གཡུ་རྩེའི་བསང་མཆོད།

From Khyentse Lineage - A Tsadra Foundation Project
Wylie title g.yu rtse'i bsang mchod
Location mdo mkhyen brtse bka' 'bum
Volume 7, Text 16, Pages (Folios to )
Author མདོ་མཁྱེན་བརྩེ་
Less details More details
Tertön མདོ་མཁྱེན་བརྩེ་ (Mdo mkhyen brtse)
Citation
Genre Smoke Offerings - bsangs mchod - lha bsang
[edit]
གཡུ་རྩེའི་བསང་མཆོད། རཾ་ཡཾ་ཁཾཿ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཀྱེཿ རང་བཞིན་རྣམ་དག་འཕྲུལ་གྱི་གཞལ་ཡས་ནས། །ལྷ་ཆེན་གཉན་པོ་གཡུ་རྩེ་འཁོར་དང་བཅས། །ཀླུ་མོ་མཆེད་བཞི་རུ་འདྲེན་སྡེ་བཞིའི་ཚོགས། །བཀའ་བློན་དྲེགས་པ་སྡེ་བརྒྱད་ལ་སོགས་པ། །འདིར་གཤེགས་བསང་མཆོད་འདོད་དགུའི་ཆར་འབེབ་འདི། །བཞེས་ལ་རྣལ་འབྱོར་འདོད་པའི་དོན་རྣམས་ཀུན། །ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པ་དང༌། །ཟས་ནོར་ལོངས་སྤྱོད་ཆར་ལྟར་འབེབ་པ་ཡི། །ཕྲིན་ལས་སྒྲུབས་ལ་རྣལ་འབྱོར་འདོད་དོན་སྐོང༌། །བསྟན་དགྲ་ལས་ངན་གདུགས་པ་འདུལ་བ་དང༌། །བསྟན་འཛིན་བུ་སློབ་དར་ཞིང་རྒྱས་པ་ཡི། །བདག་གི་བཀའ་དང་དམ་ལས་མ་འདའ་བར། །རྣལ་འབྱོར་འདོད་པའི་དོན་རྣམས་མྱུར་འགྲུབ་མཛོད། །«དགེའོཿ