མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་བསྟོད་པ་ལྷའི་དབྱངས།

From Khyentse Lineage - A Tsadra Foundation Project
Wylie title ma hA paN+Di ta nags kyi rin chen la bstod pa lha'i dbyangs JKCL-KABUM-02-KHA-077.pdf
Location chos kyi blo gros bka' 'bum
Volume 2, Text 77, Pages 625-632 (Folios 1a1 to 4b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ནགས་ཀྱི་རིན་ཆེན་ (Vanaratna)
Citation 'jam dbyangs mkhyen brtse chos kyi blo gros. ma hA paN+Di ta nags kyi rin chen la bstod pa lha'i dbyangs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 2: 625-632. Bir, H.P.: Khyentse Labrang, 2012.
Genre Verses of Praise - bstod pa
Colophon

།ཅེས་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་རྣམ་ཐར་དང་མཐུན་པའི་བསྟོད་པ་འདིའང་དགེ་སྦྱོང་གི་རྟགས་ཙམ་འཆང་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་ལུག་ཧོར་ཟླ་བརྒྱད་པའི་མཚམས་ཀྱི་བསྙེན་གསེང་དུ་བྲིས་པ། སླར་ཡི་གེ་གཉིས་པར་འབེབས་པོ་དྲུང་ཡིག་ཚེ་རིང་བཀྲ་ཤིས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །

ces ma hA paN+Di ta nags kyi rin chen la rnam thar dang mthun pa'i bstod pa 'di'ang dge sbyong gi rtags tsam 'chang ba 'jam dbyangs chos kyi blo gros pas chu lug hor zla brgyad pa'i mtshams kyi bsnyen gseng du bris pa/__slar yi ge gnyis par 'bebs po drung yig tshe ring bkra shis kyis bgyis pa ste/__'dis kyang paN chen chos kyi rgyal po'i byin brlab myur du 'jug pa'i rgyur gyur cig__/sarba dA mang+ga laM/

1 Texts in this Section (sde tshan or chos tshan)

[edit]
མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་བསྟོད་པ་ལྷའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བྱང་ཆུབ་སྤྱོད་པའི་ནགས་ཀྱི་ཀླུང་ཆེན་པོར། །ཚོགས་གཉིས་རིན་ཆེན་མཛོད་ཀྱིས་ཉེར་གཏམས་པ། །མཁས་དང་གྲུབ་པའི་གཙུག་ནོར་ཆེན་པོ་ཡི། །ཞབས་པད་དྲི་མ་མེད་པ་གུས་པས་མཆོད། །སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་ནུས་དང་། །ཐུགས་རྗེ་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག །དེང་འདིར་དགེ་བའི་བཤེས་སུ་རབ་བསྟན་ནས། །བསྟན་འགྲོའི་མཆོད་སྡོང་རྒྱས་པར་མཛད་ལ་འདུད། །དབུས་འགྱུར་ཤར་ཕྱོགས་གྲོང་ཁྱེར་དམ་པ་ན། །ཟླ་བའི་རིགས་ཀྱི་རྒྱལ་པོ་ཨུ་ད་ཡ། །བཙུན་མོ་ཀུ་མཱ་ར་ཞེས་བྱ་བ་ཡི། །སྲས་སུ་ཉེ་བར་འཁྲུངས་ལ་ཕྱག་འཚལ་འདུད། །མ་ཧཱ་ཙི་ནའི་མཁན་པོ་སངས་རྒྱས་དབྱངས། །པུ་ཛ་ཏ་སོགས་མཁན་སློབ་འདུས་པའི་དབུས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་བོར། །ངུར་སྨྲིག་རྒྱལ་མཚན་བཞེས་ལ་ཕྱག་འཚལ་འདུད། །སྒྲ་རིག་རྒྱ་མཚོའི་ཕ་མཐར་ཕྱིན་པ་དང་། །རྣལ་འབྱོར་མ་བསྙེན་དགྱེས་ཞལ་མངོན་སུམ་བསྟན། །ཐུན་མོང་ཐུན་མིན་རིག