ཌཱ་ཀི་སེང་གདོང་མའི་ཕྲིན་ལས་སྙིང་པོར་དྲིལ་བ་བྱད་གདོན་ཀུན་འཇོམས།

From Khyentse Lineage - A Tsadra Foundation Project
Revision as of 08:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-041
Wylie title DA ki seng gdong ma'i phrin las snying por dril ba byad gdon kun 'joms JKCL-KABUM-09-TA-041.pdf
Location chos kyi blo gros bka' 'bum
Volume 9, Text 41, Pages 559-571 (Folios 1a to 7a2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. DA ki seng gdong ma'i phrin las snying por dril ba byad gdon kun 'joms. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 559-571. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Deity seng gdong ma
Colophon

།ཅེས་པའང་གྲུབ་ཆེན་མེ་ལོང་རྡོ་རྗེ། ལྷོ་བྲག་གྲུབ་ཆེན་སོགས་ཀྱི་རྣམ་པར་འཕྲུལ་པ་འཁྲུལ་ཞིག་རིན་པོ་ཆེ་ཀུན་བཟང་དཔའ་བོ་རྡོ་རྗེ་ནས་ལྷ་རྫས་དང་། རིན་གཉིས་ཀྱི་སྐྱེས་དང་བཅས་བསྐུལ་བར་དགོས་པ་ཁྱད་པར་ཅན་ཡོད་དོ་སྙམ་ནས་བཀའ་ལྡོག་མ་བཟོད་པར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་པདྨ་ཡེ་ཤེས་རྡོ་རྗེས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་གམ་དུ་མགོ་ཟླའི་སྟོང་པ་དང་པོའི་ཚེས་༤ལ་གང་དྲན་ཤར་མར་བྲིས་པ་བསྟན་འཛིན་སྐྱེས་བུའི་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།།

/ces pa'ang grub chen me long rdo rje/__lho brag grub chen sogs kyi rnam par 'phrul pa 'khrul zhig rin po che kun bzang dpa' bo rdo rje nas lha rdzas dang /__rin gnyis kyi skyes dang bcas bskul bar dgos pa khyad par can yod do snyam nas bka' ldog ma bzod par 'jam dbyangs chos kyi blo gros sam pad+ma ye shes rdo rjes bal yul mchod rten chen po bya rung kha shor gyi gam du mgo zla'i stong pa dang po'i tshes 4la gang dran shar mar bris pa bstan 'dzin skyes bu'i zhabs pad yun du brtan pa'i rgyur gyur cig__/sarba mang+ga laM/__shu b+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །ཌཱ་ཀི་སེང་གདོང་མའི་ཕྲིན་ལས་སྙིང་པོར་དྲིལ་བ་བྱད་གདོན་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མོ་བཛྲ་ཌཱ་ཀི་ནཱི་ཡི། བླ་མ་རྡོ་རྗེ་མཁའ་འགྲོ་ལ། །གུས་པས་བཏུད་ནས་དེ་སྒྲུབ་ཀྱི། །ཕྲིན་ལས་ཉུང་གསལ་སྙིང་པོ་ནི། །མདོར་བསྡུས་སྤེལ་ལ་ཤིས་པ་སྩོལ། །དེ་ལ་དབང་ཐོབ་ཅིང་སྔགས་པ་དམ་ཚིག་དང་ལྡན་པས་དམ་ཚིག་གི་རྟེན་དང་ཕྱི་ནང་གསང་བའི་མཆོད་གཏོར་རྣམས་བཤམས་ལ། ཆོ་ག་དངོས་ལ། སྔོན་དངོས་རྗེས་གསུམ་གྱི། དང་པོ་སྐྱབས་སེམས་ནི། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་མ། །མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ། །གུས་པས་སྐྱབས་མཆི་བདག་གཞན་ཀུན། །བྱང་ཆུབ་གོ་འཕང་ཐོབ་པར་བྱ། །ལན་གསུམ། གཉིས་པ་བཀའ་བསྒོ་མཚམས་བཅད་ནི། ཧཱུྃཿརྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་ནི་མ་གཏོགས་པ། །དམ་མེད་བདུད་རིགས་འབྱུང་པོའི་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །འདས་ན་བརླག་པར་གདོན་མི་ཟ། །ཧཱུྃ་བཞིའི་སྔགས་ཀྱིས་བགེགས་རྣམས་བསྐྲད། ཧཱུྃ། ཁྲོ་བོ་ཁྲོ་མོ་སྐར་ཚོགས་ལྟར། །རབ་སྤྲོས་སྲུང་བའི་རྡོ་རྗེའི་གུར། །ཕྱོགས་མཚམས་མེད་པར་གཏམས་པ་ལས། །བགེགས་རྣམས་འཇུག་པའི་སྐབས་མེད་དོ། །བཛྲ་ཙཀྲ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ། གསུམ་པ་བྱིན་དབབ་མཆོད་བརླབ་ནི། སྤོས་རོལ་དབྱངས་དང་བཅས། ཧཱུྃ་ཧྲཱིཿདུས་གསུམ་བདེ་གཤེགས་རྒྱལ་བ་དང་། །བླ་མ་ཡི་དམ་དྷཱ་ཀིའི་ཚོགས། །ཁྱད་པར་སེང་གེའི་གདོང་པ་ཅན། །མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས། །འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབས། །གནས་ཡུལ་དག་པའི་ཞིང་དུ་བསྒྱུར། །མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སིངྷ་མུ་ཁཱ་ཧེ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨེ་ཨཱ་རལླི་ཧྲིང་ཧྲིང་ཕཻཾ་ཕཻཾ། ཛཿཧཱུྃ་བྃ་ཧོཿཨོཾ་ཨཱཿཧཱུྃ། སྒྲུབ་པའི་དཀྱིལ་འཁོར་ཕྱི་ནང་མཆོད་གཏོར་རྣམས། །ས་དང་ནམ་མཁའ་བར་སྣང་ཀུན་ཁྱབ་ཅིང་། །ཀུན་ཏུ་བཟང་པོའི་རྣམ་རོལ་ལས་བྱུང་བའི། །བདེ་སྟོང་ཟག་མེད་མཆོད་པའི་སྤྲིན་ཕུང་གྱུར། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་ཧོཿཨོཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཧོཿལན་གསུམ། དངོས་གཞི་དང་པོ་ལྷར་བསྐྱེད་ཅིང་རྒྱས་གདབ་དབང་བསྐུར་ནི། ཨཿརྡོ་རྗེ་ཁྲོས་མའི་ཏིང་འཛིན་ལས། །སྟོང་ཆེན་དེ་བཞིན་ཉིད་དབྱིངས་ངང་། །ཀུན་ཏུ་སྣང་བའི་སྙིང་རྗེར་ཤར། །དབྱིངས་རིག་རྒྱུ་ཡི་ཏིང་འཛིན་ཨཱཿ། མཐིང་ནག་འབར་བའི་ཆོ་འཕྲུལ་ལས། །ཁམས་གསུམ་དག་པ་ཨེ་ཡི་དབྱིངས། །པད་ཉི་རྡོ་རྗེ་རྒྱ་གྲམ་ལྟེར། །ཆོས་འབྱུང་གྲུ་གསུམ་མཐིང་ནག་བསྣོལ། །ཁྱམས་དང་དུར་ཁྲོད་རྡོ་རྗེའི་གུར། །ཤུགས་དྲག་མདའ་དང་གྲི་གུག་དང་། །མེ་རི་འབར་བའི་སྲུང་འཁོར་གྱིས། །ཡོངས་སུ་བསྐོར་བའི་ཆོས་འབྱུང་དབུས། །འཁོར་ལོ་རྩིབས་བཞི་རྩིབས་བཅུ་དྲུག །ལྟེ་བར་པད་ཉི་རོ་གདན་སྟེང་། །རྒྱུ་ཡི་ཨཱཿཡིག་བབ་པ་ཉིད། །སྐད་ཅིག་ཡོངས་སུ་གྱུར་པ་ལས། །ཡེ་ཤེས་དྷཱ་ཀི་སེང་གེའི་གདོང་། །མཐིང་ནག་སྲོད་ཀྱི་ནམ་མཁའི་མདོག །ཞལ་གཅིག་ཕྱག་གཉིས་འཕྲོག་བྱེད་ཞལ། །རབ་རྣོན་མཆེ་གཙིགས་ལྗགས་འདྲིལ་ཞིང་། །སྨར་སྨིན་བསྐལ་པའི་མེ་བཞིན་འབར། །རལ་པ་སྔོན་པོ་གྱེན་དུ་འཕྱུར། །ཤངས་ནས་བསྐལ་པའི་འཐོར་རླུང་འཚུབས། །ཨཱ་རལླི་དང་ཕཻཾ་གྱི་སྒྲས། །ས་གསུམ་གཡོ་ཞིང་འདར་བར་བྱེད། །ཕྱག་གཡས་རྡོ་རྗེའི་གྲི་གུག་འཕྱར། །གཡོན་པས་ཐོད་པ་ལྕང་ལོ་ཅན། །ཁྲག་གིས་བཀང་བ་ཐུགས་ཀར་བསྣམས། །མཆན་གཡོན་ཁ་ཊྭཱྃ་རྩེ་གསུམ་བརྟེན། །སེངྒེའི་པགས་པའི་སྟོད་གཡོགས་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང་། །རུས་རྒྱན་མགོ་རློན་ལྔ་བཅུའི་ཕྲེང་། །ཁྲག་ཞག་ཐལ་བས་རབ་ཏུ་བྱུགས། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱངས་གར། །ཡེ་ཤེས་མེ་དཔུང་ཀློང་ན་བཞུགས། །རྩིབས་བཞིར་བུདྡྷ་རཏྣ་དང་། །པདྨ་ཀརྨ་སེང་གདོང་རྣམས། །དཀར་སེར་དམར་དང་ལྗང་གུའི་མདོག །རྒྱན་དང་ཆ་ལུགས་གཙོ་མོ་ལྟར། །རང་རིགས་ཕྱག་མཚན་གྲི་གུག་འཕྱར། །དེ་ཡི་ཕྱི་རོལ་རྩིབས་བཅུ་དྲུག །གཽ་རི་དཀར་མོ་ཞིང་དབྱུག་འཕྱར། །ཙཽ་རི་མདའ་གཞུ་འགེངས་མ་སེར། །པྲ་མོ་ཆུ་སྲིན་རྒྱལ་མཚན་དམར། །བཻ་ཏ་བྱིས་ཟ་རྡོར་འཕྱར་ནག །པུཥྐ་དམར་སེར་བྱིས་རྒྱུ་འདྲེན། །ཀསྨ་དུད་དམར་དཀྲུགས་འཐུང་ལྗང་། །སྨེ་ཤ་མཐིང་ནག་བྱིས་སྙིང་ཟ། །ཙན་བྷ་སེར་སྐྱ་མཆོག་ལུས་འདྲལ། །ཕྲ་མེན་སིདྷ་ཆེན་མོ་བརྒྱད། །སིངྷ་སེང་གདོང་རོ་ཟ་སྨུག །བྱ་གྷྲྀ་མནན་ལྟ་བསྣོལ་དམར་སྟག །སྲི་ལ་ནག་མོ་བྱིས་ལྡག་ཝ། །ཤྭ་ན་འདྲལ་བལྟ་མཐིང་ནག་སྤྱང་། །གྷྲྀ་ཌྷ་མགྲིན་དམར་རྒྱུ་འདྲེན་རྒོད། །ཀངྐ་ཞིང་ཕྲག་སྣ་མགོ་རིང་། །ཁ་ཁ་བྱ་རོག་བྷན་གྲི་ནག །ཧུ་ལུ་འུག་གདོང་ལྕགས་ཀྱུ་མཐིང་། །ཀུན་ཀྱང་འཇིགས་ཚུལ་མི་བཟད་སྟོན། །ཞིང་རྐྱང་གདན་ལ་གར་སྟབས་བཞུགས། །དེ་ཕྱིར་འབར་བའི་བར་ཁྱམས་ལ། །དབང་མོ་དྲུག་དྲུག་གར་སྟབས་འགྱིང་། །ཤར་དུ་ཁུ་བྱུག་ལྕགས་ཀྱུ་དཀར། །ལྷོ་རུ་ར་གདོང་ཞགས་པ་སེར། །ནུབ་ཏུ་སེང་གདོང་ལྕགས་སྒྲོག་སྨུག །བྱང་དུ་སྦྲུལ་གདོང་དྲིལ་བུ་ལྗང་། །ཁྲོ་མོའི་ཆས་རྫོགས་གར་སྟབས་བཞུགས། །དེ་ལྟར་གསལ་བའི་གནས་གསུམ་དུ། །ཡིག་འབྲུ་གསུམ་གྱིས་མཚན་པ་དང་། །དབང་ལྷ་འཁོར་བཅས་སྤྱན་དྲངས་ཏེ། །དབང་བསྐུར་སྐུ་གང་ཆུའི་ལྷག་མ། །གྱེན་འཕྱུར་སྤྱི་བོའི་གནས་ལྔ་རུ། །ཁྲག་འཐུང་རིགས་ལྔས་དབུར་བརྒྱན་གྱུར། །ཨོཾ་ཨཱཿཧཱུྃ། ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿགཉིས་པ་སྤྱན་འདྲེན་བཞུགས་གསོལ་ནི། ཧཱུྃ་ཧྲཱིཿམི་མངོན་དབྱིངས་ན་བཞུགས་པ་ཡི། །ཡེ་ཤེས་དྷཱ་ཀི་སེང་གདོང་མ། །གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །དཀྱིལ་འཁོར་གནས་འདིར་སྤྱན་འདྲེན་གཤེགས། །བར་ཆད་ཀུན་སོལ་དངོས་གྲུབ་སྩོལ། །ཨོཾ་བཛྲ་དྷཱ་ཀི་ནཱི་སིདྷ་མུ་ཁཱ་ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛཿཨཱ་ཝེ་ཤ་ཡ་ཧྲིང་ཧྲིང་ཕཻཾ་ཕཻཾ། ཨོཾ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ། །དགྱེས་མཉམ་ཆེན་པོར་རོ་གཅིག་ཏུ། །དམ་ཚིག་ཡེ་ཤེས་དབྱེར་མེད་པ། །བྱང་ཆུབ་བར་དུ་བརྟན་པར་བཞུགས། །ཛཿཧཱུྃ་བྃ་ཧོཿཛྙཱ་ན་ས་མ་ཡ་ཏིཥྛ་ལྷན། གསུམ་པ་ཕྱག་མཆོད་བསྟོད་པ་ནི། ན་མོ། སྐྱེ་མེད་དབྱིངས་ལས་རང་ཤར་བ། །རྡོ་རྗེ་ཕྲ་མེན་ཆེན་མོ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །མི་ཕྱེད་བརྡ་ཡི་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿཨོཾ་ཨཱཿཧཱུྃ། བླ་ན་མེད་པའི་མཆོད་པ་སྦྱར་བ་ནི། །འདོད་པའི་ཡོན་ཏན་ལྔ་ཡི་སྤྲིན་ཕུང་འཕྲོ། །ཡུལ་དང་དབང་པོ་གཉིས་མེད་མཉམ་པར་རོལ། །དམ་ཚིག་གསང་བའི་མཆོད་པ་བཞེས་སུ་གསོལ། །ཨོཾ་བཛྲ་སིདྷ་མུ་ཁཱ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་རཱུ་པ་ཤབྡ་གནྡྷེ་ར་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་མ་ཧཱ་སུ་ཁ་ཏ་ན་ག་ཎ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿཧཱུྃ། སྐུ་ནི་མི་འགྱུར་ཀུན་ཏུ་བཟང་མོའི་སྐུ། །གསུང་ནི་མི་འགག་ཚངས་པའི་དབྱངས་དང་ལྡན། །ཐུགས་ནི་མི་གཡོ་སྨྲ་བསམ་བརྗོད་ལས་འདས། །སྐུ་གསུང་ཐུགས་ལྡན་སེང་གེའི་གདོང་ཅན་བསྟོད། །ཆོས་ཉིད་གཅིག་ལས་དུ་མའི་གར་བསྒྱུར་བ། །རིགས་བཞིའི་སེང་གདོང་གནས་ཡུལ་ཕྲ་མེན་དང་། །དབང་མོ་ཉེར་བརྒྱད་ལ་སོགས་དཀྱིལ་འཁོར་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་ལ་བསྟོད། །བཞི་པ་ཛཔi་བཟླས་ལ་བསྙེན་པ་ནི། ཡེ་ཤེས་མཁའ་འགྲོའི་ཐུགས་ཀའི་དབུས། །ཕ་ལམ་ལས་གྲུབ་རྡོ་རྗེའི་ལྟེར། །ཉི་སྟེང་ཨཱཿཡིག་མཐིང་ནག་མཐར། །སྔགས་ཕྲེང་སྤུ་ཤད་ལྟ་བུས་བསྐོར། །འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས། །མར་འཕྲོས་སྣོད་བཅུད་ཐམས་ཅད་སྦྱངས། །ཁམས་གསུམ་དག་པ་སེང་གདོང་མའི། །སྐུ་གསུང་ཐུགས་ཀྱི་རོལ་པར་རྫོགས། །ཨོཾ་བཛྲ་སིདྷ་མུ་ཁཱ་ཧཱུྃ་ཧ་ཧེ་བྷྱོ་ཕཊཿའབུམ་ཕྲག་བཞི་བཟླ། སྒྲུབ་པའི་སྔགས་ནི། སླར་ཡང་སྒྲུབ་པའི་སྔགས་ཕྲེང་ལས། །འོད་ཟེར་མགལ་མེ་ལྟར་འཁོར་ཞིང་། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐུལ། །ཀུན་ཀྱང་སྐུ་ནི་དགྱེས་པའི་གར། །གསུང་སྔགས་སྒྲ་ཆེན་རབ་ཏུ་སྒྲོགས། །ཐུགས་ནི་བདེ་ཆེན་རོས་མྱོས་ཤིང་། །སྲིད་གསུམ་ཐམས་ཅད་ཡེ་ཤེས་ཀྱི།།དྷཱ་ཀི་སེང་གེའི་གདོང་ཅན་གྱི། །དཀྱིལ་འཁོར་གཅིག་ཏུ་རྫོགས་པར་བསམ། །ཨཿཀཿསཿམཿརཿཙཿཤཿདཿརཿསཿམཱཿརཿཡཿཕཊཿའབུམ་ཕྲག་བཅུ་བཞི་བཟླ། ལས་སྦྱོར་ནི། སྤྱི་བོར་ཨཿཀཿམགྲིན་པར་སཿམཿདང་། །སྙིང་གར་རཿཙཿལྟེ་བར་ཤཿདཿསྟེ། །གསང་བར་རཿསཿབརླ་གཡས་མཱཿརཿདང་། །གཡོན་པར་ཡཿཕཊཿརྣམས་ཀྱིས་མཚན་པར་བསྒོམ། །སྔགས་བཟླས་དཀྱིལ་འཁོར་ལྷ་ཚོགས་ཁྲོ་ཞིང་འཁྲུགས། །སྐུ་དང་སྔགས་ཕྲེང་ཕྱག་མཚན་མེ་འོད་འབར། །གནམ་ལྕགས་ཚྭ་ཚྭ་ལྟ་བུ་འཕྲོས་པ་ཡིས། །བར་ཆད་གདོན་བགེགས་བྱད་ཕུར་རྦོད་གཏོང་ཀུན། །རྫས་ལ་མེ་མཆེད་ལྟ་བུར་གྱུར་པར་བསམ། ཕཊཿཡཿརཿམཱཿསཿརཿདཿཤཿཙཿརཿམཿསཿཀཿཨཿགནོད་བྱེད་དགྲ་བགེགས་བྱད་མ་ཐམས་ཅད་མཱ་ར་ཡ་རྦད་ཕཊཿཅེས་པའང་འོས་བསྟུན་བཟླའོ། །ཐུན་མཐར་དམོད་བཅོལ་ཐལ་རྡེབ་སྤྲོ་ན། ལག་གཉིས་ཉི་ཟླར་གསལ་བ་ཆ་ལང་བརྡབས་པས་གནོད་བྱེད་ཐམས་ཅད་སྒོ་ང་བྲག་བར་དུ་བཅིར་བ་བཞིན་སོང་བར་བསྒོམ་ལ། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་བརྟེན་ནས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག །ལན་གསུམ་བྱ། སྲུང་བཟློག་གི་དམིགས་པ་དགོས་ནའང་རིགས་མཐུན་གཞན་ནས་བླང་ང་ོ། །ཐུན་མཐར་མཆོད་བསྟོད་ཡིག་བརྒྱ་བཟླ། གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་ཅི་འབྱོར་བཤམས་པར་བདུད་རྩིས་བྲན་ལ། ཧཱུྃ། ཨ་ལས་བདེ་བ་ཆེན་པོའི་སྣོད། །རབ་ཏུ་ཡངས་ཤིང་རྒྱ་ཆེའི་དབུས། །དམ་རྫས་ཤ་ལྔ་བདུད་རྩི་ལྔ། །ཡེ་ཤེས་ཆེན་པོའི་རོལ་པར་གྱུར། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་མང་བརྗོད། ཧཱུྃ་ཧྲཱིཿཕཻཾ། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས། །ཚུར་གཤེགས་ཚོགས་ཀྱི་འདུ་བར་གཤེགས། །དམ་ཚིག་ཆེན་པོས་དགྱེས་པར་རོལ། །མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཚོགས་ཕུད་རིམ་པ་གསུམ་སྤྲོས་ལ། ཕུད་ཀྱི་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ། །ཟག་མེད་དབང་པོར་དགྱེས་རོལ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཧཿབདག་གི་ཚེ་རབས་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས། །ཐུགས་དམ་དགྱེས་བསྐང་བཟོད་པར་གསོལ། །ས་མ་ཡ་ཤུདྡྷེ་ཨ། ཡིག་བརྒྱ་བརྗོད། བསྒྲལ་བསྟབ་ནི། ཧཱུྃ། བདག་ཏུ་འཛིན་པའི་རུ་དྲ་ཀུན། །བཀུག་ནས་བདག་མེད་རྡོ་རྗེ་ཡི། །མཚོན་ཆ་འབར་བས་བསྒྲལ་བྱས་ཏེ། །རྣམ་ཤེས་རྒྱལ་བའི་སྲས་སུ་བསྐྲུན། །སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊཿཧཱུྃ། དུག་གསུམ་བསྒྲལ་བའི་ཤ་ཁྲག་རུས། །རྡོ་རྗེ་ཕྲ་མེན་ཞལ་དུ་བསྟབ། །ལྔ་ཕུང་དུག་ལྔ་རྩད་བཅད་དེ། །ཡེ་ཤེས་ཆེན་པོའི་བདུད་རྩིར་གྱུར། །ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ཧ་ཧ་ཧི་ཧི་ཧི། ཞེས་བསྟབ་བོ། ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནི། ཨོཾ་ཨ་ཀཱ་རོས་བརླབས། ཧྲཱིཿཕཻཾ། དཀྱིལ་འཁོར་མུ་རན་ལ་གནས་པའི། །དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས། །ལྷག་མའི་ལོངས་སྤྱོད་འདི་གསོལ་ལ། །སྔོན་ཚེ་གཡར་དམ་བཅས་པ་བཞིན། །རྣལ་འབྱོར་བཅོལ་པའི་ལས་རྣམས་སྒྲུབས། །ཨུཙྪིཥྚ་བ་ལིདྟ་ཁཱ་ཧི། ཞེས་ལྷག་གཏོར་གཙང་སར་འབུལ། གཉིས་པ་གཏོར་མ་སྐྱོང་བ་ནི། གཏོར་མ་སྨན་རཀ་གིས་བྲན་ལ། ཧཱུྃ། སྔོན་ཚེ་འོག་མིན་བདེ་ཆེན་སོགས། །སྐུ་གསུམ་ཞིང་ཁམས་རབ་འབྱམས་སུ། །རྒྱུད་སྡེ་རྒྱ་མཚོ་བསྟན་པ་དང་། །རིག་འཛིན་གྲུབ་ཆེན་རྣམས་ཀྱིས་ནི། །དབང་བསྐུར་དམ་བཞག་རྒྱུད་གསུམ་གྱི། །དྲེགས་པའི་སྡེ་ཚོགས་འཁོར་བཅས་ཀྱིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐ་ཚིག་གཉེན་པོའི་ཕྲིན་ལས་མཛོད། །བཛྲ་ས་མ་ཡ་བ་ལིངྟ་ཁཱ་ཧི། བཤལ་ཆུས་བརྟན་མ་བསྐྱངས་ཏེ། བྷྱོཿསྔོན་ཚེ་སློབ་དཔོན་པདྨ་ཡིས། །དམ་ལ་བཏགས་པའི་ཆེ་ཞེ་མོ། །བོད་སྐྱོང་བརྟན་མ་བཅུ་གཉིས་པོ། །འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས། །གསང་སྔགས་བསྟན་པ་རྒྱས་པར་མཛོད། །མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི། གཏོར་བྲོ་ནི། འབར་བ་ཨེ་ཡི་དབྱིངས་རུམ་དུ། །དམ་སྲི་འབྱུང་པོ་དཔུང་བཅས་མནན། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །མནན་པ་ཡིན་ནོ་སྟྭཾ་བྷ་ཡ། བཞི་པ་དངོས་གྲུབ་གསོལ་བཞི། ཧཱུྃ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། །ད་ལྟ་ཉིད་དུ་སྩལ་ནས་ཀྱང་། །ཡེ་ཤེས་ཆེན་པོར་སྨིན་པར་མཛོད། །ཨོཾ་བཛྲ་ཌཱ་ཀི་སིདྡྷི་མུ་ལཱ་ཀཱ་ཡ་ཝཱཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧོཿལྔ་པ་མཆོད་བསྟོད་ནོངས་བཤགས་བསྡུ་ལྡང་སྨོན་ཤིས་བྱ་བ་ནི། མ་རྙེད་ཡོངས་སུ་མཚང་སོགས་ཡིག་བརྒྱ་བརྗོད། རྟེན་ཡོད་ན་བརྟན་བཞུགས་བྱ། བསྡུ་ལྡང་ནི། ཧཱུྃ་ཧཱུྃ་ཧཱུྃ། ལྷར་སྣང་སྤྲོས་པ་དབྱིངས་སུ་ཐིམ། །དབྱིངས་རིག་འདུ་འབྲལ་མེད་པའི་ངང་། །སླར་ཡང་རྟགས་ཀྱི་ཕྱག་རྒྱའི་སྐུ། །ཡེ་ཤེས་ཆེན་པོའི་རོལ་པར་ཤར། ཕཊ་ཕཊ་ཕཊཿདགེ་བསྔོ་ནི། ཧོཿདུས་གསུམ་བསགས་པའི་དགེ་ཚོགས་ཀུན། །མ་ལུས་གཅིག་ཏུ་བསྡོམ་བྱས་ཏེ། །ཁ་སྦྱོར་བཞི་ལྡན་མཁའ་འགྲོ་མའི། །ཡེ་ཤེས་དམ་པ་མཆོག་འགྲུབ་ཤོག །ཤིས་པ་བརྗོད་དེ། ཧཱུྃ། བླ་མའི་བཀྲ་ཤིས་བྱིན་རླབས་སྤྲིན་ཕུང་འཕྲོ། །ཡི་དམ་བཀྲ་ཤིས་གྲུབ་གཉིས་ཆར་རྒྱུན་འབེབས། །མཁའ་འགྲོའི་བཀྲ་ཤིས་ཕྲིན་ལས་རྣམ་བཞི་སྒྲུབ། །རྩ་གསུམ་རབ་འབྱམས་རྒྱ་མཚོའི་བཀྲ་ཤིས་ཤོག །ཅེས་བརྗོད་ལ་རོལ་མོའི་སྒྲ་སྙན་ལ་རིང་བ་དང་། མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། །འདི་ལྟར་བགྱིས་པའི་དགེ་ཚོགས་ཀྱིས། །རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །བསྟན་འཛིན་སྐྱེས་བུའི་བར་ཆད་ཞི། །འགྲོ་རྣམས་དོན་གཉིས་ལྷུན་གྲུབ་ཤོག །ཅེས་པའང་གྲུབ་ཆེན་མེ་ལོང་རྡོ་རྗེ། ལྷོ་བྲག་གྲུབ་ཆེན་སོགས་ཀྱི་རྣམ་པར་འཕྲུལ་པ་འཁྲུལ་ཞིག་རིན་པོ་ཆེ་ཀུན་བཟང་དཔའ་བོ་རྡོ་རྗེ་ནས་ལྷ་རྫས་དང་། རིན་གཉིས་ཀྱི་སྐྱེས་དང་བཅས་བསྐུལ་བར་དགོས་པ་ཁྱད་པར་ཅན་ཡོད་དོ་སྙམ་ནས་བཀའ་ལྡོག་མ་བཟོད་པར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སམ་པདྨ་ཡེ་ཤེས་རྡོ་རྗེས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་གམ་དུ་མགོ་ཟླའི་སྟོང་པ་དང་པོའི་ཚེས་༤ལ་གང་དྲན་ཤར་མར་བྲིས་པ་བསྟན་འཛིན་སྐྱེས་བུའི་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། ཤུ་བྷཾ།། །།
[edit]

