སྒྲུབ་བརྩོན་བླ་མ་དམ་པ་འགྱུར་མེད་ཕུན་ཚོགས་ཀྱི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
Revision as of 09:21, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-067
Wylie title sgrub brtson bla ma dam pa 'gyur med phun tshogs kyi gsol 'debs JKCL-KABUM-03-GA-067.pdf
Location chos kyi blo gros bka' 'bum
Volume 3, Text 67, Pages 231 (Folios 1a1 to 1a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People འགྱུར་མེད་ཕུན་ཚོགས་ ('gyur med phun tshogs)
Citation 'jam dbyangs mkhyen brtse chos kyi blo gros. sgrub brtson bla ma dam pa 'gyur med phun tshogs kyi gsol 'debs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 231. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་པའང་ལྷ་བྲིས་བླ་མ་ཚེ་མགོན་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་དགེ་བསྙེན་ཚེ་རིང་དབང་གི་རྒྱལ་པོས་སོ།།

/ces pa'ang lha bris bla ma tshe mgon nas bskul ngor 'jam dbyangs chos kyi blo gros pas smras rim bzhin yi ge'i byed po dge bsnyen tshe ring dbang gi rgyal pos so//

1 Texts in this Section (sde tshan or chos tshan)

[edit]
སྒྲུབ་བརྩོན་བླ་མ་དམ་པ་འགྱུར་མེད་ཕུན་ཚོགས་ཀྱི་གསོལ་འདེབས་བཞུགས་སོ། །ན་མོ་གུ་རུ། རང་རིག་དོན་དམ་འོད་གསལ་འཕོ་འགྱུར་བྲལ། །ཀུན་རྫོབ་སྣང་ཆ་འགགས་པ་མེད་པ་ལས། །གང་འདུལ་ཐུགས་རྗེས་གཟུགས་ཀྱི་སྐུར་སྤྲུལ་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འགྱུར་མེད་རྡོ་རྗེའི་བསྟན་པ་གསལ་བའི་གཉེན། །ཐོས་བསམ་སྒོམ་པའི་ཡོན་ཏན་རྩལ་རྫོགས་ཤིང་། །མཁས་བཙུན་གྲུབ་པའི་ཡོན་ཏན་ཟླ་མེད་པ། །འདྲེན་མཆོག་བླ་མའི་ཞབས་ལ༴ །རང་དོན་ཆོས་སྐུར་རྟོགས་པའི་རྒྱལ་ས་ཟིན། །གཞན་དོན་བྱང་ཆུབ་སེམས་ཀྱི་ཕྲིན་ལས་ནི། །ནམ་མཁའ་ཇི་སྲིད་བར་དུ་རྒྱུན་མི་ཆད། །འགྲོ་དོན་ཕ་མཐའ་ཡས་ལ༴ །མི་ཕྱེད་གུས་པས་གསོལ་བ་བཏབ་པའི་མཐུས། །བླ་མ་མཆོག་གི་ཐུགས་ཀྱིས་རྗེས་བཟུང་ནས། །ཆོས་མིན་བསམ་སྦྱོར་མཐའ་དག་འགོགས་པ་དང་། །བླ་མའི་བྱིན་བརླབ་རྒྱུད་ལ་འཇུག་པར་ཤོག །ཅེས་པའང་ལྷ་བྲིས་བླ་མ་ཚེ་མགོན་ནས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྨྲས་རིམ་བཞིན་ཡི་གེའི་བྱེད་པོ་དགེ་བསྙེན་ཚེ་རིང་དབང་གི་རྒྱལ་པོས་སོ།། །།

Footnotes

Other Information