མཁྱེན་རབ་དཔལ་གྱི་ཉིན་མོར་བྱེད་པའི་མིག་ཞེས་སོགས་ཞེ་ཆེན་རྒྱལ་ཚབ་ལ་ཕུལ་བའི་གསུང་ཤོག།

From Khyentse Lineage - A Tsadra Foundation Project
Revision as of 08:40, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title mkhyen rab dpal gyi nyin mor byed pa'i mig zhes sogs zhe chen rgyal tshab la phul ba'i gsung shog JKCL-KABUM-12-NA-036.pdf
Location chos kyi blo gros bka' 'bum
Volume 12, Text 36, Pages 145-150 (Folios 1a to 3b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. mkhyen rab dpal gyi nyin mor byed pa'i mig zhes sogs zhe chen rgyal tshab la phul ba'i gsung shog. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 12: 145-150. Bir, H.P.: Khyentse Labrang, 2012.
Genre Official Letters - chab shog
Colophon

།ཅེས་ཤིས་བརྗོད་ཀྱི་མཐར་བརྒྱན་པའི་ཞུ་ཆུང་ཚིགས་སུ་བཅད་པ་འདིར་ཇི་ལྟར་གསོལ་བ་བཏབ་པ་དེ་བཞིན་མཁྱེན་བརྩེའི་སྐབས་དབྱེ་བར་མཛད་གྲུབ་པའི་རྟེན་འབྱུང་དུ་ཕུལ།།

/ces shis brjod kyi mthar brgyan pa'i zhu chung tshigs su bcad pa 'dir ji ltar gsol ba btab pa de bzhin mkhyen brtse'i skabs dbye bar mdzad grub pa'i rten 'byung du phul//

1 Texts in this Section (sde tshan or chos tshan)

[edit]
༄༅། །མཁྱེན་རབ་དཔལ་གྱི་ཉིན་མོར་བྱེད་པའི་མིག་ཞེས་སོགས་ཞེ་ཆེན་རྒྱལ་ཚབ་ལ་ཕུལ་བའི་གསུང་ཤོག་བཞུགས། ། མཁྱེན་རབ་དཔལ་གྱི་ཉིན་མོར་བྱེད་པའི་མིག །བརྩེ་ཆེན་ཐུགས་རྗེའི་རྟ་བདུན་གྱིས་བསྒྲོད་ཅིང་། །བསྟན་འགྲོའི་པད་ཚལ་རྒྱས་པའི་གཉེན་གཅིག་པུ། །འཇམ་མགོན་སྨྲ་བའི་དབང་ཕྱུག་མཆོག་ཉིད་ཀྱི། །ཟག་མེད་སྙན་དབང་རྣམ་པ་ཐམས་ཅད་པས། །ཡུད་ཙམ་བདག་གིས་གསོལ་བའི་དོན་འདིར་དགོངས། །ཐུགས་རྗེས་གཟིགས་ལ་ཕུལ་བྱུང་ལེགས་བཤད་ཀྱི། །དགའ་སྟོན་སྣང་བ་གསར་པ་སྦྱིན་མཛོད་ཀྱི། །པདྨའི་མཚོ་ལས་རང་བྱུང་རྒྱལ་བའི་སྐུ། །མཚན་དཔེའི་དཔལ་འབར་གསུང་དབྱངས་ཆོས་སྒྲ་སྒྲོགས། །མི་བསྐྱོད་ཐུགས་ཀྱི་རྡོ་རྗེའི་བདག་ཉིད་ཅན། །སྲིད་ཞིའི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གནས། །འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙུག་ནོར་ཆེ། །སྔོན་སྨོན་གསེར་གྱི་ཤིང་རྟ་ལ་ཆགས་པས། །འཇམ་དཔལ་གཞོན་ནུ་ལྷ་གཅིག་བཙད་པོ་དེས། །ཐུགས་བསྐྱེད་སྐྱ་རེངས་དང་པོས་ཉེ་བར་