ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་བསྟོད་དབྱངས་ལྷ་ཡི་རོལ་མོ།

From Khyentse Lineage - A Tsadra Foundation Project
Revision as of 08:19, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title lo tsA ba chen po rin chen bzang po la bstod dbyangs lha yi rol mo JKCL-KABUM-02-KHA-076.pdf
Location chos kyi blo gros bka' 'bum
Volume 2, Text 76, Pages 617-623 (Folios 1a1 to 4a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People རིན་ཆེན་བཟང་པོ་ (rin chen bzang po)
Citation 'jam dbyangs mkhyen brtse chos kyi blo gros. lo tsA ba chen po rin chen bzang po la bstod dbyangs lha yi rol mo. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 617-623. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་སྤྲུལ་པའི་ལོ་ཙཱ་ཆེན་པོའི་རྣམ་ཐར་གུ་གེའི་ཁཱི་དང་ཛྙཱ་ན་ཤྲཱིས་མཛད་པ་དོན་ཚང་དུ་བཀོད་ནས་བསྟོད་པ་ཚིགས་སུ་བཅད་པ་འདིའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ལྕགས་སྦྲུལ་དབྱུ་གུ་ཟླ་བའི་ཚེས་བཅུ་བཞི་བླ་མ་ས་སྐྱ་པ་ཆེན་པོའི་དུས་དྲན་མཆོད་པར་བྲིས་པ་རྒྱལ་བསྟན་དར་ཤིང་ཡུན་དུ་གནས་པ་དང་། ལོ་ཙཱ་ཆེན་པོའི་བྱིན་བརླབས་སྙིང་དབུས་སུ་སིམ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces sprul pa'i lo tsA chen po'i rnam thar gu ge'i khI dang dz+nyA na shrIs mdzad pa don tshang du bkod nas bstod pa tshigs su bcad pa 'di'ang 'jam dbyangs blo gros rgya mtshos lcags sbrul dbyu gu zla ba'i tshes bcu bzhi bla ma sa skya pa chen po'i dus dran mchod par bris pa rgyal bstan dar shing yun du gnas pa dang /__lo tsA chen po'i byin brlabs snying dbus su sim pa'i rgyur gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་ལ་བསྟོད་དབྱངས་ལྷ་ཡི་རོལ་མོ་ཅེས་བྱ་བ་བཞུགས་སོ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྒྱལ་བས་ལུང་བསྟན་ཐུབ་དབང་སྤྲུལ་པའི་སྐུ། །གངས་རིའི་ཁྲོད་འདིར་འགྲན་ཟླ་ཀུན་སྤངས་ཤིང་། །རྨད་དུ་བྱུང་བའི་ལོ་ཙཱ་ཆེན་པོ་ནི། །རིན་ཆེན་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །གུ་གེའི་ཁ་ཆེར་སྐྱུ་ཝང་རཏྣའི་སུ། །གཞོན་ནུ་ཡབ་དབང་ཕྱུག་ཤེས་ཡུམ་རབ་བརྟན་མ་ཡི། །ལྷུམས་ཞུགས་རྨི་ལྟས་ཕྲག་གཉིས་ཉི་ཟླ་དང་། །སྤྱི་གཙུག་གསེར་བྱིས་གསུང་སྙན་སྒྲོགས་