DKR-KABUM-13-PA-012

From Khyentse Lineage - A Tsadra Foundation Project
Revision as of 12:13, 7 November 2022 by WikiBot2015 (talk | contribs)

DKR-KABUM-13-PA-012

Wylie title DKR-KABUM-13-PA-012.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "pa"., Text 12, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "PA" is not a number.

"PA" is not a number.

[edit]
༄༅། །རྡོ་རྗེའི་གསང་བའི་སྔགས་ཀྱི་རྒྱལ་པོ་བཛྲ་གུ་རུའི་དགོངས་དོན་རྣམ་པར་བཤད་པ་ཟབ་དོན་རྡོ་རྗེའི་གསང་མཛོད་ལས་ཅན་དད་བརྒྱའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།


༄༅། །དཔལ་བདེ་བ་ཆེན་པོ་རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝའི་ཞབས་ལ་ཕྱག་འཚལ་ལོ། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་པའི་མཛོད། །འཆི་མེད་ཡེ་ཤེས་རྡོ་རྗེའི་འཛུམ་དཀར་ལ། །རྗེས་ཆགས་མཚོར་འཁྲུངས་རྒྱལ་བའི་ཆུ་ཤེལ་དབང༌། །དད་པའི་ཆུ་མཚོར་ངོམས་པ་མེད་པས་མཆོད། །ཟབ་ཅིང་རྒྱ་ཆེའི་གསུང་གི་གསང་བ་ཆེ། །རྡོ་རྗེའི་སྔགས་སུ་ཤར་བའི་དགོངས་པའི་མཚོར། །བྱིས་པ་བདག་ཀྱང་དད་པས་འཇུག་པ་ལ། །ཐུགས་བརྩེའི་བ་དན་གཡོ་བས་དགེ་བར་མཛོད། །སྤྱིར་རྡོ་རྗེ་ཐེག་པ་གསང་སྔགས་ཀྱི་ལམ་ཟབ་ཅིང་རྒྱ་ཆེ་བ་ཐམས་ཅད་རྒྱུད་ཀྱི་དངོས་པོའམ་བསླབ་པའི་མཐའ་བཅུ་གཅིག་ཏུ་འཆད་ན་སྔགས་ལམ་ཀུན་ལ་ཁྱབ་པར་གསུངས་ཏེ། རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། རྟག་ཆད་ལས་གྲོལ་ལྟ་བ་དང༔ ཡུལ་དུས་གྲོལ་བའི་སྤྱོད་པ་དང༔ དཀྱིལ་འཁོར་ཕྱག་རྒྱ་གསལ་རྫོགས་དང༔ ཕྲིན་ལས་བཞི་ཡི་མཐའ་བསྒྱུར་དང༔ འཇུག་སྒོ་དབང་གི་བྱེ་བྲག་དང༔ དེ་ཡི་སྲོག་འཛིན་དམ་ཚིག་དང༔ ལྷ་ཡི་སྙིང་པོ་གསང་སྔགས་དང༔ བདེན་པའི་མཐུ་ཅན་ཕྱག་རྒྱ་དང༔ ལྷ་དང་སྙིང་པོར་བསྙེན་པ་དང༔ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང༔ བསོད་ནམས་ཚོགས་སྤེལ་མཆོད་པ་སྟེ༔ རྒྱུད་ཀྱི་དངོས་པོ་བཅུ་གཅིག་ནི༔ མདོ་ཆིངས་ཡིན་པར་མཁས་པས་གཟུང༔ ཞེས་གསུངས་པ་ལྟར་ལས། སྐབས་སུ་བབ་པའི་འཆད་བྱ་ཟློས་པ་སྔགས་ཀྱི་རིམ་པ་སྟེ། དེ་ལ་སྔགས་ཀྱི་གོ་དོན་སྤྱིར་བཤད་པ་དང༌། བཛྲ་གུ་རུའི་དགོངས་དོན་བྱེ་བྲག་ཏུ་བཤད་པ། སྔགས་ཀྱི་ཕན་ཡོན་བཤད་པས་མཇུག་བསྡུ་བ་གསུམ་ལས་དང་པོ་ལའང་གཉིས་ལས། དང་པོ་ནི། དེ་ཡང་སྔགས་ཀྱི་རྒྱུ་ནི་ཡི་གེ་སྟེ་ངོ་བོ་སྒྲ་གདངས་ཀྱི་རྣམ་པ་སོ་སོར་གསལ་བའི་རང་བཞིན་ཨ་སོགས་ཤེས་རབ་དབྱངས་ཀྱི་ཡི་གེ་བཅུ་དྲུག །ཀ་སོགས་གསལ་བྱེད་ཐབས་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་སྟེ་ལྔ་བཅུ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་སྟེ་དེ་ཐམས་ཅད་འདུས་པ་ཨོཾ་ལ་སོགས་པ་དག་ཀྱང་ཡི་གེའི་རང་བཞིན་ལས་མ་འདས། ཡི་གེ་རྣམས་འདུས་པ་ལ་བརྟེན་ནས་ཐ་སྙད་ཀུན་ཉོན་དང་རྣམ་བྱང་གིས་བསྡུས་པའི་དོན་ཐམས་ཅད་གསལ་ནུས་པས། སངས་རྒྱས་ཀྱི་མཛད་པ་ཀུན་ཡི་གེས་དངོས་དང་བརྒྱུད་པའི་ཚུལ་གྱིས་སྒྲུབ་ལ། དེའི་ཕྱིར་འཇིག་རྟེན་པའི་སྤྱོད་ཡུལ་གྱི་ནང་ན་ཡི་གེ་ལས་མཐུ་དང་ངོ་མཚར་ཆེ་བ་མེད་ལ། ཀུན་རྫོབ་ཏུ་དེ་ལྟར་བརྗོད་ཅིང་གསལ་བ་བྱེད་པའི་རྟེན་འབྱུང་གི་སྣང་བ་མ་འགགས་བཞིན་དུ། དོན་དམ་པ་བརྗོད་བྱ་མེད་པས་དེའི་རྗོད་བྱེད་དུའང་མ་གྲུབ་པས་རྗོད་བྱེད་ཉིད་ཀྱང་ཅུང་ཟད་མ་གྲུབ་པས་དེས་གང་ཡང་བརྗོད་པ་མེད་པར་གནས་ཤིང༌། དེ་ལྟ་བུའི་བདེན་པ་གཉིས་པོ་མཉམ་པ་ཉིད་དུ་ཡི་གེ་འབྲུ་གཅིག་གི་སྟེང་དུ་མཐོང་ཡང༌། དེ་ལས་གཟུངས་ཀྱི་སྒོ་བཞི་ཐོབ་པར་འགྱུར་རོ། །གཉིས་པ་སྔགས་ཀྱི་ངོ་བོ་གྲུབ་པ་བཞི་ལྡན་ནི། བྱེ་བྲག་ཏུ་སངས་རྒྱས་ཀྱིས་གསུངས་པའི་སྔགས་རྣམས་ནི་གྲུབ་པ་བཞི་དང་ལྡན་པ་སྟེ། དང་པོ་ཆོས་ཉིད་ངོ་བོའི་གྲུབ་པ་ནི། སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །དེ་ཕྱིར་ཡི་གེ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཡི་གེ་ཐམས་ཅད་དབྱིངས་སྟོང་ཆེན་རྣམ་ཀུན་མཆོག་ལྡན་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡེ་ནས་ལྷུན་གྱིས་གྲུབ་པའོ། །ཆོས་ཅན་རང་བཞིན་གྱིས་གྲུབ་པ་ནི། ཨ་ཉིད་སྣ་ཚོགས་པར་སྣང་བའི། ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཞེས་པ་ལྟར། ཡི་གེ་རང་རང་གི་ངོ་བོ་ཐུན་མོང་མིན་པར་སྣང་བའི་རང་བཞིན་བསླུ་མེད་དུ་གྲུབ་པའོ། །དེ་གཉིས་སྔགས་ཙམ་དུ་མ་ཟད་ཆོས་ཀུན་ལའང་ཡོད་མེད་ཀྱི་དེ་ལྟ་བུ་ཡིན་པའི་དབང་གིས་སྒྲ་གྲགས་ཐམས་ཅད་རྡོ་རྗེའི་སྔགས་སུ་བྱིན་གྱི་རླབས་རུང་བ་དང༌། ནུས་པ་ཐོགས་མེད་དུ་འབྱུང་རུང་སྟེ། ཆོས་ཉིད་ཅི་ཡང་མིན་པ་ལས་ཅི་ཡང་འཆར་བའི་རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་སོ། །བྱིན་གྱིས་བརླབ་ཀྱིས་གྲུབ་པ་ནི། ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་ཉི་ཤུ་རྩ་ལྔ་ནི། །ཡི་གེ་མགོ་ནས་ཀྵ་ལ་རྫོགས། །ཞེས་པ་ལྟར། ཆོས་ཀུན་ལ་མངའ་དབང་འབྱོར་བའི་སངས་རྒྱས་རྣམས་ཀྱིས་ཡི་གེ་གཅིག་ནས་མང་པོའི་བར་གྱི་སྔགས་རྣམས་ཡེ་ཤེས་ཉིད་རྣམ་པའི་འཕྲུལ་པ་བསྟན་པས་ན་སངས་རྒྱས་ཀྱི་བྱིན་རླབས་ཀྱིས་གྲུབ་པའོ། །ནུས་མཐུས་གྲུབ་པ་ནི། ཨེ་མ་ངོ་མཚར་ཡ་མཚན་གྱིས། །འཕྲུལ་ཆེན་བཞི་བཅུ་རྩ་ལྔ་ཡི། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །ཞེས་གསུངས་པ་ལྟར་སྨན་དང་ནོར་བུའི་ནུས་པ་བཞིན་དུ་སྔགས་དེ་དག་ལས་དངོས་གྲུབ་སྒྲུབ་པའི་ནུས་པ་ཐོགས་པ་མེད་པར་མི་བསླུ་བར་ཡོད་པའོ། །གསུམ་པ་འབྲས་བུ་ནུས་པ་ཐོགས་མེད་ནི། དེ་ལྟར་གྲུབ་པའི་སྔགས་དེས་གནས་སྐབས་དང་མཐར་ཐུག་གི་དོན་སྒྲུབ་མི་ནུས་པ་མེད་དེ། སྔགས་ལྷ་ཡི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་སོ་སོའི་སྐྱེ་བོའི་ས་ན་ཡང་དེ་བཞིན་གཤེགས་པའི་སྟོབས་གྲོགས་སུ་བཀུག་སྟེ་ལས་སྣ་ཚོགས་བྱེད་པ་ནི་སྔགས་ཡིན་པས། ཐུན་མོང་གི་སྤྱོད་ཡུལ་དུ་གྱུར་པ་རྣམས་ལ་སྔགས་དང་མཚུངས་པའི་དངོས་གྲུབ་སྦྱིན་པ་གཞན་འཇིག་རྟེན་ན་མེད་དེ། ཚངས་དབང་དང་དཔག་བསམ་ནོར་བུ་སོགས་ཀྱིས་ཀྱང་སྔགས་ཀྱི་ནུས་པ་ལ་ཆ་ཙམ་འགྲན་དུ་མེད་དོ། །ལྟ་སྒོམ་ཟབ་མོ་ལ་སོགས་པ་ནི་རྒྱུད་དག་པ་འབའ་ཞིག་གི་ཡུལ་ཡིན་གྱི། ཀུན་གྱི་ཐུན་མོང་མ་ཡིན་ལ། སྔགས་ནི་ཐུན་མོང་དུ་བཟླ་བར་བཏུབ་པས་ཕྲིན་ལས་ཁྱད་པར་དུ་འཕགས་པའོ། །གཉིས་པ་སྙིང་པོ་བཛྲ་གུ་རུའི་སྔགས་དོན་བྱེ་བྲག་ཏུ་བཤད་པ་ལ། ལོ་རྒྱུས་ཀྱིས་གླེང་བསླང་བ་དང༌། སྔགས་དོན་དངོས་བཤད་པའོ། །དང་པོ་ནི། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཀརྨ་གླིང་པའི་གཏེར་བྱོན་བཛྲ་གུ་རུའི་ཕན་ཡོན་དང་འབྲུ་འགྲེལ་ལས། བདག་སྐྱེ་དམན་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་ནང་གསང་བའི་མཎྜལ་རྒྱ་ཆེན་པོ་ཕུལ་ནས་ཞུས་པ༔ ཀྱཻ༔ སློབ་དཔོན་པདྨ་འབྱུང་གནས་ལགས༔ བདག་ཅག་བོད་ཀྱི་སེམས་ཅན་ཐམས་ཅད་ལ༔ ཚེ་འདི་དང་ཕྱི་མའི་དོན་རྒྱ་ཆེན་པོ་མཛད་པ་ཤིན་ཏུ་བཀའ་དྲིན་ཉིད་ལས་ཆེ་བ་སྔར་ཡང་མ་བྱོན༔ ཕྱིས་ཀྱང་མི་འབྱོན་པས༔ ཉིད་ཀྱི་སྒྲུབ་པ་ཉིང་ཁུ་ལྟ་བུར་གནང་བར༔ བདག་སྐྱེ་དམན་ཡིན་ཀྱང་ཐེ་ཚོམ་མེད་དེ༔ མ་འོངས་པའི་སེམས་ཅན་བློ་སྣ་མང་ཞིང་དམུ་རྒོད་ཆེ་བ༔ དམ་པའི་ཆོས་ལ་ལོག་པར་བལྟ་ཞིང༔ ཁྱད་པར་གསང་སྔགས་བླ་མེད་ཀྱི་ཆོས་ལ་བསྐུར་འདེབས་བྱེད་དུ་འོང་བས༔ དེ་དུས་སེམས་ཅན་ཐམས་ཅད་ལ་ནད་མུག་མཚོན་གསུམ་དར་ཞིང༔ ཁྱད་པར་དུ་རྒྱ་བོད་ཧོར་གསུམ་གྲོགས་མའི་ཚང་བཤིག་པ་འདྲ་བ་བོད་འབངས་སྡུག་པའི་དུས་ལ་བབ༔ དེ་རྣམས་བཅོས་པའི་ཐབས་མང་དུ་གསུངས་ཀྱང༔ མ་འོངས་པའི་གང་ཟག་རྣམས་ཆོས་བསྒྲུབ་ལོང་མེད་ལ༔ ཅུང་ཟད་རེ་བསྒྲུབ་པ་རྣམས་ཀྱང༔ བར་ཆད་དབང་ཆེ་བས༔ སེམས་ཅན་ཁ་འཁྱམ་མི་འཆམ༔ ཟས་དང་སྤྱོད་ལམ་མི་མཚུངས༔ དུས་ངན་དེ་འདྲ་ཤིན་ཏུ་བཟློག་པར་དཀའ་བས༔ དེ་འདྲའི་དུས་སུ་གུ་རུ་ཉིད་ཀྱི་སྒྲུབ་ཐབས་བཛྲ་གུ་རུ་ཁོ་ན་ལ་བརྟེན་ན་ཕན་ཡོན་ཅི་ལྟ་བུ་ལགས༔ མ་འོངས་པའི་བློ་དམན་རྣམས་ཀྱི་དོན་དུ་གསུང་བར་ཞུ་ཞེས་ཞུས་སོ༔ དེ་ནས་སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ འོ་དད་ལྡན་བུ་མོ་ཁྱོད་ཀྱིས་ཞུས་པ་དེ་ཤིན་ཏུ་བདེན་ནོ༔ མ་འོངས་དེ་འདྲའི་དུས་ཚོད་ལ༔ སེམས་ཅན་ལ་གནས་སྐབས་དང་མཐར་ཐུག་ལ་ཕན་ཐོག་ངེས་པ་ཡི༔ མན་ངག་སྒྲུབ་ཐབས་དཔག་ཏུ་མེད་པ་ས་གཏེར་ཆུ་གཏེར་བྲག་དང་ནམ་མཁའི་གཏེར་ལ་སོགས་པ་མང་དུ་སྦས་ཏེ༔ དུས་ངན་གྱི་སྐབས་ལ་ལས་ཅན་རྣམས་ཀྱི་ཐབས་རྟེན་འབྲེལ་འགྲིགས་པ་ཤིན་ཏུ་དཀའ༔ སེམས་ཅན་གྱི་བསོད་ནམས་ཟད་པའི་རྟགས་ཡིན་ནོ༔ འོན་ཀྱང་དེ་འདྲའི་དུས་ལ་བཛྲ་གུ་རུའི་སྙིང་པོ་འདི་གནས་ཆེན་པོ་འམ༔ དགོན་སྡེའམ༔ རི་བོ་ཆེན་པོའི་རྩེའམ༔ ཆུ་བོ་ཆེན་པོའི་འགྲམ་དང༔ ལྷ་སྲིན་འབྱུང་པོ་དར་བའི་ས་མགོ༔ ས་མདོ་ལ་སོགས་པ་ལ༔ སྔགས་པ་དམ་ཚིག་དང་ལྡན་པ༔ དགེ་འདུན་སྡོམ་ལྡན༔ སྐྱེ་བོ་དད་ཅན༔ བུད་མེད་མཚན་ལྡན་ལ་སོགས་པ་རྣམས་ཀྱིས་སེམས་བསྐྱེད་རྒྱ་ཆེན་པོའི་ངང་ནས༔ བརྒྱ་སྟོང་ཁྲི་འབུམ་བྱེ་བ་དང་དུང་ཕྱུར་ལ་སོགས་པ་ཅི་འགྲུབ་བཟླས་ན་ཕན་ཡོན་དང་ནུས་པ་བསམ་གྱིས་མི་ཁྱབ༔ ཅེས་གསུངས་པའི་སྔགས་དངོས་ནི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་རྒྱུན་གྱི་བཀོལ་བྱང་ལས། འབྲུ་གསུམ་སྐུ་གསུམ་དབྱེར་མེད་ལ༔ བཛྲ་གུ་རུ་རིགས་ཀྱི་གཙོ༔ པདྨ་དཀྱིལ་འཁོར་འཁོར་ལོར་སྣང༔ སིདྡྷི་ཧཱུྃ་ཞེས་དངོས་གྲུབ་བསྐུལ༔ བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་གྱི༔ རྡོ་རྗེའི་སྔགས་འདིས་ལས་ཀུན་བྱེད༔ ཞེས་དང༌། ཇི་སྐད་དུ། ཨོཾ་དང་ཨཱཿཧཱུྃ་རྡོ་རྗེ་གསུམ་གྱི་བདག༔ བཛྲ་མཚན་རྟོག་བྲལ་བ་ཆོས་ཀྱི་སྐུ༔ གུ་རུ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ པདྨ་སྣ་ཚོགས་དོན་སྟོན་སྤྲུལ་པའི་སྐུ༔ སིདྡྷི་མཆོག་དང་ཐུན་མོང་དངོས་གྲུབ་སྟེ༔ ཧཱུྃ་གིས་བདག་ལ་མྱུར་དུ་སྩོལ་ཅིག་ཅེས༔ རྡོ་རྗེའི་སྒྲ་དབྱངས་སྒྲ་ཚིག་དོན་དང་སྦྱར༔ ཞེས་གསུངས་པ་ཉིད་དོ། །གཉིས་པ་སྔགས་དངོས་བཤད་པ་ལའང༌། ཕྱི་ཚིག་གི་དོན་རྒྱལ་དབང་པདྨ་ཉིད་ཀྱི་རྣམ་པར་ཐར་པའི་ཚུལ་དང་ལྟོ་སྦྱར་ཏེ་བཤད་པ། ནང་སྦས་དོན་ཐབས་གྲོལ་གྱི་ལམ་ལྟར་བཤད་པ། གསང་བ་མཐར་ཐུག་དོན་དམ་གྱི་ལམ་ལྟར་བཤད་པའོ། །དང་པོ་ལའང་ཐུན་མོང་གི་མཛད་པ་བཅུ་གཉིས་ལྟར་བཤད་པ། ཐུན་མིན་སྐུ་ལྔ་ལྷུན་གྲུབ་ཀྱི་རྣམ་ཐར་ལྟར་བཤད་པ། མདོ་སྔགས་ཐུན་མོང་གི་ལམ་ལྟར་བཤད་པ་དང་གསུམ་ལས། དང་པོ་ནི་པདྨ་བཀའ་ཐང་ལས། སྔོན་ཚེ་སྣང་བ་མཐའ་ཡས་ཚེ་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་ངོ་བོར་ཐ་མི་དད༔ ཞེས་གསུངས་པ་ལྟར་ཨོཾ་ནི་ཡེ་ཤེས་ལྔ་ལྡན་ཆོས་ཀྱི་སྐུ་སྣང་བ་མཐའ་ཡས། ཨཱཿནི་སྤྲུལ་གཞི་དེ་ཡི་རྟག་པ་རྒྱུན་གྱི་ཐུགས་རྗེའི་རང་གཟུགས་སྐུ་དང་ཞིང་ཁམས་རྒྱ་མཚོའི་འབྱུང་གནས་ལོངས་སྐུ་ཐུགས་རྗེ་ཆེན་པོ། ཧཱུྃ་ནི་ཐུན་མོང་གི་གདུལ་བྱ་འདུལ་བའི་དུས་ལ་བབ་པའི་ཚེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཆེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང༌། །ད་དུང་ཡང་ནི་འདྲེན་པ་ཁྱོད། །སངས་རྒྱས་མང་པོ་སྟོན་པར་མཛད། །ཅེས་གསུངས་པ་ལྟར། རྒྱལ་བའི་དབང་པོ་འདི་ཉིད་ངེས་པའི་དོན་དུ་བསྐལ་པ་གྲངས་ཀྱིས་མི་ཆོད་པའི་སྔ་རོལ་ནས་བྱང་ཆུབ་ཆེན་པོར་ཡོངས་སུ་གྲུབ་ཟིན་པ་ཡིན་ནའང༌། ཚུར་མཐོང་གི་གདུལ་བྱའི་སྣང་ངོར་སློབ་པའི་རིག་འཛིན་འཆི་མེད་གྲུབ་པའི་རྣམ་རོལ་གྱིས་གདུལ་བྱའི་དོན་སྒྲུབ་པའི་ཆེད་དུ། རི་རབ་ཀྱི་ལྷོ་ཕྱོགས་ཛམ་བུའི་གླིང་འདིར་ཡུལ་དྲུག་ལ་སོགས་པའི་རྣམ་པར་དབྱེ་བ་ལས། ནུབ་ན་རིག་པ་འཛིན་པའི་གནས། ཨོ་རྒྱན་མཁའ་འགྲོའི་གླིང་གི་ནུབ་བྱང་གི་མཚམས་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོའི་དབུས་སུ་མེ་ཏོག་པདྨ་ཁ་དོག་ལྔ་ལྡན་གྱི་པདྨའི་རིགས་དམར་པོའི་གེ་སར་ལ། དུས་གསུམ་རྒྱལ་བ་རབ་འབྱམས་ཀྱི་གསང་བ་གསུམ་གྱི་བྱིན་རླབས་ཡོན་ཏན་ཐམས་ཅད་རྒྱལ་བ་འོད་མཚན་སྟོང་འབར་གྱི་ཐུགས་ཀ་ཟག་མེད་རིན་པོ་ཆེའི་མཛོད་བཀྲ་ཤིས་དཔའ་བེའུ་ལ་གཏམས་པ་དེ་ཉིད། ཡི་གེ་ཧྲཱིཿལྔ་ལྡན་འོད་ཟེར་གྱི་ཕུང་པོ་ཉིད་རང་བྱུང་ཟག་མེད་ཀྱི་སྐུ་མཚན་དཔེ་བཞིན་ལེགས་ཀྱི་ཁྱེའུ་ལོ་བརྒྱད་པའི་ཚུལ་དུ་བཞེངས་པའི་མཚན་པདྨ་འབྱུང་གནས་སུ་གྲགས་པ་གང༌། དང་པོ་ཨོ་ཌི་ཡ་ནའི་རྒྱལ་པོ་སྤྱན་མེད་འབྱོར་ལྡན་གྱི་དམ་པའི་རྒྱལ་ཐབས་ལ་དབང་བསྒྱུར་བའི་གནས་སྐབས་ཉིད་ནས་ཇི་ལྟར་དཔལ་ས་ར་ཧས་སངས་རྒྱས་ཐོད་པའི་རྒྱུད་སྡེ་ལ་བདག་ཉིད་དབང་བསྒྱུར་བ་ལྟར། སྔོན་ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་ཚེ་འདིར་རང་དབང་དུ་ཟབ་མོ་སྔགས་ཀྱི་ཚོགས་ལམ་བསྐྱེད་པའི་རིམ་པ་དང༌། སྦྱོར་ལམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་རྫོགས་རིམ་ལ་སྦྱང་བ་ཕུལ་དུ་སོན་ཏེ། ཕྱིས་སུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བོགས་འབྱིན་བརྟུལ་ཞུགས་ཀྱི་སྤྱོད་པས། མདའ་བསྣུན་ཞབས་ཀྱིས། བྲོ་གར་གླུ་དང་རོལ་མོ་ཡིས། །ཕྱོགས་རྣམས་ཀུན་ཏུ་སྒྲ་སྒྲོགས་ཤིང༌། །རྣལ་འབྱོར་མ་ནི་གཡོན་ནས་བསྐོར། །དམིགས་གཏད་བྲལ་བའི་རང་བཞིན་གྱིས། །འབད་པ་མེད་པ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར། ཞིང་སྔགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མའི་ཚོགས་ཆེན་པོ་དང་ལྷན་ཅིག་བདེ་སྟོང་དགའ་ཆེན་རྡོ་རྗེའི་ཏིང་ངེ་འཛིན་གྱི་རོལ་མོ་ཅིར་ཡང་སྤེལ་བའི་མཐུ་ལ་བརྟེན་ནས། སྔགས་བླ་མེད་ཀྱི་སྦྱོར་ལམ་ཆོས་མཆོག་དཀའ་བ་མེད་པར་མངོན་དུ་མཛད་དེ། ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་དང་ཨོ་རྒྱན་རྒྱལ་པོ་ཨིནྡྲ་བྷུ་ཏི་གཉིས་ཀྱི་ཁབ་ཏུ་གཤེགས་པའི་ཚེ་སྐུ་ཞུགས་ལ་བཞུན་པར་བརྩམ་པའི་ཚེ། ཙནྡན་ཏིལ་མར་གྱིས་སྦགས་པའི་མེ་ལྕེའང་བསིལ་བའི་ཆུ་ཀླུང་དུ་བསྒྱུར་ཏེ། ཡིད་ལས་བྱུང་བའི་མེ་ཏོག་གི་སྡོང་པོ་ལ་བསིལ་བསིལ་ཕྲུམ་ཕྲུམ་ལྟར་བསྟན་པ་ལ་སོགས་པ་བླ་མེད་ཀྱི་སྦྱོར་ལམ་ཆོས་མཆོག་གྲུབ་པའི་ལག་རྗེས་སུ་བྱུང་བ་སྟེ། ཕར་ཕྱིན་ཐེག་པ་ཐུན་མོང་གི་ལུགས་ལའང་སྲིད་པ་ཐ་མ་པ་ནི་བདག་ཉིད་ཀྱིས་ཀྱང་མི་འཆི་ལ་གཞན་གྱིས་ཀྱང་མི་འཆི་བ་ཁོ་ནར་མངོན་པ་འོག་མ་ནས་བཤད་ན་བླ་མེད་ཀྱི་ཆོས་མཆོག་པ་སྟེ་དེར་རྡོ་རྗེ་འཛིན་པའི་འཕོ་མེད་ཟུང་འཇུག་གི་སྐུ་འགྲུབ་པར་ངེས་པ་རྣམས་ལ་ཕྱི་ནང་གི་འབྱུང་བ་ལས་གྱུར་པའི་གནོད་པ་མཐའ་དག་གིས་མི་ཚུགས་པ་ལྟ་ཅི་སྨོས། དེ་ལ་སོགས་པའི་བརྟུལ་ཞུགས་རྫུ་འཕྲུལ་གྱི་སྤྱོད་པ་བྱིས་པའི་བློས་གཏིང་དཔག་དཀའ་བ་རྒྱ་མཚོའི་འཇིང་ལྟ་བུས་རང་གཞན་གྱི་དོན་རླབས་པོ་ཆེ་བསྒྲུབས་ནས། སླར་ཡང་མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལ་གཉིས་སྣང་གི་མཚན་མ་ཤིན་ཏུ་ཕྲ་བའང་ཉེ་བར་ཞི་བའི་རྣམ་ཀུན་མཆོག་ལྡན་གྱི་ཤེས་རབ་ཟབ་མོ་གཉིས་རོ་གཅིག་ངོ་བོ་དབྱེར་མེད་དུ་གྱུར་པའི་དོན་དམ་འོད་གསལ་བའི་གྲུབ་པ་མངོན་དུ་མཛད་པའི་ཕྱིར། བལ་ཡུལ་ཡང་ལེ་ཤོད་དུ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་ཡང་བསྟེན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མངོན་དུ་བསྒྲུབས་ཏེ། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་རིག་འཛིན་དུ་གྲགས་པ་སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ་ཡིན་ཏེ། གསོལ་འདེབས་རྡོ་རྗེའི་ཚིག་རྐང་ལས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གནས་དེར་ཐོབ༔ ཅེས་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ནི་སྔགས་བླ་མེད་དུ་ལམ་དེ་ཉིད་ཀྱི་དབང་དུ་བྱས་པའི་མཐོང་ལམ་ཡིན་པར་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པས་བཤད་དོ། །དེ་ལྟར་བྱང་ཆུབ་ཡན་ལག་བདུན་གྱི་ཡོན་ཏན་མངོན་དུ་སྣང་ཞིང༌། སེམས་མཐོང་ལམ་སྐྱེས་པས་མངོན་ཤེས་ལྔ་དང༌། ཆོ་འཕྲུལ་བཞི་ལ་སོགས་པ་ཐོབ། སངས་རྒྱས་སྤྲུལ་སྐུ་ལས་དངོས་སུ་ཆོས་ཐོས་པ་དང༌། སྙིགས་མའི་ལུས་རྡོ་རྗེའི་སྐུར་གྲུབ་ནས་སྐྱེ་འཆི་མེད་པས་ཡེ་ཤེས་ཆེན་པོ་དེ་ཉིད་དུ་མཉམ་བཞག་གི་ལམ་སངས་རྒྱས་རྣམས་དང་ཆོས་མཚུངས་ཀྱང༌། རྗེས་ཐོབ་ལ་ཁྱད་པར་མེད་པ་ཆོས་ཉིད་མཉམ་པར་རྩལ་སྦྱངས་ལུས་དཀྱིལ་འཁོར་གྱི་རང་བཞིན་འཇའ་ཚོན་ལྟ་བུའི་ཆོ་འཕྲུལ་སྣ་ཚོགས་གྲུབ་ནས། འཕགས་ལམ་བརྒྱད་ཀྱི་ཆོས་ཡོངས་སུ་རྫོགས་པས་སངས་རྒྱས་ལོངས་སྐུ་ལས་དགོངས་པ་དང་བརྡ་ཡི་ཆོས་ཉན། གཉིས་པ་ནས་ས་ལྔ་པའི་བར་རྟོགས་