རྗེས་འབྲེལ་རྡོ་རྗེའི་གླུ་གར།

From Khyentse Lineage - A Tsadra Foundation Project
Revision as of 08:12, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rjes 'brel rdo rje'i glu gar DKR-KABUM-21-ZHA-010.pdf
Location dil mgo mkhyen brtse bka' 'bum
Volume 21, Text 10, Pages 76 (Folios 1a1 to 1a5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Rjes 'brel rdo rje'i glu gar. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 76. Delhi: Shechen Publications, 1994.
Genre Vajra Songs - rdo rje'i glu
Deity rdo rje phur pa
Colophon

གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་དུ་ཕྱུང་པའོ།།

grub thob thugs tig las khol du phyung pa'o//

[edit]
༄༅། །རྗེས་འབྲེལ་རྡོ་རྗེའི་གླུ་གར་བྱ་བ་ནི། ཨོཾ་ཨཱཿཧཱུྃ་ཧོཿཨ་ཧོ་མ་ཧཱ་སུ་ཁ་ཨ་ལ་ལ་ཧོཿ གསང་བ་མཆོག་གི་དགྱེས་པའི་གྲོང་ན་གསང་ཆེན་རོལ་པའི་རྣལ་འབྱོར་པ༔ ལྷན་ཅིག་སྐྱེས་དགའི་བདེ་བའི་ཐབས་ཀྱིས་སྟོང་པའི་འོད་གསལ་མངོན་དུ་གྱུར༔ ཟུང་འཇུག་ཡེ་ཤེས་སྐྱེ་འགགས་གནས་བྲལ་རྡོ་རྗེནམ་མཁའི་དཀྱིལ་ལྟ་བུ༔ འཁོར་འདས་དབྱེར་མེད་ སྲིད་ཞི་ཀུན་ཁྱབ་ཐིག་ལེ་གཅིག་ཏུ་ལྷུན་གྱིས་གྲུབ༔ མ་ཧཱ་སུ་ཁ་ཛྙཱ་ན་གཱི་ཏི་ཨ་ལ་ལ་ཧོཿ ཌཱ་དྲིལ་རོལ་མོ་བཅས་བྱ། ཨཾ༔ བཀྲ་ཤིས་གང་ཞིག་ཚོགས་ཀྱི་སྤྱོད་པ་ལ་བརྟེན་ནས༔ གནས་སྐབས་གེགས་ཞི་བསོད་ནམས་ཡེ་ཤེས་ཕྲིན་ལས་འཕེལ༔ མཐར་ཐུག་ས་བཅུ་ལམ་ལྔའི་གོ་འཕང་མྱུར་དུ་འགྲུབ༔ རྟག་ཏུ་དཔལ་གནས་དགེ་ལེགས་སྣང་བས་ཁྱབ་གྱུར་ཅིག༔ ཅེས་ཤིས་པ་བརྗོད། གྲུབ་ཐོབ་ཐུགས་ཏིག་ལས་ཁོལ་དུ་ཕྱུང་པའོ།། །།
[edit]

rjes 'brel rdo rje'i glu gar la ldeb/_1[ 76]

Footnotes

Other Information