DKR-KABUM-08-NYA-031

From Khyentse Lineage - A Tsadra Foundation Project
Revision as of 16:49, 18 November 2022 by Mort (talk | contribs)

DKR-KABUM-08-NYA-031

ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་མའི་བརྒྱུད་འདེབས་ཆོས་དོན་རྣམ་འབྱེད་ཉིན་བྱེད་སྣང་བ༔
Wylie title yang zab bde chen dpal mo'i thugs kyi me long las: dbyangs can ma'i brgyud 'debs chos don rnam 'byed nyin byed snang ba: DKR-KABUM-08-NYA-031.pdf
Location dil mgo mkhyen brtse bka' 'bum
Volume 8, Text 31, Pages 265 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las dbyangs can ma'i brgyud 'debs chos don rnam 'byed nyin byed snang ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 265. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can ma
Colophon

དབྱངས་ཅན་དཔལ་གྱི་ལྷ་མོ་ཡི༔ གསོལ་འདེབས་ཆོས་དོན་རྣམ་འབྱེད་ཀྱི༔ ཉིན་བྱེད་སྣང་བ་ཞེས་བྱ་བ༔ ཆོས་ཀྱི་གོ་ཆ་འཛིན་དེ་ཡི༔ དག་སྣང་རིག་པའི་རོལ་རྩལ་ལས༔ ཤར་བཞིན་སྤེལ་བ་དགེ་གྱུར་ཅིག༔ དགེའོ།། །།

dbyangs can dpal gyi lha mo yi:_gsol 'debs chos don rnam 'byed kyi:_nyin byed snang ba zhes bya ba:_chos kyi go cha 'dzin de yi:_dag snang rig pa'i rol rtsal las:_shar bzhin spel ba dge gyur cig:__dge'o//_//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ དབྱངས་ཅན་མའི་བརྒྱུད་འདེབས་ཆོས་དོན་རྣམ་འབྱེད་ཉིན་བྱེད་སྣང་བ་ཞེས་བྱ་བ་བཞུགས༔ ཨེ་མ་ཧོཿ ཡེ་གྲོལ་འདུས་མ་བྱས་པའི་ཀློང་ཡངས་ནས༔ རྒྱལ་བའི་ཡུམ་ཆེན་ཀུན་ཏུ་བཟང་མོ་ལ༔ མཐའ་བྲལ་བློ་འདས་ངང་ནས་གསོལ་བ་འདེབས༔ ཆོས་སྐུ་གཡོ་མེད་དགོངས་དོན་རྟོགས་བྱིན་རློབས༔ མ་འགག་རང་སྣང་བདེ་ཆེན་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་མཛད་ངག་གི་དབང་ཕྱུག་མར༔ དགའ་བཞི་མཐར་ཕྱིན་ངང་ནས་གསོལ་བ་འདེབས༔ རྒྱལ་བའི་ཆོས་ཚུལ་མངོན་དུ་འགྱུར་བྱིན་རློབས༔ པདྨའི་ལྕམ་གཅིག་གསང་སྔགས་བཀའི་སྡུད་བྱེད༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ རང་རིག་གསལ་སྟོང་ངང་ནས་གསོལ་བ་འདེབས༔ ཕྱོགས་མེད་དག་སྣང་འཆར་བར་བྱིན་གྱིས་རློབས༔ རང་སྣང་དག་པ་ལྷུན་གྲུབ་ཞིང་ཁམས་སུ༔ རིག་པ་འཛིན་པ་ཆོས་ཀྱི་གོ་ཆ་ལ༔ གཉུག་མ་འོད་གསལ་ངང་ནས་གསོལ་བ་འདེབས༔ དོན་བརྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ཀུན་བཏགས་འཁྲུལ་པའི་སྣང་ཞེན་སྲིད་པའི་ཁམས༔ གཞན་དབང་ཌཱ་ཀིའི་ལྷ་སྔགས་ཡེ་ཤེས་ཀྱི༔ རོལ་མོར་འབྱམས་ཀླས་མི་འགྱུར་གདོད་མའི་དབྱིངས༔ ཡོངས་གྲུབ་བདེ་ཆེན་དཔལ་མོའི་རང་ཞལ་མཇལ༔ ཡེ་ཤེས་བླ་མའི་ས་ལ་ལྷུན་གྲུབ་ཤོག༔ གཞན་ཡང་གཟུངས་སྤོབས་ཡེ་ཤེས་སྣང་བ་ནི༔ མི་ཟད་རྒྱན་གྱི་འཁོར་ལོའི་གཏེར་མཛོད་གྲོལ༔ ཕྱི་ནང་རིག་པའི་གནད་ཀྱི་དེ་ཉིད་དང༔ དཔག་ཡས་མདོ་རྒྱུད་དགོངས་དོན་མ་ལུས་ཀུན༔ རྟོགས་ནས་འཆད་དང་རྩོད་དང་རྩོམ་པ་ཡིས༔ བདག་གཞན་འདོད་དོན་ཡིད་བཞིན་མྱུར་འགྲུབ་ཅིང༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མཛོད་ཐོབ་ནས༔ བསྟན་འགྲོའི་ཕན་བདེ་སྤེལ་བའི་དཔལ་ཐོབ་ཤོག༔ དབྱངས་ཅན་དཔལ་གྱི་ལྷ་མོ་ཡི༔ གསོལ་འདེབས་ཆོས་དོན་རྣམ་འབྱེད་ཀྱི༔ ཉིན་བྱེད་སྣང་བ་ཞེས་བྱ་བ༔ ཆོས་ཀྱི་གོ་ཆ་འཛིན་དེ་ཡི༔ དག་སྣང་རིག་པའི་རོལ་རྩལ་ལས༔ ཤར་བཞིན་སྤེལ་བ་དགེ་གྱུར་ཅིག༔ དགེའོ།། །།
[edit]