དྲངས། །དེ་ཚེ་གདོང་དམར་པྲེ་ཏི་ཡུལ་འདི་ཡང་། །དགེ་ལེགས་ཆོས་ཀྱི་སྣང་བ་འབྱམས་སུ་ཀླས། །བསྟན་གཉིས་ར་བ་དཀར་པོས་ཡོངས་སུ་སྐོར། །སྲིད་མཐའི་བར་དུ་རྒྱལ་བསྟན་འཛད་མེད་རྒྱས། །ཁྱད་པར་བརྟན་མའི་ཁྱོན་ཀུན་གཏེར་གྱིས་བཀངས། །ཀློང་ལྔའི་སྒྲོམ་དུ་དགོངས་པའི་རྩལ་གྱིས་སྦས། །དུས་བབས་སྐྱེས་བུས་འདོན་པར་ལུང་བསྟན་བཞིན། །ལྗོངས་འདིར་རྒྱལ་ཚབ་བརྒྱུད་མར་བྱོན་རྣམས་ལས། །སྙིགས་མ་ལྔ་བདོའི་བསྟན་འགྲོ་སྐྱོབས་པའི་མགོན། །པདྨ་དཀར་པོ་ལྟ་བུ་བསྔགས་འོས་པ། །ཨོ་རྒྱན་དངོས་སྣང་མཆོག་གྱུར་གླིང་པ་ཞེས། །མཚན་ཙམ་ཐོས་པས་ངན་འགྲོའི་སྒོ་འགེགས་པ། །གང་དེར་བཀའ་བབ་རིན་ཆེན་སྣ་བདུན་གྱི། །དབྱིབ་ཏུ་གྱུར་པ་ཟབ་རྒྱས་ས་ཡི་གཏེར། །ཀུན་གྱི་སྙིང་བཅུད་སྔར་དང་ཕྱིས་འབྱུང་བའི། །ཐུགས་སྒྲུབ་བྱེ་བ་ཕྲག་བརྒྱའི་ཡང་བཅུད་མཆོག །བོད་ཡུལ་ས་འོག་ཀུན་གྱི་བླ་གཏེར་གཅིག །གྲོལ་བ་བཞི་ལྡན་བྱིན་རླབས་སྤྲིན་ཕུང་འཁྲིགས། །རྩ་གསུམ་དམ་ཅན་རབ་འབྱམས་ཐུགས་ཁྲག་འདི། །གྲགས་པ་ཙམ་མིན་ཚད་མ་གསུམ་གྱིས་གྲུབ། །ཉམས་མྱོང་ཡིད་ཆེས་དྲོད་རྟགས་དང་ལྡན་ཤིང་། །བསྐྱེད་རྫོགས་རྫོགས་ཆེན་ཡན་ལག་ཁ་ཚར་བཅས། །མ་ཎི་ཀོ་ཥའི་མཛོད་དབུས་གསེར་སྦྱངས་ལས། །གྲུབ་པའི་བུམ་བཟང་བདུད་རྩིའི་བཀང་འདྲ་བར། །གསོལ་བཏབ་གྲུབ་གཉིས་ལྷུག་པར་འཇོ་པ་འདི། །འཁོར་བ་སྟོང་པར་མ་གྱུར་དེ་སྲིད་དུ། །བདག་ནི་འདི་ཉིད་འཛིན་དང་སྤེལ་བ་ལ། །བསྙེལ་བ་མེད་ཅིང་འདི་དང་ཕྲད་པར་སྨོན། །དེ་ལྟར་ན་ཡང་བསྐྱེད་རྫོགས་ཟབ་མོའི་དོན། །མཇལ་བའི་རྣམ་དཔྱོད་ཟབ་མོའི་མིག་དང་བྲལ། །དེས་ན་ཟབ་དོན་ཚུལ་བཞིན་མ་རྟོགས་པའི། །བདག་དང་བདག་འདྲ་མཐོང་བས་ཡིད་རབ་སྐྱོ། །དེ་དག་རྣམས་ལ་ཕན་པར་འགྱུར་སླད་དུ། །བི་མ་ལ་དང་བཻ་རོ་དངོས་སྣང་བའི། །གུ་རུའི་ཐུགས་སྲས་པདྨ་བི་ཛ་ལ། །དད་ལྡན་སྐྱེས་བུའི་ལུས་རྡུལ་གྲངས་སྙེད་སྤྲུལ། །གུས་པའི་ཕྱག་བཅས་གསོལ་འདེབས་སྙིང་པོ་ནི། །བར་ཆད་ཀུན་སེལ་བླ་མའི་ཐུགས་སྒྲུབ་འདིའི། །སྔོན་འགྲོའི་ཆོས་ལ་ཐུན་མོང་ཐུན་མིན་དང་། །དངོས་གཞིར་དབང་བཞིའི་ལམ་དང་རྗེས་འབྲེལ་བའི། །བསྐྱེད་རྫོགས་མན་ངག་རྩ་བའི་གཞུང་བཟང་ལ། །ཅུང་ཟད་མདོ་རྒྱས་འཚམས་པར་བཀྲལ་བ་ཡི། །ཁྲིད་དཔེ་གནད་དྲིལ་ཁྱད་པར་འཕགས་པ་ཞིག །ཁྱེད་ཐུགས་མཁྱེན་བརྩེའི་ཀློང་ནས་བསྟན་དུ་གསོལ། །སྐལ་ལྡན་ཡོངས་ལ་སྣང་བར་མཛད་དུ་གསོལ། །མ་རིག་མུན་སེལ་སྒྲོན་མེ་སྦར་དུ་གསོལ། །རྒྱུན་ཆད་མེད་པར་ཡང་ཡང་བསྐོར་དུ་གསོལ། །གྲུབ་གཉིས་གཏེར་མཛོད་སྦྱིན་པར་མཛད་དུ་གསོལ། །འགྲོ་ཕན་མཐའ་ཀླས་འབྱུང་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་ལ་སྒྲིབ་པའི་གེགས། །སྡོམ་དང་དམ་ཚིག་ཉམས་པ་སྙིང་ནས་བཤགས། །དངོས་འབྱོར་ཡིད་བྱུང་ཀུན་བཟང་མཆོད་སྤྲིན་འབུལ། །སྐྱེ་འཆི་མེད་པ་རྟག་པར་ཆོས་ཀྱི་ཁྲིར། །མི་གཡོ་འཕོ་འགྱུར་བྲལ་བར་བཞུགས་གསོལ་འདེབས། །གང་ན་ལེགས་གསུང་ཚོགས་ལ་རྗེས་ཡི་རངས། །འདི་ཡི་དགེ་བ་དུས་གསུམ་ཅི་མཆིས་པ། །མ་ལུས་བློ་ཡིས་བླང་ནས་ཕྱོགས་གཅིག་བསྡོམས། །བསྟན་པ་རྒྱས་དང་འགྲོ་བདེའི་རྒྱུར་བསྔོའོ། །བཀྲ་ཤིས་གང་ཞིག་མཁྱེན་དང་བརྩེ་བའི་ཡེ་ཤེས་མེ་ལོང་དྭང་གསལ་དྲི་མེད་སྤྲོ་བའི་གྲྭ་ཟུར་གཞན་ཡང་མི་མཛའ་ཐིག་ལེའི་དབྱིངས་སུ་འཁོར་འདས་ཆོས་ཀུན་མ་འདྲེས་འཆར། །གང་དག་འགྲོ་སེམས་ཉོན་མོངས་རྒྱུས་བསྐྱེད་སྡུག་བསྔལ་གསུམ་གྱི་གཅོང་ནད་དྲུང་འབྱིན་སྲིད་པའི་ཚད་སྐྱོབས་དམ་ཆོས་ཐབས་མཆོག་གི་ཝཾ་དང་ནི་ཤེས་རབ་སྟོང་ཉིད་བ་མཆོག་ཞོ། །བཀྲ་ཤིས་དུར་ཝས་སྐུ་ཚེ་མི་ནུབ་རྒྱུན་གྱི་དཔལ་བསྐྱེད་དགེ་ལེགས་བིལ་ཝའི་འབྲས་བཟང་ཇི་བཞིན་སྲིད་ཞིའི་ཡོན་ཏན་ཀུན་བཟླུམས་དང་ནི་སྣང་སེམས་དབང་སྒྱུར་ལི་ཁྲིའི་རྫས། །བཛྲ་པ་ཎིས་བྱིན་རླབས་བགེགས་འཇོམས་ཉུང་དཀར་དང་ནི་བཀྲ་ཤིས་སྐྱེ་ལྔ་གཡས་སུ་འཁྱིལ་བའི་སྒྲ་སྐད་རྒྱ་མཚོས་ཕ་མཐར་ཁྱབ་དང་ལྷན་ཅིག་ཆོས་དབྱངས་སྒྲོགས་གྱུར་ཅིག །ཅེས་ཤིས་བརྗོད་ཀྱི་མཐར་བརྒྱན་པའི་ཞུ་ཆུང་ཚིགས་སུ་བཅད་པ་འདིར་ཇི་ལྟར་གསོལ་བ་བཏབ་པ་དེ་བཞིན་མཁྱེན་བརྩེའི་སྐབས་དབྱེ་བར་མཛད་གྲུབ་པའི་རྟེན་འབྱུང་དུ་ཕུལ།། །།
[edit]

@#/__/mkhyen rab dpal gyi nyin mor byed pa'i mig zhes sogs zhe chen rgyal tshab la phul ba'i gsung shog bzhugs/__/ mkhyen rab dpal gyi nyin mor byed pa'i mig__/brtse chen thugs rje'i rta bdun gyis bsgrod cing /__/bstan 'gro'i pad tshal rgyas pa'i gnyen gcig pu/__/'jam mgon smra ba'i dbang phyug mchog nyid kyi/__/zag med snyan dbang rnam pa thams cad pas/__/yud tsam bdag gis gsol ba'i don 'dir dgongs/__/thugs rjes gzigs la phul byung legs bshad kyi/__/dga' ston snang ba gsar pa sbyin mdzod kyi/__/pad+ma'i mtsho las rang byung rgyal ba'i sku/__/mtshan dpe'i dpal 'bar gsung dbyangs chos sgra sgrogs/__/mi bskyod thugs kyi rdo rje'i bdag nyid can/__/srid zhi'i legs tshogs thams cad 'byung ba'i gnas/__/'phags yul mkhas grub kun gyi gtsug nor che/__/sngon