ཀཿཐོག་བརྒྱུད་སྡེ་ལྷ་ཁང་དཀོན་མཆོག་ཕོ་བྲང་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཐུབ་རྒྱལ་ཀུན་མཁྱེན་གླིང་གི་བཅའ་ཡིག།

From Khyentse Lineage - A Tsadra Foundation Project
Revision as of 08:39, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title kaH thog brgyud sde lha khang dkon mchog pho brang bshad sgrub nor bu'i lhun po thub rgyal kun mkhyen gling gi bca' yig JKCL-KABUM-10-THA-061.pdf
Location chos kyi blo gros bka' 'bum
Volume 10, Text 61, Pages 465-473 (Folios 1a1 to 5a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. kaH thog brgyud sde lha khang dkon mchog pho brang bshad sgrub nor bu'i lhun po thub rgyal kun mkhyen gling gi bca' yig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 465-473. Bir, H.P.: Khyentse Labrang, 2012.
Genre Monastics Regulations - bca' yig
Colophon

།ཅེས་རབ་བྱུང་བཅུ་དྲུག་པའི་རྒྱལ་ཟླའི་ཚེས་ལ་དགེའོ། །དགེའོ། །སརྦ་མངྒ་ལཾ། ཤུ་བྷཾ།

/ces rab byung bcu drug pa'i rgyal zla'i tshes la dge'o/__/dge'o/__/sarba mang+ga laM/__shu b+haM/

1 Texts in this Section (sde tshan or chos tshan)

[edit]
ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། གང་མཚན་བསོད་ནམས་ཕུང་པོ་བྱེ་བའི་འོད། །ཁྱད་པར་བཀྱེ་བས་སྙིང་གི་མུན་སེལ་བ། སྟོན་མཆོག་སྨྲ་བ་ཟླ་མེད་ཤཱཀྱའི་ཏོག །གང་ཞབས་ཆུ་སྐྱེས་སྤྱི་བོའི་གཙུག་ཏུ་མཛེས། །ཆོས་ཀུན་མཁྱེན་པའི་མེ་ལོང་གཙང་མའི་ངོགས། །འཁོར་འདས་ཆོས་ཁམས་ཚོན་སྣ་མ་འདྲེས་བཀྲ། ཡེ་ཤེས་འོད་བརྒྱས་འགྲོ་བློའི་མུན་སེལ་བ། །བླ་མ་འཇམ་པའི་དབྱངས་ཀྱི་ཤིས་པ་སྩོལ། །བདེ་གཤེགས་ཐུབ་པའི་བསྟན་པ་ནི། །དགེ་འདུན་རྣམས་ཀྱིས་འཛིན་པའི་ཕྱིར། །དེ་ཡང་སྟོན་པས་བཅས་པ་བཞིན། །མ་ནོར་འཇུག་པ་ཤིན་ཏུ་གཅེས། །མདོ་འདུལ་གསུང་རབ་རྒྱ་མཚོ་ལས། །བླང་དོར་སྤྱོད་པའི་གནས་རྣམས་ནི། །ལེགས་བཏུས་བསླབ་ཁྲིམས་བཅའ་ཡིག་ལས། །སྙིང་པོར་དྲིལ་བ་འདི་ཡིན་ནོ། །ཅེས་ཡུལ་དམ་པ་ལ་མཆོད་པ་བརྗོད་ཅིང་ཤིས་པའི་ཚིག་གི་པདྨ་དཀར་པོ་ཅུང་ཟད་འཐོར་བས་དགེ་ལེགས་སུ་བྱས་ཏེེ། ཀཿཐོག་བརྒྱུད་སྡེ་ལྷ་ཁང་དཀོན་མཆོག་ཕོ་བྲང་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཐུབ་རྒྱལ་ཀུན་མཁྱེན་གླིང་བཞུགས་ཀྱི་དགེ་འདུན་པ་རྣམས་ཀྱི་ཇི་ལྟར་བྱ་བའི་རིམ་པ་གསལ་བར་སྟོན་པའི་བཅའ་ཡིག །དེ་བཞིན་གཤེགས་པའི་བསྟན་པའི་གདུགས་དང་རྒྱལ་མཚན་དང་། བ་དན་བསྒྲེངས་བ་ཅེས་བྱ་བར་རྒྱས་པར་སྤྲོས་ཤིང་། འདིར་དེ་ལས་སྙིང་པོར་བསྡུས་ཏེ་བཅའ་ཁྲིམས་ཀྱི་རྐང་གྲངས་ཙམ་བཟུང་པ་ལ། བསྒྲིགས་འདིར་ཐོག་མར་ཞུགས་པ་གཞི་བྱོས་གང་ཡིན་དགེ་ཚུལ་སློང་གི་སྡོམ་པ་ཐོབ་པ་མི་གཞི་བཟང་བ་ལ་བརྟགས་དཔྱད་ལེགས་པར་གནང་བ་དང་དམ་བཅའ་ཁས་བླང་བྲིས་ཐོས་སོགས་ནན་ཏན་གྱི་གྲངས་བཞི་བཅུ་རྩ་གཉིས་ལས་ཕྱིར་མི་ཉུང་བ་དང་། ལོ་ལྔ་བར་བརྗེ་དཀྲོལ་སོགས་མེད་རྒྱུ་ངེས་ཅན་ཡིན། གལ་ཏེ་ཤིན་ཏུ་རྒྱུ་རྐྱེན་ཆེན་པོས་དགོངས་པ་གནང་དགོས་བྱུང་ན་རྐྱེན་བསྟན་བདག་རིན་པོ་ཆེ་སྙན་བསྒྲོན་ཞུས་ཏེ་བཀའ་གནང་ཐོབ་ཚེ་ཚོགས་སུ་མང་རྟེན་དངུལ་སྲངས་མང་ཇ་མར་མེ་བརྒྱ་མཆོད་བཅས་སྒྲུབ་དགོས་པ་ལས་ཞུ་གནང་ལྟབ་བདེ་མི་ཆོག །བསླབ་ཁྲིམས་མི་ཚངས་སྤྱོད། སྲོག་གཅོད། མ་བྱིན་ལེན། བརྫུན་སྨྲ་བ་སྟེ་ཕམ་པའི་ཆོས་བཞི་དང་། མྱོས་འགྱུར་གྱི་ཆང་བཏུང་བ་དང་། དགེ་འདུན་ལྷག་པའི་དང་པོ་ཁུ་བ་འབྱིན་པ་རྣམས་མཐོང་ཐོས་ངེས་གསལ་བྱུང་ཚེ་གྷཎྜི་བརྡུང་བ་སོགས་འདུལ་བ་ལྟར་གྱི་གནས་དབྱུང་དང་། ཁོང་ཁྲོ་འཐབ་འཛིང་ཆེན་པོ་བྱུང་ན་དེ་མ་ཐག་གནས་དབྱུང་དང་། གནས་དབྱུང་ས་ཡང་རྒྱུད་སྡེའི་གླིང་ནས་ཕྱིར་སྐྲོད་པ་ནི། དམ་པའི་ཆོས་ཀྱི་ལུགས་དང་། དེ་རྗེས་བླ་དཔོན་ཀྱི་རྒྱལ་ཁྲིམས་དང་མཐུན་པའི་ཞིབ་དཔྱོད་ངེས་པ་དགོས། ཁོང་ཁྲོ་ཆུང་ངུ་ལ་ཕྱག་ལྔ་བརྒྱ་མར་མེ་ཉེར་ལྔ་རེའི་ཆད་པ་དང་། མཁན་གནས་དགེ་བསྐོས་རྣམས་ཀྱི་ཞལ་བསྒོས་བྱ། ཁ་འཛིངས་འཐབ་མོ་ལན་ཅིག་ལ་མར་མེ་བརྒྱ་མཆོད་རེ་སྒྲུབ་དགོས། གཙུག་ལག་ཁང་གི་ནང་དང་གླིང་སྟོད་ཤོད་རྣམས་སུ་བུད་མེད་དྲག་ཞན་ཐམས་ཅད་འགྲོ་མི་ཆོག །བླ་བྲང་སྟེང་ཁའི་མཇའ་ཁ་སྔར་རྒྱུན་བཞིན་གསེར་ཁ་གི་ལྷོ་སྒོ་ནས་བཏང་དགོས། ཁྲིམ་འགལ་བྱུང་ན་བུད་མེད་དེའི་སྐྲ་གཅོད་རྒྱུ་དང་། མར་མེ་བརྒྱ་མཆོད་གཉིས་རེའི་ཆད་པ་སྒྲུབ་དང་། དགེ་འདུན་པ་ཚེས་བཅུ་དགུ་གཏོར་སོགས་ཀྱི་སྐབས་ཁྲོམ་གསེབ་ཉུལ་བ། བུད་མེད་དང་ཅིག་པུར་གཏམ་སྨྲ་བ། བྲོ་གླུ་བཞད་གསུམ་དང་། ཆགས་སྡང་གི་གཏམ་སྨྲ་མི་ཆོག་ཅིང་དགེ་བསྐོས་ལ་དགོངས་པ་མ་ཞུས་པར་རྒྱུད་སྡེའི་གླིང་རྒྱབ་འགྲོ་མི་ཆོག་ཅིང་དེ་རྣམས་འགལ་ན་མར་མེ་ཉེར་ལྔ་རེའི་ཆད་པ་དང་། སོ་སོའི་གཤག་ནང་དུ་སྐྱེས་པ་ཞག་སྡོད་བྱུང་ན་མར་མེ་ཉིས་བརྒྱ་རེའི་ཉེས་པ། དགེ་འདུན་སྤྱི་གཉེར་ནས་བཤས་ཉོ་གཤས་ཚོང་མི་ཆོག་ཅིང་བསྔོས་ཤ་ཡིན་མིན་རྩད་དཔྱད་ནས་དེ་འདྲ་མིན་པ་ལ་ལོངས་སྤྱོད། གཞན་དག་ལས་བུ་ལོན་ཐོབ་མིན་བྱུང་ན་དགེ་བསྐོས་ལ་ཞུ་བ་ལས་རང་ཤེད་འཐབ་འཛིངས་བྱས་ན་མར་མེ་བརྒྱ་མཆོད་དང་། གཡོ་སྒྱུ་བྲེ་སྲང་ལེག་པ་འཛུག་པ་དང་། གཞན་ལས་བརྡུང་འཕྲོག་བཅོམ་གསུམ་གྱི་རྒྱུ་ནོར་བླངས་བ་དང་། དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་སྤངས། སྤྱི་དཀོར་ཉར་ཚག་དགེ་བསྐོས་གཉིས་ནས་ཚུར་འོང་ཐོ་དང་ཕར་འགྲོ་སོང་གཉིས་ཀ་ཡི་གེ་ཞིབ་བཅའ་དང་། བརྗེ་མཚམས་དགེ་འདུན་ཐུགས་ཡིད་ཆོས་པའི་དག་ཐོར་ཞུ་དགོས། དངོས་རྫས་ཉོ་ཚོང་གླིང་ནང་མི་བྱ། དངོས་པོ་ཆུད་ཟོས་བྱུང་ན་མཇལ་དགོས་རྙེེད་པ་བགོ་དུས་སྟོན་པའི་སྐུ་སྙལ་བཞག་ནས་ཐམས་ཅད་འདྲ་མཉམ་བགོ །ལས་ཚན་སོ་སོར་རྩིས་སྤྲོད། འཐོར་བརླག་ཆུད་ཟོས་བྱུང་ན་མཇལ་དགོས། ཆོག་བཟོད་ཧོམ་བསྒྱུར་རྒྱབ་ན་རྒྱུ་རྩ་དེའི་རིན་ཐང་ལོག་པོའི་ཉོ་བསྒྲུབ་དང་། རང་རང་གི་གཤགས་ནང་དུ་རྩེད་མོ་ཀུ་རེ་སོགས་ངག་ཁྱལ་དང་ཚིག་དོན་འབྲེལ་མེད་ཀྱི་ཆོས་རྩོད་ཧ་བགད་སོགས་དང་། གླིང་སྟོད་ཤོད་ནས་འབོད་ལན་བྱེད་པ་དང་། གཙུག་ལག་ཏུ་དགོས་དོན་གནད་ཆེན་ཡོད་ན་ལས་ངག་སྨྲ་བ་གཏན་ནས་སྤངས། དེ་རྣམས་དང་འགལ་ན་ཕྱག་བརྒྱ་ནས་བཅུ་ཡི་བར་འོས་དཔྱད་དང་། གཙུག་ལག་ཏུ་ངག་སྨྲ་བ་ལན་རེ་མར་མེ་རེ་འབུལ་དགོས། གཤགས་ཅིག་གི་ནང་གྲྭ་པ་གཉིས་རེ་ལྷན་དུ་སྡོད་པ་དང་། ཕན་ཚུན་ཞག་སྡོད་སྤངས། ཉིན་ཐུན་དང་མཚན་ཐུན་ལ་དགེ་བསྐོས་གླིང་ཉུལ་མ་ལན་གསུམ་རེ་འགྲོ། དགོན་པའི་ནང་འགྲོ་དགོས་ན་དགེ་བསྐོས་ལ་དགོངས་པ་ཞུ། དགོངས་པ་ཐོབ་ཀྱང་ཕྱི་རོལ་དུ་ཞག་ལ་མི་སྡོད། བྱོན་བཞུགས་ཐམས་ཅད་ལ་སྤྱོད་ལམ་ཞི་དུལ་དང་། གོས་དཀར་པོ་བགོ་བ་དང་། རིང་འགགས་དང་ཤམ་ཐབས་ལྕགས་རི་མེད་པ་དང་། གློ་ཆ། ཁབ་ཤུབ། མོ་ཆ། དཔའ་ཐུང་སོགས་འདོགས་མི་ཆོག །གཞན་གྱི་གཏམ་པོ་ཉར་ཚག་མི་བྱ། ཚོགས་བསྒྲིགས་ལ་གདངས་དབྱངས་ཕྱག་ལེན་འབུད་བཀྲོལ་སོགས་སྦྱངས་བརྡར་དང་། གསུང་གྲ་བསྒྲིགས་པ་སོགས་དྭངས་བ་འདྲེན་ཐུབ་པ་དང་། དགེ་ཚུལ་སློང་གི་ཡོ་བྱད་རྣམས་ཚགས་སུ་ཚུད་ཅིང་། ཁྱད་པར་གདེང་བ་གཙུག་ལག་དུ་རྒྱུན་འདིང་དང་། ཆོས་གོས་མེད་མི་རུང་། དགེ་སློང་རྣམས་སྣམ་སྦྱར་ཡང་འཛོམས་ན་ཕན་ཡོན་ཆེ། ཆོས་སྟོན་པའི་དགེ་བའི་བཤེས་གཉེན་ལ་བཀུར་བསྟི་རིམ་གྲོ་བྱ། ཐུགས་ཀྲུག་ངན་ཆོག་བྱས་ན་གནས་དབྱུང་སོགས་གོང་བཞིན་བྱ་དགོས། རྒྱུན་དུ་ཡི་གེ་འབྲི་བ། མཆོད་པ། སྦྱིན་པ། ཉན་པ། ཀློག་པ། འཛིན་པ། འཆད་པ། ཁ་ཏོན་བྱེད་པ། དོན་ལ་སེམས་པ་དཔྱད་འཇོག་གི་བསྒོམ་པ་སྟེ། ཆོས་སྤྱོད་བཅུར་བཙོན་པ་ལས་སོས་དལ་སྐད་ཅིག་ཙམ་ཡང་མི་སྡོད། མདོ་སྔགས་ཀྱི་གཞུང་འཆད་ཉན་བྱེད་པའི་སྔོན་དུ་སེམས་སྡོམ་འབོག་ཆོག་དང་། སོ་སོར་བསྟན་པ་ལ་དབང་བའི་སྨིན་བྱེད་རྣམས་ཞུ་དགོས། མདོ་སྔགས་ཀྱི་གཞུང་ཆེ་ཆུང་ཉེར་ལྔ་ལ་ཤིན་ཏུ་ནན་ཏན་སྦྱངས་ཤིང་ཁྱད་པར་རྒྱུད་གསང་བ་སྙིང་པོར་འཆད་ཉན་རྩལ་དུ་བཏོན། ཤེས་རབ་ཆེ་ཆུང་དང་བསྟུན་ནས། མདོ་སྔགས་ཀྱི་གཞུང་། རྩ་བ་སྤྱི་དོན་བློ་ལ་བྱང་ནས་བཤད་རྒྱུགས་འབུལ་བ་བྱུང་ན་ལེགས་པོའི་བདག་རྐྱེན་ཡོད། བཤད་ལུང་བགྱིད་དགོས་རྣམས་འཆད་པོས་ཀྱང་རྒྱུན་ལེགས་པར་མནོས་ཏེ་བཤད་རྒྱུན་མི་ཆད་པར་བྱ། བསླབས་སྦྱངས་ལ་བརྩོན་འགྲུས་བྱེད་མི་མཁན་པོ་དགེ་བསྐོས་ཀྱི་བརྟན་ཏེ་ལན་གསུམ་གྱི་བར་ཞལ་བརྒོས་དང་། གཏན་ནས་མ་སྦྱང་ན་གནས་དབྱུང་བྱ། རྒྱུན་ཚོགས་དང་ཆོས་འཆད་ཉན། སྐྱོར་སྦྱང་དང་། ཉིན་ཐུན། མཚན་ཐུན་རྣམས་གལ་ཆེན་ཁྲིགས་སུ་ཚུད་པ་དགོས། རྒྱུན་ཚོགས་སྔ་ཕྱི་གསོ་སྦྱོངས་གཉིས། དུས་མཆོད་སོགས་ལ་མ་འཚོགས་ན། རེ་རེ་ཆག་ན་མར་མེ་བཅུ་རེ་ཡོན་ཁ་འཚོགས་རྒྱུ་ཆག་མཁན་དེར་རྙེད་པ་དེ་རྐང་ཆད་ཐུན་གཉིས་པོ་ཆག་ན། ཕྱག་སུམ་བརྒྱ། མར་མེ་ཉི་ཤུའི་ཆད། ཉིན་ཐུན་ལ་མི་གཉིས་ལྷན་སྡོད་བྱུང་ན་མར་མེ་གསུམ་རེ། མཚན་ཐུན་ལ་མི་གཉིས་ལྷན་དུ་སྡོད་ན་མར་མེ་བཅུ་གསུམ། ཕྱག་བརྒྱ་རེ། ཐུན་སྒང་རབ་གསལ་ཕྱི་ནང་བལྟ་རེས་བྱས་ན་མར་མེ་གསུམ་རེའི་ཆད་པ་ཡིན། གཞུང་རྒྱུག་སྤྲོད་སྐབས་ཐམས་ཅད་ནས་ལེགས་པར་གསན་དགོས། མ་གསན་ན་ཕྱག་བརྒྱ་ནས་ཉེར་ལྔ་ཡན་བབས་བསྟུན། མ་སྦྱངས་པའི་རྟགས་མངོན་གྱུར་གྱི་རྒྱུག་མ་ཕྲོད་ན་མར་མེ་གཉིས་བརྒྱ། རྒྱུན་འཚོགས་ལ་བསླབ་གྲལ་བསྒྲིགས། ཟླ་༩ཚེས་༡༥ནས། ཟླ་༣ཚེས་༡༥བར་སྟོད་འབོག་གྱོན། ཟླ་༣ཚེས་༡༥ནས། ཟླ་༩ཚེས་༡༥བར་དཔུང་བཅད། དེ་དང་འགལ་ན་ཕྱག་ལྔ་བརྒྱ། ཟླ་བ་གཉིས་རེའི་མཚམས་ཚེས་བརྒྱད་ལ་དབུ་སྐྲ་ལྷན་དུ་བསིལ། ཆན་པས་མི་བྲོག་གཟན་སྣམ་ཐེར་གང་བྱུང་ལས་ཨ་ཐི་སོགས་དང་ཞབས་ཆང་ཀོ་ལྷམ་ཡུ་བ་ཅན་དུ་མི་གྱོན། འདི་རྣམས་དང་འགལ་ན་མར་མེ་བཅུ་ནས་གསུམ་གྱི་བར་འོས་བསྟུན། སྣ་རྭ་མི་ཁྱེར། ཕོར་པ་སྨིན་གླིང་བསྒྲིགས་ཞལ་དང་། བསོད་སྡེར་གང་རུང་ལས་གཞན་ཁྱེར་མི་ཆོགསྣ་རྭ་དང་ཕོར་པ་འདྲ་མིན་ཁྱེར་འོང་ན་བཅག་རྒྱུ་དང་། སྒྲུབ་མཆོད་ཚོགས་དུས་གདིང་ཆོས་རྩེ་ཞྭ་རྡོར་དྲིལ་མེད་ན་བརྒྱ་ཕྱག་གསུམ་རེ་དང་དེ་འཕྲལ་འཛོམ་པ་དགོས། འདུ་ཁང་ལ་དགེ་ཚུལ་ཇ་འདྲེན་པ་དང་། ལྷ་གཉེར་ནས་ཕྱག་དར་བྱི་དོར་འོད་ཆགས་པ་དང་། དབྱར་སྔོ་ཕྱིས། ཡོན་ཆབ་བརྒྱ་ཚར་བཤམས། ཆོས་རྭ་དང་རང་རང་གི་སྒོ་ཁང་ཞག་ལྔ་རེའི་མཚམས་ཕྱག་དར་མ་བྱས་ན་ཕྱག་བཅོ་ལྔ་རེ། གླིང་ཐོག་ཁ་བ་ཕྱག་རྒྱུ་སྐྱོར་དཔོན་དགེ་བསྐོས་དབུ་མཛད་ལས་ཐོག་མ་གཏོག་ཚང་མ་བྱོན་དགོས། ཆོས་རའི་རྡུལ་དང་ཁ་བ་མ་ཆེན་པས་ཕྱག་པ། གསེར་ཁང་སྟེང་ཤོད་རྡུལ་ཁ་བ་གསེར་ཁང་ལྷ་གཉེར་ནས་ཕྱག་དགོས། དཔེ་གཉེར་བས་དཔེ་ཆ་སྦྱངས་དུས་མ་གཏོགས་གཡར་མི་ཆོགགཏོར་བརླག་བྱུང་ན་བྱེད་མཁན་དེའི་ཚབ་དགོས། རྒྱུད་སྡེའི་སྒོ་ཆེན་དམིགས་བསལ་གནང་བའི་སྐབས་ལས་རྒྱུན་དུ་འབྱེད་མི་ཆོག །ཇ་མེ་དུས་བཞི་བླངས་བར་ལྷན་དུ་བྱོན་རྒྱུ་དང་། བླ་བྲང་སྟེང་ཐོགས་ནས་ཕྱི་ནང་སུའང་གྱང་ངོས་ལ་འཛེགས་ནས་བགྲོད་ན་མར་མེ་ལྔ་རེའི་ཉེས་ཆད་དང་རྒྱུན་ཚོགས་ལ་ནད་པ་སོགས་ཤིན་ཏུ་མི་ཁོམ་མི་ལྕོགས་སོགས་ངེས་ཅན་ལ་ཆོས་ཁྲིམས་ནས་དགོངས་པ་གནང་འོས་མིན་བརྟགས་དཔྱད་དགོས། དགེ་འདུན་སྤྱི་གྲོས་ཀྱི་ཆོས་ཁྲིམས་འོས་འདུ་བསྟན་བདག་རིན་པོ་ཆེར་ཕུལ་ནས་དགེ་བསྐོས་གཉིས་ལོ་རེར་བསྐོས་བཞག་དང་དེ་གཉིས་ཀ་ནས་ཉི་རིང་ཕྱོགས་ལྷུང་མེད་པ་ཐིག་ཤིང་དྲང་པོར་བཞག་པ་ལྟ་བུའི་བཅའ་ཡིག་ནང་འཁོད་ཀྱི་བསྒྲིགས་ལམ་གོང་འཕེལ་བསམ་སྦྱོར་རྣམ་དག་གི་རྟོག་ཞིབ་ཚགས་སུ་ཚུད་པ་ལས་གང་བྱུང་དེས་ཆོག་རྒྱུ་འབྲས་འགལ་བ་བྱས་ན་སྐྱབས་མཆོག་འདས་བཞུགས་རྣམས་ཀྱི་ཆོས་དམ་འགལ་ངེས་དང་། མདོར་ན་སྤངས་བླང་གི་གནས་འདི་རྣམས་དང་། མི་འགལ་བ་ཚུལ་བཞིན་སྒྲུབ་པ་རྣམས་རྡོ་རྗེའི་ཆོས་སྐྱོངས་བ་རྣམས་ཀྱི་སྲུངས་སྐྱོབས་སྡོང་གྲོགས་དང་། དགེ་འདུན་གྱི་ཁྲིམས་དང་འགལ་ཞིང་དམ་ཉམས་སྡེ་ཀྲུག་བྱད་ལྟོའི་རིགས་རྣམས་ཤྲཱི་མ་ཧཱཿཀཱ་ལིའི་དེ་ཝིས་དེ་ཡི་སྙིང་ཁྲག་དྲོན་མོ་ལ་རོལ་ཅིག་ལོ་དང་ཟླ་བ་མ་བཞག །ཞག་དང་ཟ་མར་མ་འགྱངས་སྐད་ཅིག་ཉིད་ལ་བསྒྲོལ། ཅེས་གཉེར་དུ་གཏད་པ་ཡིན་པས་འདི་དོན་སྤངས་བླངས་འགལ་མེད་དྲན་ཤེས་བག་ཡོད་ལྡན་པས་བསྲུངས་པ་གལ་ཆེ། བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་པའི། །བསྟན་པ་བཤད་དང་སྒྲུབ་པས་དར་ཤིང་རྒྱས། །བསྟན་པའི་རིང་ལུགས་ཕྱོགས་བརྒྱར་འཕེལ་བ་དང་། །བསྟན་འགྲོར་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རབ་བྱུང་བཅུ་དྲུག་པའི་རྒྱལ་ཟླའི་ཚེས་ལ་དགེའོ། །དགེའོ། །སརྦ་མངྒ་ལཾ། ཤུ་བྷཾ།། །།
[edit]

na mo gu ru many+dzu shrI ye/__gang mtshan bsod nams phung po bye ba'i 'od/__/khyad par bkye bas snying gi mun sel ba/__ston mchog smra ba zla med shAkya'i tog__/gang zhabs chu skyes spyi bo'i gtsug tu mdzes/__/chos kun mkhyen pa'i me long gtsang ma'i ngogs/__/'khor 'das chos khams tshon sna ma 'dres bkra/__ye shes 'od brgyas 'gro blo'i mun sel ba/__/bla ma 