་པའི་གནས་རྣམས་དང་། །གསང་སྔགས་བསླབ་པར་མཛད་ལ༴། ཁྱད་པར་རྡོ་རྗེའི་རྣལ་འབྱོར་དུས་འཁོར་ལོའི། །རྒྱུད་དང་མན་ངག་ཐམས་ཅད་ཐུགས་སུ་ཆུད། །རྡོ་རྗེའི་གནས་ལ་གཞན་དྲིང་མི་འཇོག་པའི། །མཁྱེན་རྟོགས་རྩལ་ཆེན་རྫོགས་ལ༴། ཡི་དམ་ལྷ་ཡི་གནང་བ་ལ་བརྟེན་ནས། །སིང་ག་ལར་ཕེབས་མཁས་རྣམས་བགྲོ་བ་མཛད། །དེ་བཞིན་གཤེགས་པའི་གདུང་ལ་མཆོད་འབུལ་ཚེ། །དེ་ལས་འོད་ཕུང་འཕྲོ་ལ༴། སུ་མ་ན་ཀུའི་རི་རྩེར་ཕེབས་པའི་ཚེ། །ལམ་སྟོར་ཤིན་ཏུ་བགྲོད་དཀའ་གྱུར་པ་ན། །ཡི་དམ་གསོལ་བ་བཏབ་པས་ཅི་བདེར་ཕྱིན། །ཐུབ་དབང་ཞབས་རྗེས་མཇལ་ལ༴། ཕྱག་མཆོད་ཚེ་ན་འོད་ལྔའི་དྲྭ་བ་ཡིས། །སྐུ་ལུས་དཀྲིས་ཤིང་ངོ་མཚར་ཆེན་པོར་སྣང་། །དད་དང་སྙིང་རྗེ་རྒྱ་ཆེར་འཕེལ་བ་དང་། །གུ་ཎ་ཝི་རར་གཤེགས་ལ༴། དེར་ཡང་བདེ་བར་གཤེགས་པའི་མཆོད་རྟེན་ལ། །མཆོད་པ་སྟོབས་ཚེ་འོད་ཟེར་སྐར་མདའ་ལྟར། །གྱེན་འཕྲོས་སླར་ཡང་འོག་ཏུ་ལྡིང་བ་དང་། །གོང་བུ་ཕྱག་ཏུ་བབས་ལ༴། བུདྡྷ་ཤ་ར་ཎ་ཡི་ཤིང་དྲུང་དུ། །ཟླ་གསུམ་མཉམ་བཞག་ཏིང་འཛིན་མི་གཡོ་བཞུགས། །རྟེན་ལ་མཆོད་ཚེ་འོད་ཟེར་དཔག་མེད་འཕྲོས། །ཀུན་གྱིས་མངོན་སུམ་མཐོང་ལ༴། སླར་ལོག་ཚེ་ན་མུ་སྟེགས་གཟིངས་ལ་ཞུགས། །དེ་ཡིས་ངན་སེམས་ནུབ་བྱང་མཚོ་འགྲམ་བསྐྱལ། །ཐར་བར་དཀའ་ཡང་འདོད་ལྷར་གསོལ་བཏབ་པས། །གཟིངས་རྙེད་འཛམ་གླིང་ཕྱིན་ལ༴། ཀ་ལིད་རྒྱལ་ཁམས་འབྲས་སྤུངས་མཆོད་རྟེན་མཇལ། །མཁས་པ་ཆེན་པོ་མི་ཡི་ཉི་མས་ཀྱང་། །ཁྱོད་ལ་བསྙེན་བཀུར་དཔལ་གྱི་རིར་ཕྱིན་ནས། །ཐུགས་དམ་ཟབ་མོར་བཞུགས་ལ༴། ཤ་བ་རི་མཇལ་ཌཱ་ཀིར་རོལ་རྩེད་མཛད། །ཧ་རི་ཧ་རར་སྒྲ་གཞུང་རྒྱ་མཚོ་བསླབ། །ཀ་ན་ཀ་ཏྲོ་ཏཾ་གི་ཉེ་འགྲམ་དུ། །རྡོ་རྗེའི་རྣལ་འབྱོར་བསྒོམ་ལ༴། བྱ་རྒོད་ཕུང་རིར་འཇམ་དཔལ་བཟླས་པ་ན། །མཁའ་ལས་སྔགས་ཀྱི་སྒྲ་གྲགས་སྐྱོན་བསལ་ཞིང་། །བྱ་རྐང་ཅན་བྱོན་རི་རྩེར་མཆོད་རྟེན་མཇལ། །དགྲ་བཅོམ་ནམ་མཁར་བཞུགས་མཐོང་ཕྱག༴། ཨང་ག་པར་ཏར་ཕལ་ཆེར་མཉམ་པར་བཞག །བྱང་ཆུབ་སྤྱོད་ལ་བློ་སྟོབས་མཆོག་ཏུ་རྒྱས། །ཤ་བ་རི་བས་བྱང་ཕྱོགས་གདུལ་བྱར་བསྟན། །བལ་པོར་གཤེགས་པར་མཛད་ལ༴། ཤཱི་ལ་པཱ་ག་ར་ལས་སེམས་བསྐྱེད་གསན། །ཤེས་རབ་ཕ་རོལ་ཕྱིན་པའི་ཆོས་གསུངས་ཤིང་། །བཞི་བཅུ་རྩ་གསུམ་བྷོ་ཊའི་ལྗོངས་སུ་བྱོན། །དབུས་གཙང་འགྲོ་དོན་མཛད་ལ༴། ཁྱད་པར་སྨྲ་བའི་སེང་གེ་རོང་སྟོན་རྗེས། །ཞབས་ཏོག་ཕུལ་བྱུང་མཉྫུ་ཤྲཱི་ཡིས། །ལོ་ཙཱ་མཛད་ནས་སླར་ཡང་བལ་ཡུལ་ཕེབས། །ཤིང་ཀུན་མཆོད་རྟེན་དྲུང་བཞུགས་ཕྱག༴། སྔོན་ཚེ་རྡོ་རྗེ་གདན་ན་བཞུགས་པའི་དུས། །མནལ་ལམ་བཟུང་ཚེ་བྱ་རྒོད་ཕུང་རིར་གཤེགས། །རྒྱལ་པོའི་ཁབ་ཀྱི་ལྕགས་རིའི་སྒོ་དྲུང་ན། །འདིར་འཇུག་ཁྱོད་ཡིན་སྒྲར་གྲགས་ཕྱག༴། ནང་དུ་བྱོན་ཚེ་བླ་མར་གུས་སྐྱེས་ཤིང་། །གདམས་ངག་ཞུས་པ་དེ་བསྒོམ་འགྲུབ་པར་གྱུར། །ལུང་ཐོབ་ཕྱི་ནང་གསང་བའི་བརྡ་རྟོགས་ནས། །གདམས་པར་ངེས་ཤེས་འཁྲུངས་ལ༴། ཨུ་རུ་བཱ་སར་འཕགས་པའི་སྐུ་མཇལ་ཞིང་། །གསོལ་བཏབ་བྲམ་ཟེ་རིལ་བ་ཐོགས་པ་བྱོན། །བྱང་ཕྱོགས་ཕྱིན་ན་དོན་འགྲུབ་ལུང་བསྟན་བརྙེས། །མཆོད་པ་དཔག་མེད་མཛད་ལ༴། བྱང་ཆུབ་ཆེན་པོའི་སྤྱན་སྔར་བཞུགས་པ་ན། །གདིང་བའི་འོག་ནས་ཁྲོན་ཆུ་གཏིང་རིང་ནང་། །དེ་བཞིན་གཤེགས་པའི་རྡོ་སྐུ་ཟུང་གཅིག་སྣང་། །ངོ་མཚར་ལྟད་མོར་བསྐུལ་ལ༴། ཁྲོན་པ་དེ་ཉིད་མི་སྣང་གྱུར་པའི་ཤུལ། །ཏ་ཐཱ་ག་ཏའི་སྐུ་གཉིས་གནས་གྱུར་པ། །དགེ་སློང་འཁར་བསིལ་ཐོགས་པ་གཉིས་སྣང་བ། །བ་པོའི་བསིལ་བྱེད་ཕུལ་ལ༴། དེས་ཀྱང་བྱང་དུ་སོང་ཞེས་བསྐུལ་བ་དང་། །བོད་ཀྱི་ཆོས་རྒྱལ་ཞིག་ལ་ཕན་ཅེས་གསུངས། །གཙང་དུ་ཉང་སྟོང་དུས་ཀྱི་འཁོར་ལོ་ཡི། །དཀྱིལ་འཁོར་ལྷ་རྣམས་གཟིགས་ལ༴། རྔོག་པའི་ཞབས་ལས་རྒྱུད་སྡེ་མང་པོ་དང་། །ཁྱད་པར་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག །ཟབ་དོན་ཁྱད་པར་འཕགས་པ་ལེགས་གསན་ནས། །གདམས་པ་དེ་ཉིད་སྤེལ་ལ༴། ཤཱནྟ་པུ་རིའི་ལྷ་ཁང་ནང་བཞུགས་ཚེ། །སློབ་དཔོན་ངག་དབང་གྲགས་པ་ཡབ་ཡུམ་མཇལ། །རྣལ་འབྱོར་མ་ཡིས་ལ་བ་དམར་པོས་བཀབ། །གསང་སྔགས་དོན་ཀུན་གཟིགས་ལ༴། རྨི་ལམ་སངས་རྒྱས་དབྱངས་བྱོན་དཔོན་སློབ་གཉིས། །མར་མེར་གྱུར་ནས་མཁར་གཤེགས་སྲིད་རྩེར་བརྒལ། །རྡོ་རྗེ་རྣམས་ཀྱིས་རབ་ཏུ་སྣང་བྱེད་ཀྱི། །སྲིད་གསུམ་ཆོས་དབྱིངས་སྡུད་ལ༴། ནངས་པར་བླ་མ་ཆེན་པོ་དངོས་སུ་མཇལ། །ཤ་བ་རི་པའང་བཞུགས་པར་ཕྱག་མཛད་ཅིང་། །གསོལ་བ་བཏབ་པས་བདེ་མཆོག་དཀྱིལ་འཁོར་གྱི། །གཙོ་བོར་བཞུགས་ནས་དབང་ཐོབ་ཕྱག༴། གསུམ་པའི་དུས་སུ་ཡེ་ཤེས་ལྷ་མོ་དང་། །སྙོམས་ཞུགས་བཞི་པའི་ལྷན་སྐྱེས་རྩེ་མོར་ཕྱིན། །སྒྲིབ་བྲལ་ཤིན་ཏུ་རྣམ་པར་དག་པ་ཡི། །བདེ་ཆེན་ཡེ་ཤེས་བརྙེས་ལ༴། སྣེ་གདོང་ཆོས་རྒྱལ་གྲགས་པ་འབྱུང་གནས་དང་། །རྟེན་འབྲེལ་ལེགས་འགྲིགས་དྲིས་ལན་སྒྲོ་འདོགས་བཅད། །མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། །ཐུགས་སྲས་དམ་པར་གྱུར་ལ༴། མོན་གྱི་སྤ་གྲོའི་ཕུག་པར་ཌཱ་ཀི་ཡིས། །ནང་དུ་ཁྲིད་ནས་པདྨ་སཾ་བྷ་མཇལ། །ཚོགས་ཀྱི་འཁོར་ལོའི་འདུ་བ་ལ་སྤྱོད་ཅིང་། །ཡང་ཡང་དགྱེས་ཞལ་མཇལ་ལ༴། གྲུབ་ཐོབ་ཆེན་པོ་བི་རཱུ་པ་ཡི་ཞལ། །ཡང་ཡང་སྟོན་ཅིང་རྩེ་ཐང་ཆོས་གྲྭ་སོགས། །སྡེ་སྣོད་འཛིན་པའི་བཤེས་གཉེན་མང་པོ་ལ། །རྡོ་རྗེའི་རྣལ་འབྱོར་སྟོན་ལ་ཕྱག༴། རྡོ་རྗེ་ཕྲེང་བའི་དབང་བཀའ་ཞི་ལྡ་དང་། །བདེ་མཆོག་ཀྱེ་ཡི་རྡོ་རྗེ་མི་གཡོ་སོགས། །རྒྱུད་ཀྱི་དབང་བཀའ་བཤད་དང་མན་ངག་གིས། །སྐལ་ལྡན་སློབ་ཚོགས་སྨིན་གྲོལ་སར་བཀོད་པའི། །ཁྱབ་བདག་རྡོ་རྗེ་འཆང་ལ༴། སླར་ཡང་འཕགས་པའི་ཡུལ་དུ་འབྱོན་བཞེད་ནས། །རྡོ་རྗེ་གདན་དུ་བླ་མའི་སྐུ་བཞེངས་དང་། །དབེན་པར་སྡོད་ནས་སླར་ཡང་འབྱོན་ཅེས་གསུངས། །ལམ་བར་འགྲོ་དོན་མཛད་ལ༴། སྐྱིད་གྲོང་འཕགས་པ་ཝ་ཏིར་ཕེབས་བ་ན། །བལ་ཡུལ་སློབ་མ་ལྔ་བཅུ་བསུ་བར་ཕེབས། །ཆོས་རྗེ་ཉི་མ་རྒྱ་གར་ཡུལ་དུ་གཤེགས། །སངས་རྒྱས་བསྟན་པའི་བདག་པོར༴། དཔག་མེད་བདེ་གཤེགས་རྣམས་ཀྱི་བསྟན་པ་དང་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་མཆོག་འཛིན་པ། །གསང་སྔགས་རིག་སྔགས་ཡང་དག་བརྗོད་གྱུར་པའི། །མཆོག་ཏུ་མི་འགྱུར་གང་དེར༴། སིང་ག་ལ་རུ་རྣམ་སྣང་གངས་ཆེན་མཚོ། །མངོན་སུམ་མཇལ་བ་དེ་ནི་ས་བཅུ་པའི། །སེམས་དཔའ་རྣམས་ཀྱི་སྤྱོད་ཡུལ་རབ་བསྔགས་ན། །བླ་མ་རྡོ་རྗེ་སེམས་དཔར༴། རྩེ་ཐང་སྦྱོར་བ་དྲུག་པའི་ཁྲིད་ཀྱི་དུས། །མནལ་ལམ་རྡོ་རྗེ་གདན་གྱི་ཉེ་ལོགས་སུ། །གསེར་གྱི་རྒྱུན་ཐག་ཆུ་ཀླུང་ཆེན་པོ་དེར། །གསེར་གྱི་པདྨས་ཁེབས་མཐོང་༴། སངས་རྒྱས་འཇིག་རྟེན་བྱོན་ཚེ་ཆུ་འདི་ལ། །གསེར་གྱི་པད་འབྱུང་གཞན་དུ་མི་སྲིད་པ། །ཅི་ཞིག་སྙམ་པ་དེ་ཡི་མོད་ཉིད་ལ། །རང་ཉིད་འཚང་རྒྱའི་གདན་གཟིགས༴། པདྨ་ཆུན་པོར་བྱས་ནས་སྤྲག་པར་ཐོགས། །དེ་ཉིད་དུ་ནི་སངས་རྒྱལ་བར་བཞེད་ནས། །བྱང་ཆུབ་ཤིང་དྲུང་གཤེགས་པར་གྱུར་ཅེས་གསུངས། །དེ་འདྲའི་འདྲེན་པ་སངས་རྒྱས༴། མདོ་རྒྱུད་སློབ་དཔོན་མཚན་ཉིད་ཀུན་ལྡན་ཅིང་། །ཅི་ཙམ་བརྟག་ཀྱང་སྐྱོན་བྲལ་ཡོན་ཏན་རྫོགས། །དུས་གསུམ་འབྱོན་དཀའ་པཎ་ཆེན་ཆོས་ཀྱི་རྗེ། །སྲིད་གསུམ་འགྲོ་བའི་བླ་མར༴། སྔོན་གྱི་ཐུགས་བསྐྱེད་ཞལ་བཞེས་དང་མཚུངས་པར། །ཆེར་སྙིགས་དུས་ཀྱི་ཐ་མར་གྱུར་པ་ན། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བཤེས་གཉེན་དུ། །སྤྲུལ་པས་འགྲོ་བ་སྐྱོབ་ལ་ཕྱག་འཚལ་འདུད། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །མི་དགེ་སྡིག་ལྟུང་སྟོབས་བཞི་གང་གཱས་བཀྲུ། །འཕགས་དང་སོ་སྐྱེའི་དགེ་བར་ཕྲག་མི་དོག །མ་རིག་མུན་སེལ་ཆོས་འཁོར་བསྐོར་དུ་གསོལ། །རྒྱལ་རྣམས་རྟག་པར་རྡོ་རྗེའི་ཁྲི་ལ་བཞུགས། ༑དགེ་ཚོགས་ནམ་མཁའ་ཁྱབ་པའི་འགྲོ་བར་བསྔོ། །དུས་གསུམ་ལེགས་བྱས་བསགས་པ་ཅི་མཆིས་པ། །མ་གྱུར་འགྲོ་བའི་དོན་དུ་ཡོངས་སུ་བསྔོ། །བདག་ནི་སྐྱེ་བ་ཀུན་ཏུ་བླ་མ་དང་། །མི་འབྲལ་མདོ་སྔགས་ལམ་བཟང་ཐོས་བསམ་སྒོམ། །ཁྱད་པར་དུས་གསུམ་རྒྱལ་བའི་དགོངས་གཅིག་ནི། །ངེས་གསང་རྡོ་རྗེའི་རྣལ་འབྱོར་བརྩོན་པར་ཤོག །སྐྱེ་བའི་མཐར་ཡང་བྱང་ཕྱོགས་ཤམ་བྷ་ལར། །ཀ་ལ་པ་ཡི་གཞལ་མེད་ཁང་ཆེན་པོར། །རིགས་ལྡན་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ། །སྐྱེས་ནས་ལྷ་མིན་ཀླ་ཀློ་མཐར་བྱེད་ཤོག །བདག་ལ་འབྲེལ་པ་ཐོགས་པའི་སེམས་ཅན་རྣམས། །ངན་འགྲོའི་དུཿཁ་ལས་གྲོལ་བདེ་ཆེན་ཞིང་། །པདྨོར་བརྫུས་སྐྱེས་བྱང་ཆུབ་ལུང་བསྟན་ཐོབ། །སྲིད་ཞིར་མི་གནས་མངོན་པར་འཚང་རྒྱར་ཤོག །བདག་ཉིད་ཆེན་པོ་བ་ན་རཏྣ་ཡི། །གསང་གསུམ་བྱིན་རླབས་བདག་གིས་ཐོབ་པ་དང་། །ཐ་ན་རྨི་ལམ་གནས་སྐབས་དག་ཏུ་ཡང་། །ཁྱེད་ཀྱི་སྐུ་མཇལ་གསུང་དབྱངས་ཐོས་པར་ཤོག །དེ་ལྟར་བསྟོད་ཅིང་སྨོན་པ་འདི་ཡི་མཐུས། །སངས་རྒྱས་བསྟན་པ་རིན་ཆེན་འབར་བ་དང་། །བསྟན་འཛིན་ཞབས་བརྟན་འདུས་པའི་སྡེ་འཕེལ་ཞིང་། །འཇིག་རྟེན་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་མ་ཧཱ་པཎྜི་ཏ་ནགས་ཀྱི་རིན་ཆེན་ལ་རྣམ་ཐར་དང་མཐུན་པའི་བསྟོད་པ་འདིའང་དགེ་སྦྱོང་གི་རྟགས་ཙམ་འཆང་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཆུ་ལུག་ཧོར་ཟླ་བརྒྱད་པའི་མཚམས་ཀྱི་བསྙེན་གསེང་དུ་བྲིས་པ། སླར་ཡི་གེ་གཉིས་པར་འབེབས་པོ་དྲུང་ཡིག་ཚེ་རིང་བཀྲ་ཤིས་ཀྱིས་བགྱིས་པ་སྟེ། འདིས་ཀྱང་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་བྱིན་བརླབ་མྱུར་དུ་འཇུག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ། །།
[edit]

