འཆི་མེད་འཕགས་མ་སྙིང་ཏིག་གི་བསྐང་བ་རིན་ཆེན་ཕྲེང་མཛེས།

From Khyentse Lineage - A Tsadra Foundation Project
Revision as of 08:33, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title 'chi med 'phags ma snying tig gi bskang ba rin chen phreng mdzes JKCL-KABUM-05-CA-036.pdf
Location chos kyi blo gros bka' 'bum
Volume 5, Text 36, Pages 513-518 (Folios 1a1 to 3b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse chos kyi blo gros. 'chi med 'phags ma snying tig gi bskang ba rin chen phreng mdzes. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 513-518. Bir, H.P.: Khyentse Labrang, 2012.
Genre Mending Rituals - bskang chog
Cycle འཆི་མེད་འཕགས་མའི་སྙིང་ཐིག་ ('chi med 'phags ma'i snying thig)
Deity sgrol ma yid bzhin 'khor lo
Recension Link Other Versions on this site: འཆི་མེད་འཕགས་མ་སྙིང་ཏིག་གི་སྐོང་བ་རིན་ཆེན་ཕྲེང་མཛེས།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-CHI-020
Colophon

།ཅེས་འཆི་མེད་འཕགས་མའི་ཐུགས་ཏིག་གི་བསྐང་བ་འདིའང་རིག་འཛིན་གྱི་བཙུན་པ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་སྦྱར་བ་འདིས་ཀྱང་། རང་གཞན་ཐམས་ཅད་འཆི་མེད་འཕགས་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ། །།

/ces 'chi med 'phags ma'i thugs tig gi bskang ba 'di'ang rig 'dzin gyi btsun pa kun bzang 'od gsal snying po rtsal gyis sbyar ba 'dis kyang /__rang gzhan thams cad 'chi med 'phags ma'i ye shes kyi sku mngon du byed pa'i rgyur gyur cig__/sarba dA mang+galaM/__//

1 Texts in this Section (sde tshan or chos tshan)

[edit]
འཆི་མེད་འཕགས་མ་སྙིང་ཏིག་གི་བསྐང་བ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨཱཪྻ་ཏཱ་རེ་ཡེ། དེ་ལ་འཆི་མེད་འཕགས་མའི་དཀྱིལ་འཁོར་དུ་ཚོགས་ཀྱི་མཆོད་པ་སོགས་ཀྱི་སྐབས་སྐོང་བ་བྱ་བར་སྤྲོ་ན། ཕྱི་ནང་གསང་བའི་མཆོད་རྫས་ཅི་འབྱོར་པ་བཤམས་ལ། བསྐང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། ཕྱི་ནང་གསང་བའི་བསྐང་པ་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་ཚོགས་རྣམས་དགྱེས་པ་བསྐྱེད་པའི་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར། ཨོཾ་བཛྲ་སྥ་ར་ཎ་ཁཾ་གྱིས་རྒྱས་པར་སྤེལ། ཧཱུྃ་ཧྲཱིཿརང་བྱུང་ཀ་དག་གདོད་མའི་ཀློང་། །འཆི་མེད་བདེ་ལྡན་ཞིང་གི་བདག །པདྨའི་རིགས་མཆོག་བཅོམ་ལྡན་འདས། །ཚེ་དཔག་མེད་མགོན་ཐུགས་དམ་བསྐང་། །འཆི་བདག་བདུད་ཚོགས་དབྱིངས་སུ་གཞོམ། །གསང་སྔགས་རིག་སྔགས་ཀུན་གྱི་རྗེ། །རྒྱལ་བའི་གཙུག་ཏོར་ལས་བྱུང་མ། །རྣམ་པར་རྒྱལ་མའི་ཐུགས་དམ་བསྐང་། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །རྒྱལ་བ་ཀུན་གྱི་ཡུམ་གྱུར་མ། །རྗེ་བཙུན་འཕགས་མའི་ཐུགས་དམ་བསྐང་། །དཔལ་ཆེན་ཆེ་མཆོག་ཕྱག་རྒྱའི་སྐུ། །འཁོར་འདས་སྲིད་ཞིའི་ཁྱབ་བདག་ཆེ། །འོད་གསལ་རྡོ་རྗེའི་གསང་མཛོད་འཛིན། །ཤྲཱི་སེང་ཧའི་ཐུགས་དམ༴། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་ཆེ། །འཕོ་ཆེན་དྭངས་མའི་སྐུ་མཆོག་བརྙེས། །ཐེག་མཆོག་བསྟན་པའི་ཤིང་རྟ་ཆེ། །དྲི་མེད་བཤེས་གཉེན་ཐུགས༴། རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་ཆེ། །འཆི་མེད་རིག་འཛིན་རྡོ་རྗེའི་སྐུ། །འཁོར་བ་སྲིད་དུ་རྟག་བཞུགས་པ། །པདྨ་སཾ་བྷའི༴། རྣམ་པར་སྣང་མཛད་ལོ་ཙཱ་ཆེ། །ཡེ་ཤེས་སྤྱན་ལྡན་སྤྲུལ་པའི་སྐུ། །མཁྱེན་རབ་འོད་ཟེར་ས་གསུམ་ཁྱབ། །བཻ་རོ་ཙ་ནའི༴། མདོ་སྒྱུ་སེམས་གསུམ་བསྟན་པའི་བདག །གསང་སྔགས་རྒྱ་མཚོའི་མཛོད་འཛིན་ཅིང་། །མཐུ་སྟོབས་ནུས་པ་ཟླ་མེད་པ། །གནུབ་བན་ཆེན་པོའི༴། འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ། །བཀའ་དྲིན་མཚུངས་མེད་ཆོས་ཀྱི་རྒྱལ། །གངས་ལྗོངས་བསྟན་པའི་ཤིང་རྟ་འདྲེན། །ཁྲི་སྲོང་ལྡེའུ་བཙན༴། ཡང་དག་གྲུབ་པ་ཆེན་པོའི་སྐུ། །རྫུ་འཕྲུལ་ཐོགས་མེད་ཉི་ཟེར་ཆིབས། །ཐུགས་ཀྱི་རིག་འཛིན་གྲུབ་པའི་རྗེ། །ནམ་མཁའི་སྙིང་པོའི༴། གུ་རུའི་ཐུགས་ཀྱི་གཟུངས་མའི་གཙོ། །གསང་ཆེན་བཀའ་ཡི་སྡུད་པ་མོ། །མི་བརྗེད་གཟུངས་ཐོབ་ཏིང་འཛིན་བརྙེས། །ཡེ་ཤེས་མཚོ་རྒྱལ༴། བཀའ་བབས་བདུན་གྱི་མཛོད་འཆང་ཞིང་། །གཏེར་འབྱིན་མཁས་གྲུབ་ཀུན་གྱི་རྗེ། །འོད་གསལ་སྤྲུལ་པའི་རྡོ་རྗེར་ཤར། །མཁྱེན་བརྩེའི་དབང་པོའི༴། ལྷ་སྲས་དམ་འཛིན་རྣམ་པར་འཕྲུལ། །ཟབ་གཏེར་རྒྱ་མཚོའི་འཁོར་ལོས་བསྒྱུར། །སྙིགས་མའི་འགྲོ་འདུལ་རིག་པ་འཛིན། །མཆོག་གྱུར་གླིང་པའི༴། བཀའ་གཏེར་རབ་འབྱམས་བསྟན་པའི་བདག །གསང་ཆེན་རྒྱ་མཚོའི་བསྡུ་བ་པོ། །གསང་བའི་བདག་པོ་རྡོ་རྗེ་ཆོས། །པདྨ་གར་དབང་༴། རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེ། །ཡེ་ཤེས་སྤྱི་གཟུགས་གདོང་མའི་མགོན། །དྲན་པས་སྲིད་ཞིའི་འཇིགས་འཕྲོག་པ། །འཁོར་ལོའི་མགོན་པོའི༴། གཞན་ཡང་རྩ་བརྒྱུད་བླ་མ་དང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་དང་། །ཆོས་སྐྱོང་དམ་ཅན༴། ཧཱུྃ་ཧྲཱིཿདཀྱིལ་འཁོར་གཙོ་མོ་བཅོམ་ལྡན་འདས། །འཆི་བ་མེད་པའི་མཆོག་སྦྱིན་མ། །སོ་སོར་རྟོགས་པའི་ཡེ་ཤེས་གཟུགས། །འཕགས་མ་ཡབ་ཡུམ༴། ཞེ་སྡང་རྣམ་པར་དག་པའི་གཟུགས། །རྡོ་རྗེ་རིགས་མཆོག་བཅོམ་ལྡན་མ། །མི་བསྐྱོད་རྡོ་རྗེའི་ངོ་བོ་ཉིད། །རྡོ་རྗེ་སྒྲོལ་མའི༴། སེར་སྣ་ཚོར་བ་རྣམ་པར་དག །རིན་ཆེན་རིགས་མཆོག་བཅོམ་ལྡན་མ། །རིན་ཆེན་འབྱུང་ལྡན་ངོ་བོ་ཉིད། །རིན་ཆེན་སྒྲོལ་མའི༴། འདུ་ཤེས་རྟོག་ཚོགས་རྣམ་པར་དག །པདྨའི་རིགས་མཆོག་བཅོམ་ལྡན་མ། །སྣང་བ་མཐའ་ཡས་ངོ་བོ་ཉིད། །པདྨའི་སྒྲོལ་མའི༴། འདུ་བྱེད་སྣ་ཚོགས་རྣམ་པར་དག །ལས་ཀྱི་རིགས་མཆོག་བཅོམ་ལྡན་མ། །དོན་ཡོད་གྲུབ་པའི་ངོ་བོ་ཉིད། །ལས་ཀྱི་སྒྲོལ་མའི་ཐུགས༴། རྟག་པར་ལྟ་བ་རྣམ་པར་དག །ཞི་བའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ཤར་གྱི་སྒོ་སྐྱོང་མ། །ལྕགས་ཀྱུ་མ་ཡི༴། ཆད་པར་ལྟ་བ་རྣམ་པར་དག །རྒྱས་པའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ལྷོ་ཡི་སྒོ་སྐྱོང་མ། །ཞགས་པ་མ་ཡི༴། བདག་ཏུ་ལྟ་བ་རྣམ་པར་དག །དབང་གི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་ནུབ་ཀྱི་སྒོ་སྐྱོང་མ། །ལྕགས་སྒྲོག་མ་ཡི༴། མཚན་མར་ལྟ་བ་རྣམ་པར་དག །དྲག་པོའི་ཕྲིན་ལས་མངའ་མཛད་ཅིང་། །དཀྱིལ་འཁོར་བྱང་གི་སྒོ་སྐྱོང་མ། །དྲིལ་བུ་མ་ཡི༴། དཀྱིལ་འཁོར་ཆེན་པོའི་ཕྱི་རིམ་དང་། །བར་མཚམས་སྟེང་འོག་ཐམས་ཅད་དུ། །འཆི་མེད་རིག་འཛིན་དྲང་སྲོང་ཚོགས། །ཚེ་ལྷ་བྱེ་བ་འབུམ་སྡེ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྒྱུ་འཕྲུལ་དྲྭ་བ་ཆེ། །ཇི་སྙེད་བསམ་ཡས་སྤྲོ་ཞིང་སྡུད། །འཕགས་མའི་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿཐུགས་དམ་བསྐང་བའི་དམ་རྫས་ནི། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །ཁང་བཟང་དཔག་བསམ་ཁྲུས་ཀྱི་རྫིང་། །སྐྱེད་ཚལ་གཏེར་བུམ་འདོད་འཇོའི་བ། །རིན་ཆེན་འཕན་གདུགས་བླ་བྲེ་དང་། །རྔ་ཡབ་ལྡ་ལྡི་ཕྱེ་མ་འཕུར། །ལྷ་རྫས་དར་གྱི་ན་བཟའ་དང་། །རིན་པོ་ཆེ་ཡི་རྒྱན་ཆ་མཛེས། །ཉེ་བའི་རིན་ཆེན་རྣམ་པ་བདུན། །སྣོད་བཅུད་རི་གླིང་བཀོད་པ་ཆེ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བཟའ་བཅའ་བཏུང་བ་སྣ་ཚོགས་དང་། །ལྷ་དང་ལྷ་མོ་མང་པོ་ཡི། །བྲོ་གར་འདུ་འཕྲོ་ཡིད་དུ་འོང་། །རྡོ་རྗེའི་རིག་མ་བཅུ་དྲུག་དང་། །སྨན་རག་གཏོར་མ་ཚོགས་མཆོད་སོགས། །ཞིང་ཁམས་རབ་འབྱམས་དཔག་མེད་ན། །མཆོད་རྫས་བསམ་ཡས་ལྷུན་གྲུབ་ཀུན། །ཀུན་ཏུ་བཟང་པོའི་སྨོན་ལམ་དང་། །ནམ་མཁའ་མཛོད་ཀྱི་ཏིང་འཛིན་ལས། །བྱུང་བའི་བདེ་སྟོང་རོལ་པའི་རྩལ། །མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི། །རྡོ་རྗེའི་དབང་པོས་དགྱེས་པར་རོལ། །ཁམས་གསུམ་སྣང་བ་མ་ལུས་ཀུན། །རྡོ་རྗེའི་ལུས་ཀྱི་དཀྱིལ་འཁོར་དང་། །འཆི་མེད་འཕགས་མའི་རྟེན་བརྟེན་པ། །ལྷུན་གྱིས་གྲུབ་པ་ཆེན་པོར་རྫོགས། །དེ་ལས་བྱུང་བའི་སྣང་བའི་དངོས། །ཇི་སྙེད་མཆོད་པའི་སྤྲིན་ཕུང་ཆེ། །ཟག་མེད་རང་སྣང་བདེ་ཆེན་སྤྲིན། །དབྱིངས་ལས་བྱུང་ཞིང་དབྱིངས་ཀྱི་རྒྱན། །གདོད་ནས་དག་པ་ཆེན་པོ་ཡི། །གཉུག་མ་མི་ཤིགས་སྟོང་ཆེན་ཀློང་། །འོད་གསལ་སྒྱུ་འཕྲུལ་ཐིག་ལེ་ཆེ། །ཡེ་ཤེས་སྣང་བ་ལམ་མེ་བ། །མཆོད་བྱ་མཆོད་བྱེད་བྲལ་བས་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བཅས་དང་རང་བཞིན་ཉེམ་པ་དང་། །རྩ་བ་ཡན་ལག་དམ་ཚིག་ལ། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ། །གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས། །བདག་ལ་བརྩེ་བས་རབ་དགོངས་ཏེ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །སྐྱེ་འཆི་འཕོ་འགྱུར་སྤྲོས་པ་བྲལ། །འཆི་བདུད་རྟོག་ཚོགས་དབྱིངས་སུ་ཞི། །འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །རྡོ་རྗེ་གསུམ་མཆོག་འགྲུབ་པར་མཛོད། །ཅེས་འཆི་མེད་འཕགས་མའི་ཐུགས་ཏིག་གི་བསྐང་བ་འདིའང་རིག་འཛིན་གྱི་བཙུན་པ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་སྦྱར་བ་འདིས་ཀྱང་། རང་གཞན་ཐམས་ཅད་འཆི་མེད་འཕགས་མའི་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ། །། །