ལ་འདུད། །བལྟམས་པའི་དུས་ན་བྱེའུ་སྤྱི་གཙུག་ཐིམ། །གསང་བའི་པདྨོའི་སྦུབས་ལས་དེ་ཐོན་ཏེ། །ལན་གསུམ་བསྐོར་ནས་མཁའ་དབྱིངས་བསྐྱོད་པ་དང་། །དཔུང་གཉིས་རྨ་བྱ་ཁུ་བྱུག་བབ་ལ་འདུད། །སྤྱི་གཙུག་སྨྲ་མཁས་ནེ་ཙོ་བྱུང་བ་ཡུམ་ལ་ཐིམ། །རྟ་ལོ་དབྱར་ཟླ་ཐ་ཆུང་ཚེས་བཅུ་ལ། །ཡུམ་ལ་གནོད་མེད་བདེ་བར་བལྟམས་པ་དང་། །ཕྱག་མཐིལ་འཁོར་ལོའི་རི་མོས་མཚན་ལ་འདུད། །རྨ་བྱས་སྐུ་མཛེས་ཁུ་བྱུག་གསུང་སྙན་དང་། །སྤྱི་གཙུག་ནེ་ཚོས་རྒྱ་བོད་ལོ་ཙཱ་ཡི། །བརྡ་རྟགས་མངོན་གྱུར་སྤྲུལ་པའི་སྐྱེས་བུ་ཆེ། །མཚན་དཔེ་ཡོངས་རྫོགས་ཐུབ་དབང་གཉིས་པར་འདུད། །ལོ་གཉིས་ལོན་ཚེ་ཨ་ཨཱ་ཨི་ཨཱི་སྒྲོགས། །ས་ལའང་རི་མོར་བྲིས་ཤིང་བཞད་མོ་སྒྲོགས། །དགེ་བསྙེན་རྟེན་བཞེས་མཁན་པོ་ལེགས་བཟང་ལས། །བཅུ་གསུམ་བཞེས་ཚེ་རབ་ཏུ་བྱུང་ལ་འདུད། །རིན་ཆེན་བཟང་པོའི་མཚན་གྱི་དྲིལ་ཆེན་བསྒྲགས། །སུམ་བརྒྱ་འགྲེལ་བཅས་ཐུགས་སུ་ཆུད་པ་དང་། །བཅུ་བདུན་ཚེ་ན་ཨོ་རྒྱན་ནས་བྱོན་པའི། །པཎྜི་ཏ་ཡི་པེ་བུམ་གཟིགས་ལ་འདུད། །ངེས་རྐྱེན་ཐུགས་ཞུམ་བཞུགས་ཚེ་རྨི་ལམ་དུ། །ཕྱག་གཉིས་ཌཱ་རུ་མེ་ཏོག་ཐོགས་པ་ཡི། །རྣལ་འབྱོར་དམར་མོས་འཕགས་ཡུལ་འབྱོན་པ་དང་། །དམ་ཆོས་རྒྱ་མཚོ་སྒྱུར་བ་བསྐུལ་ལ་འདུད། །ཡབ་ཡུམ་ལ་ཞུས་དགུང་གྲང་བཅོ་བརྒྱད་པར། །འཕགས་ཡུལ་ལམ་ཞུགས་མ་ཧཱ་གྷ་ལའི་ཟམ། །ཐོན་ཚེ་ངལ་བསོས་ཅུང་ཟད་མནལ་བའི་ཚེ། །ཌཱ་ཀིས་ལུང་བསྟན་ཆོམ་རྐུན་འཇིགས་གྲོལ་འདུད། །འཚོ་བས་ཕོངས་ཚེ་མ་སྨད་གཉིས་དག་གི། འབྲས་ཕུལ་ཁམས་གསོས་དེ་ཡི་སྐྲ་ཆུན་ལས། །དྲིན་ལན་མཇལ་བཞེད་མཆོད་རྟེན་བརྒྱ་རྩ་མཛད། །སྙིང་རྗེས་རབ་གཡོས་སྤྱན་ཆབ་བསིལ་ལ་འདུད། །ཁ་ཆེའི་བྲམ་ཟེའི་སྲོང་བདུན་སླེབས་པ་དང་། །ཕལ་སྐད་མཁྱེན་ཤིང་རཏྣ་སིདྡྷི་མཇལ། །ལོ་ཙཱའི་དབུ་ལ་གླིང་བུས་ལན་གསུམ་བསྐོར། །བརྡ་ཐབས་བྱིན་གྱིས་བརླབ་པར་མཛད་ལ་འདུད། །སྟག་མོ་གྲུས་མའི་འཇིགས་པ་བྱུང་བ་དང་། །ནགས་གསེབ་མི་རྐང་སྒྲ་གྲགས་བྷྱ་གྷྲི་བྲོས། །ཚོང་པ་རྣམས་ལས་བསོད་སྙོམས་བཞེས་པ་དང་། །བྲམ་ཟེའི་ཕྱག་རིས་མཚན་ལྟས་མཆོད་ལ་འདུད། །རྐང་མགྱོགས་ཐོབ་ཅིང་ཏ་མ་སནྟའི་བྱོན། །པཎ་ཆེན་ཤྲཱ་དྷ་ཀ་ར་ཝ་རྨ་མཇལ། །ལོ་གཉིས་ཡོ་གའི་རྒྱུད་དང་སྒྲུབ་ཐབས་གསན། །ཡུལ་དུ་འབྱོན་བཞེད་མནལ་ལྟས་བྱུང་ལ་འདུད། །མཚོ་གླིང་ནོར་བུ་ལུས་སུ་བཅུག་པ་ཡི། །དེ་ནི་ནཱ་རོའི་ཕྱག་ན་ཡོད་ཅེས་ཟེར། །པཎ་ཆེན་ལ་ཞུས་དེ་དྲུང་འགྲོ་བར་བསྐུལ། །པུཥྤ་ཧ་རིར་ནཱ་རོས་རྗེས་བཟུང་འདུད། །ལྷན་ཅིག་སྐྱེས་པའི་ངོ་སྤྲོད་གདམས་ངག་གནང་། །ཀ་མ་ལ་གུཔྟ་ལས་མཁའ་འགྲོ་མ། །གསེར་འོད་སྒྲུབ་ཐབས་ཞུས་ཏེ་དེ་ཕྱིན་ཆད། །མ་དང་སྲིང་མོའི་ཚུལ་དུ་འགྲོགས་ལ་འདུད