ma hA paN+Di ta nags kyi rin chen la bstod pa lha'i dbyangs snyan zhes bya ba bzhugs so/____/bla ma dang 'jam pa'i dbyangs la gus pas phyag 'tshal lo/____/byang chub spyod pa'i nags kyi klung chen por/____/tshogs gnyis rin chen mdzod kyis nyer gtams pa/____/mkhas dang grub pa'i gtsug nor chen po yi/____/zhabs pad dri ma med pa gus pas mchod/____/sras bcas rgyal ba kun gyi mkhyen nus dang /____/thugs rje gcig tu bsdus pa'i rang gzugs mchog__/deng 'dir dge ba'i bshes su rab bstan nas/____/bstan 'gro'i mchod sdong rgyas par mdzad la 'dud/____/dbus 'gyur shar phyogs grong khyer dam pa na/____/zla ba'i rigs kyi rgyal po u da ya/____/btsun mo ku mA ra zhes bya ba yi/____/sras su nye bar 'khrungs la phyag 'tshal 'dud/____/ma hA tsi na'i mkhan po sangs rgyas dbyangs/____/pu dza ta sogs mkhan slob 'dus pa'i dbus/____/rgyal srid mchil ma'i thal ba bzhin du bor/____/ngur smrig rgyal mtshan bzhes la phyag 'tshal 'dud/____/sgra rig rgya mtsho'i pha mthar phyin pa dang /____/rnal 'byor ma bsnyen dgyes zhal mngon sum bstan/____/thun mong thun min rig pa'i gnas rnams dang /____/gsang sngags bslab par mdzad la=/__khyad par rdo rje'i rnal 'byor dus 'khor lo'i/____/rgyud dang man ngag thams cad thugs su chud/____/rdo rje'i gnas la gzhan dring mi 'jog pa'i/____/mkhyen rtogs rtsal chen rdzogs la=/__yi dam lha yi gnang ba la brten nas/____/sing ga lar phebs mkhas rnams bgro ba mdzad/____/de bzhin gshegs pa'i gdung la mchod 'bul tshe/____/de las 'od phung 'phro la=/__su ma na ku'i ri rtser phebs pa'i tshe/____/lam stor shin tu bgrod dka' gyur pa na/____/yi dam gsol ba btab pas ci bder phyin/____/thub dbang zhabs rjes mjal la=/__phyag mchod tshe na 'od lnga'i drwa ba yis/____/sku lus dkris shing ngo mtshar chen por snang /____/dad dang snying rje rgya cher 'phel ba dang /____/gu Na wi rar gshegs la=/__der yang bde bar gshegs pa'i mchod rten la/____/mchod pa stobs tshe 'od zer skar mda' ltar/____/gyen 'phros slar yang 'og tu lding ba dang /____/gong bu phyag tu babs la=/__bud+d+ha sha ra Na yi shing drung du/____/zla gsum mnyam bzhag ting 'dzin mi g.yo bzhugs/____/rten la mchod tshe 'od zer dpag med 'phros/____/kun gyis mngon sum mthong la=/__slar log tshe na mu stegs gzings la zhugs/____/de yis ngan sems nub byang mtsho 'gram bskyal/____/thar bar dka' yang 'dod lhar gsol btab pas/____/gzings rnyed 'dzam gling phyin la=/__ka lid rgyal khams 'bras spungs mchod rten mjal/____/mkhas pa chen po mi yi nyi mas kyang /____/khyod la bsnyen bkur dpal gyi rir phyin nas/____/thugs