[edit]

'chi med 'phags ma snying tig gi bskang ba rin chen phreng mdzes zhes bya ba bzhugs so/__/na mo gu ru AR+Ya tA re ye/__de la 'chi med 'phags ma'i dkyil 'khor du tshogs kyi mchod pa sogs kyi skabs skong ba bya bar spro na/__phyi nang gsang ba'i mchod rdzas ci 'byor pa bshams la/__bskang rdzas nam mkha' mdzod kyi sngags rgya lan gsum gyis byin gyis brlabs shing /__phyi nang gsang ba'i bskang pa rdzas rnams dwangs shing thogs pa med pa lha tshogs rnams dgyes pa bskyed pa'i nam mkha' mdzod kyi 'khor lo'i sprin chen por gyur/__oM badz+ra s+pha ra Na khaM gyis rgyas par spel/__hU~M hrIHrang byung ka dag gdod ma'i klong /__/'chi med bde ldan zhing gi bdag__/pad+ma'i rigs mchog bcom ldan 'das/__/tshe dpag med mgon thugs dam bskang /__/'chi bdag bdud tshogs dbyings su gzhom/__/gsang sngags rig sngags kun gyi rje/__/rgyal ba'i gtsug tor las byung ma/__/rnam par rgyal ma'i thugs dam bskang /__/'khor ba las sgrol tA re ma/__/tu res na ba rnams las sgrol/__/rgyal ba kun gyi yum gyur ma/__/rje btsun 'phags ma'i thugs dam bskang /__/dpal chen che mchog phyag rgya'i sku/__/'khor 'das srid zhi'i khyab bdag che/__/'od gsal rdo rje'i gsang mdzod 'dzin/__/shrI seng ha'i thugs dam=/__paN grub lnga brgya'i gtsug rgyan che/__/'pho chen dwangs ma'i sku mchog brnyes/__/theg mchog bstan pa'i shing rta che/__/dri med bshes gnyen thugs=/__rtsa gsum rgya mtsho'i spyi gzugs che/__/'chi med rig 'dzin rdo rje'i sku/__/'khor ba srid du rtag bzhugs pa/__/pad+ma saM b+ha'i=/__rnam par snang mdzad lo tsA che/__/ye shes spyan ldan sprul pa'i sku/__/mkhyen rab 'od zer sa gsum khyab/__/bai ro tsa na'i=/__mdo sgyu sems gsum bstan pa'i bdag__/gsang sngags rgya mtsho'i mdzod 'dzin cing /__/mthu stobs nus pa zla med pa/__/gnub ban chen po'i=/__'jam dpal dbyangs kyi rnam par 'phrul/__/bka' drin mtshungs med chos kyi rgyal/__/gangs ljongs bstan pa'i shing rta 'dren/__/khri srong lde'u btsan=/__yang dag grub pa chen po'i sku/__/rdzu 'phrul thogs med nyi zer chibs/__/thugs kyi rig 'dzin grub pa'i rje/__/nam mkha'i snying po'i=/__gu ru'i