'jam pa'i dbyangs kyi shis pa stsol/__/bde gshegs thub pa'i bstan pa ni/__/dge 'dun rnams kyis 'dzin pa'i phyir/__/de yang ston pas bcas pa bzhin/__/ma nor 'jug pa shin tu gces/__/mdo 'dul gsung rab rgya mtsho las/__/blang dor spyod pa'i gnas rnams ni/__/legs btus bslab khrims bca' yig las/__/snying por dril ba 'di yin no/__/ces yul dam pa la mchod pa brjod cing shis pa'i tshig gi pad+ma dkar po cung zad 'thor bas dge legs su byas te+e/__kaHthog brgyud sde lha khang dkon mchog pho brang bshad sgrub nor bu'i lhun po thub rgyal kun mkhyen gling bzhugs kyi dge 'dun pa rnams kyi ji ltar bya ba'i rim pa gsal bar ston pa'i bca' yig__/de bzhin gshegs pa'i bstan pa'i gdugs dang rgyal mtshan dang /__ba dan bsgrengs ba ces bya bar rgyas par spros shing /__'dir de las snying por bsdus te bca' khrims kyi rkang grangs tsam bzung pa la/__bsgrigs 'dir thog mar zhugs pa gzhi byos gang yin dge tshul slong gi sdom pa thob pa mi gzhi bzang ba la brtags dpyad legs par gnang ba dang dam bca' khas blang bris thos sogs nan tan gyi grangs bzhi bcu rtsa gnyis las phyir mi nyung ba dang /__lo lnga bar brje dkrol sogs med rgyu nges can yin/__gal te shin tu rgyu rkyen chen pos dgongs pa gnang dgos byung na rkyen bstan bdag rin po che snyan bsgron zhus te bka' gnang thob tshe tshogs su mang rten dngul srangs mang ja mar me brgya mchod bcas sgrub dgos pa las zhu gnang ltab bde mi chog__/bslab khrims mi tshangs spyod/__srog gcod/__ma byin len/__brdzun smra ba ste pham pa'i chos bzhi dang /__myos 'gyur gyi chang btung ba dang /__dge 'dun lhag pa'i dang po khu ba 'byin pa rnams mthong thos nges gsal byung tshe g+haN+Di brdung ba sogs 'dul ba ltar gyi gnas dbyung dang /__khong khro 'thab 'dzing chen po byung na de ma thag gnas dbyung dang /__gnas dbyung sa yang rgyud sde'i gling nas phyir skrod pa ni/__dam pa'i chos kyi lugs dang /__de rjes bla dpon kyi rgyal khrims dang mthun pa'i zhib dpyod nges pa dgos/__khong khro chung ngu la phyag lnga brgya mar me nyer lnga re'i chad pa dang /__mkhan gnas dge bskos rnams kyi zhal bsgos bya/__kha 'dzings 'thab mo lan cig la mar me brgya mchod re sgrub dgos/__gtsug lag khang gi nang dang gling stod shod rnams su bud med drag zhan thams cad 'gro mi chog__/bla brang steng kha'i mja' kha sngar rgyun bzhin gser kha gi lho sgo nas btang dgos/__khrim 'gal byung na bud med de'i skra gcod rgyu dang /__mar me brgya mchod gnyis re'i chad