འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ འཆི་མེད་གྲུབ་པའི་རྒྱུད་བསྐུལ༔

From Khyentse Lineage - A Tsadra Foundation Project
Revision as of 08:11, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title 'chi med pad+ma tshe yi snying thig las: 'chi med grub pa'i rgyud bskul DKR-KABUM-18-TSHA-036.pdf
Location dil mgo mkhyen brtse bka' 'bum
Volume 18, Text 36, Pages 281-284 (Folios 1a to 4a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'chi med pad+ma tshe yi snying thig las 'chi med grub pa'i rgyud bskul. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 281-284. Delhi: Shechen Publications, 1994.
Genre Invocations - bskul ba
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས། པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེས་གཏན་ལ་ཕབ་པའོ།།

dus gsum mkhyen pa o rgyan chen po'i byin rlabs las/_pad+ma mdo sngags gling pa 'od gsal sprul pa'i rdo rjes gtan la phab pa'o//

[edit]
༁ྃ༔ འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ འཆི་མེད་གྲུབ་པའི་རྒྱུད་བསྐུལ་བཞུགས༔

འཆི་མེད་ཚེ་ཡི་ལྷ་ལ་འདུད༔ བརྒྱུད་གསུམ་ཐུགས་དམ་གནད་བསྐུལ་བས༔ རྡོ་རྗེའི་ཡེ་ཤེས་བྱིན་འབེབས་ཕྱིར༔ མདའ་དར་གཡབ་ཅིང་བདུག་སྤོས་འཐུལ༔ མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད༔ ཧྲཱིཿ འོག་མིན་བདེ་ཆེན་དབང་གི་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད༔ ཡུམ་མཆོག་གསང་བའི་ལྷ་མོ་ཙཎྜ་ལི༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ དག་པའི་ཞིང་མཆོག་རི་བོ་ཏཱ་ལ་རུ༔ འཇིག་རྟེན་དབང་ཕྱུག་པདྨ་གར་དབང་དང༔ ཡུམ་མཆོག་སྒྲོལ་མ་གསང་བ་ཡེ་ཤེས་ཆེ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ འཆི་མེད་གནས་མཆོག་བདུད་རྩིའི་ཆུ་ཀླུང་དུ༔ རྡོར་སེམས་དངོས་སྣང་པྲ་ཧེ་བཛྲ་དང༔ ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱ་མཚོ་མ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ རང་བྱུང་དུར་ཁྲོད་སོ་ས་གླིང་ཆེན་པོར༔ རིག་རྩལ་དབང་ཐོབ་ཤྲཱི་སེང་ཧ་དང༔ ཡེ་ཤེས་མཁའ་འགྲོ་བདེ་ཆེན་ཞི་བ་མཚོ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའིའཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ བཀྲ་ཤིས་བྲག་ཕུག་མཱ་ར་ཏི་ཀ་རུ༔ བདེ་བ་ཆེན་པོ་པདྨ་བཛྲ་དང༔ ཚེ་ལམ་གསང་བའི་གྲོགས་་མཆོག་མནྡ་ར༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ ངོ་མཚར་ལྷུན་གྲུབ་གཏེར་གྱི་ཕོ་བྲང་དུ༔ པཎ་གྲུབ་དབང་པོ་བི་མ་མི་ཏྲ་དང༔ འཆི་མེད་འཕགས་མ་དབྱིངས་ཕྱུག་རྒྱལ་མོ་རྩལ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ གཞན་ཡང་རང་བྱུང་གྲུབ་པའི་དུར་ཁྲོད་དུ༔ ལྷ་དང་དབྱེར་མེད་རིག་འཛིན་སློབ་དཔོན་བརྒྱད༔ རང་རང་རིགས་ཀྱི་ཕོ་ཉ་མཁའ་འགྲོའི་ཚོགས༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ༔ ཚེ་དཔག་མེད་མགོན་ཨོ་རྒྱན་ཆེན་པོ་དང༔ མཁའ་འགྲོའི་གཙོ་མོ་བདེ་ཆེན་མཚོ་རྒྱལ་ལྕམ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ ལི་ཡུལ་གནས་མཆོག་གྲུབ་པའི་དགའ་ཚལ་དུ༔ ལ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང༔ གསང་བའི་ཡུམ་མཆོག་བདེ་ཆེན་ཚུལ་ཁྲིམས་སྒྲོན༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཧྲཱིཿ ལྷོ་བྲག་མཁར་ཆུ་གཉན་གྱི་དབེན་གནས་སུ༔ གནུབས་ཀྱི་སློབ་དཔོན་ནམ་མཁའི་སྙིང་པོ་དང༔ སྤྲུལ་པའི་ཌཱ་ཀི་ཤེལ་དཀར་རྡོ་རྗེ་མཚོ༔ ཡབ་ཡུམ་གཉིས་མེད་རྡོ་རྗེའི་ཚེ་མཆོག་གྲུབ༔ དམ་པ་ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ དབྱིངས་ནས་བརྩེར་དགོངས་རིག་པའི་ཐུགས་རྗེ་སྐྱེད༔ འཁོར་འདས་དྭངས་བཅུད་མི་ཤིགས་ཐིག་ལེར་སྟིམས༔ ཚེ་དང་ཡེ་ཤེས་བྱིན་ཕོབ་དབང་མཆོག་བསྐུར༔ ཨོཾ་གུ་རུ་ཨ་མཱ་ར་ཎི་སརྦ་བིདྱཱ་དྷཱ་ར་ཨཱ་ཡུརྫྙཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བྃ་ཧོཿ དེ་ལྟར་འཆི་མེད་རིག་འཛིན་བླ་མའི་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས་དཀྱིལ་འཁོར་སོ་སོའི་ཚེ་འགུགས་བསྐུལ་བ་གཞུང་ལྟར་དུས་དྲུག་ཏུ་བྱའོ༔ དད་དང་གདུང་ཤུགས་རྩེ་གཅིག་པས༔ གསོལ་བཏབ་ཐུགས་དམ་རྒྱུད་བསྐུལ་ན༔ ཚེ་དང་ཡེ་ཤེས་བྱིན་འབེབས་ཤིང༔ འཆི་མེད་དངོས་གྲུབ་ཐོབ་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ལས། པདྨ་མདོ་སྔགས་གླིང་པ་འོད་གསལ་སྤྲུལ་པའི་རྡོ་རྗེས་གཏན་ལ་ཕབ་པའོ།། །།
[edit]