dam zab mor bzhugs la=/__sha ba ri mjal DA kir rol rtsed mdzad/____/ha ri ha rar sgra gzhung rgya mtsho bslab/____/ka na ka tro taM gi nye 'gram du/____/rdo rje'i rnal 'byor bsgom la=/__bya rgod phung rir 'jam dpal bzlas pa na/____/mkha' las sngags kyi sgra grags skyon bsal zhing /____/bya rkang can byon ri rtser mchod rten mjal/____/dgra bcom nam mkhar bzhugs mthong phyag=/__ang ga par tar phal cher mnyam par bzhag__/byang chub spyod la blo stobs mchog tu rgyas/____/sha ba ri bas byang phyogs gdul byar bstan/____/bal por gshegs par mdzad la=/__shI la pA ga ra las sems bskyed gsan/____/shes rab pha rol phyin pa'i chos gsungs shing /____/bzhi bcu rtsa gsum b+ho Ta'i ljongs su byon/____/dbus gtsang 'gro don mdzad la=/__khyad par smra ba'i seng ge rong ston rjes/____/zhabs tog phul byung many+dzu shrI yis/____/lo tsA mdzad nas slar yang bal yul phebs/____/shing kun mchod rten drung bzhugs phyag=/__sngon tshe rdo rje gdan na bzhugs pa'i dus/____/mnal lam bzung tshe bya rgod phung rir gshegs/____/rgyal po'i khab kyi lcags ri'i sgo drung na/____/'dir 'jug khyod yin sgrar grags phyag=/__nang du byon tshe bla mar gus skyes shing /____/gdams ngag zhus pa de bsgom 'grub par gyur/____/lung thob phyi nang gsang ba'i brda rtogs nas/____/gdams par nges shes 'khrungs la=/__u ru bA sar 'phags pa'i sku mjal zhing /____/gsol btab bram ze ril ba thogs pa byon/____/byang phyogs phyin na don 'grub lung bstan brnyes/____/mchod pa dpag med mdzad la=/__byang chub chen po'i spyan sngar bzhugs pa na/____/gding ba'i 'og nas khron chu gting ring nang /____/de bzhin gshegs pa'i rdo sku zung gcig snang /____/ngo mtshar ltad mor bskul la=/__khron pa de nyid mi snang gyur pa'i shul/____/ta thA ga ta'i sku gnyis gnas gyur pa/____/dge slong 'khar bsil thogs pa gnyis snang ba/____/ba po'i bsil byed phul la=/__des kyang byang du song zhes bskul ba dang /____/bod kyi chos rgyal zhig la phan ces gsungs/____/gtsang du nyang stong dus kyi 'khor lo yi/____/dkyil 'khor lha rnams gzigs la=/__rngog pa'i zhabs las rgyud sde mang po dang /____/khyad par rdo rje'i rnal 'byor yan lag drug__/zab don khyad par 'phags pa legs gsan nas/____/gdams pa de nyid spel la=/__shAn+ta pu ri'i lha khang nang bzhugs tshe/____/slob dpon ngag dbang grags pa yab yum mjal/____/rnal 'byor ma yis la ba dmar pos bkab/____/gsang sngags don kun gzigs la=/__rmi lam sangs