ཕུར་སྲུངས་དཀར་བདུད་གྱི་སྐོང་བ་བསྟན་སྐྱོང་དགྱེས་རོལ།

From Khyentse Lineage - A Tsadra Foundation Project
Revision as of 08:39, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-11-DA-027
Wylie title phur srungs dkar bdud gyi skong ba bstan skyong dgyes rol JKCL-KABUM-11-DA-027.pdf
Location chos kyi blo gros bka' 'bum
Volume 11, Text 27, Pages 133-135 (Folios 1a1 to 2a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. phur srungs dkar bdud gyi skong ba bstan skyong dgyes rol. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: 133-135. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Colophon

།ཅེས་པའང་སྔར་ནས་བྲི་འདུན་ཡོད་བཞིན་ས་གླང་ཟླ་༣པའི་ཚེས་༢༤ལ་སྟག་ཤམ་པའི་བཀའ་སྲུངས་ཁྲོས་པའི་མདོས་ཆོག་ལུང་གི་སྐབས་ཡིད་ལ་ཤར་བ་ལྟར་པདྨ་ཡེ་ཤེས་རྡོ་རྗེས་ཡི་གེ་བཀོད་པའོ།།

/ces pa'ang sngar nas bri 'dun yod bzhin sa glang zla 3pa'i tshes 24la stag sham pa'i bka' srungs khros pa'i mdos chog lung gi skabs yid la shar ba ltar pad+ma ye shes rdo rjes yi ge bkod pa'o//

1 Texts in this Section (sde tshan or chos tshan)

[edit]
ཕུར་སྲུངས་དཀར་བདུད་གྱི་སྐོང་བ་བསྟན་སྐྱོང་དགྱེས་རོལ་ཞེས་བྱ་བ་བཞུགས་སོ། །དེ་ལ་འདིར་བསྟན་སྐྱོངས་དབང་མོ་དཀར་མོ་ཉི་ཟླ་དང་བདུད་རྒྱལ་ལ་སྐོང་བ་བྱེད་པ་སྤྲོ་ན། ཕྱི་ནང་གསང་བའི་མཆོད་གཏོར་དམ་རྫས་རྣམས་འདུ་བྱས་ལ་གཏོར་ཆོག་སྔོན་དུ་འགྲོ་ནས་སྐོངས་རྫས་བྱིན་རླབས་རྒྱས་བསྡུས་གང་རིགས་བྱས་ཏེ་དབྱངས་རོལ་དང་བཅས། ཧཱུྃ་བྷྱོ། །སྔོན་ཚེ་བསྐལ་པའི་དང་པོ་ལ། །དཔལ་ཆེན་ཧེ་རུ་ཀ་དཔལ་དང་། །རིག་འཛིན་རྡོ་རྗེ་ཐོད་ཕྲེང་གི །དབང་བསྐུར་དམ་མནོས་གསང་བསྟན་སྲུང་། །དཀར་མོ་ཉི་ཟླའི་ཕྲེང་བ་དང་། །བདུད་ཀྱི་རྒྱལ་པོ་འཁོར་བཅས་རྣམས། །འདིར་གཤེགས་སྐྱེམས་ཕུད་མཆོད་པ་བཞེས། ཧཱུྃ་བྷྱོ། ཆོས་སྐྱོང་དཀར་མོ་ཉི་ཟླ་ནི། །སྣང་སྲིད་ཀུན་ལ་དབང་བསྒྱུར་མ། །མ་མོ་ཡོངས་ཀྱི་རྗེ་མོ་ཆེ། །ཉི་ཟླ་སྟོང་གི་ཕྲེང་མཛེས་མ། །རི་རབ་གླིང་བཞི་ཕྱག་ན་བསྣམས། །སྲིད་པ་འདི་ན་འཕྲུལ་མོ་ཆེ། །ཁྱེད་ལ་ཐུགས་དམ་སྐོངས་བའི་རྫས། །སྨན་དང་རཀྟ་གཏོར་མ་དང་། །དཀར་མངར་ཁྲག་སྐྱེམས་དར་ཟབ་དང་། །དར་དཀར་གོ་ཟུ་རྒྱན་ཆ་མང་། །རྟ་ཕྱུག་གནག་ལུག་ཚེ་ཚེ་རྭ། །རི་དྭགས་སྤུ་སྡུག་མཛེས་པ་སོགས། །བྱ་རིགས་རྣམ་པ་མང་པོ་ལྡིང་། །ཡིད་འོང་མགྲིན་མཛེས་འདོད་ལྡན་པ། །མུ་ཀུ་ཏ་དང་སྲིད་པ་ཡི། །དཀོར་ཆ་མ་ཚང་མེད་པ་དང་། །སྲིད་པའི་མདོས་ཆེན་ཡིད་དུ་འོངས། །འདོད་ཡོན་མཁོ་རྒུ་སྣ་ཚོགས་པས། །དཀར་མོ་ཉི་ཟླའི་རྒྱལ་མོ་དང་། །མ་མོ་འབུམ་སྡེའི་ཐུགས་དམ་སྐོངས། །སྲིད་པ་གསུམ་གྱི་སྲོག་གི་བདག །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །བདུད་རྟ་གྲ་ནག་ཤུགས་ལྡན་ཞོན། །རུ་མཚོན་ནག་པོ་དགྲ་ལ་ཕྱར། །དམ་ཉམས་དགྲ་ཁྲག་ཞལ་དུ་རྡུབ། །འཇིགས་གཟུགས་ཁྲོ་གཏུམ་མ་རུང་པ། །བདུད་ཀྱི་རྒྱལ་པོ་འཁོར་བཅས་ལ། །དགྲ་བགེགས་དོན་སྙིང་དབང་པོ་ལྔ། །ཤ་ཁྲག་རུས་པ་མཚོ་ལྟར་བསྐྱིལ། །རི་ལྟར་སྤུངས་ཤིང་རྔམ་བརྗིད་ཀྱི། །དྲག་པོའི་རྟེན་རྫས་སྣ་ཚོགས་དང་། །གོ་ཁྲབ་མཚོན་ཆ་རྣོ་གཅོད་ལྡན། །དགྲ་བགེགས་སྲོག་ལ་རྔམ་པ་ཡི། །གཅན་གཟན་མང་པོ་འདུར་ཞིང་རྒྱུགས། །བདུད་ཀྱི་བྱ་ཚོགས་མཁའ་ལ་ལྡིང་། །ཏང་ཏང་སྒྲ་སྒྲོགས་མཆུར་སྡེར་གྱི། །དམ་ཉམས་བྱེ་མའི་སྟེང་ན་གཟིར། །རྟ་ནག་གཡག་ནག་ལུག་ནག་དང་། །མི་ནག་ཁྱི་ནག་མང་པོ་འཚོགས། །རུ་མཚོན་ནག་པོ་སྤྲིན་ནག་ལྟར། །འཐིབ་ཅིང་དགྲ་ལ་འདེབས་པར་བྱེད། །མཆོད་སྐོངས་དམ་ཚིག་རྫས་མཆོག་གི །བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །བདུད་དམག་བྱེ་བ་འབུམ་སྡེའི་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་སྐོངས། ཧཱུྃ་བྷྱོ། བསྟན་སྲུངས་དཀར་མོ་ཉི་ཟླ་དང་། །བདུད་རྒྱལ་ཐོད་པའི་ཕྲེང་ཅན་གྱིས། །ཐུགས་དམ་བསྐངས་ལ་ཉམས་ཆག་བཤགས། །རྡོ་རྗེ་ཐེག་པའི་དམ་ཚིག་ནི། །རྩ་བ་ཡན་ལག་ཉམས་པ་བཤགས། །བསྙེན་སྒྲུབ་མཆོད་གཏོར་གཡེལ་བ་སོགས། །ཉེས་པ་གྱུར་པ་གང་མཆིས་པ། །སྙིང་ནས་འགྱོད་པས་བཤགས་པར་བགྱི། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རྟག་ཏུ་སྲུང་སྐྱོབས་སྡོང་གྲོགས་མཛོད། །དགྲ་གདོན་བྱད་མ་རྡུལ་དུ་རློག །གསང་སྔགས་བསྟན་པ་སྤེལ་ཞིང་སྲུངས། །རྣལ་འབྱོར་ཇི་ལྟར་བཅོལ་བ་ཡི། །ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའང་སྔར་ནས་བྲི་འདུན་ཡོད་བཞིན་ས་གླང་ཟླ་༣པའི་ཚེས་༢༤ལ་སྟག་ཤམ་པའི་བཀའ་སྲུངས་ཁྲོས་པའི་མདོས་ཆོག་ལུང་གི་སྐབས་ཡིད་ལ་ཤར་བ་ལྟར་པདྨ་ཡེ་ཤེས་རྡོ་རྗེས་ཡི་གེ་བཀོད་པའོ།། །།
[edit]