@#/__/DA ki seng gdong ma'i phrin las snying por dril ba byad gdon kun 'joms zhes bya ba bzhugs so/__/ na mo badz+ra DA ki nI yi/__bla ma rdo rje mkha' 'gro la/__/gus pas btud nas de sgrub kyi/__/phrin las nyung gsal snying po ni/__/mdor bsdus spel la shis pa stsol/__/de la dbang thob cing sngags pa dam tshig dang ldan pas dam tshig gi rten dang phyi nang gsang ba'i mchod gtor rnams bshams la/__cho ga dngos la/__sngon dngos rjes gsum gyi/__dang po skyabs sems ni/__na mo:__bla ma yi dam mkha' 'gro ma/__/mchog gsum rgyal ba rgya mtsho la/__/gus pas skyabs mchi bdag gzhan kun/__/byang chub go 'phang thob par bya/__/lan gsum/__gnyis pa bka' bsgo mtshams bcad ni/__hU~MHrdo rje mkha' 'gro'i dkyil 'khor 'dir/__/'du ba'i lha ni ma gtogs pa/__/dam med bdud rigs 'byung po'i tshogs/__/gnas 'dir ma 'dug gzhan du dengs/__/'das na brlag par gdon mi za/__/hU~M bzhi'i sngags kyis bgegs rnams bskrad/__hU~M/__khro bo khro mo skar tshogs ltar/__/rab spros srung ba'i rdo rje'i gur/__/phyogs mtshams med par gtams pa las/__/bgegs rnams 'jug pa'i skabs med do/__/badz+ra tsakra rak+Sha hU~M hU~M hU~M/__gsum pa byin dbab mchod brlab ni/__spos rol dbyangs dang bcas/__hU~M hrIHdus gsum bde gshegs rgyal ba dang /__/bla ma yi dam d+hA ki'i tshogs/__/khyad par seng ge'i gdong pa can/__/mkha' 'gro bye ba 'bum gyi tshogs/__/'dir gshegs dbang bskur byin chen phobs/__/gnas yul dag pa'i zhing du bsgyur/__/mchog thun dngos grub stsal du gsol/__/oM AHhU~M gu ru d+he wa d+hA ki nI sing+ha mu khA he dz+nyA na A be sha ya e A ral+li hring hring phaiM phaiM/__dzaHhU~M ba~M hoHoM AHhU~M/__sgrub pa'i dkyil 'khor phyi nang mchod gtor rnams/__/sa dang nam mkha' bar snang kun khyab cing /__/kun tu bzang po'i rnam rol las byung ba'i/__/bde stong zag med mchod pa'i sprin phung gyur/__/oM badz+ra ar+g+haM nas/__shab+da pra tIts+tsha hoHoM sarba pany+tsa a mr-i ta rak+ta ba ling+ta ma hA su kha sarba pU dza hoHlan gsum/__dngos gzhi dang po lhar bskyed cing rgyas gdab dbang bskur ni/__aHrdo rje khros ma'i ting 'dzin las/__/stong chen de bzhin nyid dbyings ngang /__/kun tu snang ba'i snying rjer shar/__/dbyings rig rgyu yi ting 'dzin AH/__mthing nag 'bar ba'i cho 'phrul las/__/khams gsum dag pa e yi dbyings/__/pad nyi rdo rje rgya gram lter/__/chos 'byung gru gsum mthing nag bsnol/__/khyams dang dur khrod rdo rje'i gur/__/shugs drag mda' dang gri gug dang /__/me ri 'bar ba'i srung 'khor gyis/__/yongs su bskor ba'i chos 'byung dbus/__/'khor lo rtsibs bzhi rtsibs bcu drug__/lte bar pad nyi ro gdan steng /__/rgyu yi AHyig bab pa nyid/__/skad cig yongs su gyur pa las/__/ye shes d+hA ki seng ge'i gdong /__/mthing nag srod kyi nam mkha'i mdog__/zhal gcig phyag gnyis 'phrog byed zhal/__/rab rnon mche gtsigs ljags 'dril zhing /__/smar smin bskal pa'i me bzhin 'bar/__/ral pa sngon po gyen du 'phyur/__/shangs nas bskal pa'i 'thor rlung 'tshubs/__/A ral+li dang phaiM gyi sgras/__/sa gsum g.yo zhing 'dar bar byed/__/phyag g.yas rdo rje'i gri gug 'phyar/__/g.yon pas thod pa lcang lo can/__/khrag gis bkang ba thugs kar bsnams/__/mchan g.yon kha T+wA~M rtse gsum brten/__/seng+ge'i pags pa'i stod g.yogs gsol/__/sku smad stag gi sham thabs can/__/thod skam lnga yi dbu rgyan dang /__/rus rgyan mgo rlon lnga bcu'i phreng /__/khrag zhag thal bas rab tu byugs/__/zhabs gnyis g.yas