། །ཁ་ཆེར་ལོ་བདུན་སོང་ནས་རྒྱ་གར་གྱི། །ཤར་ཕྱོགས་བྱོན་ཏེ་ཛི་ན་མི་ཏྲ་སོགས། །པཎ་ཆེན་རྣམས་ལས་ཆོས་ཞུས་ཤེར་ཕྱིན་སོགས། །མདོ་རྒྱུད་གདམས་ངག་གསན་ཅིང་བསྒྱུར་ལ་འདུད། །ཛ་ན་རྡྷ་ལར་གསེར་སྲང་བརྒྱ་ཕུལ་ཏེ། །གསོ་བ་རིག་པ་རྩ་འགྲེལ་མང་པོ་དང་། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་བསྒྱུར་ཞིང་། །གསང་འདུས་ཡོ་གའི་སྲོལ་ཆེན་འབྱེད་ལ་འདུད། །འཕགས་ཡུལ་ལོ་བཅུར་སོང་ནས་རྐང་མགྱོགས་ཀྱིས། །ཞག་དྲུག་སྐྱུ་ཝར་བསྒྲོད་ནས་ཡབ་གཤེགས་པའི། །ངན་སོང་སྦྱོང་བའི་དཀྱིལ་འཁོར་རྣམ་པ་བདུན། །ཡུམ་ལ་བརྟན་བཞུགས་ཚེ་དཀྱིལ་བདུན་བཞེངས་འདུད། །བེ་དཀར་ཞུགས་པའི་སྐར་རྒྱལ་འདུལ་དོན་དུ། །ཟླ་གཅིག་སྒྲུབ་སྟེ་བསྡིག་མཛུབ་བསྟན་པ་ན། །འཇག་རྩེར་སྐྱིལ་ཀྲུང་བཅའ་བ་སར་ལྷུང་བས། །སྐྱེ་བོ་ཐམས་ཅད་མོས་པར་གྱུར་ལ་འདུད། །མངའ་བདག་རྒྱལ་པོས་པྲཛྙཱ་ཀ་ར་སོགས། །སྤྱན་དྲངས་ཆོས་ཞུས་མདོར་ན་པཎྜི་ཏ། །བཅུ་ཕྲག་བདུན་ལ་ལྔ་ཡིས་ལྷག་པ་ལས། །མདོ་རྒྱུད་མང་ཞུས་བོད་དུ་བསྒྱུར་ལ་འདུད། །ལྷ་ལྡེའི་དབུ་མཆོད་མཛད་དེ་གཙུག་ལག་ཁང་། །བརྒྱ་རྩ་བཞེངས་པའི་གཡར་དམ་བཞེས་པ་དང་། །ཐོ་ལིང་གླིང་ཕྲན་བཅུ་གཉིས་ལ་སོགས་བཞེངས། །དུས་ཅིག་སྐུ་ཡི་བཀོད་པ་གསུམ་བསྟན་འདུད། །རིག་པ་ཅན་གྱི་ཁྱེའུ་ལྔ་དང་འགྲོགས། །ཁ་ཆེར་བྱོན་ནས་ཐུགས་རྗེ་ཆེན་པོ་བཞེངས། །པཎ་ཆེན་རབ་གནས་མངའ་གསོལ་ཡོན་ཕུལ་ཏེ། །བོད་ཡུལ་ཞག་དྲུག་གིས་ནི་སྤྱན་དྲངས་འདུད། །སླར་ཡང་ཁ་ཆེར་ལོ་དྲུག་ལྷ་བཟོ་བ། །མཚན་བཟང་གྲངས་ལྡན་ཁྲིད་དེ་བོད་དུ་ཕེབས། །བྱང་ཆུབ་འོད་ཀྱིས་གནས་གཞི་ཉེར་གཅིག་ཕུལ། །གཙུག་ལག་རྟེན་གསུམ་བསམ་ཡས་བཞེངས་ལ་འདུད། །སྐྱུ་ཝང་རད་ནིར་ལྷ་ཁང་བཞེངས་དགོངས་ཚེ། །ཛ་ལ་ཏི་ཡི་བར་ཆད་བརྩམ་པ་ན། །གསང་འདུས་དལ་བཞེངས་ཧོམ་དུ་བསྲེག་ཉེ་ཚེ། །སྲོག་སྙིང་ཕུལ་ཏེ་སྐུ་ཆུན་བཅད་ལ་འདུད། །གསེར་སྒྲོམ་མ་བུ་གད་བྱུང་འོག་གཞིར་སྦས། །གཙུག་ལག་ཁང་དུ་གསང་འདུས་ཐུགས་ཆེན་དང་། །དགྱེས་རྡོར་སྐུ་དང་རྒྱ་དཔེ་མང་པོ་བཞག །སྨན་མོ་ཛ་ལ་སྲུང་མར་བསྐོས་ལ་འདུད། །སྤུ་རངས་ལ་སོགས་ལྷ་ཁང་བརྒྱ་རྩ་ཡི། །ཐ་མ་དྲིལ་ཆུང་གཙུག་ལག་བྲེ་ཞབས་བཞེངས། །རོང་ཆུང་ལ་སོགས་ལྷ་ཁང་མཆོད་རྟེན་ནི། །དཔག་མེད་བཞེངས་དང་ཆོས་སྤྱོད་མཛད་ལ་འདུད། །ཀླུ་བཟུང་བསེ་སྒྲོམ་བཅུག་པ་ཉེ་གནས་ལ། །ཐེངས་གསུམ་བསྐུར་བ་བར་ཆད་དབང་གྱུར་པས། །སྐྱུ་ཝང་ཕུག་རིང་མཚོ་སྐེམ་གྲོང་ཁྱིམ་དུ། །བསྐྱུར་རྒྱུའི་རྟེན་འབྲེལ་གཞན་གྱུར་ལུང་བསྟན་འདུད། །དཱི་པཾ་ཀ་རར་ཆོས་གཏམ་མཛད་པས་བརྙེས། །མ་ཧཱ་ལོ་ཙཱ་ཆེན་པོ་འདུག་ཅེས་བསྔགས། །ཆོས་བསྒྱུར་གྲོགས་སུ་དགོས་པར་དགོངས་ཞུས་ཚེ། །སྙིང་