phur srungs dkar bdud gyi skong ba bstan skyong dgyes rol zhes bya ba bzhugs so/__/de la 'dir bstan skyongs dbang mo dkar mo nyi zla dang bdud rgyal la skong ba byed pa spro na/__phyi nang gsang ba'i mchod gtor dam rdzas rnams 'du byas la gtor chog sngon du 'gro nas skongs rdzas byin rlabs rgyas bsdus gang rigs byas te dbyangs rol dang bcas/__hU~M b+h+yo/__/sngon tshe bskal pa'i dang po la/__/dpal chen he ru ka dpal dang /__/rig 'dzin rdo rje thod phreng gi__/dbang bskur dam mnos gsang bstan srung /__/dkar mo nyi zla'i phreng ba dang /__/bdud kyi rgyal po 'khor bcas rnams/__/'dir gshegs skyems phud mchod pa bzhes/__hU~M b+h+yo/__chos skyong dkar mo nyi zla ni/__/snang srid kun la dbang bsgyur ma/__/ma mo yongs kyi rje mo che/__/nyi zla stong gi phreng mdzes ma/__/ri rab gling bzhi phyag na bsnams/__/srid pa 'di na 'phrul mo che/__/khyed la thugs dam skongs ba'i rdzas/__/sman dang rak+ta gtor ma dang /__/dkar mngar khrag skyems dar zab dang /__/dar dkar go zu rgyan cha mang /__/rta phyug gnag lug tshe tshe rwa/__/ri dwags spu sdug mdzes pa sogs/__/bya rigs rnam pa mang po lding /__/yid 'ong mgrin mdzes 'dod ldan pa/__/mu ku ta dang srid pa yi/__/dkor cha ma tshang med pa dang /__/srid pa'i mdos chen yid du 'ongs/__/'dod yon mkho rgu sna tshogs pas/__/dkar mo nyi zla'i rgyal mo dang /__/ma mo 'bum sde'i thugs dam skongs/__/srid pa gsum gyi srog gi bdag__/bdud rgyal thod pa'i phreng ba can/__/bdud rta gra nag shugs ldan zhon/__/ru mtshon nag po dgra la phyar/__/dam nyams dgra khrag zhal du rdub/__/'jigs gzugs khro gtum ma rung pa/__/bdud kyi rgyal po 'khor bcas la/__/dgra bgegs don snying dbang po lnga/__/sha khrag rus pa mtsho ltar bskyil/__/ri ltar spungs shing rngam brjid kyi/__/drag po'i rten rdzas sna tshogs dang /__/go khrab mtshon cha rno gcod ldan/__/dgra bgegs srog la rngam pa yi/__/gcan gzan mang po 'dur zhing rgyugs/__/bdud kyi bya tshogs mkha' la lding /__/tang tang sgra sgrogs mchur sder gyi/__/dam nyams bye ma'i steng na gzir/__/rta nag g.yag nag lug nag dang /__/mi nag khyi nag mang po 'tshogs/__/ru mtshon nag po sprin nag ltar/__/'thib cing dgra la 'debs par byed/__/mchod skongs dam tshig rdzas mchog gi__/bdud rgyal thod pa'i phreng ba can/__/bdud dmag bye ba 'bum sde'i tshogs/__/'khor dang bcas pa'i thugs dam skongs/__hU~M b+h+yo/__bstan srungs dkar mo nyi zla dang /__/bdud rgyal thod pa'i phreng can gyis/__/thugs dam bskangs la nyams chag bshags/__/rdo rje theg pa'i dam tshig ni/__/rtsa ba yan lag nyams pa bshags/__/bsnyen sgrub mchod gtor g.yel ba sogs/__/nyes pa gyur pa gang mchis pa/__/snying nas 'gyod pas bshags par bgyi/__/bdag cag yon mchod 'khor bcas la/__/rtag tu srung skyobs sdong grogs mdzod/__/dgra gdon byad ma rdul du rlog__/gsang sngags bstan pa spel zhing srungs/__/rnal 'byor ji ltar bcol ba yi/__/las bzhi'i phrin las 'grub par mdzod/__/ces pa'ang sngar nas bri 'dun yod bzhin sa glang zla 3pa'i tshes 24la stag sham pa'i bka' srungs khros pa'i mdos chog lung gi skabs yid la shar ba ltar pad+ma ye shes rdo rjes yi ge bkod pa'o//__//

Footnotes

Other Information