pa sgrub dang /__dge 'dun pa tshes bcu dgu gtor sogs kyi skabs khrom gseb nyul ba/__bud med dang cig pur gtam smra ba/__bro glu bzhad gsum dang /__chags sdang gi gtam smra mi chog cing dge bskos la dgongs pa ma zhus par rgyud sde'i gling rgyab 'gro mi chog cing de rnams 'gal na mar me nyer lnga re'i chad pa dang /__so so'i gshag nang du skyes pa zhag sdod byung na mar me nyis brgya re'i nyes pa/__dge 'dun spyi gnyer nas bshas nyo gshas tshong mi chog cing bsngos sha yin min rtsad dpyad nas de 'dra min pa la longs spyod/__gzhan dag las bu lon thob min byung na dge bskos la zhu ba las rang shed 'thab 'dzings byas na mar me brgya mchod dang /__g.yo sgyu bre srang leg pa 'dzug pa dang /__gzhan las brdung 'phrog bcom gsum gyi rgyu nor blangs ba dang /__dkon mchog gi dkor la bag med du spyod pa spangs/__spyi dkor nyar tshag dge bskos gnyis nas tshur 'ong tho dang phar 'gro song gnyis ka yi ge zhib bca' dang /__brje mtshams dge 'dun thugs yid chos pa'i dag thor zhu dgos/__dngos rdzas nyo tshong gling nang mi bya/__dngos po chud zos byung na mjal dgos rnye+ed pa bgo dus ston pa'i sku snyal bzhag nas thams cad 'dra mnyam bgo__/las tshan so sor rtsis sprod/__'thor brlag chud zos byung na mjal dgos/__chog bzod hom bsgyur rgyab na rgyu rtsa de'i rin thang log po'i nyo bsgrub dang /__rang rang gi gshags nang du rtsed mo ku re sogs ngag khyal dang tshig don 'brel med kyi chos rtsod ha bgad sogs dang /__gling stod shod nas 'bod lan byed pa dang /__gtsug lag tu dgos don gnad chen yod na las ngag smra ba gtan nas spangs/__de rnams dang 'gal na phyag brgya nas bcu yi bar 'os dpyad dang /__gtsug lag tu ngag smra ba lan re mar me re 'bul dgos/__gshags cig gi nang grwa pa gnyis re lhan du sdod pa dang /__phan tshun zhag sdod spangs/__nyin thun dang mtshan thun la dge bskos gling nyul ma lan gsum re 'gro/__dgon pa'i nang 'gro dgos na dge bskos la dgongs pa zhu/__dgongs pa thob kyang phyi rol du zhag la mi sdod/__byon bzhugs thams cad la spyod lam zhi dul dang /__gos dkar po bgo ba dang /__ring 'gags dang sham thabs lcags ri med pa dang /__glo cha/__khab shub/__mo cha/__dpa' thung sogs 'dogs mi chog__/gzhan gyi gtam po nyar tshag mi bya/__tshogs bsgrigs la gdangs dbyangs phyag len 'bud bkrol sogs sbyangs brdar dang /__gsung gra bsgrigs pa sogs dwangs ba 'dren thub pa dang /__dge tshul slong gi yo byad rnams tshags su tshud cing /__khyad par gdeng ba