ཡོད་ལྕེ་མེད་ཐུགས་མུག་མཛད་དེར་འདུད། །ཚེ་ཡི་རིག་བྱེད་འཛིན་པ་མི་བཞི་དང་། །པུ་རང་མྱས་འདས་སེངྒེ། ཤཀ། ཡེ་འབྱུང་། ཨང་སྨན་ཨ་ནེ། སྨན་བཙུན། སྡེ་སྣོད་འཛིན་དང་སྔགས་ཀྱི་རིག་པ་འཛིན། །མཁས་དང་གྲུབ་པའི་སློབ་ཚོགས་དཔག་མེད་བསྐྲུན། །ཤཱཀྱའི་བསྟན་པ་ཉིན་མོར་བྱེད་ལ་འདུད། །སྤུ་རང་བཞེད་ཀྱི་གཙུག་ལག་ཁང་ཆེན་དུ། །ལོ་གཅིག་དམ་བཅའ་ཕྱི་ནང་སྒོ་གསུམ་ལ། །དུང་དངུལ་གསེར་གྱི་དམ་བཅའི་ཡི་གེ་མཛད། །རྡོ་རྗེ་ལྟ་བུས་ཏིང་འཛིན་བརྙེས་ལ་འདུད། །དེ་སོགས་སྒྲུབ་གནས་དུ་མར་ཐུགས་དམ་མཛད། །ལོ་ཆུང་བྱང་ཤེར་མ་ཝེར་ལོ་ཙཱ་ཤེས་རབ། རིན་གཞོན་འཛད་ལོ་རིན་ཆེན་གཞོན་ནུ། དགེ་བློ་ལ། རྨ་དགེ་བའི་བློ་གྲོས། གནས་གཞི་སྩལ་ཞིང་རྒྱལ་ཚབ་མངའ་གསོལ་གནང་། །གོ་བརྒྱད་ལོན་ཚེ་སྤྲུལ་པ་སྡུད་ལ་འདུད། །དགུན་ཟླ་ཐ་ཆུང་བཟང་པོ་དང་པོ་ལ། །སྤུ་རངས་རྩ་ཡེ་ཞིང་ཝིང་གཡས་ཟུར་དང་། །ཁ་ཆེ་གོ་དར་རེ་ཝིང་གསུམ་པོ་རུ། །སྐུ་གསུམ་ཅིག་ཆར་གཤེགས་པའི་ཚུལ་བསྟན་འདུད། །བུ་སློབ་རྣམས་ཀྱི་སྤུར་སྦྱངས་སྐུ་གདུང་ནི། །ཡུངས་འབྲུ་ཙམ་ཡང་མ་བྱུང་རིང་བསྲེལ་ཆེ། །འོལ་བ་སེ་ལྟར་དམར་བ་གསུམ་ལྷག་བྱུང་། །མཁའ་ལས་རོལ་མོའི་སྒྲ་སྒྲོགས་ཡར་ལ་འདུད། །འཇའ་འོད་མེ་ཏོག་ཆར་བབ་ཉིན་མཚན་ཀུན། །ལྷ་འདྲེ་མི་གསུམ་གདུང་མཆོད་ཆོ་ངེ་འདེབས། །ཇོ་བོས་གསན་ཚེ་བྱང་ཆུབ་སེམས་དཔའ་དེས། །མི་མིན་ཆོས་ལ་བཀོད་པའི་ལྟས་བསྔགས་འདུད། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །མཁའ་འགྲོ་གསེར་གྱི་གོ་ཆས་གདན་དྲངས་ཏེ། །བཅོམ་ལྡན་འོད་དཔག་མེད་ཀྱི་ཞབས་དྲུང་དུ། །བཞུགས་ཅེས་ཨ་ཏི་ཤ་ཡིས་གསུང་ལ་འདུད། །དེ་ལྟར་བཀའ་དྲིན་མཉམ་མེད་ལོ་ཙཱ་ཆེས། །རྣམ་པར་ཐར་ལ་ཅུང་ཟད་བསྟོད་པ་ཡི། །འཛམ་གླིང་ཆོས་ཀྱི་ཤིང་རྟ་ཆེན་པོ་དེས། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ཤོག །ཐུབ་པའི་བསྟན་པ་ཁྱོད་དྲིན་ལས་འོངས་པའི། །མདོ་སྔགས་ཆོས་ཀྱི་བཤད་སྒྲུབ་དར་ཤིང་རྒྱས། །བསྟན་འཛིན་སྐྱེས་རྣམས་སྐུ་ཚེ་རབ་བརྟན་ཏེ། །འཇིག་རྟེན་ཀུན་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག །ཅེས་སྤྲུལ་པའི་ལོ་ཙཱ་ཆེན་པོའི་རྣམ་ཐར་གུ་གེའི་ཁཱི་དང་ཛྙཱ་ན་ཤྲཱིས་མཛད་པ་དོན་ཚང་དུ་བཀོད་ནས་བསྟོད་པ་ཚིགས་སུ་བཅད་པ་འདིའང་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ལྕགས་སྦྲུལ་དབྱུ་གུ་ཟླ་བའི་ཚེས་བཅུ་བཞི་བླ་མ་ས་སྐྱ་པ་ཆེན་པོའི་དུས་དྲན་མཆོད་པར་བྲིས་པ་རྒྱལ་བསྟན་དར་ཤིང་ཡུན་དུ་གནས་པ་དང་། ལོ་ཙཱ་ཆེན་པོའི་བྱིན་བརླབས་སྙིང་དབུས་སུ་སིམ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།
[edit]

lo tsA ba chen po rin chen bzang po la bstod dbyangs lha yi rol mo ces bya ba bzhugs so/____/mgon po 'jam pa'i dbyangs la phyag 'tshal lo/____/rgyal bas lung bstan thub dbang sprul pa'i sku/____/gangs ri'i khrod 'dir 'gran zla kun spangs shing /____/rmad du byung ba'i lo tsA chen po ni/____/rin chen bzang po'i zhabs la phyag 'tshal lo/____/gu ge'i kha cher skyu wang rat+na'i su/____/gzhon nu yab dbang phyug shes yum rab brtan ma yi/____/lhums zhugs rmi ltas phrag gnyis nyi zla dang /____/spyi gtsug gser byis gsung snyan sgrogs la 'dud/____/bltams pa'i dus na bye'u spyi gtsug thim/____/gsang ba'i pad+mo'i sbubs las de thon te/____/lan gsum bskor nas mkha' dbyings bskyod pa dang /____/dpung gnyis rma bya khu byug bab la 'dud/____/spyi gtsug smra mkhas ne tso byung ba yum la thim/____/rta lo dbyar zla tha chung tshes bcu la/____/yum la gnod med bde bar bltams pa dang /____/phyag mthil 'khor lo'i ri mos mtshan la 'dud/____/rma byas sku mdzes khu byug gsung snyan dang /____/spyi gtsug ne tshos rgya bod lo tsA yi/____/brda rtags mngon gyur sprul pa'i skyes bu che/____/mtshan dpe yongs rdzogs thub dbang gnyis par 'dud/____/lo gnyis lon tshe a A i I sgrogs/____/sa la'ang ri mor bris shing bzhad mo sgrogs/____/dge bsnyen rten bzhes mkhan po legs bzang las/____/bcu gsum bzhes tshe rab tu byung la 'dud/____/rin chen bzang po'i mtshan gyi dril chen bsgrags/____/sum brgya 'grel bcas thugs su chud pa dang /____/bcu bdun tshe na o rgyan nas byon pa'i/____/paN+Di ta yi pe bum gzigs la 'dud/____/nges rkyen thugs zhum bzhugs tshe rmi lam du/____/phyag gnyis DA ru me tog thogs pa yi/____/rnal 'byor dmar mos 'phags yul 'byon pa dang /____/dam chos rgya mtsho sgyur ba bskul la 'dud/____/yab yum la zhus dgung grang bco brgyad par/____/'phags yul lam zhugs ma hA g+ha la'i zam/____/thon tshe ngal bsos cung zad mnal ba'i tshe/____/DA kis lung bstan chom rkun 'jigs grol 'dud/____/'tsho bas phongs tshe ma smad gnyis dag gi/__'bras phul khams gsos de yi