thugs kyi gzungs ma'i gtso/__/gsang chen bka' yi sdud pa mo/__/mi brjed gzungs thob ting 'dzin brnyes/__/ye shes mtsho rgyal=/__bka' babs bdun gyi mdzod 'chang zhing /__/gter 'byin mkhas grub kun gyi rje/__/'od gsal sprul pa'i rdo rjer shar/__/mkhyen brtse'i dbang po'i=/__lha sras dam 'dzin rnam par 'phrul/__/zab gter rgya mtsho'i 'khor los bsgyur/__/snyigs ma'i 'gro 'dul rig pa 'dzin/__/mchog gyur gling pa'i=/__bka' gter rab 'byams bstan pa'i bdag__/gsang chen rgya mtsho'i bsdu ba po/__/gsang ba'i bdag po rdo rje chos/__/pad+ma gar dbang =/__rigs rnams kun gyi khyab bdag che/__/ye shes spyi gzugs gdong ma'i mgon/__/dran pas srid zhi'i 'jigs 'phrog pa/__/'khor lo'i mgon po'i=/__gzhan yang rtsa brgyud bla ma dang /__/yi dam zhi khro rab 'byams lha/__/phrin las thogs med mkha' 'gro dang /__/chos skyong dam can=/__hU~M hrIHdkyil 'khor gtso mo bcom ldan 'das/__/'chi ba med pa'i mchog sbyin ma/__/so sor rtogs pa'i ye shes gzugs/__/'phags ma yab yum=/__zhe sdang rnam par dag pa'i gzugs/__/rdo rje rigs mchog bcom ldan ma/__/mi bskyod rdo rje'i ngo bo nyid/__/rdo rje sgrol ma'i=/__ser sna tshor ba rnam par dag__/rin chen rigs mchog bcom ldan ma/__/rin chen 'byung ldan ngo bo nyid/__/rin chen sgrol ma'i=/__'du shes rtog tshogs rnam par dag__/pad+ma'i rigs mchog bcom ldan ma/__/snang ba mtha' yas ngo bo nyid/__/pad+ma'i sgrol ma'i=/__'du byed sna tshogs rnam par dag__/las kyi rigs mchog bcom ldan ma/__/don yod grub pa'i ngo bo nyid/__/las kyi sgrol ma'i thugs=/__rtag par lta ba rnam par dag__/zhi ba'i phrin las mnga' mdzad cing /__/dkyil 'khor shar gyi sgo skyong ma/__/lcags kyu ma yi=/__chad par lta ba rnam par dag__/rgyas pa'i phrin las mnga' mdzad cing /__/dkyil 'khor lho yi sgo skyong ma/__/zhags pa ma yi=/__bdag tu lta ba rnam par dag__/dbang gi phrin las mnga' mdzad cing /__/dkyil 'khor nub kyi sgo skyong ma/__/lcags sgrog ma yi=/__mtshan mar lta ba rnam par dag__/drag po'i phrin las mnga' mdzad cing /__/dkyil 'khor byang gi sgo skyong ma/__/dril bu ma yi=/__dkyil 'khor chen po'i phyi rim dang /__/bar mtshams steng 'og thams cad du/__/'chi med rig 'dzin drang srong tshogs/__/tshe lha bye ba 'bum sde dang /__/chos skyong nor lha gter gyi bdag__/rab 'byams sgyu 'phrul drwa ba che/__/ji snyed bsam yas spro zhing sdud/__/'phags ma'i lha tshogs thugs dam bskang /__/hU~M hrIHthugs dam bskang ba'i dam rdzas ni/__/mchod yon zhabs bsil me tog spos/__/snang gsal dri chab zhal zas dang /__/rol mo gzugs sgra dri ro reg__/bkra shis rdzas rtags rgyal srid bdun/__/khang bzang dpag bsam khrus kyi rdzing /__/skyed tshal gter bum 'dod 'jo'i ba/__/rin chen 'phan gdugs bla bre dang /__/rnga yab lda ldi phye ma 'phur/__/lha rdzas dar gyi na bza' dang /__/rin po che yi rgyan cha mdzes/__/nye ba'i rin chen rnam pa bdun/__/snod bcud ri gling bkod pa che/__/glu dbyangs tshigs su bcad pa'i sgra/__/bza' bca' btung ba sna tshogs dang /__/lha dang lha mo mang po yi/__/bro gar 'du 'phro yid du 'ong /__/rdo rje'i rig ma bcu drug dang /__/sman rag gtor ma tshogs mchod sogs/__/zhing khams rab 'byams dpag med na/__/mchod rdzas bsam yas lhun grub kun/__/kun tu bzang po'i smon lam dang /__/nam mkha' mdzod kyi ting 'dzin las/__/byung ba'i bde stong rol pa'i rtsal/__/mchod pa'i sprin phung mtha' yas pa/__/dkyil 'khor lha tshogs thams cad kyi/__/rdo rje'i dbang pos dgyes par rol/__/khams gsum snang ba ma lus kun/__/rdo rje'i lus kyi dkyil 'khor dang /__/'chi med 'phags ma'i rten brten pa/__/lhun gyis grub pa chen por rdzogs/__/de las byung ba'i snang ba'i dngos/__/ji snyed mchod pa'i sprin phung che/__/zag med rang snang bde chen sprin/__/dbyings las byung zhing dbyings kyi rgyan/__/gdod nas dag pa chen po yi/__/gnyug ma mi shigs stong chen klong /__/'od gsal sgyu 'phrul thig le che/__/ye shes snang ba lam me ba/__/mchod bya mchod byed bral bas bskang /__/thugs dam bskang ba'i byin rlabs kyis/__/bcas dang rang bzhin nyem pa dang /__/rtsa ba yan lag dam tshig la/__/'gal 'khrul nongs pa ci mchis pa/__/dkyil 'khor lha tshogs spyan snga ru/__/gnong 'gyod drag pos mthol lo bshags/__/bdag la brtse bas rab dgongs te/__/mi sgrib tshangs pa'i dngos grub stsol/__/skye 'chi 'pho 'gyur spros pa bral/__/'chi bdud rtog tshogs dbyings su zhi/__/'phags ma yid bzhin 'khor lo yi/__/rdo rje gsum mchog 'grub par mdzod/__/ces 'chi med 'phags ma'i thugs tig gi bskang ba 'di'ang rig 'dzin gyi btsun pa kun bzang 'od gsal snying po rtsal gyis sbyar ba 'dis kyang /__rang gzhan thams cad 'chi med 'phags ma'i ye shes kyi sku mngon du byed pa'i rgyur gyur cig__/sarba dA mang+galaM/__//__/

Footnotes

Other Information