rgyas dbyangs byon dpon slob gnyis/____/mar mer gyur nas mkhar gshegs srid rtser brgal/____/rdo rje rnams kyis rab tu snang byed kyi/____/srid gsum chos dbyings sdud la=/__nangs par bla ma chen po dngos su mjal/____/sha ba ri pa'ang bzhugs par phyag mdzad cing /____/gsol ba btab pas bde mchog dkyil 'khor gyi/____/gtso bor bzhugs nas dbang thob phyag=/__gsum pa'i dus su ye shes lha mo dang /____/snyoms zhugs bzhi pa'i lhan skyes rtse mor phyin/____/sgrib bral shin tu rnam par dag pa yi/____/bde chen ye shes brnyes la=/__sne gdong chos rgyal grags pa 'byung gnas dang /____/rten 'brel legs 'grigs dris lan sgro 'dogs bcad/____/mdo sngags chos kyi 'khor lo rgya cher bskor/____/thugs sras dam par gyur la=/__mon gyi spa gro'i phug par DA ki yis/____/nang du khrid nas pad+ma saM b+ha mjal/____/tshogs kyi 'khor lo'i 'du ba la spyod cing /____/yang yang dgyes zhal mjal la=/__grub thob chen po bi rU pa yi zhal/____/yang yang ston cing rtse thang chos grwa sogs/____/sde snod 'dzin pa'i bshes gnyen mang po la/____/rdo rje'i rnal 'byor ston la phyag=/__rdo rje phreng ba'i dbang bka' zhi lda dang /____/bde mchog kye yi rdo rje mi g.yo sogs/____/rgyud kyi dbang bka' bshad dang man ngag gis/____/skal ldan slob tshogs smin grol sar bkod pa'i/____/khyab bdag rdo rje 'chang la=/__slar yang 'phags pa'i yul du 'byon bzhed nas/____/rdo rje gdan du bla ma'i sku bzhengs dang /____/dben par sdod nas slar yang 'byon ces gsungs/____/lam bar 'gro don mdzad la=/__skyid grong 'phags pa wa tir phebs ba na/____/bal yul slob ma lnga bcu bsu bar phebs/____/chos rje nyi ma rgya gar yul du gshegs/____/sangs rgyas bstan pa'i bdag por=/__dpag med bde gshegs rnams kyi bstan pa dang /____/byang chub sems dpa'i sde snod mchog 'dzin pa/____/gsang sngags rig sngags yang dag brjod gyur pa'i/____/mchog tu mi 'gyur gang der=/__sing ga la ru rnam snang gangs chen mtsho/____/mngon sum mjal ba de ni sa bcu pa'i/____/sems dpa' rnams kyi spyod yul rab bsngags na/____/bla ma rdo rje sems dpar=/__rtse thang sbyor ba drug pa'i khrid kyi dus/____/mnal lam rdo rje gdan gyi nye logs su/____/gser gyi rgyun thag chu klung chen po der/____/gser gyi pad+mas khebs mthong =/__sangs rgyas 'jig rten byon tshe chu 'di la/____/gser gyi pad 'byung gzhan du mi srid pa/____/ci zhig snyam pa de yi mod nyid la/____/rang nyid 'tshang rgya'i gdan gzigs=/__pad+ma chun por