skra chun las/____/drin lan mjal bzhed mchod rten brgya rtsa mdzad/____/snying rjes rab g.yos spyan chab bsil la 'dud/____/kha che'i bram ze'i srong bdun slebs pa dang /____/phal skad mkhyen shing rat+na sid+d+hi mjal/____/lo tsA'i dbu la gling bus lan gsum bskor/____/brda thabs byin gyis brlab par mdzad la 'dud/____/stag mo grus ma'i 'jigs pa byung ba dang /____/nags gseb mi rkang sgra grags b+h+ya g+h+ri bros/____/tshong pa rnams las bsod snyoms bzhes pa dang /____/bram ze'i phyag ris mtshan ltas mchod la 'dud/____/rkang mgyogs thob cing ta ma san+ta'i byon/____/paN chen shrA d+ha ka ra wa rma mjal/____/lo gnyis yo ga'i rgyud dang sgrub thabs gsan/____/yul du 'byon bzhed mnal ltas byung la 'dud/____/mtsho gling nor bu lus su bcug pa yi/____/de ni nA ro'i phyag na yod ces zer/____/paN chen la zhus de drung 'gro bar bskul/____/puSh+pa ha rir nA ros rjes bzung 'dud/____/lhan cig skyes pa'i ngo sprod gdams ngag gnang /____/ka ma la gup+ta las mkha' 'gro ma/____/gser 'od sgrub thabs zhus te de phyin chad/____/ma dang sring mo'i tshul du 'grogs la 'dud/____/kha cher lo bdun song nas rgya gar gyi/____/shar phyogs byon te dzi na mi tra sogs/____/paN chen rnams las chos zhus sher phyin sogs/____/mdo rgyud gdams ngag gsan cing bsgyur la 'dud/____/dza na r+d+ha lar gser srang brgya phul te/____/gso ba rig pa rtsa 'grel mang po dang /____/sde snod gsum dang rgyud sde bzhi bsgyur zhing /____/gsang 'dus yo ga'i srol chen 'byed la 'dud/____/'phags yul lo bcur song nas rkang mgyogs kyis/____/zhag drug skyu war bsgrod nas yab gshegs pa'i/____/ngan song sbyong ba'i dkyil 'khor rnam pa bdun/____/yum la brtan bzhugs tshe dkyil bdun bzhengs 'dud/____/be dkar zhugs pa'i skar rgyal 'dul don du/____/zla gcig sgrub ste bsdig mdzub bstan pa na/____/'jag rtser skyil krung bca' ba sar lhung bas/____/skye bo thams cad mos par gyur la 'dud/____/mnga' bdag rgyal pos pradz+nyA ka ra sogs/____/spyan drangs chos zhus mdor na paN+Di ta/____/bcu phrag bdun la lnga