bskum g.yon brkyangs gar/__/ye shes me dpung klong na bzhugs/__/rtsibs bzhir bud+d+ha rat+na dang /__/pad+ma karma seng gdong rnams/__/dkar ser dmar dang ljang gu'i mdog__/rgyan dang cha lugs gtso mo ltar/__/rang rigs phyag mtshan gri gug 'phyar/__/de yi phyi rol rtsibs bcu drug__/gau ri dkar mo zhing dbyug 'phyar/__/tsau ri mda' gzhu 'gengs ma ser/__/pra mo chu srin rgyal mtshan dmar/__/bai ta byis za rdor 'phyar nag__/puSh+ka dmar ser byis rgyu 'dren/__/kasma dud dmar dkrugs 'thung ljang /__/sme sha mthing nag byis snying za/__/tsan b+ha ser skya mchog lus 'dral/__/phra men sid+ha chen mo brgyad/__/sing+ha seng gdong ro za smug__/bya g+hr-i mnan lta bsnol dmar stag__/sri la nag mo byis ldag wa/__/shwa na 'dral blta mthing nag spyang /__/g+hr-i D+ha mgrin dmar rgyu 'dren rgod/__/kang+ka zhing phrag sna mgo ring /__/kha kha bya rog b+han gri nag__/hu lu 'ug gdong lcags kyu mthing /__/kun kyang 'jigs tshul mi bzad ston/__/zhing rkyang gdan la gar stabs bzhugs/__/de phyir 'bar ba'i bar khyams la/__/dbang mo drug drug gar stabs 'gying /__/shar du khu byug lcags kyu dkar/__/lho ru ra gdong zhags pa ser/__/nub tu seng gdong lcags sgrog smug__/byang du sbrul gdong dril bu ljang /__/khro mo'i chas rdzogs gar stabs bzhugs/__/de ltar gsal ba'i gnas gsum du/__/yig 'bru gsum gyis mtshan pa dang /__/dbang lha 'khor bcas spyan drangs te/__/dbang bskur sku gang chu'i lhag ma/__/gyen 'phyur spyi bo'i gnas lnga ru/__/khrag 'thung rigs lngas dbur brgyan gyur/__/oM AHhU~M/__hU~M oM trA~M hrIHAHgnyis pa spyan 'dren bzhugs gsol ni/__hU~M hrIHmi mngon dbyings na bzhugs pa yi/__/ye shes d+hA ki seng gdong ma/__/gtso 'khor sprul pa yang sprul bcas/__/dkyil 'khor gnas 'dir spyan 'dren gshegs/__/bar chad kun sol dngos grub stsol/__/oM badz+ra d+hA ki nI sid+ha mu khA e h+ye hi badz+ra sa ma ya dza dzaHA we sha ya hring hring phaiM phaiM/__oM dbyings nas spyan drangs ye shes pa/__/dgyes mnyam chen por ro gcig tu/__/dam tshig ye shes dbyer med pa/__/byang chub bar du brtan par bzhugs/__/dzaHhU~M ba~M hoHdz+nyA na sa ma ya tiSh+Tha lhan/__gsum pa phyag mchod bstod pa ni/__na mo/__skye med dbyings las rang shar ba/__/rdo rje phra men chen mo yi/__/dkyil 'khor lha tshogs thams cad la/__/mi phyed brda yi phyag 'tshal lo/__/a ti pu hoHpra tIts+tsha hoHoM AHhU~M/__bla na med pa'i mchod pa sbyar ba ni/__/'dod pa'i yon tan lnga yi sprin phung 'phro/__/yul dang dbang po gnyis med mnyam par rol/__/dam tshig gsang ba'i mchod pa bzhes su gsol/__/oM badz+ra sid+ha mu khA sa pa ri wA ra badz+ra ar+g+haM nas/__shab+da rU pa shab+da gan+d+he ra sa spaR+she sarba pany+tsa a mr-i ta rak+ta ba ling+ta ma hA su kha ta na ga Na d+harma d+hA tu pU dza hoHhU~M/__sku ni mi 'gyur kun tu bzang mo'i sku/__/gsung ni mi 'gag tshangs pa'i dbyangs dang ldan/__/thugs ni mi g.yo smra bsam brjod las 'das/__/sku gsung thugs ldan seng ge'i gdong can bstod/__/chos nyid gcig las du ma'i gar bsgyur ba/__/rigs bzhi'i seng gdong gnas yul phra men dang /__/dbang mo nyer brgyad la sogs dkyil 'khor tshogs/__/sprul pa yang sprul 'khor dang bcas la bstod/__/bzhi pa dzapa[i] bzlas la bsnyen pa ni/__ye shes mkha' 'gro'i thugs ka'i dbus/__/pha lam las grub rdo rje'i lter/__/nyi steng AHyig mthing nag mthar/__/sngags