མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན།

From Khyentse Lineage - A Tsadra Foundation Project
Revision as of 15:47, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-18-TSHA-011
Wylie title mi tra'i tshe dkar dmar gyi brgyud 'debs 'chi med mchog sbyin JKW-KABAB-18-TSHA-011.pdf
Location mkhyen brtse'i bka' babs
Volume 18, Text 11, Pages 89 (Folios 1a1 to 1a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People མི་ཏྲ་ཛོ་ཀི་ (Mitrayogi)
Citation 'jam dbyangs mkhyen brtse chos kyi blo gros. mi tra'i tshe dkar dmar gyi brgyud 'debs 'chi med mchog sbyin. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 18: 89. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle ཚེ་སྒྲུབ་ཡེ་ཤེས་སྙིང་པོ་ (tshe sgrub ye shes snying po)
Parent Cycle གྲུབ་ཆེན་མི་ཏྲའི་སྙིང་ཐིག་ (grub chen mi tra'i snying thig)
Deity tshe dkar
Karchag page JKW-KABAB-Volume-18-TSHA-Karchag
Recension Link Other Versions on this site: མི་ཏྲའི་ཚེ་དཀར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DZI-021
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/mitra-amitayus-lineage-prayer
Colophon

ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།

ces pa'ang 'jam dbyangs chos kyi blo gros pas gsol ba btab pa sid+d+hi rastu

[edit]
༄༅། མི་ཏྲའི་ཚེ་དཀར་དམར་གྱི་བརྒྱུད་འདེབས་འཆི་མེད་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ། སྲིད་ཞི་ཀུན་ཁྱབ་འོད་མི་འགྱུར་བའི་སྐུ། །ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་བདག །ཐུགས་རྗེ་གང་འདུལ་སྤྲུལ་སྐུ་ཚེ་དཔག་མེད། །གསོལ་བ་འདེབས་སོ་འཆི་མེད་དངོས་གྲུབ་སྩོལ། །བདེ་བའི་བདག་ཉིད་སྣ་ཚོགས་སྒྱུ་མའི་སྐུ། །ཤེས་རབ་སྟོང་ཉིད་རྣམ་བཅས་ལྷ་མོར་བཞེངས། །འཕོ་མེད་ཚེ་ཡི་ཡུམ་མཆོག་ཙནྡྲ་ལིར། གསོལ་བ༴ །འཆི་མེད་རྡོ་རྗེའི་སྐུ་བརྙེས་རིག་པ་འཛིན། །ཟུང་འཇུག་ཡེ་ཤེས་དྭངས་མའི་འོད་སྐུར་བཞེངས། །གྲུབ་བརྒྱའི་གཙུག་རྒྱན་མི་ཏྲ་ཛྭ་ཀི་ལ། གསོལ་བ༴ །འོད་གསལ་ཀློང་ནས་སྤྲུལ་པའི་རྡོ་རྗེར་ཤར། །དྲི་མེད་ཡེ་ཤེས་འོད་བརྒྱའི་གཟི་བརྗིད་འཕྲོ། །འགྲོ་བའི་མུན་སེལ་དཔལ་ལྡན་བླ་མ་ལ། གསོལ་བ༴ །ཐུགས་ཏིག་བཀའ་བབས་གདམས་པའི་སྙན་བརྒྱུད་འཛིན། །གནས་ལྔ་རིག་པའི་པཎ་ཆེན་ཆོས་རྒྱ་མཚོ། །འཁོར་འདས་ཆོས་ཀུན་སྣ་ཚོགས་རང་གྲོལ་ལ། གསོལ་བ༴ །གཞི་ཡི་རིགས་སད་རིམ་གཉིས་རྣལ་འབྱོར་གྱིས། །རྩ་རླུང་ཐིག་ལེའི་སྙིགས་མ་ཀུན་སེལ་ཞིང༌། །འཕོ་མེད་རྡོ་རྗེའི་སྲོག་གི་ཀ་བ་བརྟན། །ཚེ་དཔག་མེད་མགོན་གསང་གསུམ་མྱུར་འགྲུབ་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།

Footnotes

Other Information