སྐྱེ་ཕྲེང་གསོལ་འདེབས་ཨུ་དུམ་ཝཱ་རའི་ཕྲེང་བ།

From Khyentse Lineage - A Tsadra Foundation Project
Revision as of 09:21, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-081
Wylie title skye phreng gsol 'debs u dum wA ra'i phreng ba JKCL-KABUM-03-GA-081.pdf
Location chos kyi blo gros bka' 'bum
Volume 3, Text 81, Pages 283-284 (Folios 1a1 to 1b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. skye phreng gsol 'debs u dum wA ra'i phreng ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 283-284. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/beautiful-garland-udumbara-flowers
Colophon

།ཅེས་པའང་དད་ལྡན་ཐུགས་བཞེད་བསྐང་ཕྱིར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།།

/ces pa'ang dad ldan thugs bzhed bskang phyir chos kyi blo gros pas bris pa don dang ldan par gyur cig__/sarba mang+ga laM//

1 Texts in this Section (sde tshan or chos tshan)

[edit]
སྐྱེ་ཕྲེང་གསོལ་འདེབས་ཨུ་དུམ་ཝཱ་རའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་སྐུ། །ཕྱོགས་དུས་མུ་མཐའ་མེད་པར་ཁྱབ་པའི་བདག །རང་བྱུང་དང་པོའི་སངས་རྒྱས་བཅོམ་ལྡན་འདས། །མགོན་པོ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། །མཁྱེན་རབ་དབང་ཕྱུག་འཇམ་དཔལ་བཤེས་གཉེན་དང་། །རྡོ་རྗེའི་སྐུ་བརྙེས་བི་མ་ལ་མི་ཏྲ། །འཁོར་ལོ་སྡོམ་དངོས་རྡོ་རྗེ་དྲིལ་བུ་པ། །པཎ་ཆེན་སྒོ་མཐའ་ཡས་པར་གསོལ་བ་འདེབས། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དང་། །དེ་ཡི་ཡང་སྤྲུལ་མཆོག་གྲུབ་རྒྱལ་པོའི་ཞབས། །གཏེར་འབྱིན་སྤྱི་མེས་ཉང་སྟོན་ཉི་མ་འོད། །འབྲི་གུང་རིན་ཆེན་དཔལ་ལ་གསོལ་བ་འདེབས། །རྒྱལ་བའི་འབྱུང་གནས་ཀློང་ཆེན་རབ་འབྱམས་དང་། །འགོས་ལོ་གཞོན་ནུ་པཎ་ཆེན་དགེ་འདུན་གྲུབ། །མཁྱེན་རབ་ཆོས་རྗེ་ནགས་ཀྱི་རིན་ཆེན་ཞབས། །ཆོས་རྒྱལ་འཕགས་པ་རྣམས་ལ་གསོལ་བ་འདེབས། །གྲུབ་པའི་གཙུག་རྒྱན་མི་ལ་རས་པ་དང་། །སྨན་ལྷ་དངོས་སྣང་གཡུ་ཐོག་ཡོན་ཏན་མགོན། །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། །ཐང་སྟོང་རྒྱལ་པོ་རྣམས་ལ་གསོལ་བ་འདེབས། །མུས་པ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དང་། །མངའ་རིས་པཎ་ཆེན་གནས་གསར་མཁྱེན་བརྩེའི་དབང་། །བཀྲ་ཤིས་སྟོབས་རྒྱལ་བློ་བཟང་རྒྱ་མཚོ་དང་། །རྒྱལ་བ་ཚངས་དབྱངས་རྣམས་ལ་གསོལ་བ་འདེབས། །རྩོད་དུས་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་། །གྲུབ་པའི་དབང་ཕྱུག་ཡེ་ཤེས་རྡོ་རྗེ་དང་། །དབྱེར་མེད་བཀའ་བབས་བདུན་ལྡན་མཁྱེན་བརྩེའི་དབང་། །བློ་གྲོས་རྒྱ་མཚོ་རྣམས་ལ་གསོལ་བ་འདེབས། །སྐྱེ་བ་འདི་བཟུང་བྱང་ཆུབ་མ་ཐོབ་བར། །རྗེ་བཙུན་བླ་མ་ཁྱེད་དང་མི་འབྲལ་ཞིང་། །གསུང་གསང་གདམས་པའི་བདུད་རྩིར་སྤྱོད་པ་དང་། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག །ཅེས་པའང་དད་ལྡན་ཐུགས་བཞེད་བསྐང་ཕྱིར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག །སརྦ་མངྒ་ལཾ།། །།

Footnotes

Other Information