smon gser gyi shing rta la chags pas/__/'jam dpal gzhon nu lha gcig btsad po des/__/thugs bskyed skya rengs dang pos nye bar drangs/__/de tshe gdong dmar pre ti yul 'di yang /__/dge legs chos kyi snang ba 'byams su klas/__/bstan gnyis ra ba dkar pos yongs su skor/__/srid mtha'i bar du rgyal bstan 'dzad med rgyas/__/khyad par brtan ma'i khyon kun gter gyis bkangs/__/klong lnga'i sgrom du dgongs pa'i rtsal gyis sbas/__/dus babs skyes bus 'don par lung bstan bzhin/__/ljongs 'dir rgyal tshab brgyud mar byon rnams las/__/snyigs ma lnga bdo'i bstan 'gro skyobs pa'i mgon/__/pad+ma dkar po lta bu bsngags 'os pa/__/o rgyan dngos snang mchog gyur gling pa zhes/__/mtshan tsam thos pas ngan 'gro'i sgo 'gegs pa/__/gang der bka' bab rin chen sna bdun gyi/__/dbyib tu gyur pa zab rgyas sa yi gter/__/kun gyi snying bcud sngar dang phyis 'byung ba'i/__/thugs sgrub bye ba phrag brgya'i yang bcud mchog__/bod yul sa 'og kun gyi bla gter gcig__/grol ba bzhi ldan byin rlabs sprin phung 'khrigs/__/rtsa gsum dam can rab 'byams thugs khrag 'di/__/grags pa tsam min tshad ma gsum gyis grub/__/nyams myong yid ches drod rtags dang ldan shing /__/bskyed rdzogs rdzogs chen yan lag kha tshar bcas/__/ma Ni ko Sha'i mdzod dbus gser sbyangs las/__/grub pa'i bum bzang bdud rtsi'i bkang 'dra bar/__/gsol btab grub gnyis lhug par 'jo pa 'di/__/'khor ba stong par ma gyur de srid du/__/bdag ni 'di nyid 'dzin dang spel ba la/__/bsnyel ba med cing 'di dang phrad par smon/__/de ltar na yang bskyed rdzogs zab mo'i don/__/mjal ba'i rnam dpyod zab mo'i mig dang bral/__/des na zab don tshul bzhin ma rtogs pa'i/__/bdag dang bdag 'dra mthong bas yid rab skyo/__/de dag rnams la phan par 'gyur slad du/__/bi ma la dang bai ro dngos snang ba'i/__/gu ru'i thugs sras pad+ma bi dza la/__/dad ldan skyes bu'i lus rdul grangs snyed sprul/__/gus pa'i phyag bcas gsol 'debs snying po ni/__/bar chad kun sel bla ma'i