DKYD-KABUM-07-JA-017

From Khyentse Lineage - A Tsadra Foundation Project
Revision as of 08:46, 2 June 2024 by Jeremi (talk | contribs)
Wylie title
Location mdo mkhyen brtse bka' 'bum
Volume 7, Text 17, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Citation
Genre
[edit]
྅྅྅གཏེར་སྲུང་བཞག་བྲའི་བསང་མཆོད་ནིཿ རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃཿ ཀྱེཿ རི་མཐོ་ས་གཙང་གངས་རི་ཅན་གྱི་ཡུལཿ བྲག་དཀར་རིན་ཆེན་ཤེལ་གྱི་སྐུ་མཁར་ནསཿ གཉན་ཆེན་གནོད་སྦྱིན་རིན་ཆེན་འབར་བའི་སྲསཿ ཟོ་དོར་བཞག་བྲ་རྡོ་རྗེ་ལས་དབང་རྩལཿ ཡུམ་ཆེན་ལྷ་སྨན་དྲེགས་ལྡན་གཟི་འབར་མཿ སྲས་མོ་ཕྱི་ནང་གསང་བའི་བློན་པོ་དངཿ བཀའ་འཁོར་ལྷ་གཉན་ཀླུ་དང་དྲེགས་ཚོགས་བཅསཿ དགྱེས་པ་ཆེན་པོས་གནས་འདིར་གཤེགས་སུ་གསོལཿ ས་མ་ཡ་ཛཿ དཀར་གསུམ་མངར་གསུམ་ས་སྣ་ཕྱེ་མར་སོགསཿ ལྷ་ཤིང་འབྱུང་བའི་དྭངས་མར་སྦྱར་བ་ཡིསཿ དུད་སྤྲིན་འཆི་མེད་ལྷ་ལམ་ཡོངས་བཀང་འདིསཿ གནས་ཆེན་བཞག་བྲ་ལྷ་རྩེར་བཞུགས་པ་ཡིཿ རྩ་གསུམ་ལྷ་དང་སྲུང་མའི་ཚོགས་བཅས་བསངཿ ཁྱད་པར་ཡབ་ཆེན་གཉན་གྱི་རྒྱལ་པོ་དངཿ ཡུལ་ལྷའི་གཙོ་བོ་དུང་མདོག་འོད་འབར་བསངཿ ཡུམ་ཆེན་ལས་ལ་དབང་སྒྱུར་དྲག་རྩལ་ཅནཿ ས་ལ་དབང་སྒྱུར་འདོད་དགུའི་དཔལ་སྟེར་བསངཿ སྲས་མོ་རབ་མཛེས་བདེ་སྟེར་འོད་འབར་བསངཿ ནང་གི་བློན་པོ་གནོད་སྦྱིན་མཆེད་གཉིས་བསངཿ ཕྱི་ཡི་བློན་པོ་ཀླུ་སྲིན་མཆེད་བཞི་བསངཿ གསང་བའི་བློན་པོ་དྲག་རྩལ་ཐོག་རྒྱུག་བསངཿ བཀའ་འཁོར་ཀླུ་གཉན་དྲེགས་པའི་ཚོགས་བཅས་བསངཿ མི་གཙང་འཁོན་གྲིབ་མནོལ་བཙོག་དག་གྱུར་ཅིགཿ འདོད་ཡོན་བདུད་རྩིའི་ཆར་གྱིས་མཉེས་གྱུར་ཅིགཿ བཀྲག་མདངས་དབང་པོ་ཉམས་པ་གསོས་གྱུར་ཅིགཿ བདེ་སྐྱིད་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོགཿ བསང་དང་ཞི་བའི་མཆོད་པ་རྒྱ་ཆེན་འདིསཿ ཁྱེད་ཅག་བསམ་པ་བསྒྲུབས་ལ་རེ་བ་སྐོངཿ བདག་ཅག་རིག་པ་འཛིན་པའི་ཕྲིན་ལས་སྒྲུབསཿ ཆོས་བཞིན་སྤྱད་པའི་བར་ཆད་ཀུན་སོལ་ལཿ གསང་སྔགས་བསྟན་པ་སྤེལ་བའི་གཉེར་ཁ་ལོངསཿ བདག་གིས་བསམ་པའི་དོན་དང་གཉེར་བའི་ལསཿ འབད་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོདཿ འདི་ཡང་ཌཱཀྐིའི་བཀས་བསྐུལ་བཞིནཿ བདེ་བའི་རྡོ་རྗེ་སྨྱོན་པས་སྨྲསཿ རིག་པའི་ཡེ་ཤེས་ཀྱིས་བྲིས་སོཿ དགེའོ།