byas nas sprag par thogs/____/de nyid du ni sangs rgyal bar bzhed nas/____/byang chub shing drung gshegs par gyur ces gsungs/____/de 'dra'i 'dren pa sangs rgyas=/__mdo rgyud slob dpon mtshan nyid kun ldan cing /____/ci tsam brtag kyang skyon bral yon tan rdzogs/____/dus gsum 'byon dka' paN chen chos kyi rje/____/srid gsum 'gro ba'i bla mar=/__sngon gyi thugs bskyed zhal bzhes dang mtshungs par/____/cher snyigs dus kyi tha mar gyur pa na/____/'jam dpal dbyangs dngos chos kyi bshes gnyen du/____/sprul pas 'gro ba skyob la phyag 'tshal 'dud/____/dngos 'byor yid sprul kun bzang mchod sprin 'bul/____/mi dge sdig ltung stobs bzhi gang gAs bkru/____/'phags dang so skye'i dge bar phrag mi dog__/ma rig mun sel chos 'khor bskor du gsol/____/rgyal rnams rtag par rdo rje'i khri la bzhugs/__|dge tshogs nam mkha' khyab pa'i 'gro bar bsngo/____/dus gsum legs byas bsags pa ci mchis pa/____/ma gyur 'gro ba'i don du yongs su bsngo/____/bdag ni skye ba kun tu bla ma dang /____/mi 'bral mdo sngags lam bzang thos bsam sgom/____/khyad par dus gsum rgyal ba'i dgongs gcig ni/____/nges gsang rdo rje'i rnal 'byor brtson par shog__/skye ba'i mthar yang byang phyogs sham b+ha lar/____/ka la pa yi gzhal med khang chen por/____/rigs ldan chos kyi rgyal po'i zhabs drung du/____/skyes nas lha min kla klo mthar byed shog__/bdag la 'brel pa thogs pa'i sems can rnams/____/ngan 'gro'i duHkha las grol bde chen zhing /____/pad+mor brdzus skyes byang chub lung bstan thob/____/srid zhir mi gnas mngon par 'tshang rgyar shog__/bdag nyid chen po ba na rat+na yi/____/gsang gsum byin rlabs bdag gis thob pa dang /____/tha na rmi lam gnas skabs dag tu yang /____/khyed kyi sku mjal gsung dbyangs thos par shog__/de ltar bstod cing smon pa 'di yi mthus/____/sangs rgyas bstan pa rin chen 'bar ba dang /____/bstan 'dzin zhabs brtan 'dus pa'i sde 'phel zhing /____/'jig rten bde zhing skyid pa'i bkra shis shog__/ces ma hA paN+Di ta nags kyi rin chen la rnam thar dang mthun pa'i bstod pa 'di'ang dge sbyong gi rtags tsam 'chang ba 'jam dbyangs chos kyi blo gros pas chu lug hor zla brgyad pa'i mtshams kyi bsnyen gseng du bris pa/__slar yi ge gnyis par 'bebs po drung yig tshe ring bkra shis kyis bgyis pa ste/__'dis kyang paN chen chos kyi rgyal po'i byin brlab myur du 'jug pa'i rgyur gyur cig__/sarba dA mang+ga laM/__/____//__

Footnotes

Other Information