yang zab bde chen dpal mo'i thugs kyi me long las:_dbyangs can ma'i brgyud 'debs chos don rnam 'byed nyin byed snang ba zhes bya ba bzhugs:_e ma hoH_ye grol 'dus ma byas pa'i klong yangs nas:_rgyal ba'i yum chen kun tu bzang mo la:_mtha' bral blo 'das ngang nas gsol ba 'debs:_chos sku g.yo med dgongs don rtogs byin rlobs:_ma 'gag rang snang bde chen pho brang nas:_longs spyod rdzogs mdzad ngag gi dbang phyug mar:_dga' bzhi mthar phyin ngang nas gsol ba 'debs:_rgyal ba'i chos tshul mngon du 'gyur byin rlobs:_pad+ma'i lcam gcig gsang sngags bka'i sdud byed:_mkha' 'gro'i gtso mo ye shes mtsho rgyal la:_rang rig gsal stong ngang nas gsol ba 'debs:_phyogs med dag snang 'char bar byin gyis rlobs:_rang snang dag pa lhun grub zhing khams su:_rig pa 'dzin pa chos kyi go cha la:_gnyug ma 'od gsal ngang nas gsol ba 'debs:_don brgyud dgongs pa'i byin rlabs 'pho bar shog:_de ltar gsol ba btab pa'i byin rlabs kyis:_kun btags 'khrul pa'i snang zhen srid pa'i khams:_gzhan dbang DA ki'i lha sngags ye shes kyi:_rol mor 'byams klas mi 'gyur gdod ma'i dbyings:_yongs grub bde chen dpal mo'i rang zhal mjal:_ye shes bla ma'i sa la lhun grub shog:_gzhan yang gzungs spobs ye shes snang ba ni:_mi zad rgyan gyi 'khor lo'i gter mdzod grol:_phyi nang rig pa'i gnad kyi de nyid dang:_dpag yas mdo rgyud dgongs don ma lus kun:_rtogs nas 'chad dang rtsod dang rtsom pa yis:_bdag gzhan 'dod don yid bzhin myur 'grub cing:_mchog thun dngos grub rgya mtsho'i mdzod thob nas:_bstan 'gro'i phan bde spel ba'i dpal thob shog:_dbyangs can dpal gyi lha mo yi:_gsol 'debs chos don rnam 'byed kyi:_nyin byed snang ba zhes bya ba:_chos kyi go cha 'dzin de yi:_dag snang rig pa'i rol rtsal las:_shar bzhin spel ba dge gyur cig:__dge'o//_//

Footnotes

Other Information