སིབ་རྫོགས་སྤྲུལ་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས་པདྨའི་རྒྱུད་མང་།

From Khyentse Lineage - A Tsadra Foundation Project
Revision as of 09:20, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-029
Wylie title sib rdzogs sprul rin po che'i skye phreng gsol 'debs pad+ma'i rgyud mang JKCL-KABUM-03-GA-029.pdf
Location chos kyi blo gros bka' 'bum
Volume 3, Text 29, Pages 105-106 (Folios 1a1 to 1b2)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. sib rdzogs sprul rin po che'i skye phreng gsol 'debs pad+ma'i rgyud mang. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 105-106. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཅེས་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་མཚོས་མངོན་པར་མཐོ་བ་སྒྲུབ་བརྩོན་བླ་མ་དམ་པ་ཨ་འཚོགས་ནས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤིང་བྱ་སྤྲེལ་ཟླའི་ཚེས་བཅུའི་སྔ་དྲོའི་ཆར་བྲིས་ལ་དགེ་ལེགས་སུ་གྱུར་ཅིག །

/ces lung rtogs kyi yon tan rgya mtshos mngon par mtho ba sgrub brtson bla ma dam pa a 'tshogs nas gsung bskul ngor 'jam dbyangs chos kyi blo gros pas shing bya sprel zla'i tshes bcu'i snga dro'i char bris la dge legs su gyur cig__/

1 Texts in this Section (sde tshan or chos tshan)

[edit]
སིབ་རྫོགས་སྤྲུལ་རིན་པོ་ཆེའི་སྐྱེ་ཕྲེང་གསོལ་འདེབས་པདྨའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། དཔལ་ལྡན་བརྟན་གཡོ་ཀུན་ཁྱབ་ཆོས་ཀྱི་སྐུ། །རང་བཞིན་འོད་གསལ་འགགས་མེད་ལོངས་སྤྱོད་རྫོགས། །གང་འདུལ་ཐུགས་རྗེས་སླར་ཡང་སྤྲུལ་པའི་གར། །དཔལ་མགོན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་དུས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་པ། །རྗེ་བཙུན་བསྟན་པའི་འཁོར་ལོ་འཇམ་དཔལ་དབྱངས། །རྣལ་འབྱོར་གྲུབ་པའི་གཙུག་ཏོར་རྩེ་མོར་སོན། །གཙུག་ལག་དཔལ་དགེའི་ཞབས་ལ༴ །མཉྫུ་ཤྲཱི་ཡེ་ཤེས་སྒྱུ་མའི་སྐུ། །འཇིགས་མཛད་ཁྲོས་པ་རྭ་ལོ་རྡོ་རྗེ་གྲགས། །ཏིང་འཛིན་མཆོག་ཐོབ་ཨོ་རྒྱན་བསམ་གཏན་དང་། །པདྨ་དབང་གི་རྒྱལ་པོ༴ །རབ་འབྱམས་ཤེས་བྱ་ཀུན་ལ་མཁྱེན་རབ་རྒྱས། །ཐེག་པ་མཆོག་གི་བསྟན་པའི་རྒྱལ་མཚན་བསྒྲེངས། །དཀོན་མཆོག་གསུམ་གྱི་མཛོད་འཆང་བསྟན་འགྲོའི་མགོན། །དཔལ་ལྡན་རྡོ་རྗེའི་ཞབས་ལ༴ །རྒྱལ་དབང་པདྨའི་རིང་ལུགས་བཀའ་གཏེར་གྱི། །བཤད་སྒྲུབ་འགྱུར་མེད་རྡོ་རྗེའི་ལམ་སྲོལ་བཞིན། །ནུབ་མེད་ཐེག་པ་མཆོག་གི་བསྟན་པ་འཛིན། །མཁས་གྲུབ་དབང་པོ་མཆོག་ལ་གསོལ་བ་འདེབས། །གང་གི་གསང་གསུམ་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་གསང་ཆོས་ཀྱི་དབྱངས་སྙན་ཕྱོགས་བཅུར་ཁྱབ། །གདུལ་བྱ་རྒྱ་མཚོ་སྨིན་ཅིང་གྲོལ་བ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་ལུང་རྟོགས་ཀྱི་ཡོན་ཏན་རྒྱ་མཚོས་མངོན་པར་མཐོ་བ་སྒྲུབ་བརྩོན་བླ་མ་དམ་པ་ཨ་འཚོགས་ནས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤིང་བྱ་སྤྲེལ་ཟླའི་ཚེས་བཅུའི་སྔ་དྲོའི་ཆར་བྲིས་ལ་དགེ་ལེགས་སུ་གྱུར་ཅིག ། །།

Footnotes

Other Information