བྲག་དཀར་སྤུན་གསུམ་གྱི་བསང་མཆོད།

From Khyentse Lineage - A Tsadra Foundation Project
DKYD-KABUM-07-JA-018
Wylie title brag dkar spun gsum gyi bsang mchod
Location mdo mkhyen brtse bka' 'bum
Volume 7, Text 18, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
[edit]
བྲག་དཀར་སྤུན་གསུམ་གྱི་བསང་མཆོད། ཀྱེཿ བྱང་ཡུལ་བྱང་གི་ཕ་མཐའ་ནཿ བྱང་ཡུལ་བྱང་གི་ཚུར་མཐའ་ནཿ བྱང་པ་པདྨའི་གདན་སྟེང་ནཿ བྲག་དཀར་གནམ་དུ་ཟེངས་སེ་ཟེངཿ ཞབས་ལ་མཚོ་ཆེན་ཁྱིལ་ལི་ལིཿ རི་བོ་དེ་ཡི་ནང་ཤེད་ནཿ ཨ་མྱེས་བྲག་དཀར་སྤུན་གསུམ་བཞུགསཿ འཁོར་དང་བཅས་པ་མ་ལུས་ཀུནཿ གནས་འདིར་སྤྱན་འདྲེན་དགྱེས་བཞུགས་ལཿ དྲི་ཞིམ་བསང་གི་དུད་པ་དངཿ ཕྱེ་མར་ཟས་སྣ་སྐྱེམས་ཕུད་སོགསཿ མཆོད་པ་འབུལ་ལོ་བསང་ངོ་བརྔནཿ ཁྱེད་ཀྱི་ཐུགས་དང་འགལ་བ་བཤགསཿ བདག་གིས་ཇི་ལྟར་བཅོལ་བའི་ལསཿ ཐོགས་པ་མེད་པར་མྱུར་འགྲུབ་མཛོདཿ «དགེའོ།»