བར་ཆད་བཟློག་པ་བླ་མའི་རྣལ་འབྱོར་ལ་ལྔ། དང་པོ་མགྲོན་བསམ་པ། ཁྱད་པར་སོགས།༠༧ གཉིས་པ་མཆོད་རྫས་སྤྲུལ་པ། རང་སེམས་སོགས།༠༧ གསུམ་པ་མཆོད་པ་འབུལ་ཞིང་དངོས་གྲུབ་བླང་བ། རང་སེམས་སོགས།༢༠བཞི་པ་རྒྱས་གདབ་བྱ་བ། རྗེས་ལ་སོགས།༣༠ ལྔ་པ་ཕན་ཡོན་བསྟན་པ། འདིས་ནི་སོགས།༢༠ གསུམ་པ་ཐབས་དེས་གྲུབ་པའི་ཕན་ཡོན། གང་གིས་སོགས།༣ བདུན་པ་རྟག་ཏུ་དགེ་བའི་བཤེས་གཉེན་བསྟན་པར་གདམ་པ་ལ་གཉིས། དང་པོ་ཕན་བདེའི་འབྱུང་གནས་བཤེས་གཉེན་བསྟེན་པར་གདམ་པ། དཔལ་ལྡན་སོགས།༡༠ གཉིས་པ་སྐྱོ་དུབ་སྤང་སྟེ་བསྟེན་པར་གདམ་པ། ཐོག་མེད་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་ལྔ་པའི་བསྡུས་དོན་ཚང་ངོ་།། ༈ དྲུག་པ་སྐྱབས་སུ་འགྲོ་བའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན། དང་པོ་ནི། དེ་ལྟར་སོགས། ༣གཉིས་པ་ལ་བཞི་སྟེ། གང་གིས་སྐྱབས་སུ་འགྲོ་བའི་གང་ཟག །གང་ལ་སྐྱབས་སུ་འགྲོ་བའི་ཡུལ། ཇི་ལྟར་སྐྱབས་སུ་སོང་བའི་ཚུལ། དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ། སྐྱབས་འགྲོ་རྒྱུད་ལ་བརྟེན་པའི་ཕན་ཡོན་ནོ། །དང་པོ་ལ་གཉིས། དང་པོ་སྐྱེས་བུ་གསུམ་གྱི་དབྱེ་བ་བསྟན་པ། ལམ་རྣམས་སོགས།༠༢ གཉིས་པ་བློ་རིགས་གསུམ་གྱི་དུས་ཚིག་ངོས་བཟུང་བ། དུས་ཀྱང་སོགས།༡༢ གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་གྱི་དབྱེ་བ་སྤྱིར་བསྟན་པ། མཆོག་གསུམ་བྱེ་བྲག་སོ་སོར་བཤད་པའོ། །དང་པོ་ནི། ཡུལ་རྣམས་སོགས།༢༠ གཉིས་པ་མཆོག་གསུམ་བྱེ་བྲག་ཏུ་བཤད་པ་ལ་གསུམ། སངས་རྒྱས་དང་ཆོས་བསྟན། ལུང་དང་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད། དགེ་འདུན་དཀོན་མཆོག་གི་གནས་བསྟན་པའོ། །དང་པོ་ནི། རྒྱུ་ཡི་སོགས།༠༥ གཉིས་པ་ལུང་དང་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པ་ལ་གཉིས། ལུང་དང་། རྟོགས་པའི་ཆོས་སོ། །དང་པོ་ལུང་ལ་གཉིས། དང་པོ་ཕྱིའི་ལུང་གི་ཆོས་ནི། དེ་ཡང་སོགས།༠༥ གཉིས་པ་ནང་ལུང་གི་ཆོས་ནི། རྒྱུད་ནི་སོགས།༡༠ གཉིས་པ་རྟོགས་པའི་ཆོས་ལ་བཞི། དང་པོ་དབྱེ་བ་སྤྱིར་བསྟན་པ། རྟོགས་པའི་སོགས།༠༣ གཉིས་པ་ལམ་རྟོགས་པའི་ཆོས་བྱེ་བྲག་ཏུ་བཤད་པ། དེ་ཡང་སོགས།༠༣ གསུམ་པ་འབྲས་བུ་རྟོགས་པའི་ཆོས་ཁྱད་པར་དུ་བཤད་པ། སློབ་པའི་སོགས།༡༠ བཞི་པ་དེ་དག་གི་དོན་བསྡུ་བ། ཚོགས་སྦྱོར་སོགས།༠༣ གསུམ་པ་དགེ་འདུན་དཀོན་མཆོག་གི་གནས་བསྟན་པ། དགེ་འདུན་སོགས།༠༣ གསུམ་པ་ཇི་ལྟར་སྐྱབས་སུ་འགྲོ་ཚུལ་ལ་གཉིས། རྒྱུའི་སྐྱབས་སུ་འགྲོ་ཚུལ་དང་། འབྲས་བུའི་སྐྱབས་སུ་འགྲོ་ཚུལ་ལོ། །དང་པོ་རྒྱུའི་སྐྱབས་འགྲོ་ལ་གསུམ། དང་པོ་རྒྱུའི་སྐྱབས་ཡུལ་བསམ་པ། འདི་དག་སོགས།༠༢ གཉིས་པ་དེ་ལ་སྐྱབས་སུ་འགྲོ་བ། རྣམ་པ་སོགས།༠༣ གསུམ་པ་དེའི་ཕན་ཡོན། དགྱེས་ཤིང་སོགས།༠༣ གཉིས་པ་འབྲས་བུའི་སྐྱབས་འགྲོ་ལ་གསུམ། དང་པོ་སྐྱབས་ཡུལ་ངོས་གཟུང་བ། མཐར་ཐུག་སོགས།༠༣ གཉིས་པ་དེ་ལ་སྐྱབས་འགྲོ་བྱེད་ཚུལ། དེ་ཡི་སོགས།༠༦ གསུམ་པ་དེའི་ཕན་ཡོན་བསྔགས་པ། དེས་ནི་སོགས།༠༤ བཞི་པ་དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་བསྟན་པ་ལ་གསུམ། རྒྱུའི་བསླབ་བྱ། འབྲས་བུའི་བསླབ་བྱ། ཐུན་མོང་དུ་གདམ་པའོ། །དང་པོ་རྒྱུའི་བསླབ་བྱ་ལ་བཞི། དང་པོ་སྤྱིར་བསྟན་པ། བསླབ་བྱ་སོགས།༠༣ གཉིས་པ་དམིགས་ཀྱིས་བསལ་བ། བླ་མར་སོགས།༠༢ གསུམ་པ་ཆ་ཤས་ཀྱི་དབྱེ་བ། སངས་རྒྱས་སོགས།༠༣ བཞི་པ་དོན་བསྡུ་བ། དེ་དག་སོགས།༠༢ གཉིས་པ་འབྲས་བུའི་བསླབ་བྱ་ནི། འབྲས་བུའི་སོགས།༠༡ གསུམ་པ་ཐུན་མོང་དུ་གདམས་པ། གཏོང་རྒྱུ་སོགས།༡༠ ལྔ་པ་སྐྱབས་འགྲོའི་ཕན་ཡོན་ལ་བདུན། དང་པོ་རྟག་ཏུ་ཕན་བདེས་སྐྱོབ་པའི་ཕན་ཡོན། སྐྱབས་གཞན་སོགས།༡༠ གཉིས་པ་ཐར་པའི་ལོ་ཏོག་འཕེལ་བའི་སོགས། དེ་ནས་སོགས།༡༠ གསུམ་པ་ཡོན་ཏན་རླབས་ཆེན་འགྲུབ་པའི་སོགས། ཆོས་ཚུལ་སོགས།༠༥ བཞི་པ་མཐར་ཐུག་བྱང་ཆུབ་ཐོབ་པའི་ཕན་ཡོན། འགྲོ་ཀུན་སོགས།༠༣ ལྔ་པ་བསོད་ནམས་ཚད་མེད་པ་འགྲུབ་པའི་སོགས། སྐྱབས་སོང་སོགས།༠༢ དྲུག་པ་ལེགས་དགུའི་ཡོན་ཏན་འཕེལ་བའི། ལེགས་པའི་སོགས།༠༢ བདུན་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་ཕན་ཡོན་བསྔགས་པ། ཉེས་སྤོང་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་དྲུག་པའི་བསྡུས་དོན་ཚང་ངོ་།། ༈ བདུན་པ་ཚད་མེད་པ་བཞིའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༡༠ གཉིས་པ་ལ་བཞི། ཚད་མེད་དང་ཚངས་གནས་ཀྱི་ཁྱད་པར། ཚད་མེད་པ་བཞིའི་བསྒོམ་ཚུལ། སྒོམ་པ་དག་གི་འབྲས་བུ། ཐར་ལམ་ངེས་པའི་གཞུང་ལམ་བསྟན་པའོ། །དང་པོ་ལ་བཞི། དང་པོ་རྒྱུད་དང་བྱེད་ལས་ཀྱི་ཁྱད་པར། དེ་ཡང་སོགས།༡༠ གཉིས་པ་ངོ་བོ་དམིགས་པ་ཡུལ་གྱི་ཁྱད་པར། དམིགས་ཡུལ་སོགས།༠༢ གསུམ་པ་གནས་བཞི་ངེས་པའི་ཁྱད་པར། སྔ་མ་སོགས།༠༢ བཞི་པ་ཐར་ལམ་སྙིང་པོའི་ཁྱད་པར། འདི་ནི་སོགས། གཉིས་པ་སྒོམ་ཚུལ་ལ་གསུམ། གོ་དོན་ངེས་པས་སྤྱིར་བསྟན་པ། གོ་རིམ་ངེས་པས་བྱེ་བྲག་ཏུ་བཤད་པ། རྩལ་སྦྱང་ངེས་པས་དོན་བསྡུ་བའོ། །དང་པོ་གོ་དོན་ངེས་པ་ལ་གསུམ། དང་པོ་ཚད་མེད་བཞིའི་དམིགས་ཡུལ། བདེ་བ་སོགས།༠༣ གཉིས་པ་རང་རང་གི་བློའི་རྣམ་པ་བསྟན་པ། རྣམ་པ་སོགས། ༠༢གསུམ་པ་ཐོག་མར་འཇུག་པའི་གོ་རིམ། སྒོམ་ཚུལ་སོགས།༠༣ གཉིས་པ་གོ་རིམ་ངེས་པས་བྱེ་བྲག་ཏུ་བཤད་པ་ལ་བཞི། བཏང་སྙོམས། བྱམས་པ། སྙིང་རྗེ། དགའ་བ་བསྒོམས་པའི་ཚུལ་ལོ། དང་པོ་བཏང་སྙོམས་སྒོམ་པ་ལ་བཅུ་གཉིས། དང་པོ་ཆགས་སྡང་གི་སེམས་ལ་རྔན་བགྲང་བ། དེ་ཡང་སོགས།༡༠ གཉིས་པ་ཆགས་སྡང་མི་རིགས་པ་གྲོས་གདབ་པ། ཐོག་མཐའ་སོགས།༠༣ གསུམ་པ་ཆགས་སྡང་མི་འཐད་པའི་རིགས་པ་དགོད་པ། གཉན་འདིས་སོགས།༠༥ བཞི་པ་ཆགས་སྡང་མེད་པའི་བཏང་སྙོམས་ལ་སྦྱང་བ། དེ་བས་སོགས།༡༠ ལྔ་པ་རྨོངས་པ་མེད་པའི་བཏང་སྙོམས་ལ་དགོད་པ། བར་མའི་སོགས།༠ དྲུག་པ་སྙིང་རྗེ་ཆེན་པོའི་བཏང་སྙོམས་ལ་སྦྱང་བ། ཐམས་ཅད་སོགས།༠༢ བདུན་པ་ཉོན་མོངས་བཞི་བའི་བཏང་སྙོམས་སྒོམ་པ། ཀྱེ་མ་སོགས།༡༠ བརྒྱད་པ་ཇི་ལྟར་སྒོམ་ཚུལ་དངོས། ཅེས་བསམ་སོགས།༣ དགུ་པ་སྒོམ་པའི་རྟགས་དང་ཚད་བཟུང་བ། འབྱོངས་བའི་སོགས།༡༠ བཅུ་བ་དམིགས་པ་མེད་པའི་བཏང་སྙོམས་ལ་བློ་སྦྱང། རྗེས་ལ་སོགས།༡༠ བཅུ་གཅིག་པ་དེའི་ཚད། འབྱོངས་པའི་སོགས།༠༡ བཅུ་གཉིས་པ་བཏང་སྙོམས་སྒོམ་པའི་འབྲས་བུ། འབྲས་བུ་སོགས།༠༢ གཉིས་པ་བྱམས་པ་སྒོམ་ཚུལ་ལ་ལྔ། དང་པོ་བྱམས་པ་བསྒོམ་པར་གདམས་པ། དེ་ལྟར་སོགས། ༠༣གཉིས་པ་ཇི་ལྟར་སྒོམ་ཚུལ། བྱམས་པའི་སོགས།༠༥ གསུམ་པ་སྒོམ་པའི་རྟགས་ཚད། རྟགས་ནི་སོགས།༠༢ བཞི་པ་དམིགས་པ་མེད་པའི་བྱམས་པ། དེ་རྗེས་སོགས། ༠༣ལྔ་པ་བྱམས་པའི་འབྲས་བུ་བརྗོད་པ། འབྲས་བུ་སོགས།༠༡ གསུམ་པ་སྙིང་རྗེ་སྒོམ་ཚུལ་ལ་ལྔ། དང་པོ་སྙིང་རྗེ་སྒོམ་པར་གདམས་པ། བྱམས་པས་སོགས།༠༣ གཉིས་པ་སྒོམ་ཚུལ་དངོས་བསྟན་པ་ལ་གསུམ། སྙིང་རྗེ་བསྐྱེད་པ། དེ་ཡང་སོགས།༠༥ ངེས་པ་དགོད་པ། དེ་ལས་སོགས།༡༠ རང་བཞིན་བསམ་པ། དེ་བས་སོགས།༡༠ གསུམ་པ་སྒོམ་པའི་རྟགས་ཚད། འགྲོ་བའི་སོགས།༠༡ བཞི་པ་དམིགས་པ་མེད་པའི་སྙིང་རྗེ། དམིགས་མེད་སོགས།༠༢ ལྔ་པ་སྙིང་རྗེ་སྒོམ་པའི་འབྲས་བུ། འབྲས་བུ་སོགས།༠༢ བཞི་པ་དགའ་བ་སྒོམ་པ་ལ་དྲུག་ལས། དང་པོ་དགའ་བ་སྒོམ་པར་གདམས་པ། དེ་ལྟར་སོགས།༠༣ གཉིས་པ་སྒོམ་པ་དངོས་ཀྱི་རིམ་པ། དེ་ཡང་སོགས།༡༠ གསུམ་པ་འབྱོངས་པའི་ཚད། རྟགས་སུ་སོགས།༡༠ བཞི་པ་དམིགས་པ་མེད་པའི་དགའ་བ། དེ་རྗེས་སོགས།༠༡ ལྔ་པ་དེའི་སྒོམ་ཚད། ལུས་ངག་སོགས།༠༡ དྲུག་པ་དགའ་བ་སྒོམ་པའི་འབྲས་བུ། འབྲས་བུ་སོགས།༠༡ གསུམ་པ་རྩལ་སྦྱང་ངེས་པའི་དོན་བསྡུ་བ་ལ་བདུན། དང་པོ་ཆ་ཤས་ནས་བསླབ་ཚུལ། དེ་ལྟར་སོགས།༠༢ གཉིས་པ་བྱམས་པའི་གེགས་སྙིང་རྗེས་འགོག་ཚུལ། བྱམས་སྒོམ་སོགས།༠༢ གསུམ་པ་སྙིང་རྗེའི་གེགས་དགའ་བས་འགོག་པ། སྙིང་རྗེ་སོགས།༠༣ བཞི་པ་དགའ་བའི་གེགས་བཏང་སྙོམས་ཀྱིས་འགོག་པ། དགའ་བ་སོགས།༠༢ ལྔ་པ་བཏང་སྙོམས་ཀྱི་གེགས་བྱམས་པས་འགོག་པ། བཏང་སྙོམས་སོགས།༠༢ དྲུག་པ་སྤེལ་མ་སྒོམ་ཚུལ། སྒོམ་པ་སོགས།༠༢ བདུན་པ་དེ་ལྟར་སྒོམ་པའི་ཡོན་ཏན། དེ་ཡིས་སོགས།༠༢ གསུམ་པ་སྒོམ་པ་དག་པའི་འབྲས་བུ་ལ་གཉིས། ཐུན་མོང་གི་འབྲས་བུ་སྤྱིར་བསྟན་པ། མཆོག་གི་འབྲས་བུ་བྱེ་བྲག་ཏུ་བཤད་པ་གཉིས་སོ། །དང་པོ་ཐུན་མོང་གི་འབྲས་བུ་ལ་བཞི། དང་པོ་རྣམ་སྨིན་གྱི་འབྲས་བུ། དེ་ལྟར་སོགས།༠༣ གཉིས་པ་རྒྱུ་མཐུན་གྱི་འབྲས་བུ། རྒྱུ་མཐུན་སོགས། ༠༢གསུམ་པ་བདག་པོའི་འབྲས་བུ། དབང་གི་སོགས།༠༢ བཞི་པ་བྱེད་པའི་འབྲས་བུ། བྱེད་པས་སོགས།༠༢ གཉིས་པ་མཆོག་གི་འབྲས་བུ་ལ་བཞི། དང་པོ་བྱམས་པའི་འབྲས་བུ། བྱམས་པས་སོགས།༠༣ གཉིས་པ་སྙིང་རྗེའི་འབྲས་བུ། སྙིང་རྗེས་སོགས།༠༣ གསུམ་པ་དགའ་བའི་འབྲས་བུ། དགའ་བས་སོགས།༡༠ བཞི་པ་བཏང་སྙོམས་ཀྱི་འབྲས་བུ། བཏང་སྙོམས་སོགས། ༠༣བཞི་པ་ཐར་ལམ་ངེས་པའི་གཞུང་ལམ་དུ་བསྟན་པ་ལ་བཞི། དང་པོ་ཚད་མེད་བཞི་པོ་རྒྱལ་བས་བསྔགས་པ། དེ་ལྟར་སོགས།༠༢ གཉིས་པ་ཚད་མེད་ཡོད་མེད་ཀྱིས་ཐར་ལམ་ཡིན་མིན་དུ་བསྟན་པ། དེ་དག་སོགས།༠༡ གསུམ་པ་རྒྱུ་འབྲས་གཞུང་ལམ་གཅིག་པས་ཚད་མེད་བཞིར་བསྟན་ཚུལ། རྒྱུ་ཡི་སོགས།༠༡ བཞི་པ་མདོ་རྒྱུད་མཐུན་པར་དབྱིངས་ཀྱི་དྲི་མ་སྦྱོང་བྱེད་དུ་སྒོམ་ཚུལ། གཞན་ཡང་སོགས།༢༠ གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས། ༡༠གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་བདུན་པའི་ས་བཅད་ཚང་ངོ་།། ༈ བརྒྱད་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལེའུ་ལ་གསུམ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༠༢ གཉིས་པ་ལ་གསུམ། སེམས་བསྐྱེད་ཀྱི་ཕན་ཡོན། ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པའོ། །དང་པོ་ཕན་ཡོན་ལ་དྲུག །དང་པོ་འཁོར་བ་ལས་ངེས་པར་འབྱིན་པའི་ཕན་ཡོན། དེ་ཡང་སོགས།༡༠ གཉིས་པ་དགེ་ཚོགས་ཐེག་ཆེན་དུ་འགྱུར་བའི། གང་ལ་སོགས།༠༥ གསུམ་པ་དགེ་རྩ་མི་ཟད་འཕེལ་བའི་སོགས། དགེ་གཞན་སོགས།༡༠ བཞི་པ་དགེ་རྩ་བསྟན་ཞིང་ཐར་ལམ་སྙིང་པོ་བྱེད་པོ་སོགས། ཀུན་གྱི་སོགས།༡༠ ལྔ་པ་བསམ་དགུའི་རེ་བ་འགྲུབ་པའི། དེ་ནི་སོགས།༠༥ དྲུག་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕན་ཡོན། བསམ་ཡས་སོགས།༠༣ གཉིས་པ་ཇི་ལྟར་བསྐྱེད་པའི་ཚུལ་ལ་གཉིས། སེམས་བསྐྱེད་ཀྱི་རང་བཞིན་ཤེས་པར་བྱ་བ། ཤེས་པ་ཇི་ལྟར་བསྐྱེད་པའི་ཚུལ་ལོ། །དང་པོ་རང་བཞིན་ཤེས་པར་བྱ་བ་ལ་བདུན། དང་པོ་སེམས་བསྐྱེད་ཀྱི་མཚན་ཉིད། སེམས་བསྐྱེད་སོགས།༠༥ གཉིས་པ་སྨོན་འཇུག་གི་རང་བཞིན། སྨོན་པ་སོགས།༠༢ གསུམ་པ་སྨོན་པའི་ཕན་ཡོན། གང་གིས་སོགས།༡༠ བཞི་པ་དེའི་འཐད་པ། འགྲོ་བའི་སོགས།༠༣ལྔ་བ་འཇུག་པའི་ཕན་ཡོན། དེ་བས་སོགས།༡༠ དྲུག་པ་གཞན་གྱི་ལོག་རྟོག་དགག་པ། དེ་ཕྱིར་སོགས།༠༥ བདུན་པ་སྤྲོ་དགའ་མཆོག་ཏུ་བསྐྱེད་པ། འདི་ནི་སོགས།༡༢ གཉིས་པ་ཤེས་ནས་ཇི་ལྟར་བསྐྱེད་པའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གོ། དང་པོ་སྦྱོར་བ་ལ་བཞི། དང་པོ་རྟེན་དགེ་བའི་བཤེས་གཉེན། དེ་ཡང་སོགས།༠༢ གཉིས་པ་དེས་བློ་བཅོས་པའི་རིམ་པ། སྐྱོན་བྲལ་སོགས།༠༥ གསུམ་པ་གནས་དང་བཀོད་པ་བཤམས་པ། གནས་གཙང་སོགས།༠༢ བཞི་པ་སྔོན་འགྲོ་ཡན་ལག་བདུན་བསྟན་པའོ། །འདི་ལ་གསུམ། བསོད་ནམས་ཀྱི་ཞིང་བསམ་པ། ཡན་ལག་བདུན་པ་དངོས་བྱ་བ། དེའི་འཐད་པ་དགོད་པའོ། །དང་པོ་ལ་གསུམ། དང་པོ་དམིགས་པའི་རྟེན་བསམ་པ། ནམ་མཁའི་སོགས། ༠༢གཉིས་པ་དེའི་འཐད་པ་འགོད་པ། འདི་ནི་སོགས།༠༣ གསུམ་པ་བཀུར་སྟི་རིམ་གྲོ་བྱ་བ། དེ་ནས་སོགས།༠༢ གཉིས་པ་ཡན་ལག་བདུན་པ་དངོས་ལ་བདུན། དང་པོ་ཕྱག་འཚལ་བའི་ཡན་ལག་ལ་གཉིས། དང་པོ་འཚལ་ཚུལ་དངོས། ཡིད་འོང་སོགས། ༡༠གཉིས་པ་དེའི་ཕན་ཡོན། ས་འདི་སོགས།༠༥ གཉིས་པ་མཆོད་པའི་ཡན་ལག་ལ་གཉིས། མདོར་བསྟན་པ་རྒྱས་བཤད་དོ། །དང་པོ་མདོར་བསྟན་ནི། དངོས་སུ་སོགས། ༠༢གཉིས་པ་རྒྱས་བཤད་ལ་དངོས་འབྱོར་དང་ཡིད་སྤྲུལ་གཉིས། དང་པོ་དངོས་འབྱོར་ནི། མེ་ཏོག་སོགས།༠༥ གཉིས་པ་ཡིད་སྤྲུལ་ལ་ཐུན་མོང་དང་ཁྱད་པར་གཉིས། དང་པོ་ཐུན་མོང་ལ་བདུན། དང་པོ་གཞལ་ཡས་ཁང་རོལ་མོའི་སྤྲིན་ཅན་གྱིས་མཆོད་པ། ལྷ་སོགས་སོགས།༡༠ གཉིས་པ་ཉེ་འཁོར་ཀུན་ནས་དགའ་པའི་མཆོད་པ། རིན་ཆེན་སོགས།༡༠ གསུམ་པ་པདྨོ་རིན་ཆེན་མཛེས་པའི་མཆོད་པ། འདབ་སྟོང་སོགས། བཞི་པ་ཚལ་སོགས་ཀུན་ནས་དགེ་བའི་མཆོད་པ། ཙནྡན་སོགས།༡༠ ལྔ་པ་ཉི་ཟླ་རིན་ཆེན་བཀོད་པའི་མཆོད་པ། སྟོན་ཀའི་སོགས།༡༠ དྲུག་པ་ཞིང་ཁམས་རྒྱ་མཚོའི་རྡུལ་གྱི་མཆོད་པ། འཁོར་ཡུག་སོགས།༡༠ བདུན་པ་རྒྱལ་སྲིད་རིན་པོ་ཆེའི་མཆོད་པ། བུམ་བཟང་སོགས།༡༠ གཉིས་པ་ཁྱད་པར་གྱི་མཆོད་པ་ལ་གསུམ། དང་པོ་ཏིང་འཛིན་རྒྱལ་པོའི་མཆོད་སྤྲིན་མདོར་བསྟན། ཏིང་འཛིན་སོགས།༠༢ གཉིས་པ་ཕྱི་མཆོད་ཡིད་བཞིན་སྤྲིན་གྱི་རང་བཞིན་རྒྱས་པར་བཤད་པ། མེ་ཏོག་སོགས།༡༠ གསུམ་པ་ནང་མཆོད་ཡེ་ཤེས་རྒྱ་མཚོའི་རོལ་བ་ཀུན་ནས་སྤྲོ་བ། འཇུག་པའི་སོགས།༡༠ གསུམ་པ་སྡིག་པ་བཤགས་པའི་ཡན་ལག །ཐོག་མེད་སོགས།༠༣ བཞི་པ་རྗེས་སུ་ཡི་རང་བ། འགྲོ་བའི་སོགས།༠༢ ལྔ་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མ་ལུས་སོགས།༠༢ དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ། དེང་ནས་སོགས།༠༢ བདུན་པ་བསྔོ་བའི་ཡན་ལག །དགེ་བ་སོགས།༠༢ གསུམ་པ་ཡན་ལག་བདུན་གྱི་འཐད་པ་འགོད་པ་ལ་གཉིས། དང་པོ་སྤང་བྱ་གེགས་ཀྱི་དྲི་མ་འབྱོང་བས་བྱང་ཆུབ་ཀྱི་སེམས་བསྐྱེད་སླ་བའི་འཐད་པ། ཇི་ལྟར་སོགས།༠༡ གཉིས་པ་བླང་བྱ་དགེ་བའི་དཔུང་ཚོགས་བསྐྱེད་པས། སེམས་བསྐྱེད་སྐྱེ་སླ་བའི་འཐད་པ། འདི་ནི་སོགས། ༠༢གཉིས་པ་དངོས་གཞིའི་ཆོ་ག་ནི། དེ་ནས་སངས་རྒྱས་སོགས།༠༢ གསུམ་པ་མཇུག་ལ་གསུམ། དང་པོ་དུས་གཞན་དུ་སེམས་བསྐྱེད་བཟུང་བའི་རིམ་པ། དེ་ལྟར་སོགས། ༠༢གཉིས་པ་ལན་གསུམ་བརྗོད་པའི་འཐད་པ། བརྗོད་པ་སོགས།༠༢ གསུམ་པ་སྤྲོ་དགའ་བསྐྱེད་པ། དེང་ནས་སོགས།༡༠ དོན་གསུམ་པ་སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པ་ལ་གཉིས། བསླབ་མདོའི་གནས་སྤྱིར་བསྟན་པ་དང་། སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པའོ། །དང་པོ་བསླབ་མདོའི་གནས་སྤྱིར་བསྟན་པ་ལ་ལྔ། དང་པོ་བསླབ་གཞི་བྱང་ཆུབ་ཀྱི་སེམས་ལ་གདམས་པ། ད་ནི་སོགས།༠༢ གཉིས་པ་སྨོན་འཇུག་བློའི་སྤྱོད་ཚུལ་བསྟན་པ། འགྲོ་བའི་སོགས།༢༠ གསུམ་པ་དྲན་ཤེས་བག་ཡོད་ཀྱི་གནས་ལ་གདམས་པ། རྟག་ཏུ་སོགས།༠༢ བཞི་པ་བསྲུང་བྱ་བསླབ་མདོའི་རབ་ཏུ་དབྱེ་བ། བྱང་ཆུབ་སོགས།༠༧ ལྔ་པ་སྤང་བླང་ངེས་པའི་གནས་གཞན་བསྟན་པ་ལ་གསུམ། ཆོས་བཞི་ངེས་པའི་བླང་དོར་བསམ་པ། གཞན་དོན་ངེས་པའི་བླང་དོར། གང་དག་ངེས་པའི་དབྱེ་བ་བསམ་པའོ། །དང་པོ་ཆོས་བཞི་ངེས་པའི་བླང་དོར་ལ་གསུམ། དང་པོ་ཆོས་བཞི་བླང་དོར་མདོར་བསྟན་པ། མདོར་ན་སོགས།༠༢ གཉིས་པ་ནག་པོའི་ཆོས་བཞི་རྒྱས་པར་བཤད་པ། མཆོས་འོས་སོགས།༡༠ གསུམ་པ་དཀར་པོའི་ཆོས་བཞི་རབ་ཏུ་དབྱེ་བ། དམ་པ་སོགས།༠༥ གཉིས་པ་གཞན་དོན་ངེས་པའི་བླང་དོར་བསམ་པ། རང་དོན་སོགས།༢༡ གསུམ་པ་གང་ཟག་ངེས་པའི་དབྱེ་བ་བསམ་པ། རྒྱལ་སྲས་སོགས།༠༣ གཉིས་པ་སྤྱོད་པ་རླབས་པོ་ཆེའི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་མདོར་བསྟན། རྒྱལ་སྲས་རྣམས་ཀྱིས་སོགས།༠༣ གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི། འགྲོ་བ་སོགས།༢༠ གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་བསླབ་གསུམ་སྤྱིར་བསྟན་པ། ལྷག་པའི་སོགས།༠༣ གཉིས་པ་ཚུལ་ཁྲིམས་གསུམ་བསྟན་པ། སྡོམ་དང་སོགས།༠༧ གསུམ་པ་བསྲུང་བྱ་ངེས་པར་གཟུང་བ། ཁྱིམ་པས་སོགས།༠༡ གསུམ་པ་བཟོད་པ་ལ་བདུན། དང་པོ་བཟོད་པ་གསུམ་གྱི་དབྱེ་བ། ཕྱི་ནང་སོགས།༠༣ གཉིས་པ་བཟོད་པ་སྒོམ་པའི་འཐད་པ། ཞེ་སྡང་སོགས།༡༠ གསུམ་པ་རང་སེམས་འདུལ་བའི་རྒྱུ་མཚན། གནོད་པའི་སོགས།༡༠ བཞི་པ་ཡུལ་ལ་བཟོད་པའི་རིགས་པ་བརྗོད་པ། གནོད་ལ་སོགས།༡༠ ལྔ་པ་རང་གིས་ཉེས་པའི་རྒྱུ་མཚན་བསམ་པ། གཞན་ཡང་སོགས།༠༦ དྲུག་པ་སེམས་ལེགས་པའི་གློད་ཐབས་བསྟན་པ། མི་འདོད་སོགས།༠༡ བདུན་པ་ཆོས་ཀྱི་དོན་གྱི་བཟོད་པ་བཤད་པ། བརྟགས་སོགས།༡༠ བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞི། དང་པོ་བརྩོན་འགྲུས་བསྐྱེད་པའི་འཐད་པ་འགོད་པ། གང་ལ་སོགས།༠༣ གཉིས་པ་དེའི་མི་མཐུན་པའི་ཕྱོགས་བསྟན་པ། དེ་ཡི་སོགས།༡༠ གསུམ་པ་དེའི་གཉེན་པོ་བརྩོན་འགྲུས་ཀྱི་ཡོན་ཏན་བསྔགས་པ། བརྩོན་འགྲུས་སོགས།༡༠ བཞི་པ་བརྩོན་འགྲུས་དངོས་ཀྱི་བརྩམས་ཚུལ་བསྟན་པ། དེ་ཡང་སོགས།༢༢ ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཅུ་གཅིག །དང་པོ་འགྱུར་ཞིང་མི་རྟག་པའི་རང་བཞིན་བསམ་ནས་བསམ་གཏན་ལ་བསྐུལ་བ། བསམ་གཏན༠༦གཉིས་པ་འདོད་པ་རྣམས་ཀྱི་ཉེས་དམིགས་བསམ་ནས། འདོད་པ་སོགས། ༠༥གསུམ་པ་ཡོ་བྱད་བསྙུངས་བའི་ཕན་ཡོན་ལ་བསམ་ནས། ལུས་རྨ་སོགས།༠༧ བཞི་པ་བཤེས་དང་འགྲོགས་པའི་ཉེས་པ་བསམ་ནས། བཤེས་དང་༠༥ལྔ་པ་འདུ་འཛིས་བསླུ་བའི་རྒྱུ་མཚན་བསམ་ནས། ཇི་སྲིད་སོགས།༠༣ དྲུག་པ་གཅིག་པུར་འགྲོ་བའི་རང་བཞིན་བསམ་ནས། ཇི་སྲིད་སོགས།༠༡ བདུན་པ་ནགས་ཁྲོད་དབེན་པའི་ཡོན་ཏན་བསམ། ནགས་ནི་སོགས།༠༥ བརྒྱད་པ་དེའི་གནས་ཀྱི་བཀོད་པ་བསམ། སྤོས་དང་སོགས།༠༥ དགུ་པ་མི་རྟག་སྐྱོ་བའི་རང་བཞིན་བསམ། དུར་ཁྲོད་སོགས།༡༣ བཅུ་པ་ནགས་ཚལ་བསྔགས་པའི་ཕན་ཡོན་བསམ། དེ་འདྲའི་སོགས།༡༣ བཅུ་གཅིག་པ་བསམ་གཏན་སྒོམ་ཚུལ་དངོས་ལ་གདམས་པ། དེར་ནི་སོགས། ༢༢དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གསུམ། དང་པོ་ཤེས་རབ་གསུམ་གྱི་རང་བཞིན་ལ་གདམས་པ། ཤེས་རབ་སོགས།༡༠ གཉིས་པ་ཤེས་རབ་རང་གི་ངོ་བོ་བསྟན་པ། སྣང་འདི་སོགས།༡༠ གསུམ་པ་ཤེས་རབ་དགོས་པའི་རྒྱུ་མཚན་བཤད་པ། ཤེས་རབ་སོགས།༠༥ གསུམ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་བསྡུ་བ། ཕ་རོལ་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས་ལེའུ་བརྒྱད་པའི་བསྡུས་དོན་ཚང་ངོ་།། ༈ དགུ་པ་བསྐྱེད་རྫོགས་ཟུང་འཇུག་ཆེན་པོའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ལེའུ་ལ་འཇུག་པ་རྒྱུའི་དོན་ནི། དེ་ལྟར་སོགས། གཉིས་པ་ལེའུ་དངོས་ཀྱི་དོན་ལ་གཉིས། གསང་སྔགས་ཀྱི་གོ་དོན་སྤྱིར་བསྟན་པ་དང་། སྒྱུ་འཕྲུལ་དྲ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ་སྟེ། རྒྱུད་སྡེའི་གནས་སྤྱིར་བསྟན་པ། བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བསྟན་པ། སྐབས་ཀྱི་དོན་བསྡུ་བའོ། །དང་པོ་རྒྱུད་སྡེའི་གནས་སྤྱིར་བསྟན་པ་ལ་གསུམ། དང་པོ་སྔགས་ཀྱི་ཐེག་པའི་འཕགས་ཚུལ་བཤད་པ། དེ་ཡང་སོགས།༡༠ གཉིས་པ་སྡེ་ཚན་བཞིར་ངེས་པའི་རྒྱུ་མཚན་དགོད་པ། དུས་དང་སོགས།༣༠ གསུམ་པ་གསང་སྔགས་ཕྱི་ནང་གི་ཁྱད་པར་བཤད་པའོ། །གསུམ་པ་འདི་ལ་གཉིས། སྤྱིའི་ཁྱད་པར་དང་། བྱེ་བྲག་གི་ཁྱད་པར་རོ། །དང་པོ་སྤྱིའི་ཁྱད་པར་ལ་གཉིས། གསང་སྔགས་ཕྱི་པ་དང་། ནང་པའི་ཁྱད་པར་རོ། དང་པོ་ཕྱི་རྒྱུད་ཀྱི་ཁྱད་པར་ལ་གཉིས། དང་པོ་དབྱེ་བ་མདོར་བསྟན་པ་ནི། དེ་ཡང་སོགས།༠༢ གཉིས་པ་ཁྱད་པར་རྒྱས་པར་བརྗོད་པ། དེ་དག་སོགས།༡༠ གཉིས་པ་ནང་རྒྱུད་གསུམ་གྱི་ཁྱད་པར། རྣལ་འབྱོར་སོགས།༡༣ གཉིས་པ་བྱེ་བྲག་གི་ཁྱད་པར་ལ་གཉིས། ཐུབ་པ་རྒྱུད་གསུམ་དང་། ནང་པ་རྒྱུད་གསུམ་གྱི་ཁྱད་པར་རོ། །དང་པོ་ཐུབ་པ་རྒྱུད་གསུམ་ནང་ཚན་གྱི་ཁྱད་པར་ནི། བྱ་བས་སོགས།༢༠ གཉིས་པ་ནང་པ་རྒྱུད་གསུམ་གྱི་ཁྱད་པར་ལ་གཉིས། དང་པོ་སོ་སོའི་ངོ་བོའི་ཁྱད་པར། མ་ཧཱས་སོགས། ༠༥གཉིས་པ་རྣམ་དག་ཤེས་པའི་ཁྱད་པར། བདག་དང་སོགས།༡༢ གཉིས་པ་བསྐྱེད་རྫོགས་ཀྱི་གནས་བྱེ་བྲག་ཏུ་བཤད་པ་ལ་གསུམ། ཐབས་བསྐྱེད་རིམ་གྱི་སྒོམ་ཚུལ་དབྱེ་བ་དང་། ཤེས་རབ་རྫོགས་རིམ་གྱི་སྒོམ་ཚུལ་དབྱེ་བ། དེ་གཉིས་ཀྱི་དགོས་པ་བསྟན་པའོ། །དང་པོ་བསྐྱེད་རིམ་སྒོམ་ཚུལ་ལ་ལྔ། དང་པོ་སྒོང་སྐྱེས་ཀྱི་བག་ཆགས་སྦྱང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་སྒོམ་ཚུལ། དེ་ཡང་སོགས།༡༣ གཉིས་པ་མངལ་སྐྱེས་ཀྱི་བག་ཆགས་སྦྱོང་བ་རྒྱས་པའི་བསྐྱེད་རིམ་སྒོམ་ཚུལ། མངལ་སྐྱེས་སོགས།༠༢ གསུམ་པ་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་འབྲིང་གི་བསྐྱེད་རིམ་སྒོམ་ཚུལ། དྲོད་གཤེར་སོགས།༢༢ བཞི་པ་རྫུས་སྐྱེས་ཀྱི་བག་ཆགས་སྦྱོང་བ་བསྡུས་པའི་བསྐྱེད་རིམ་སྒོམ་ཚུལ། བསྡུས་ཏེ་སོགས།༡༠ ལྔ་བ་སྒོམ་ཚུལ་བཞིའི་རྣམ་གྲངས་བསམ་པ་བསྐྱེད་རིམ་སྒོམ་ཚུལ། དེ་ལྟར་སོགས།༢༠ གཉིས་པ་ཤེས་རབ་རྫོགས་རིམ་གྱི་སྒོམ་ཚུལ་དབྱེ་བ་ལ་གཉིས། དང་པོ་རྫོགས་རིམ་གྱི་རང་བཞིན་བསྟན་པ། རྫོགས་རིམ་སོགས།༢༢ གཉིས་པ་སྒོམ་པ་བརྟན་པའི་འཆར་ཚུལ། ཕྱིས་ནས་སོགས།༠༣ གསུམ་པ་བསྐྱེད་རྫོགས་གཉིས་ཀྱི་དགོས་པ་བསྟན་པ། བསྐྱེད་རིམ་སོགས།༡༠ གསུམ་པ་སྐབས་ཀྱི་དོན་བསྡུ་བ་ལ་གསུམ། དང་པོ་གསང་སྔགས་ཐེག་པར་འཇུག་པར་གདམས་པ། འདི་ནི་སོགས།༡༠ གཉིས་པ་ལམ་བཞིར་དབང་དང་བྱིན་རླབས་བསྟན་པ། དེ་ཡང་སོགས།༡༡ གསུམ་པ་ནང་པ་དབང་གིས་སྨིན་པར་བསྟན་པ། ཁྱད་པར་སོགས།༣༢ དོན་གཉིས་པ་སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྒོམ་པ་ལ་གསུམ། སྨིན་བྱེད་དབང་གི་རིམ་པ་སྤྱིར་གདམས། གྲོལ་བྱེད་བསྐྱེད་རྫོགས་ཀྱི་རིམ་པ་བྱེ་བྲག་ཏུ་གདམ་པ། གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བའོ། །དང་པོ་སྨིན་བྱེད་ནི། འདིར་ནི་སོགས། ༠༢གཉིས་པ་གྲོལ་བྱེད་ལ་གསུམ། བསྐྱེད་པ་སྐུའི་རྣལ་འབྱོར། བཟླས་བརྗོད་གསུང་གི་རྣལ་འབྱོར། དྲན་རིག་ཐུགས་ཀྱི་རྣལ་འབྱོར་རོ། །དང་པོ་བསྐྱེད་པ་སྐུའི་རྣལ་འབྱོར་ལ་གཉིས། ཁྲོ་བཅུའི་སྲུང་འཁོར་གྱི་མཚམས་བཅད་པ་དང་། དེའི་དབུས་སུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒོམ་ཚུལ་ལོ། །དང་པོ་ནི། བདེ་བའི་སོགས།༢༠ གཉིས་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྒོམ་ཚུལ་ལ་གསུམ། དང་པོ་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ། ཀུན་ཏུ་སོགས།༢༠ གཉིས་པ་བརྟེན་པ་ལྷའི་དཀྱིལ་འཁོར་དམ་ཚིག་སེམས་དཔའ་གསལ་འདེབས་པ་ནི། རིགས་ལྔ་སོགས།༠༥ གསུམ་པ་རང་བྱུང་ཡེ་ཤེས་མཚོན་བྱེད་ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབ་པའི་ཚུལ། གཙོ་བོའི་སོགས།༡༢ གཉིས་པ་བཟླས་བརྗོད་གསུང་གི་རྣལ་འབྱོར་ནི། ཡི་གེ་སོགས།༠༢ གསུམ་པ་དྲན་རིག་ཐུགས་ཀྱི་རྣལ་འབྱོར་ལ་གསུམ། དང་པོ་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་གཉིས་མེད་མཉམ་པར་བསྟན་པ། རང་སེམས་སོགས།༠༦ གཉིས་པ་བློའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་སྒོམ་ཚུལ་བསྟན་པ། རྗེས་ལ་སོགས། ༠༡གསུམ་པ་ཐུན་མཚམས་སྤྱོད་ལམ་གྱི་རྣལ་འབྱོར་བསྟན་པ། སྤྱོད་ལམ་སོགས།༡༠ གསུམ་པ་གནས་སྐབས་སྒྲུབ་ཚུལ་ངེས་པས་དོན་བསྡུ་བ་ལ་གསུམ། དང་པོ་རྩ་བ་དམ་ཚིག་བསྟན་པ། རྩ་བ་སོགས།༡༠ གཉིས་པ་གྲོགས་ཚོགས་མཆོག་སོགས་བསྟན་པ། ཉ་དང་སོགས།༠༢ གསུམ་པ་ཟབ་དོན་སྙིང་པོ་བསྟན་པ། རླུང་སེམས་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་དགུ་པའི་བསྡུས་དོན་ཚང་ངོ་།། ༈ བཅུ་པ་གནས་ལུགས་གཞིའི་རང་བཞིན་མཐའ་བྲལ་རྫོགས་པ་ཆེན་པོ་དོན་གྱི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན། དང་པོ་ནི། དེ་ལྟར་སོགས།༠༢ གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། གནས་ལུགས་དོན་གྱི་རང་བཞིན་མདོར་བསྟན་པ། གཉིས་མེད་མཐའ་བྲལ་ཆེན་པོའི་ངོ་བོ་རྒྱས་པར་བཤད་པ། གཟུང་འཛིན་ཡེ་སྟོང་རྩ་བྲལ་དུ་དོན་བསྡུ་བའོ། །དང་པོ་གནས་ལུགས་དོན་གྱི་རང་བཞིན་མདོར་བསྟན་ནི། དེ་ཡང་སོགས།༠༦ གཉིས་པ་གཉིས་མེད་མཐའ་བྲལ་ཆེན་པོའི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས། ཕྱི་ཡུལ་སྣང་སྐྱེ་མེད་སྟོང་པའི་གཟུགས་བརྙན་དུ་ཐག་བཅད་པ། ནང་འཛིན་རྟོག་སྟོང་ཉིད་རྩ་བྲལ་དུ་ལ་བཟླ་བའོ། །དང་པོ་ཕྱི་ཡུལ་སྣང་སྐྱེ་མེད་སྟོང་བའི་གཟུགས་བརྙན་དུ་ཐག་བཅད་པ་ལ་དྲུག །དང་པོ་ཡུལ་སྣང་སྟོང་པའི་རང་གཟུགས་སུ་བསྟན་པ། འདི་ལྟར་སོགས།༠༦ གཉིས་པ་དེ་ཉིད་སེམས་དང་གཞན་དངོས་སུ་མ་གྲུབ་པ། དེར་ནི་སོགས།༡༤ གསུམ་པ་སྣང་དུས་མཐའ་བྲལ་བརྗོད་མེད་དུ་བསྟན་པ། མ་བརྟགས་སོགས།༠༣ བཞི་པ་སྐྱེ་སོགས་སྐྱེ་མེད་སྒྱུ་མ་ལྟར་བསྟན་པ། སྒྱུ་མའི་སོགས། ༠༣ལྔ་པ་ཡུལ་སྣང་སེམས་ཀྱི་བག་ཆགས་སུ་བསྟན་པ། ཁྱད་པར་སོགས།༠༥ དྲུག་པ་འཁྲུལ་སྣང་གཞི་མེད་རྩ་བྲལ་དུ་སྦྱང་བར་བསྟན་པ། དེ་ཡིས་སོགས།༢༠ གཉིས་པ་ནང་འཛིན་རྟོག་སྟོང་ཉིད་རྩ་བྲལ་དུ་ལ་བཟླ་བ་ལ་དོན་བཅོ་ལྔ་སྟེ། དང་པོ་སེམས་ཀྱི་རྩ་བ་བཅད་པའི་འཐད་པ་འགོད་པ། སྣང་བའི་སོགས།༡༠ གཉིས་པ་གཞི་མེད་སྟོང་པ་ཆེན་པོར་བསྟན་པ། སེམས་ནི་སོགས།༢༡ གསུམ་པ་དུས་གསུམ་དུས་མེད་ཆེན་པོར་སོགས། འགགས་པ་སོགས།༠༣ བཞི་པ་སྔ་ཕྱི་རིས་མེད་སོགས། དགག་སྒྲུབ་སོགས།༡༠ ལྔ་པ་གདོད་ནས་རྣམ་དག །ཡེ་ནས་སོགས།༢༡ དྲུག་པ་བརྟགས་དཔྱད་གཉིས་མེད་སོགས། བརྟགས་པས་སོགས།༡༠ བདུན་པ་གྲུབ་མཐའི་ཡུལ་འདས་སོགས། རྟོག་གེ་སོགས།༡༡ བརྒྱད་པ་བློ་བྲལ་བརྗོད་མེད་སོགས། འདིར་ནི་སོགས།༢༠ དགུ་པ་བློས་བཏགས་དོན་མེད་སོགས། ཇི་ལྟར་སོགས།༡༠ བཅུ་པ་དམིགས་འཛིན་འཆིང་ཞེན་ཆེན་པོར་སོགས། གང་ཡང་སོགས།༡༠ བཅུ་གཅིག་པ་འཛིན་མེད་གནས་ལུགས་སོགས། གདོད་ནས༠༥བཅུ་གཉིས་པ་ཤར་གྲོལ་ཆོས་སྐུའི་རོལ་བར་བསྟན་པ། གཞི་ནས་སོགས།༡༠ བཅུ་གསུམ་པ་གང་ཤར་གཞི་མེད་ཆེན་པོར་བསྟན་པ། གང་དུ་སོགས།༡༠ བཞི་པ་དེ་ཉིད་རྟོགས་པའི་ཚུལ་ཆེན་བསྟན་པ། མཁའ་བཞིན་སོགས།༡༠ བཅོ་ལྔ་པ་ཀློང་གྱུར་རྟོགས་པའི་རྩལ་ཆེན་བསྟན་པ། དེ་ཉིད་སོགས།༠༧ གསུམ་པ་གཟུང་འཛིན་ཡེ་སྟོང་རྩ་བྲལ་དུ་དོན་བསྡུ་བ་ལ་བཅུ་གསུམ། དང་པོ་ཡུལ་སྣང་རང་བཞིན་སྟོང་པར་བསྟན་པ། ཀྱེ་ཧོ་སོགས།༡༠ གཉིས་པ་སེམས་ཉིད་གཞི་མེད་རྩ་བྲལ་དུ་བསྟན་པ། དེ་ཉིད་སོགས།༠༦ གསུམ་པ་གཉིས་མེད་རིས་མེད་སྟོང་པར་བསྟན་པ། ཡུལ་སེམས་སོགས།༡༠ བཞི་པ་ཡུལ་སེམས་གཏད་མེད་ཕྱོགས་བྲལ་དུ་བསྟན་པ། ཡུལ་ལ་སོགས།༠༣ ལྔ་པ་ཐམས་ཅད་མཉམ་ཉིད་གཞི་རྫོགས་སུ་སོགས། འདི་ལྟར་སོགས།༠༦ དྲུག་པ་ཕྱི་ནང་ཆོས་ཉིད་ཀུན་བཟང་དུ་སོགས། སྣང་སྲིད་སོགས།༠༥ བདུན་པ་དབྱིངས་གཅིག་གདོད་ནས་མཁའ་མཉམ་དུ་བསྟན་པ། སྣང་དང་སོགས།༠༦ བརྒྱད་པ་གཟུང་འཛིན་འབྲེལ་མེད་སྒྲོ་བཏགས་སུ་བསྟན་པ། བློ་ཡིས་སོགས།༡༠ དགུ་པ་ཡུལ་སེམས་འབྲེལ་མེད་སྟོང་པར་སོགས། ཇི་ལྟར་སོགས།༠༦ བཅུ་པ་གཞི་གྲོལ་ཡང་མཉམ་དབྱིངས་གཅིག་ཏུ་བསྟན་པ། ཡུལ་རྣམས་སོགས།༡༠ བཅུ་གཅིག་པ་ཆོས་རྣམས་དབྱིངས་གཅིག་སྟོང་མཉམ་དུ་སོགས། འཁོར་འདས་སོགས།༢༤ བཅུ་གཉིས་པ་ཐམས་ཅད་གཉིས་མེད་རང་བཞག་ཏུ་སོགས། སྣ་ཚོགས་སོགས།༡༠ བཅུ་གསུམ་པ་རིག་སྟོང་རྣམ་ཡན་ཆོས་སྐུར་སོགས། གཏད་མེད་སོགས།༠༣ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན་རྫོགས་པ་ཆེན་པོའི་ལེའུ་བཅུ་པའི་བསྡུས་དོན་ཚང་ངོ་།། ༈ བཅུ་གཅིག་པ་རང་བཞིན་ལམ་གྱི་སྒོམ་ཚུལ་བསམ་གཏན་དྲི་མ་མེད་པའི་ལེའུ་ལ་གསུམ། དང་པོ་ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། དང་པོ་ནི། དེ་ལྟར་སོགས། ༠༢གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། དབང་པོ་གསུམ་གྱི་རིམ་པ་མདོར་བསྟན། འབྲིང་དང་ཐ་མའི་རིམ་པ་རྒྱས་པར་བཤད། ས་དང་ལམ་གྱི་རིམ་པས་དོན་བསྡུ་བའོ། །དང་པོ་དབང་པོ་གསུམ་གྱི་རིམ་པ་མདོར་བསྟན་པ་ལ་གསུམ། དབང་པོ་རབ་ཀྱི་རིམ་པ། འབྲིང་དང་ཐ་མའི་རིམ་པ། དབང་པོ་གསུམ་གྱི་དོན་བསྡུ་བའོ། །དང་པོ་དབང་པོ་རབ་ལ་གཉིས། དང་པོ་རྟོགས་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྟན་པ། དེ་ཡང་སོགས།༡༡ གཉིས་པ་ཀློང་གྱུར་རྟོགས་པའི་གདེང་ཚད་བསྟན་པ། ཐུན་མཚམས་སོགས།༢༠ འབྲིང་དང་ཐ་མའི་རིམ་པ་ལ་གསུམ། དང་པོ་ཆེད་དུ་རྩོལ་བས་སྒོམ་པའི་འཐད་པ་དགོད་པ། འབྲིང་དང་སོགས།༠༣ གཉིས་པ་མ་བསྒོམས་འཁོར་བར་འཁྱམས་པས་སྒོམ་དགོས་པའི་རྒྱུ་མཚན་སོགས། ཁྱད་པར་སོགས།༠༤ གསུམ་པ་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་དགོས་ཆེད་བསྟན་པ། ཞི་གནས་སོགས།༠༢ གསུམ་པ་དབང་པོ་གསུམ་གྱི་དོན་བསྡུ་བ་ནི། དེས་ན་སོགས།༢༢ དོན་གཉིས་པ་འབྲིང་དང་ཐ་མའི་རིམ་པ་རྒྱས་པར་བཤད་པ་ལ་གསུམ། དབང་པོ་འབྲིང་གི་སྒོམ་ཚུལ། ཐ་མའི་སྒོམ་ཚུལ། སྒོམ་པ་ཐོབ་པའི་ཏིང་ངེ་འཛིན་གྱི་དབྱེ་བའོ། །དང་པོ་འབྲིང་གི་སྒོམ་ཚུལ་ལ་གསུམ། རྣམ་པར་མི་རྟོག་པའི་ཡེ་ཤེས་སྒོམ་པར་གདམས་པ། དེའི་དོན་ལ་ཇི་ལྟར་སྒོམ་པ་དངོས་བསྟན་པ། ཡེ་ཤེས་བཞིའི་འཆར་ཚུལ་བསྟན་པའོ། །དང་པོ་རྣམ་པར་མི་རྟོགས་པའི་ཡེ་ཤེས་སྒོམ་པར་གདམས་པ་ལ་ལྔ། དང་པོ་མཉམ་པར་འཇོག་པའི་འཐད་པ་དགོད་པ། ད་ནི་སོགས།༢༠ གཉིས་པ་མཐའ་བྲལ་སྒོམ་པའི་མན་ངག་བསྟན་པ། ལུས་ནི་སོགས།༡༠ གསུམ་པ་དེ་ལས་སྐྱེས་པའི་ཉམས་མྱོང་བསྟན་པ། དེ་ཚེ་སོགས།༡༠ བཞི་པ་དེ་ཚེ་རྟོགས་པའི་འཁྲུངས་ཚུལ་བསྟན་པ། སྣང་དང་སོགས།༠༥ ལྔ་པ་དེ་ཉིད་དོན་ལ་སྒོམ་པར་གདམས་པ། འདི་ནི་སོགས།༡༠ གཉིས་པ་དེའི་དོན་ལ་ཇི་ལྟར་སྒོམ་པ་དངོས་བསྟན་པ་ལ་དགུ། དང་པོ་སྟོང་གསལ་མཁའ་ལྟར་དག་པའི་སྒོམ་ཚུལ། སེམས་ཉིད་སོགས།༡༠ གཉིས་པ་དྭངས་གསལ་རྒྱ་མཚོ་ལྟ་བུའི་སོགས། དྭངས་ཤིང་སོགས།༠༣ གསུམ་པ་ནམ་མཁའི་སྤྲིན་དཔེས་ལྟ་བུའི་སོགས། སྟོང་ཞིང་སོགས།༠༢ བཞི་པ་མི་གཡོ་རི་རྒྱལ་ལྟ་བུའི་སོགས། བརྟན་ཞིང་སོགས།༠༢ ལྔ་པ་གསལ་དག་མེ་ལོང་དག་ཅིང་སོགས།༠༢ དྲུག་པ་སྟོང་གསལ་འཇའ་ཚོན་སོགས། ཡེ་གྲོལ་སོགས། ༠༢བདུན་པ་མ་ཡེངས་མདའ་མཁན་སོགས། གཞན་དུ་སོགས།༠༢ བརྒྱད་པ་བློ་བདེ་ལས་ཟིན་སོགས། ཐག་ཆོད་སོགས།༠༢ དགུ་པ་ཞི་ལྷག་ཟུང་དུ་འབྲེལ་བའི་སྒྲུབ་བྱེད་བསྟན་པ། འདི་ནི་སོགས།༠༥ གསུམ་པ་ཡེ་ཤེས་བཞིའི་འཆར་ཚུལ་ངེས་པ་ལ་བཞི། དང་པོ་སྣང་བའི་ཡེ་ཤེས་ལ་གཉིས། དང་པོ་ཡེ་ཤེས་དངོས། དེ་ཚེ་ཟབ་ཞི་སོགས།༡༠ གཉིས་པ་དེའི་ཡོན་ཏན། དེ་ཉིད་སོགས།༠༧ གཉིས་པ་མཆེད་པའི་ཡེ་ཤེས་ལའང་གཉིས། དང་པོ་ཡེ་ཤེས་དངོས། དེ་ནས་སོགས།༠༧ གཉིས་པ་ཡོན་ཏན་བརྗོད་པ། དེ་ཚེ་སོགས།༢༠ གསུམ་པ་ཐོབ་པའི་ཡེ་ཤེས། དེ་ནས་སོགས།༠༧ བཞི་པ་ཉེ་བར་ཐོབ་པའི་ཡེ་ཤེས་ལ་གཉིས། དང་པོ་ཉམ་རྟག །དེ་ལས་ཆེས་སོགས།༠༧ གཉིས་པ་ཡེ་ཤེས་དངོས། རྩ་ཁམས་སོགས།༠༦ གཉིས་པ་ཐ་མའི་སྒོམ་ཚུལ་ལ་གསུམ། ཞི་ལྷག་གི་གནས་ལ་སྤྱིར་གདམས། སོ་སོའི་རིམ་པ་བྱེ་བྲག་ཏུ་བཤད་པ། ཟུང་འཇུག་གི་ཁྱད་པར་ངོས་བཟུང་བའོ། །དང་པོ་ཞི་ལྷག་གི་གནས་སྤྱིར་གདམས་པ་ནི། དབང་པོ་སོགས།༡༠ གཉིས་པ་སོ་སོའི་རིམ་པ་ལ་གཉིས། ཞི་གནས་དང་ལྷག་མཐོང་ངོ་། །དང་པོ་ཞི་གནས་ལ་གསུམ། དང་པོ་སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱིས་ལུས་སེམས་ཁོད་མཉམ་པ། ཐོག་མར་སོགས།༡༠ གཉིས་པ་ཡོངས་སུ་བཟུང་བའི་ཏིང་ངེ་འཛིན་གྱིས་མཉམ་པར་བཞག་པ། དེ་ནས་སོགས།༡༦ ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་གྱིས་དབང་བསྒྱུར་བ། དེ་ལྟར་སོགས།༠༥ གཉིས་པ་ལྷག་མཐོང་ལ་གཉིས་ཏེ། ཕྱི་གཟུང་བ་རང་བཞིན་མེད་པར་བརྟགས་པ་དང་། ནང་འཛིན་རང་བཞིན་མེད་པར་བསམ་པའོ། །དང་པོ་གཟུང་བ་རང་བཞིན་མེད་པར་བརྟགས་པ་ལ་གཉིས། དང་པོ་གཟུང་ཡུལ་སྣང་སྟོང་རྩ་བྲལ་དུ་བསྟན་པ། དེ་ནས་སོགས།༠༦ གཉིས་པ་དེའི་ངང་ལ་འཛིན་མེད་དུ་མཉམ་པར་བཞག་པ། ཐམས་ཅད་སོགས།༡༠ གཉིས་པ་འཛིན་པ་རང་བཞིན་མེད་པར་བསམ་པ་ལ་བཞི། དང་པོ་སེམས་དང་སེམས་བྱུང་རང་ངོ་བརྟགས་པ། དེ་ནས་སོགས།༠༥ གཉིས་པ་སྟོང་པར་རྟོགས་པས་རྩ་བ་བཅད་པ། སེམས་ནི་སོགས།༡༢ གསུམ་པ་དེའི་ངང་ལ་སྒོམ་ཚུལ་བསྟན་པ། དེ་ཚེ་སོགས།༡༠ བཞི་པ་དེ་ལྟར་བསྒོམ་པའི་དགོས་པ་བརྗོད་པ། དེ་ཡི་སོགས།༠༢ གསུམ་པ་ཟུང་འཇུག་གི་ཁྱད་པར་ངོས་བཟུང་བ་ལ་གསུམ། ཟུང་འཇུག་དོན་གྱི་སྒོམ་ཚུལ། འོད་གསལ་རྟོགས་པའི་འཆར་ཚུལ། ཞི་ལྷག་ངེས་པའི་རང་བཞིན་ནོ། །དང་པོ་ནི་ཟུང་འཇུག་དོན་གྱི་སྒོམ་ཚུལ་ལ་གསུམ། དང་པོ་གནས་ལུགས་དོན་གྱི་ཟུང་འཇུག །དེ་ནས་སོགས། ༠༢གཉིས་པ་གཉིས་མེད་བློའི་སྒོམ་ཚུལ། གཉིས་སུ་སོགས།༠༦ གསུམ་པ་དྲོད་རྟགས་ཡོན་ཏན་གྱི་སྐྱེ་ཚུལ། དེ་ཡིས་སོགས།༡༠ གཉིས་པ་འོད་གསལ་ལ་གསུམ། དང་པོ་སེམས་ཉིད་གཞིའི་འོད་གསལ། དེ་ཚེ་སོགས།༠༢ གཉིས་པ་དེ་ཉིད་བློའི་རྟོགས་ཚུལ། གཟུང་ཡུལ་སོགས།༠༥ གསུམ་པ་གནས་ལུགས་ངང་དུ་ཕྱིན་ཚུལ། འཛིན་མེད་སོགས།༡༠ གསུམ་པ་ཞི་ལྷག་ངེས་པའི་རང་བཞིན་ལ་གསུམ། དང་པོ་ངོ་བོ་ངེས་པའི་གྲུབ་ཚུལ། གནས་པས་སོགས།༠༣ གཉིས་པ་རང་བཞིན་ངེས་པའི་སྒོམ་ཚུལ་ལྷག་མཐོང་སོགས།༠༢ གསུམ་པ་གནས་ལུགས་ངེས་པའི་སྐྱེས་ཚུལ། གང་ཚེ་སོགས།༡༠ དོན་གསུམ་པ་བསྒོམས་པས་ཐོབ་པ་ཏིང་འཛིན་གྱི་རང་བཞིན་ལ་གསུམ། སེམས་ཉིད་ཡོན་ཏན་གྱི་འཆར་གཞི་མདོར་བསྟན། དེ་ལས་ཤར་བའི་ཡོན་ཏན་དངོས་རྒྱས་པར་བཤད། ཞི་ལྷག་ངེས་པས་དོན་བསྡུ་བའོ། །དང་པོ་ནི། རང་བཞིན་སོགས།༡༠ གཉིས་པ་ལ་གཉིས། སྙོམས་འཇུག་དགུའི་སྒོམ་ཚུལ་དང་། ཏིང་ངེ་འཛིན་གྱི་ཐོབ་ཚུལ་ལོ། །དང་པོ་སྙོམས་དགུའི་སྒོམ་ཚུལ་ལ་གསུམ། དང་པོ་བསམ་གཏན་བཞིའི་སྒོམ་ཚུལ། རང་ས་སོགས།༢༡ གཉིས་པ་ལྷག་མ་ལྔའི་སྒོམ་ཚུལ། དེ་ལས་སོགས།༢༢ གསུམ་པ་མངོན་ཤེས་རྫུ་འཕྲུལ་ཐོབ་ཚུལ། དེ་ལྟར་སོགས།༢༠ གཉིས་པ་ཏིང་ངེ་འཛིན་གྱི་ཐོབ་ཚུལ། དེ་ཚེ་སོགས།༡༢ གསུམ་པ་ཞི་ལྷག་ངེས་པས་དོན་བསྡུ་བ། ལྷག་མཐོང་སོགས།༠༣ དོན་གསུམ་པ་ས་དང་ལམ་གྱི་ཡོན་ཏན་ལ་དྲུག་ལས། དང་པོ་ཚོགས་ལམ་ལ་གསུམ། དང་པོ་ཆུང་ངུ་། ལམ་ལྔའི་སོགས།༠༣ གཉིས་པ་འབྲིང་། འབྲིང་དུ་སོགས།༠༢ གསུམ་པ་ཆེན་པོ། ཆེན་པོར་སོགས།༡༢ གཉིས་པ་སྦྱོར་ལམ། སྦྱོར་ལམ་སོགས།༡༠ གསུམ་པ་མཐོང་ལམ། མཐོང་བའི་སོགས།༡༠ བཞི་པ་སྒོམ་ལམ། སྒོམ་ལམ་སོགས།༠༣ ལྔ་པ་མི་སློབ་པའི་ལམ། དེ་ལྟར་སོགས།༠༣ དྲུག་པ་ས་ལམ་བགྲོད་པའི་ངེས་བཟུང་། འདི་ལྟར་སོགས།༡༣ ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་སོགས། ལེའུ་བཅུ་གཅིག་པའི་བསྡུས་དོན་ཚང་ངོ་།། ༈ བཅུ་གཉིས་པ་སྒྲུབ་ཚུལ་ཐབས་ལ་མཁས་པའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༠༢ གཉིས་པ་ལེའུ་དངོས་ཀྱི་དོན་ལ་གཉིས། སྒྲུབ་ཚུལ་གསུམ་གྱི་ངོ་བོ་མདོར་བསྟན་དང་། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་ནི། གང་གིས་སོགས།༠༣ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། གང་གིས་སྒྲུབ་པའི་གང་ཟག །ཇི་ལྟར་སྒྲུབ་པའི་ཐབས། གང་སྒྲུབ་པའི་ངོ་བོ་བསྟན་པའོ། །དང་པོ་གང་གིས་སྒྲུབ་པའི་གང་ཟག་ལ་ལྔ། དང་པོ་བསྲིང་བ་གཉིས་ལྡན་གྱིས་འགྲུབ་པ། གང་གིས་སོགས།༡༠ གཉིས་པ་རང་རྒྱུད་དག་པས་སོགས། དད་ལྡན་སོགས།༡༠ གསུམ་པ་རང་སེམས་དང་པས་སོགས། ལུས་སེམས་སོགས།༡༠ བཞི་པ་ངང་གིས་དབེན་པས་སོགས། གྲོང་དང་སོགས།༡༠ ལྔ་པ་ངེས་པར་འབྱུང་བས་འགྲུབ་པ། ཚེ་འདིའི་སོགས།༡༠ གཉིས་པ་ཇི་ལྟར་སྒྲུབ་པའི་ཐབས་ལ་བཞི། ཞི་ལྷག་སྒྲུབ་ཚུལ་གྱི་གོ་དོན་སྤྱིར་བཞག །ཞི་གནས་གྲུབ་པའི་ཐབས་བྱེ་བྲག་ཏུ་བསྟན། ལྷག་མཐོང་སྒྲུབ་པའི་ཐབས་རྒྱ་ཆེར་བཤད། ཟུང་འཇུག་སྒྲུབ་པའི་ཐབས་རབ་ཏུ་དབྱེ་བའོ། །དང་པོ་ཞི་ལྷག་སྒྲུབ་ཚུལ་གྱི་གོ་དོན་ལ་གསུམ། དང་པོ་བསམ་གཏན་གྱི་སྒྲིབ་པ་ལྔ་སྤང་བར་གདམས་པ། ཇི་ལྟར་སྒྲུབ།༠༦ གཉིས་པ་དེའི་གཉེན་པོ་བསྟེན་པར་གདམས་པ། དེ་ལྟར་སོགས།༠༣ གསུམ་པ་ཟུང་འབྲེལ་སྒྲུབ་པའི་གཉེན་པོར་བསྟན་པ། ཞི་གནས་སོགས།༠༣ གཉིས་པ་ཞི་གནས་སྒྲུབ་པ་ལ་བཞི་སྟེ། དང་པོ། དལ་ལ་མ་ཡེངས་པ་ཐབས་ཀྱི་མཆོག་ཏུ་བསྟན་པ། ཞི་གནས་སོགས།༡༠ གཉིས་པ་དམིགས་རྟེན་ཡུལ་གྱི་བྱེ་བྲག་བསྟན་པ། དེ་ཡང་སོགས།༠༦ གསུམ་པ་རྣམ་པ་བློའི་འཇོག་ཚུལ་བསྟན་པ། དམིགས་ཡུལ་སོགས།༠༢ བཞི་པ་རྩལ་སྦྱོང་བོགས་ཀྱི་འབྱིན་ཚུལ་བསྟན་པ། དེ་ཡིས་སོགས།༠༥ གསུམ་པ་ལྷག་མཐོང་སྒྲུབ་པ་ལ་གསུམ། དང་པོ་གསལ་དང་ཕྱེད་ལ་མ་ཡེངས་པ་ཐབས་ཀྱི་མཆོག་ཏུ་བསྟན་པ། ལྷག་མཐོང་སོགས།༠༣ གཉིས་པ་དམིགས་རྣམ་ངེས་པའི་སྒོམ་ཚུལ་བསྟན་པ། དེ་ཡང་སོགས།༡༠ གསུམ་པ་རྩལ་སྦྱོང་བོགས་ཀྱི་འབྱིན་ཚུལ་བསྟན་པ། སྟེངས་ན་སོགས།༢༢ གཉིས་པ་ཟུང་འཇུག་སྒྲུབ་པའི་ཐབས་ལ་ལྔ། དང་པོ་ཕྱམ་བརྡལ་འཛིན་མེད་ཐབས་ཀྱི་མཆོག་ཏུ་བསྟན་པ། ཟུང་འཇུག་སོགས། ༠༣གཉིས་པ་དམིགས་རྣམ་ངེས་པའི་སྒོམ་ཚུལ་བསྟན་པ། ཇི་ལྟར་སོགས།༡༠ གསུམ་པ་གེགས་ཀྱི་དྲི་མ་སེལ་ཐབས། སྟེངས་ན་སོགས།༠༢ བཞི་པ་བོགས་འབྱིན་གནད་ཀྱི་མན་ངག །བོག་འབྱིན་སོགས།༠༣ ལྔ་པ་རྩལ་སྦྱོང་ཟབ་དོན་སྙིང་པོ། ཕྱི་རོལ་སོགས།༡༠ གསུམ་པ་གང་སྒྲུབ་པའི་ངོ་བོ་བསྟན་པ་ལ་བརྒྱད། ངོ་བོ་བརྗོད་བྲལ་དོན་གྱི་ངོ་བོ་བསྟན་པ། གཉིས་མེད་སོགས།༠༥ གཉིས་པ་སྣ་ཚོགས་དུ་མ་རོ་གཅིག་ཏུ་སོགས། ཇི་ལྟར་གཟུགས་སོགས།༠༢ གསུམ་པ་འཆར་ཚུལ་ངང་དང་སྐྱེ་མེད་དུ་སོགས། ཇི་ལྟར་སྤྲིན་སོགས།༠༢ བཞི་པ་ཉམ་རྟགས་རོལ་བའི་རྩལ་སྣང་དུ་སོགས། ཇི་ལྟར་ཆུ་བོ་སོགས།༠༢ ལྔ་པ་འཁོར་འདས་རིག་པའི་རང་སྣང་དུ། ཇི་ལྟར་སྒྱུ་མ་སོགས།༠༢ དྲུག་པ་ཆོས་རྣམས་ཡེ་གྲོལ་དབྱེར་མེད་དུ་སོགས། ཇི་ལྟར་ཕྱོགས་སོགས།༡༠ བདུན་པ་སྣང་སེམས་སྒྱུ་མ་གཉིས་མེད་དུ་སོགས། ཇི་ལྟར་སྣ་ཚོགས་སོགས།༡༠ བརྒྱད་པ་རིག་སྟོང་ཆོས་དབྱིངས་ཁྱབ་བརྡལ་དུ་སོགས། ཇི་ལྟར་ཚོགས་པ་སོགས།༡༠ དོན་གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན་བཤད་པ། རྫོགས་པ་ཆེན་པོ་སོགས། ལེའུ་བཅུ་གཉིས་པའི་ས་བཅད་ཚང་ངོ་།། ༈ བཅུ་གསུམ་པ་འབྲས་བུ་ལྷུན་གྲུབ་ཆེན་པོའི་ལེའུ་ལ་གསུམ་སྟེ། ལེའུ་ལ་འཇུག་པ་རྒྱུའི་དོན། ལེའུ་དངོས་ཀྱི་དོན། ལེའུ་རྫོགས་པ་མཇུག་གི་དོན་ནོ། །དང་པོ་ནི། དེ་ལྟར་སོགས།༡༢ གཉིས་པ་ལེའུ་དངོས་ཀྱི་དོན་ལ་གསུམ། བཞི་པ་བྱང་ཆུབ་བརྙེས་ཚུལ་སྤྱིར་བསྟན། སྐུ་ལྔ་ལྷུན་གྲུབ་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད། ནང་དབྱིངས་རྣམ་དག་གི་འཆར་གཞིའི་དོན་བསྡུ་བའོ། །དང་པོ་ཞི་བ་བྱང་ཆུབ་བརྙེས་ཚུལ་ལ་གཉིས། དང་པོ་དག་པ་གཉིས་ལྡན་ཆོས་དབྱིངས་བརྙེས་ཚུལ། སེམས་དང་སོགས།༡༠ གཉིས་པ་ཞི་བ་ནང་དབྱིངས་ལས་རྟག་ཏུ་མི་གཡོ་བར་བསྟན་པ། ཤིན་ཏུ་སོགས།༡༠ གཉིས་པ་སྐུ་ལྔ་ལྷུན་གྲུབ་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་གསུམ། སྣང་དབྱིངས་སྐུ་གསུམ་གྱི་རང་བཞིན་མདོར་བསྟན་པ། རང་སྣང་ལོངས་སྐུའི་ཞིང་ཁམས་རྒྱས་པར་བཤད་པ། ཕྱིར་སྣང་སྤྲུལ་སྐུའི་རབ་དབྱེ་རྒྱ་ཆེར་བཤད་པའོ། །དང་པོ་ལ་གཉིས། རྣམ་དབྱེ་སྤྱིར་བསྟན་པ་དང་། དབྱིངས་ལས་གཞན་དུ་མི་སྣང་བར་བསྟན་པའོ། །དང་པོ་རྣམ་དབྱེ་སྤྱིར་བསྟན་པ་ལ་གསུམ། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། ཆོས་ཉིད་སོགས།༡༠ གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། རང་བཞིན་སོགས།༠༦ གསུམ་པ་ཞི་བ་ཆོས་སྐུ་ནི། ཤེས་བྱའི་སོགས།༢༡ གཉིས་པ་དབྱིངས་ལས་གཞན་དུ་མི་སྣང་བར་བསྟན་པ་ལ་གསུམ། དང་པོ་རྒྱལ་བ་ཁོ་ནའི་སྤྱོད་ཡུལ་དུ་བསྟན་པ། འདི་དག་སོགས།༠༦ གཉིས་པ་གཟིགས་སྣང་ཀུན་ལས་འདས་པར་བསྟན་པ། ཆོས་དབྱིངས་སོགས།༠༥ གསུམ་པ་གནས་ལུགས་རྫོགས་རིམ་མཐར་ཐུག་བསྟན་པ། འདི་ནི་སོགས།༠༢ གཉིས་པ་རང་སྣང་ལོངས་སྐུའི་ཞིང་ཁམས་བཤད་པ་ལ་གསུམ། དང་པོ་ཕུན་སུམ་ཚོགས་པ་ལྔའི་ངོ་བོ་མདོར་བསྟན། དེའི་རང་བཞིན་རྒྱས་པར་བཤད། སྐབས་དོན་ངེས་པར་དོན་བསྡུ་བའོ། །དང་པོ་མདོར་བསྟན་ནི། དེ་ཉིད་སོགས།༠༢ གཉིས་པ་རྒྱས་པར་བཤད་པ་ལ་ལྔ། གནས། དུས་སོགས། སྟོན་པ། ཆོས། འཁོར་ཕུན་སུམ་ཚོགས་པའོ། །དང་པོ་གནས་ལ་གསུམ། དང་པོ་ཞིང་དང་གཞལ་ཡས་ཁང་གི་སྣང་ཚུལ། གནས་ནི་སོགས།༠༧ གཉིས་པ་རྒྱན་དང་བཀོད་པའི་ཁྱད་པར། འཕན་གདུགས་སོགས།༢༡ གསུམ་པ་གདན་ཁྲིའི་རང་བཞིན། ཀུན་གྱི་ནང་ན་སོགས།༠༢ གཉིས་པ་དུས་ཕུན་སུམ་ཚོགས་པ་ནི་སོགས། དུས་ནི་སོགས།༡༠ གསུམ་པ་སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་སོགས། ༣༠བཞི་པ་ཆོས་ཕུན་སུམ་ཚོགས་པ་ནི། ཆོས་ནི་སོགས།༢༠ ལྔ་པ་འཁོར་ཕུན་སུམ་ཚོགས་པ་ལ་གཉིས། དང་པོ་ཞི་བའི་འཁོར་ནི་སོགས། འཁོར་ནི་སོགས།༢༠ གཉིས་པ་ཁྲོ་བོའི་འཁོར་ནི། ཁྲོ་བོ་སོགས།༠༦ གསུམ་པ་དོན་བསྡུས་བ་ལ་བཞི། དང་པོ་དཀྱིལ་འཁོར་གཞན་ཡང་ཚུལ་འདིས་དཔག་པ། གཞན་ཡང་སོགས།༡༠ གཉིས་པ་བདེ་གཤེགས་ལོངས་སྐུའི་སྣང་བར་བསྟན་པ། དེ་ལྟར་སོགས།༠༦ གསུམ་པ་གདུལ་བྱའི་སྣང་ཡུལ་མིན་པར་བསྟན་པ། དེ་ལྟར་སོགས།༠༢ བཞི་པ་དུས་གསུམ་རྒྱལ་བའི་རང་སྣང་དུ་བསྟན་པ། རང་སྣང་སོགས།༠༢ གསུམ་པ་ཕྱིར་སྣང་སྤྲུལ་སྐུའི་རབ་ཏུ་དབྱེ་བ་ལ་གཉིས། དང་པོ་མདོར་བསྟན་ནི། དེ་ཉིད་སོགས།༡༠ གཉིས་པ་རྒྱས་པར་བཤད་པ་ལ་གསུམ། རང་བཞིན་སྤྲུལ་སྐུ། འགྲོ་འདུལ་སྤྲུལ་སྐུ། སྣ་ཚོགས་སྤྲུལ་སྐུའོ། །དང་པོ་ནི་རང་བཞིན་སྤྲུལ་སྐུ་ལ་གསུམ། འདུལ་བྱེད་སྟོན་པའི་རང་བཞིན་སྤྱིར་བསྟན། འཁོར་དུས་རིགས་ལྔའི་རང་བཞིན་བྱེ་བྲག་ཏུ་བཤད། གནས་སྐབས་ངེས་པའི་རང་བཞིན་དོན་བསྡུ་པའོ། །དང་པོ་འདུལ་བྱེད་སྟོན་པའི་རང་བཞིན་ལ་གཉིས། རྟེན་སྐུའི་སྣང་ཚུལ་དང་། བརྟེན་པ་ཡེ་ཤེས་ཀྱི་གནས་ཚུལ་ལོ། །དང་པོ་སྐུའི་སྣང་ཚུལ་ནི། དེ་ཡང་སོགས།༠༧ གཉིས་པ་ཡེ་ཤེས་ཀྱི་གནས་ཚུལ་ལ་གཉིས། དང་པོ་མདོར་བསྟན་པ་ནི། དེ་ཡང་སོགས།༠༥ གཉིས་པ་རྒྱས་པར་བཤད་པ་ལ་ལྔ། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཆོས་དབྱིངས་སོགས། ༠༢གཉིས་པ་མེ་ལོང་ཡེ་ཤེས། མེ་ལོང་སོགས།༠༢ གསུམ་པ་མཉམ་ཉིད་ཡེ་ཤེས། མཉམ་ཉིད་སོགས། ༠༢བཞི་པ་སོ་སོར་རྟོགས་པའི་ཡེ་ཤེས། ཀུན་རྟོགས་སོགས།༠༢ ལྔ་པ་བྱ་གྲུབ་ཡེ་ཤེས། བྱ་གྲུབ་སོགས།༠༢ གཉིས་པ་འཁོར་དུས་རིགས་ལྔའི་རང་བཞིན་ལ་བདུན། དང་པོ་འཁོར་གྱི་སྒྲིབ་པ་སྦྱོང་ཚུལ། གདུལ་བྱའི་སོགས།༢༠ གཉིས་པ་རྟག་ཏུ་གཞན་དོན་མཛད་ཚུལ། དུས་ནི་སོགས།༠༢ གསུམ་པ་རིགས་ལྔར་འཐད་པའི་རང་བཞིན། དེ་ལྟར་སོགས།༡༠ བཞི་པ་དེའི་ཁྱད་པར་སྣང་ཚུལ། དེ་བཞིན་སོགས།༠༣ ལྔ་པ་ཕྱེད་སྣང་སྤྲུལ་སྐུའི་ངེས་ཚིག །དེ་ལྟར་སོགས།༠༧ དྲུག་པ་ཞིང་ཁམས་དེའི་སྣང་ཚུལ། ཞིང་དེ་སོགས།༠༧ བདུན་པ་མཁའ་སྤྱོད་ཚུལ་འདིར་བསྡུ་ཚུལ། དེ་བཞིན་སོགས།༠༧ གཉིས་པ་འགྲོ་འདུལ་སྤྲུལ་སྐུ་ལ་གསུམ། འགྲོ་འདུལ་སྤྲུལ་བའི་རང་བཞིན་བསྟན་པ། དེ་ལ་བརྟེན་པའི་ཡེ་ཤེས་བསྟན་པ། དེ་ཉིད་ངེས་པའི་རྒྱུ་མཚན་བསྟན་པའོ། །དང་པོ་འགྲོ་འདུལ་སྤྲུལ་པའི་རང་བཞིན་བསྟན་པ་ལ་གསུམ། དང་པོ་ཐུབ་པ་དྲུག་གི་རང་བཞིན་བསྟན་པ། དེ་ཉིད་སོགས།༠༧ གཉིས་པ་རེ་རེའང་དཔག་མེད་མཐའ་ཡས་པར་བསྟན་པ། དེ་ཡང་སོགས།༠༥ གསུམ་པ་དེའི་རྒྱུ་མཚན་འཐད་པ་འགོད་པ། མི་ལའང་སོགས།༢༡ གཉིས་པ་དེ་ལ་བརྟེན་པའི་ཡེ་ཤེས་ལ་གཉིས། དང་པོ་ཡེ་ཤེས་ཀྱི་ངོ་བོ་བསྟན་པ། དེ་ལྟར་སོགས།༡༠ གཉིས་པ་ཡེ་ཤེས་གཉིས་ཀྱི་དབྱེ་བ་བསྟན་པ། ཇི་ལྟའི་སོགས།༡༠ གསུམ་པ་དེ་ཉིད་ངེས་པའི་རྒྱུ་མཚན་བསྟན་པ་ལ་གསུམ། དང་པོ་མ་དག་གདུལ་བྱའི་སྟོན་པར་བསྟན་པ། འདི་ནི་སོགས།༠༥ གཉིས་པ་འགྲོ་སེམས་མཐུན་པའི་ལས་སྣང་དུ་བསྟན་པ། དེ་ལྟར་སོགས།༠༧ གསུམ་པ་ཐུགས་རྗེ་སྤྲུལ་བའི་བྱིན་རླབས་བསྟན་པ། འདི་ནི་སོགས།༠༢ གསུམ་པ་སྣ་ཚོགས་སྤྲུལ་སྐུ་ལ་གཉིས། དང་པོ་སྤྲུལ་སྐུའི་སྣང་ཚུལ། དེ་ཉིད་སོགས།༧༡ གཉིས་པ་འགྲོ་དོན་མཛད་ཚུལ། གནས་སྐབས་སོགས།༠༣ དོན་གསུམ་པ་དབྱིངས་རྣམ་དག་གི་འཆར་གཞི་དོན་བསྡུ་བ། གདུལ་བྱ་སོགས། ༠༧གསུམ་པ་ལེའུ་རྫོགས་པ་མཇུག་གི་དོན་ལ་གཉིས། དང་པོ་སྐབས་ཀྱི་དགེ་བ་བསྔོ་བ། དེ་ལྟར་སོགས།༡༠ གཉིས་པ་ལེའུའི་མཚན། རྫོགས་པ་ཆེན་པོ་སོགས། ལེའུ་བཅུ་གསུམ་པའི་བསྡུས་དོན་ཚང་ངོ་།། ༈ སྤྱི་དོན་གསུམ་པ་མཐར་ཕྱིན་པ་མཇུག་གི་དོན་ལ་ལྔ། དགེ་བ་གཞན་དུ་བསྔོ་བ། དེ་ལྟར་ལེགས་བཤད་སོགས།༡༠ གཉིས་པ་ལེགས་བཤད་བརྩམ་པའི་འཐད་པ་འགོད་པ། དེང་སང་སོགས།༡༠ གསུམ་པ་གཞན་དོན་དུ་བསྟན་བཅོས་ཇི་ལྟར་རྩོམ་ཚུལ། འདི་ནི་རྒྱུ་འབྲས་སོགས།༡༠ བཞི་པ་བསྟན་བཅོས་བཀྲ་ཤིས་ཤིང་དགེ་བ་རླབས་ཆེ་བར་བསྔོ་བ། དགེ་བ་དེ་ཡིས་སོགས།༡༠ ལྔ་པ་ཡོངས་སུ་རྫོགས་པའི་སྦྱར་ཚུལ། རྫོགས་པ་ཆེན་པོ་སོགས་ནས་སྦྱར་བ་རྫོགས་སོ། །དགེའོ། །དགེའོ། །དགེའོ། །