gtsug lag du rgyun 'ding dang /__chos gos med mi rung /__dge slong rnams snam sbyar yang 'dzoms na phan yon che/__chos ston pa'i dge ba'i bshes gnyen la bkur bsti rim gro bya/__thugs krug ngan chog byas na gnas dbyung sogs gong bzhin bya dgos/__rgyun du yi ge 'bri ba/__mchod pa/__sbyin pa/__nyan pa/__klog pa/__'dzin pa/__'chad pa/__kha ton byed pa/__don la sems pa dpyad 'jog gi bsgom pa ste/__chos spyod bcur btson pa las sos dal skad cig tsam yang mi sdod/__mdo sngags kyi gzhung 'chad nyan byed pa'i sngon du sems sdom 'bog chog dang /__so sor bstan pa la dbang ba'i smin byed rnams zhu dgos/__mdo sngags kyi gzhung che chung nyer lnga la shin tu nan tan sbyangs shing khyad par rgyud gsang ba snying por 'chad nyan rtsal du bton/__shes rab che chung dang bstun nas/__mdo sngags kyi gzhung /__rtsa ba spyi don blo la byang nas bshad rgyugs 'bul ba byung na legs po'i bdag rkyen yod/__bshad lung bgyid dgos rnams 'chad pos kyang rgyun legs par mnos te bshad rgyun mi chad par bya/__bslabs sbyangs la brtson 'grus byed mi mkhan po dge bskos kyi brtan te lan gsum gyi bar zhal brgos dang /__gtan nas ma sbyang na gnas dbyung bya/__rgyun tshogs dang chos 'chad nyan/__skyor sbyang dang /__nyin thun/__mtshan thun rnams gal chen khrigs su tshud pa dgos/__rgyun tshogs snga phyi gso sbyongs gnyis/__dus mchod sogs la ma 'tshogs na/__re re chag na mar me bcu re yon kha 'tshogs rgyu chag mkhan der rnyed pa de rkang chad thun gnyis po chag na/__phyag sum brgya/__mar me nyi shu'i chad/__nyin thun la mi gnyis lhan sdod byung na mar me gsum re/__mtshan thun la mi gnyis lhan du sdod na mar me bcu gsum/__phyag brgya re/__thun sgang rab gsal phyi nang blta res byas na mar me gsum re'i chad pa yin/__gzhung rgyug sprod skabs thams cad nas legs par gsan dgos/__ma gsan na phyag brgya nas nyer lnga yan babs bstun/__ma sbyangs pa'i rtags mngon gyur gyi rgyug ma phrod na mar me gnyis brgya/__rgyun 'tshogs la bslab gral bsgrigs/__zla 9tshes 15nas/__zla 3tshes 15bar stod 'bog gyon/__zla 3tshes 15nas/__zla 9tshes 15bar dpung bcad/__de dang 'gal na phyag lnga brgya/__zla ba gnyis re'i mtshams tshes brgyad la dbu skra lhan du bsil/__chan pas mi brog gzan snam ther gang byung las a thi sogs dang zhabs chang ko lham yu ba can du mi gyon/__'di rnams dang 'gal na mar me bcu nas gsum gyi bar 'os bstun/__sna rwa mi khyer/__phor pa smin gling bsgrigs zhal dang /__bsod sder gang rung