phreng spu shad lta bus bskor/__/'od 'phros 'phags mchod byin rlabs bsdus/__/mar 'phros snod bcud thams cad sbyangs/__/khams gsum dag pa seng gdong ma'i/__/sku gsung thugs kyi rol par rdzogs/__/oM badz+ra sid+ha mu khA hU~M ha he b+h+yo phaTaH'bum phrag bzhi bzla/__sgrub pa'i sngags ni/__slar yang sgrub pa'i sngags phreng las/__/'od zer mgal me ltar 'khor zhing /__/ye shes las dang 'jig rten gyi/__dpa' bo mkha' 'gro'i thugs dam bskul/__/kun kyang sku ni dgyes pa'i gar/__/gsung sngags sgra chen rab tu sgrogs/__/thugs ni bde chen ros myos shing /__/srid gsum thams cad ye shes kyi//d+hA ki seng ge'i gdong can gyi/__/dkyil 'khor gcig tu rdzogs par bsam/__/aHkaHsaHmaHraHtsaHshaHdaHraHsaHmAHraHyaHphaTaH'bum phrag bcu bzhi bzla/__las sbyor ni/__spyi bor aHkaHmgrin par saHmaHdang /__/snying gar raHtsaHlte bar shaHdaHste/__/gsang bar raHsaHbrla g.yas mAHraHdang /__/g.yon par yaHphaTaHrnams kyis mtshan par bsgom/__/sngags bzlas dkyil 'khor lha tshogs khro zhing 'khrugs/__/sku dang sngags phreng phyag mtshan me 'od 'bar/__/gnam lcags tshwa tshwa lta bu 'phros pa yis/__/bar chad gdon bgegs byad phur rbod gtong kun/__/rdzas la me mched lta bur gyur par bsam/__phaTaHyaHraHmAHsaHraHdaHshaHtsaHraHmaHsaHkaHaHgnod byed dgra bgegs byad ma thams cad mA ra ya rbad phaTaHces pa'ang 'os bstun bzla'o/__/thun mthar dmod bcol thal rdeb spro na/__lag gnyis nyi zlar gsal ba cha lang brdabs pas gnod byed thams cad sgo nga brag bar du bcir ba bzhin song bar bsgom la/__mkha' 'gro ma seng ge'i gdong pa can khyod kyi rigs sngags bzlas pa'i mthu dang nus pa la brten nas rnal 'byor pa bdag cag dpon slob 'khor dang bcas pa rnams la sdang bar byed pa'i dgra/__gnod par byed pa'i bgegs/__bar du gcod pa'i rkyen/__mdor na bkra mi shis pa'i phyogs ris ngan pa thams cad phyir bzlog par gyur cig__/lan gsum bya/__srung bzlog gi dmigs pa dgos na'ang rigs mthun gzhan nas blang nga \u0f7c/__/thun mthar mchod bstod yig brgya bzla/__gsum pa rjes kyi rim pa la/__dang po tshogs kyi mchod pa ni/__tshogs rdzas ci 'byor bshams par bdud rtsis bran la/__hU~M/__a las bde ba chen po'i snod/__/rab tu yangs shing rgya che'i dbus/__/dam rdzas sha lnga bdud rtsi lnga/__/ye shes chen po'i rol par gyur/__/ra~M ya~M kha~M/__oM AHhU~M ha ho hrIHlan mang brjod/__hU~M hrIHphaiM/__ye shes dbyings kyi dkyil 'khor nas/__/dpa' bo mkha' 'gro dam can tshogs/__/tshur gshegs tshogs kyi 'du bar gshegs/__/dam tshig chen pos dgyes par rol/__/mchog thun las bzhi'i dngos grub stsol/__/oM gu ru d+he wa d+hA ki nI maN+Da la sa pa ri wA ra badz+ra sa mA dzaHdzaHhU~M ba~M hoHtshogs phud rim pa gsum spros la/__phud kyi mchod pa ni/__oM AHhU~M/__dkyil 'khor lha tshogs thams cad la/__/ye shes bdud rtsi'i tshogs mchod 'bul/__/zag med dbang por dgyes rol la/__/mchog dang thun mong dngos grub stsol/__/ga na tsakra pU dza khA hi/__haHbdag gi tshe rabs thog med nas/__/bsags pa'i sdig sgrib nyes ltung kun/__/zhal zas tshogs kyi mchod pas bshags/__/thugs dam dgyes bskang bzod par gsol/__/sa ma ya shud+d+he a/__yig brgya brjod/__bsgral bstab ni/__hU~M/__bdag tu 'dzin pa'i ru dra kun/__/bkug nas bdag med rdo rje yi/__/mtshon cha 'bar bas bsgral byas te/__/rnam shes rgyal ba'i sras su bskrun/__/sarba sha trUM mA ra ya rbad phaTaHhU~M/__dug