yis lhag pa las/____/mdo rgyud mang zhus bod du bsgyur la 'dud/____/lha lde'i dbu mchod mdzad de gtsug lag khang /____/brgya rtsa bzhengs pa'i g.yar dam bzhes pa dang /____/tho ling gling phran bcu gnyis la sogs bzhengs/____/dus cig sku yi bkod pa gsum bstan 'dud/____/rig pa can gyi khye'u lnga dang 'grogs/____/kha cher byon nas thugs rje chen po bzhengs/____/paN chen rab gnas mnga' gsol yon phul te/____/bod yul zhag drug gis ni spyan drangs 'dud/____/slar yang kha cher lo drug lha bzo ba/____/mtshan bzang grangs ldan khrid de bod du phebs/____/byang chub 'od kyis gnas gzhi nyer gcig phul/____/gtsug lag rten gsum bsam yas bzhengs la 'dud/____/skyu wang rad nir lha khang bzhengs dgongs tshe/____/dza la ti yi bar chad brtsam pa na/____/gsang 'dus dal bzhengs hom du bsreg nye tshe/____/srog snying phul te sku chun bcad la 'dud/____/gser sgrom ma bu gad byung 'og gzhir sbas/____/gtsug lag khang du gsang 'dus thugs chen dang /____/dgyes rdor sku dang rgya dpe mang po bzhag__/sman mo dza la srung mar bskos la 'dud/____/spu rangs la sogs lha khang brgya rtsa yi/____/tha ma dril chung gtsug lag bre zhabs bzhengs/____/rong chung la sogs lha khang mchod rten ni/____/dpag med bzhengs dang chos spyod mdzad la 'dud/____/klu bzung bse sgrom bcug pa nye gnas la/____/thengs gsum bskur ba bar chad dbang gyur pas/____/skyu wang phug ring mtsho skem grong khyim du/____/bskyur rgyu'i rten 'brel gzhan gyur lung bstan 'dud/____/dI paM ka rar chos gtam mdzad pas brnyes/____/ma hA lo tsA chen po 'dug ces bsngags/____/chos bsgyur grogs su dgos par dgongs zhus tshe/____/snying yod lce med thugs mug mdzad der 'dud/____/tshe yi rig byed 'dzin pa mi bzhi dang /____/pu rang myas 'das seng+ge/__shaka/__ye 'byung /__ang sman a ne/__sman btsun/__sde snod 'dzin dang sngags kyi rig pa 'dzin/____/mkhas dang grub pa'i slob tshogs dpag med bskrun/____/shAkya'i bstan pa nyin mor byed la 'dud/____/spu rang bzhed kyi gtsug lag khang chen du/____/lo gcig dam bca' phyi