las gzhan khyer mi chogasna rwa dang phor pa 'dra min khyer 'ong na bcag rgyu dang /__sgrub mchod tshogs dus gding chos rtse zhwa rdor dril med na brgya phyag gsum re dang de 'phral 'dzom pa dgos/__'du khang la dge tshul ja 'dren pa dang /__lha gnyer nas phyag dar byi dor 'od chags pa dang /__dbyar sngo phyis/__yon chab brgya tshar bshams/__chos rwa dang rang rang gi sgo khang zhag lnga re'i mtshams phyag dar ma byas na phyag bco lnga re/__gling thog kha ba phyag rgyu skyor dpon dge bskos dbu mdzad las thog ma gtog tshang ma byon dgos/__chos ra'i rdul dang kha ba ma chen pas phyag pa/__gser khang steng shod rdul kha ba gser khang lha gnyer nas phyag dgos/__dpe gnyer bas dpe cha sbyangs dus ma gtogs g.yar mi chogagator brlag byung na byed mkhan de'i tshab dgos/__rgyud sde'i sgo chen dmigs bsal gnang ba'i skabs las rgyun du 'byed mi chog__/ja me dus bzhi blangs bar lhan du byon rgyu dang /__bla brang steng thogs nas phyi nang su'ang gyang ngos la 'dzegs nas bgrod na mar me lnga re'i nyes chad dang rgyun tshogs la nad pa sogs shin tu mi khom mi lcogs sogs nges can la chos khrims nas dgongs pa gnang 'os min brtags dpyad dgos/__dge 'dun spyi gros kyi chos khrims 'os 'du bstan bdag rin po cher phul nas dge bskos gnyis lo rer bskos bzhag dang de gnyis ka nas nyi ring phyogs lhung med pa thig shing drang por bzhag pa lta bu'i bca' yig nang 'khod kyi bsgrigs lam gong 'phel bsam sbyor rnam dag gi rtog zhib tshags su tshud pa las gang byung des chog rgyu 'bras 'gal ba byas na skyabs mchog 'das bzhugs rnams kyi chos dam 'gal nges dang /__mdor na spangs blang gi gnas 'di rnams dang /__mi 'gal ba tshul bzhin sgrub pa rnams rdo rje'i chos skyongs ba rnams kyi srungs skyobs sdong grogs dang /__dge 'dun gyi khrims dang 'gal zhing dam nyams sde krug byad lto'i rigs rnams shrI ma hAHkA li'i de wis de yi snying khrag dron mo la rol cig lo dang zla ba ma bzhag__/zhag dang za mar ma 'gyangs skad cig nyid la bsgrol/__ces gnyer du gtad pa yin pas 'di don spangs blangs 'gal med dran shes bag yod ldan pas bsrungs pa gal che/__bstan pa'i snying po gsang chen snga 'gyur pa'i/__/bstan pa bshad dang sgrub pas dar shing rgyas/__/bstan pa'i ring lugs phyogs brgyar 'phel ba dang /__/bstan 'gror dge mtshan rgyas pa'i bkra shis shog__/ces rab byung bcu drug pa'i rgyal zla'i tshes la dge'o/__/dge'o/__/sarba mang+ga laM/__shu b+haM//___//

Footnotes

Other Information