གཏེར་སྟོན་པད་རྒྱལ་གླིང་པ་ལ་གསོལ་བ་འདེབས་པ།

From Khyentse Lineage - A Tsadra Foundation Project
Revision as of 09:20, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-03-GA-024
Wylie title gter ston pad rgyal gling pa la gsol ba 'debs pa JKCL-KABUM-03-GA-024.pdf
Location chos kyi blo gros bka' 'bum
Volume 3, Text 24, Pages 87 (Folios 1a1 to 1a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People པད་རྒྱལ་གླིང་པ་ (pad rgyal gling pa)
Citation 'jam dbyangs mkhyen brtse chos kyi blo gros. gter ston pad rgyal gling pa la gsol ba 'debs pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 3: 87. Bir, H.P.: Khyentse Labrang, 2012.
Genre Supplications - gsol 'debs
Colophon

།ཞེས་པའང་ཆོས་ཀྱི་བློ་གྲོས་པས་རྡོ་རྗེ་གླིང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག །

/zhes pa'ang chos kyi blo gros pas rdo rje gling nas phul ba dge legs su gyur cig__/

1 Texts in this Section (sde tshan or chos tshan)

[edit]
གཏེར་སྟོན་པད་རྒྱལ་གླིང་པ་ལ་གསོལ་བ་འདེབས་པ། ཨེ་མ་ཧོ། རིག་སྟོང་འོད་གསལ་ཀ་དག་ཆོས་ཀྱི་སྐུ། །འཛིན་མེད་ཡེ་གྲོལ་རྒྱལ་བ་ལོངས་སྤྱོད་རྫོགས། །འགྱུར་མེད་རང་བྱུང་ལྷུན་གྲུབ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཛིན་དེར་གསོལ་བ་འདེབས། །ཨོ་རྒྱན་པདྨའི་རྒྱལ་ཚབ་དཔའ་བོ་རྗེ། །འོག་མིན་མཁའ་སྤྱོད་ཟབ་གཏེར་དངོས་གྲུབ་བརྙེས། །གསང་གསུམ་འཁྲུལ་མེད་གླིང་པའི་བླ་མ་རྗེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཞེས་པའང་ཆོས་ཀྱི་བློ་གྲོས་པས་རྡོ་རྗེ་གླིང་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག ། །།

Footnotes

Other Information