gsum bsgral ba'i sha khrag rus/__/rdo rje phra men zhal du bstab/__/lnga phung dug lnga rtsad bcad de/__/ye shes chen po'i bdud rtsir gyur/__/kha kha khA hi khA hi/__ha ha ha hi hi hi/__zhes bstab bo/__tshogs la rol zhing lhag ma bsngo ba ni/__oM a kA ros brlabs/__hrIHphaiM/__dkyil 'khor mu ran la gnas pa'i/__/dpal gyi bka' sdod pho nya'i tshogs/__/lhag ma'i longs spyod 'di gsol la/__/sngon tshe g.yar dam bcas pa bzhin/__/rnal 'byor bcol pa'i las rnams sgrubs/__/uts+tshiSh+Ta ba lid+ta khA hi/__zhes lhag gtor gtsang sar 'bul/__gnyis pa gtor ma skyong ba ni/__gtor ma sman raka gis bran la/__hU~M/__sngon tshe 'og min bde chen sogs/__/sku gsum zhing khams rab 'byams su/__/rgyud sde rgya mtsho bstan pa dang /__/rig 'dzin grub chen rnams kyis ni/__/dbang bskur dam bzhag rgyud gsum gyi/__/dregs pa'i sde tshogs 'khor bcas kyis/__/sha khrag gtor ma 'di bzhes la/__/tha tshig gnyen po'i phrin las mdzod/__/badz+ra sa ma ya ba ling+ta khA hi/__bshal chus brtan ma bskyangs te/__b+h+yoHsngon tshe slob dpon pad+ma yis/__/dam la btags pa'i che zhe mo/__/bod skyong brtan ma bcu gnyis po/__/'dir byon gtor ma'i bshal chu bzhes/__/gsang sngags bstan pa rgyas par mdzod/__/ma ma hrIM hrIM ba ling+ta khA hi/__gtor bro ni/__'bar ba e yi dbyings rum du/__/dam sri 'byung po dpung bcas mnan/__/byang chub sems ni ma skyes bar/__/mnan pa yin no s+t+waM b+ha ya/__bzhi pa dngos grub gsol bzhi/__hU~M/__/dkyil 'khor lha tshogs thams cad kyi/__/sku gsung thugs kyi dngos grub ni/__/da lta nyid du stsal nas kyang /__/ye shes chen por smin par mdzod/__/oM badz+ra DA ki sid+d+hi mu lA kA ya wAk+ka tsit+ta gu Na karma sid+d+hi pha la hoHlnga pa mchod bstod nongs bshags bsdu ldang smon shis bya ba ni/__ma rnyed yongs su mtshang sogs yig brgya brjod/__rten yod na brtan bzhugs bya/__bsdu ldang ni/__hU~M hU~M hU~M/__lhar snang spros pa dbyings su thim/__/dbyings rig 'du 'bral med pa'i ngang /__/slar yang rtags kyi phyag rgya'i sku/__/ye shes chen po'i rol par shar/__phaT phaT phaTaHdge bsngo ni/__hoHdus gsum bsags pa'i dge tshogs kun/__/ma lus gcig tu bsdom byas te/__/kha sbyor bzhi ldan mkha' 'gro ma'i/__/ye shes dam pa mchog 'grub shog__/shis pa brjod de/__hU~M/__bla ma'i bkra shis byin rlabs sprin phung 'phro/__/yi dam bkra shis grub gnyis char rgyun 'bebs/__/mkha' 'gro'i bkra shis phrin las rnam bzhi sgrub/__/rtsa gsum rab 'byams rgya mtsho'i bkra shis shog__/ces brjod la rol mo'i sgra snyan la ring ba dang /__me tog gi char dbab pas dge legs su bya'o/__/'di ltar bgyis pa'i dge tshogs kyis/__/rgyal bstan dar zhing rgyas pa dang /__/bstan 'dzin skyes bu'i bar chad zhi/__/'gro rnams don gnyis lhun grub shog__/ces pa'ang grub chen me long rdo rje/__lho brag grub chen sogs kyi rnam par 'phrul pa 'khrul zhig rin po che kun bzang dpa' bo rdo rje nas lha rdzas dang /__rin gnyis kyi skyes dang bcas bskul bar dgos pa khyad par can yod do snyam nas bka' ldog ma bzod par 'jam dbyangs chos kyi blo gros sam pad+ma ye shes rdo rjes bal yul mchod rten chen po bya rung kha shor gyi gam du mgo zla'i stong pa dang po'i tshes 4la gang dran shar mar bris pa bstan 'dzin skyes bu'i zhabs pad yun du brtan pa'i rgyur gyur cig__/sarba mang+ga laM/__shu b+haM//__//

Footnotes

Other Information