ཤེས་རབ་བློ་འཕེལ་ཟབ་རྒྱ་ཅན།

From Khyentse Lineage - A Tsadra Foundation Project
Revision as of 09:38, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-09-TA-038
Wylie title shes rab blo 'phel zab rgya can JKCL-KABUM-09-TA-038.pdf
Location chos kyi blo gros bka' 'bum
Volume 9, Text 38, Pages 545-547 (Folios 1a1 to 2a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. shes rab blo 'phel zab rgya can. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 9: 545-547. Bir, H.P.: Khyentse Labrang, 2012.
Genre Activity Practices - las tshogs  ·  Sadhanas - Evocation Ritual - sgrub thabs
Deity blo ldan mchog sred
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/guru-loden-chokse
Colophon

།མེ་བྱ་སྤྲེལ་ཟླའི་ཚེས་༡༦བླ་མ་གསང་འདུས་ཚོགས་མཆོད་སྐབས་སྤྲུལ་ཆུང་བསོད་རྒྱལ་གྱིས་རྟེན་བཅས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།།

/me bya sprel zla'i tshes 16bla ma gsang 'dus tshogs mchod skabs sprul chung bsod rgyal gyis rten bcas gsung bskul ngor/__pad+ma ye shes rdo rjes bris pa shu b+haM//