\u0f01\u0f83:_'chi med pad+ma tshe yi snying thig las:_'chi med grub pa'i rgyud bskul bzhugs:_'chi med tshe yi lha la 'dud:_brgyud gsum thugs dam gnad bskul bas:_rdo rje'i ye shes byin 'bebs phyir:_mda' dar g.yab cing bdug spos 'thul:_mos gus gdung shugs drag tu bskyed:_hrIH_'og min bde chen dbang gi pho brang nas:_bcom ldan mgon po ye shes tshe dpag med:_yum mchog gsang ba'i lha mo tsaN+Da li:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_dag pa'i zhing mchog ri bo tA la ru:_'jig rten dbang phyug pad+ma gar dbang dang:_yum mchog sgrol ma gsang ba ye shes che:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_'chi med gnas mchog bdud rtsi'i chu klung du:_rdor sems dngos snang pra he badz+ra dang:_ye shes mkha' 'gro bde chen rgya mtsho ma:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_rang byung dur khrod so sa gling chen por:_rig rtsal dbang thob shrI seng ha dang:_ye shes mkha' 'gro bde chen zhi ba mtsho:_yab yum gnyis med rdo rje'i'atshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_bkra shis brag phug mA ra ti ka ru:_bde ba chen po pad+ma badz+ra dang:_tshe lam gsang ba'i grogs mchog man+da ra:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_ngo mtshar lhun grub gter gyi pho brang du:_paN grub dbang po bi ma mi tra dang:_'chi med 'phags ma dbyings phyug rgyal mo rtsal:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_gzhan yang rang byung grub pa'i dur khrod du:_lha dang dbyer med rig 'dzin slob dpon brgyad:_rang rang rigs kyi pho nya mkha' 'gro'i tshogs:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_brag dmar g.ya' ma lung gi dben gnas su:_tshe dpag med mgon o rgyan chen po dang:_mkha' 'gro'i gtso mo bde chen mtsho rgyal lcam:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_li yul gnas mchog grub pa'i dga' tshal du:_la tsA chen po bai ro tsa na dang:_gsang ba'i yum mchog bde chen tshul khrims sgron:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni dzI ban+ti ye badz+ra A yu She swA hA:_hrIH_lho brag mkhar chu gnyan gyi dben gnas su:_gnubs kyi slob dpon nam mkha'i snying po dang:_sprul pa'i DA ki shel dkar rdo rje mtsho:_yab yum gnyis med rdo rje'i tshe mchog grub:_dam pa khyed kyi rjes su bdag sgrub kyi:_dbyings nas brtser dgongs rig pa'i thugs rje skyed:_'khor 'das dwangs bcud mi shigs thig ler stims:_tshe dang ye shes byin phob dbang mchog bskur:_oM gu ru a mA ra Ni sarba bid+yA d+hA ra A yur+dz+nyA na A be sha ya A be sha ya a a:_hU~M hU~M hU~M:_dzaHhU~M ba~M hoH_de ltar 'chi med rig 'dzin bla ma'i thugs dam bskul ba sngon du 'gro bas dkyil 'khor so so'i tshe 'gugs bskul ba gzhung ltar dus drug tu bya'o:_dad dang gdung shugs rtse gcig pas:_gsol btab thugs dam rgyud bskul na:_tshe dang ye shes byin 'bebs shing:_'chi med dngos grub thob par nges:_sa ma ya:_rgya rgya rgya:_gu h+ya:_brda thim:_dus gsum mkhyen pa o rgyan chen po'i byin rlabs las/_pad+ma mdo sngags gling pa 'od gsal sprul pa'i rdo rjes gtan la phab pa'o//_//

Footnotes

Other Information