nang sgo gsum la/____/dung dngul gser gyi dam bca'i yi ge mdzad/____/rdo rje lta bus ting 'dzin brnyes la 'dud/____/de sogs sgrub gnas du mar thugs dam mdzad/____/lo chung byang sher ma wer lo tsA shes rab/__rin gzhon 'dzad lo rin chen gzhon nu/__dge blo la/__rma dge ba'i blo gros/__gnas gzhi stsal zhing rgyal tshab mnga' gsol gnang /____/go brgyad lon tshe sprul pa sdud la 'dud/____/dgun zla tha chung bzang po dang po la/____/spu rangs rtsa ye zhing wing g.yas zur dang /____/kha che go dar re wing gsum po ru/____/sku gsum cig char gshegs pa'i tshul bstan 'dud/____/bu slob rnams kyi spur sbyangs sku gdung ni/____/yungs 'bru tsam yang ma byung ring bsrel che/____/'ol ba se ltar dmar ba gsum lhag byung /____/mkha' las rol mo'i sgra sgrogs yar la 'dud/____/'ja' 'od me tog char bab nyin mtshan kun/____/lha 'dre mi gsum gdung mchod cho nge 'debs/____/jo bos gsan tshe byang chub sems dpa' des/____/mi min chos la bkod pa'i ltas bsngags 'dud/____/nub phyogs bde ba can gyi zhing khams su/____/mkha' 'gro gser gyi go chas gdan drangs te/____/bcom ldan 'od dpag med kyi zhabs drung du/____/bzhugs ces a ti sha yis gsung la 'dud/____/de ltar bka' drin mnyam med lo tsA ches/____/rnam par thar la cung zad bstod pa yi/____/'dzam gling chos kyi shing rta chen po des/____/skye ba kun tu 'bral med rjes bzung shog__/thub pa'i bstan pa khyod drin las 'ongs pa'i/____/mdo sngags chos kyi bshad sgrub dar shing rgyas/____/bstan 'dzin skyes rnams sku tshe rab brtan te/____/'jig rten kun tu bkra shis 'phel gyur cig__/ces sprul pa'i lo tsA chen po'i rnam thar gu ge'i khI dang dz+nyA na shrIs mdzad pa don tshang du bkod nas bstod pa tshigs su bcad pa 'di'ang 'jam dbyangs blo gros rgya mtshos lcags sbrul dbyu gu zla ba'i tshes bcu bzhi bla ma sa skya pa chen po'i dus dran mchod par bris pa rgyal bstan dar shing yun du gnas pa dang /__lo tsA chen po'i byin brlabs snying dbus su sim pa'i rgyur gyur cig__/sarba dA mang+ga laM/__/____//_

Footnotes

Other Information