1 Texts in this Section (sde tshan or chos tshan)

[edit]
ཤེས་རབ་བློ་འཕེལ་ཟབ་རྒྱ་ཅན་བཞུགས། རང་རིག་ཨོ་རྒྱན་རྗེ་ལ་འདུད། །མཁྱེན་གཉིས་ཡེ་ཤེས་རྒྱས་འདོད་པས། །གུ་རུ་བློ་ལྡན་མཆོག་སྲེད་སྒྲུབ། །བདེ་བའི་སྟན་ལ་བག་ཕེབས་ཏེ། །ཨཿརང་རིག་འཇམ་དཔལ་དཔའ་བོ་ལ། །མི་ཕྱེད་གུས་པས་སྐྱབས་སུ་མཆི། །རྨོངས་པའི་མུན་པ་སེལ་བའི་ཕྱིར། །བློ་ལྡན་མཆོག་སྲེད་བསྒྲུབ་པར་བྱ། དྷཱིཿསྟོང་པ་ཉིད་དང་སྙིང་རྗེ་ཆེ། །ཟུང་འཇུག་རིག་རྩལ་དྷཱིཿསེར་པོ། །འོད་འཕྲོས་འཕགས་མཆོད་སྒྲིབ་གཉིས་སྦྱང་། །ཚུར་འདུས་པད་ཉི་ཟླ་བའི་སྟེང་། །དྷཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །གུ་རུ་བློ་ལྡན་མཆོག་སྲེད་དཀར། །ཌཱ་རུ་གཡས་ལ་པད་ཕོར་གཡོན། །གསང་གོས་དར་བེར་རྒྱལ་པོའི་ཆས། །གཞོན་ཚུལ་གཟི་བརྗིད་ལྡན་པའི་གཡོན། །དབྱངས་ཅན་དཀར་མོ་ལྷ་མོའི་ཆས། །ཕྱག་གཉིས་པི་ཝཾ་སྒྲེངས་བས་བརྟེན། །ཐུགས་ཀར་རྗེ་བཙུན་འཇམ་པའི་དབྱངས། །དམར་སེར་རལ་གྲི་གླེགས་བམ་ནི། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཡིས། །ཨུཏྤལ་སྡོང་བུ་འཛིན་སྟེང་མཛེས། །ཐུགས་ཀར་འོད་ལྔའི་གོར་བུའི་ཀློང་། །དྷཱིཿདང་ཡུམ་ཐུགས་ཧྲཱིཾཿགསལ་བཏབ། །གནས་གསུམ་འབྲུ་གསུམ་གསལ་བ་དང་། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །དྷཱིཿསངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གུ་རུ་བློ་ལྡན་མཆོག་སྲེད་རྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས། །མོས་པའི་བུ་ལ་བྱིན་གྱིས་རློབས། །ཨོཾ་ཨཱཿམ་ཧཱ་གུ་རུ་དྷཱིཿམཱུྃ་ཧྲཱིཾཿཔྲཛྙཱ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ། ཛཿཧཱུྃ་བྃ་ཧོཿཨ་ཏི་པཱུ་ཧོ། ན་མ་ཡ་དྷཱི། ཧཱུྃ། དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན། །དཔག་ཡས་ནམ་མཁའི་རྒྱན་གྱུར་ཏེ། །འཇམ་དབྱངས་བླ་མར་མཆོད་པར་བགྱི། །ཨོཾ་སརྦ་པཱུ་ཙ་ས་མ་ཡ་ཧོཿཨཱཿཇི་སྙེད་བརྗོད་པ་ཀུན་གྱི་གཞི། །ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག །གསུང་གི་དབང་ཕྱུག་སྨྲ་བའི་སེང་། །རིག་འཛིན་བླ་མར་ཕྱག་འཚལ་བསྟོད། བཟླས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་ཀ་ཡི། །ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །རྒྱལ་མཆོད་མཁྱེན་གཉིས་ཡེ་ཤེས་བསྡུས། །བདག་ཐིམ་བྱིན་རླབས་དངོས་གྲུབ་ཐོབ། །སླར་ཡང་འོད་འཕྲོས་བརྟན་གཡོ་ཡི། །དྭངས་བཅུད་ཐམས་ཅད་བདག་ལ་ཐིམ། །སྣོད་བཅུད་འཇམ་དཔལ་ཡབ་ཡུམ་དང་། །རིག་འཛིན་བླ་མའི་སྐུར་གསལ་བ། །ཐམས་ཅད་སྔགས་ཀྱི་རང་སྒྲ་སྒྲོགས། །མཉམ་རྫོགས་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་བསམ་ལ། ཨོཾ་ཨཱཿམ་ཧཱ་གུ་རུ་དྷཱིཿམཱུྃ་ཧྲཱིཾཿཔྲཛྙཱ་ཛྙཱ་ན་ཨ་ར་པ་ཙ་ན་དྷཱིཿཧཱུྃ་སྭཱ་ཧཱ། ཞེས་རྩེ་གཅིག་ཏིང་འཛིན་བརྟན་པས་བཟླ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་གིས། །བྱིན་བརླབ་ནུས་པ་བརྟན་པར་བྱ། བསྡུ་རིམ་ནི། ལྷར་སྣང་འོད་གསལ་ངང་དུ་ཐིམ། །ཟབ་ཞི་སྤྲོས་བྲལ་ཀློང་དུ་ཨཿསླར་ཡང་སྣང་གྲགས་རྟོག་ཚོགས་རྣམས། །རིག་འཛིན་བླ་མའི་རོལ་པར་ཤར། །ཨོཾ་ཨཱཿཧཱུྃ། དགེ་བ་འདི་ཡི་སོགས་ཀྱིས་དགེ་བསྔོ་བྱའོ། །འདི་ཡང་རྟེན་འབྱུང་དགེ་བ་ཡི། །རྔ་སྒྲས་ཉེ་བར་བསྐུལ་བ་ན། །རིག་ཁམས་མཚོ་ལས་གདེངས་ཅན་གྱིས། །བློ་མཆོག་ནོར་བུའི་གཏེར་འདི་ཕྱུངས། །དགེ་བས་བདག་སོགས་སེམས་ཅན་ཀུན། །མཁྱེན་རབ་བློ་ལྡན་མཆོག་སྲེད་ཀྱིས། །སྐྱེ་ཀུན་རྗེས་སུ་གཟུང་བ་དང་། །བློ་མཆོག་སྣང་བ་རྒྱས་པར་ཤོག །མེ་བྱ་སྤྲེལ་ཟླའི་ཚེས་༡༦བླ་མ་གསང་འདུས་ཚོགས་མཆོད་སྐབས་སྤྲུལ་ཆུང་བསོད་རྒྱལ་གྱིས་རྟེན་བཅས་གསུང་བསྐུལ་ངོར། པདྨ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།། །།

Footnotes

Other Information