thugs sgrub 'di'i/__/sngon 'gro'i chos la thun mong thun min dang /__/dngos gzhir dbang bzhi'i lam dang rjes 'brel ba'i/__/bskyed rdzogs man ngag rtsa ba'i gzhung bzang la/__/cung zad mdo rgyas 'tshams par bkral ba yi/__/khrid dpe gnad dril khyad par 'phags pa zhig__/khyed thugs mkhyen brtse'i klong nas bstan du gsol/__/skal ldan yongs la snang bar mdzad du gsol/__/ma rig mun sel sgron me sbar du gsol/__/rgyun chad med par yang yang bskor du gsol/__/grub gnyis gter mdzod sbyin par mdzad du gsol/__/'gro phan mtha' klas 'byung bar mdzad du gsol/__/de ltar gsol ba btab la sgrib pa'i gegs/__/sdom dang dam tshig nyams pa snying nas bshags/__/dngos 'byor yid byung kun bzang mchod sprin 'bul/__/skye 'chi med pa rtag par chos kyi khrir/__/mi g.yo 'pho 'gyur bral bar bzhugs gsol 'debs/__/gang na legs gsung tshogs la rjes yi rangs/__/'di yi dge ba dus gsum ci mchis pa/__/ma lus blo yis blang nas phyogs gcig bsdoms/__/bstan pa rgyas dang 'gro bde'i rgyur bsngo'o/__/bkra shis gang zhig mkhyen dang brtse ba'i ye shes me long dwang gsal dri med spro ba'i grwa zur gzhan yang mi mdza' thig le'i dbyings su 'khor 'das chos kun ma 'dres 'char/__/gang dag 'gro sems nyon mongs rgyus bskyed sdug bsngal gsum gyi gcong nad drung 'byin srid pa'i tshad skyobs dam chos thabs mchog gi waM dang ni shes rab stong nyid ba mchog zho/__/bkra shis dur was sku tshe mi nub rgyun gyi dpal bskyed dge legs bil wa'i 'bras bzang ji bzhin srid zhi'i yon tan kun bzlums dang ni snang sems dbang sgyur li khri'i rdzas/__/badz+ra pa Nis byin rlabs bgegs 'joms nyung dkar dang ni bkra shis skye lnga g.yas su 'khyil ba'i sgra skad rgya mtshos pha mthar khyab dang lhan cig chos dbyangs sgrogs gyur cig__/ces shis brjod kyi mthar brgyan pa'i zhu chung tshigs su bcad pa 'dir ji ltar gsol ba btab pa de bzhin mkhyen brtse'i skabs dbye bar mdzad grub pa'i rten 'byung du phul//___//

Footnotes

Other Information