པ་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇིགས་པས་རྡོ་རྗེ། དྲུག་པ་དང་བདུན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་ཅིང་ཆོས་འཁོར་བསྐོར་བས་ཐབས་མཁས་འཕྲུལ་སངས་ཆེ་བས་འཁོར་ལོ། བརྒྱད་པ་ཡེ་ཤེས་རིན་པོ་ཆེའི་ཁམས་ལ་དབང་ཐོབ་པས་རིན་པོ་ཆེ། དགུ་པ་ཆགས་པ་མེད་པས་ཞིང་སྦྱོང་ཞིང་དོན་བྱེད་པས་པདྨ། བཅུ་པར་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིག་འཛིན་ཞེས་ཕྲིན་ལས་བཞི་ལ་དབང་བསྒྱུར། མི་སློབ་པའི་ལམ་མཐར་ཕྱིན་ལྷུན་གྲུབ་རིག་འཛིན་གྱི་ས་ལ་བཞུགས་ཤིང༌། རྔ་ཡབ་སྤྲུལ་པའི་གྲོང་ཁྱེར་དུ་ད་ལྟའང་འཆི་མེད་གཡུང་དྲུང་ལྟ་བུའི་གཟུགས་སྐུར་ལྷུན་གྱིས་གྲུབ་ཅིང༌། བོད་ཁམས་བསྟན་འགྲོའི་དཔལ་མགོན་དུ་འཁོན་འཇམ་དབྱངས་བདུན་བརྒྱུད་དང༌། ཇོ་འབྲོམ་རྣམ་གཉིས། བསིལ་ལྗོངས་སྒྲོན་མེ་རྣམ་གསུམ། མར་པ་དང༌། མཉམ་མེད་དྭགས་པོ་སོགས་རྡོ་རྗེའི་བླ་མ་སྔགས་རིགས་གྲུབ་པའི་དེད་དཔོན་ཚད་མེད་པའི་རྣམ་རོལ་རྒྱུན་མི་ཆད་པ་ཡིན་ནོ། །མདོར་ན་བླ་མའི་སྐད་དོད་གུ་རུ་སྟེ། གུ་ཎ་ཞེས་པ་ཡོན་ཏན་གྱི་སྐད་དོད་དང༌། རུ་ལྕི་བའི་དོན་ཅན་ཡིན་པས། སློབ་དཔོན་ཆེན་པོ་ཐུགས་ཡོན་ཏན་གྱིས་གང་ཞིང་ལྕི་བའི་དོན་ཏེ་དེ་ལ་རྒྱུ་གང་གིས་ལྕི། ཐབས་གང་ལ་བརྟེན་ནས་ལྕི་བའི་ཕྱིར། ལྕི་བར་བྱེད་པའི་ཡོན་ཏན་ཇི་ལྟ་བུ་ཞིག་ཅེ་ན། བཛྲ་སྟེ་རྡོ་རྗེའི་སྒོ་ནས་ལྕི་ཞེས་པའོ། །ཇི་ལྟར་ན་ཉེར་ལེན་གྱི་རྒྱུ་ཀུན་རྟོག་གློ་བུར་གྱི་དྲི་མ་ཆ་དང་བཅས་པས་ནམ་ཡང་མི་ཕྱེད་སེམས་ཀྱི་རྡོ་རྗེའམ་གཉུག་མའི་སེམས་སུ་གྲགས་པ་འོད་གསལ་གཞི་གྲོལ་ཆེན་པོ་གཞི་གཞོན་ནུ་བུམ་སྐུ་དང༌། ལྷན་ཅིག་བྱེད་པའི་ཐབས་གཞིའི་ཡིན་ལུགས་ནང་གསལ་ཕྲ་བའི་ཡེ་ཤེས་དང་རྣམ་པ་འདྲ་བའི་ལམ་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་དང༌། ཁམས་གསུམ་ཡེ་གྲོལ་དུ་རྟོགས་པ་མཐར་ཐུག་གི་རྫོགས་རིམ་ཁྱད་པར་ཅན་སོགས་ལས་འབྲས་བུ་སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་ལམ་དུ་བྱེད་པའི་ཕྱིར་བླ་མེད་རྡོ་རྗེའི་ལམ་ཞེས་བྱའོ། །ཡོན་ཏན་རང་གི་ངོ་བོ་ནི་གཞི་རྡོ་རྗེའི་ཡེ་ཤེས་ཉིད་རྡོ་རྗེའི་ལམ་གྱི་ཐབས་མཁས་ལ་བརྟེན་ནས་ཡུལ་འོད་གསལ་རང་རིག་པའི་ཆོས་ཉིད་མཐའ་གྲོལ་ཡངས་པ་ཆེན་པོའི་ཀློང་དུ། ཡུལ་ཅན་ནི་ཁྱད་ཆོས་དྲུག་དུ་སོན་པའི་རྫོགས་པ་ཆེན་པོ་འབྲས་བུའི་ཡེ་ཤེས་རྣམ་པར་མི་ཕྱེད་པ་ལྷུན་གྲུབ་རྡོ་རྗེའི་ཡོན་ཏན་ཡོངས་སུ་རྫོགས་པའི་ངོ་བོར་སྨིན་པ་དེ་ཉིད་དོ། །ཞེས་བཛྲ་གྱི་སྒྲའི་བསྟན་དོན་ཉིད་དོ། །པདྨ་ཞེས་པ་སྟེ། གསང་བ་བླ་ན་མེད་པའི་ངོ་མཚར་ཡོན་ཏན་གྱི་བཀོད་པ་རྒྱ་མཚོ་ལྟ་བུ་དེ་དག་གང་ལ་མངའ་ཞེ་ན། སྐབས་འདིར་བསྟན་གྱི་དབང་དུ་བྱས་ནས། རྫོགས་པའི་སངས་རྒྱས་པདྨ་ཞེས་སྐུ་གསུམ་གྱི་སྟོན་པའི་ཞིང་ཁམས་རབ་འབྱམས་ན་མཚན་ཡོངས་སུ་གྲགས་པ་དེ་ཉིད་དོ། །དེ་ལ་ཅིའི་ཕྱིར་པདྨ་ཞེས་མཚན་བཏགས་པ་ཡིན་ཞེ་ན། པདྨའི་སྦུབས་སུ་རྫུས་ཏེ་བྱུང་བའི་འབྱུང་ཁུངས་ཀྱི་སྒྲས་བཏགས་པ་དང༌། པདྨའི་རིགས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཡིན་པས་ངོ་བོ་ལས་བཏགས་པའམ་ཡང་ན་རིགས་ལས་བཏགས་པ་དང༌། ཤ་ཟ་འབོད་སྒྲོགས་རྒྱལ་པོ་པདྨ་བཞིན། །ས་བཅུ་ཕོ་ཉའི་ལམ་གྱིས་བགྲོད་ལགས་སམ། །ཞེས་གསུངས་པ་ལྟར། རྡོ་རྗེ་བཙུན་མོའི་པདྨ་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་གྲུབ་པའི་ལོངས་སྤྱོད་ཀྱི་གཙོ་བོ་ལས་བཏགས་པ་དང༌། སྲིད་པའི་འགྲོ་བ་རྣམས་སུ་གཟུགས་སྐུའི་རྣམ་རོལ་ཆུ་ནང་གི་ཟླ་བ་བཞིན་དུ་བསྟེན་ཀྱང་པདྨ་འདམ་གྱིས་མ་གོས་པར་འདམ་ན་སྣང་བ་ལྟར་ཆགས་པའི་འཆིང་བ་ལས་གྲོལ་བས་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། དཔེར་ན་འབྱུང་ཁུངས་ལས་བཏགས་པ་གསེར་མངལ་ཅན་ལྟ་བུ་དང༌། རིགས་ལས་བཏགས་པ་ལྷ་ཆེན་པོ་ལྟ་བུ་དང༌། ལོངས་སྤྱོད་ལས་བཏགས་པ་མེ་ཏོག་ཟས་ཅན་ལྟ་བུ་དང༌། བྱེད་ལས་ཀྱི་སྒོ་ནས་བཏགས་པ་པདྨོའི་དགྲ་ལྟ་བུའོ། །སིདྡྷི་ནི། དེ་ལྟ་བུའི་མཁྱེན་བརྩེ་ནུས་པར་སྐྱོབ་པ་གང་གིས་ཀྱང་ཆ་ཙམ་ཡང་འགྲན་དུ་མེད་པའི་སྐྱོབ་པ་དེའི་ཡོན་ཏན་ཤེས་པས་མི་ཕྱེད་པའི་དད་མོས་ཀྱིས་གསོལ་བ་བཏབ་པས། གནས་སྐབས་སུ་མཁའ་སྤྱོད་རལ་གྲི་རིལ་བུ་དང༌། རྐང་མགྱོགས་བུམ་པ་གནོད་སྦྱིན་ཁོལ། །བཅུད་ལེན་དང་ནི་མིག་སྨན་ནོ། །ཞེས་ཐུན་མོང་གི་གྲུབ་པ་བརྒྱད་དང༌། །ཕྲ་ཞིང་ཡངས་ལ་ཕྲ་བར་ནུས་པ་དང༌། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང༌། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་བྱེད། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་སྟེ། དེ་ལ་ཕྲ་བ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་དབུ་མའི་རང་བཞིན་དུ་མཐོང་བའོ། །ཡངས་བ་ནི་ཡེ་ཤེས་ཀྱི་རླུང་སྟེ་དེའི་སྟོབས་ཀྱིས་མཁའ་ཁྱབ་ཀྱི་འཇིག་རྟེན་གྱི་ཁམས་སུ་རྫུ་འཕྲུལ་གྱིས་སྐད་ཅིག་ཙམ་ལ་འགྲོ་བ་དང་བལྟ་བར་ནུས་པའོ། །ཕྲ་བར་ནུས་པ་ནི་དབུ་མར་རླུང་སེམས་ཞུགས་པ་བདག་གཞན་མཐའ་དག་སྟོང་པ་ཉིད་དུ་ཐིམ་པར་རྟོགས་པས་གཉིས་སྣང་ཐམས་ཅད་ནུབ་པའོ། །སྤྱོད་པར་ནུས་པའི་ནང་གི་བཙུན་མོ་དབུ་མ་ཡིན་པས་དེར་རླུང་སེམས་ཞུགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་དུ་གཟུགས་རྡོ་རྗེ་མའི་རང་བཞིན་ཅན་ལ་སོགས་པ་འདོད་ཡོན་ལྔ་ལ་ཆོས་ཉིད་ཀྱི་རོལ་པར་སྤྱོད་པའོ། །བདག་ཉིད་ཆེན་པོ་ནི་མཚན་དཔེ་འབར་བ་ལ་སོགས་པ་དང༌། བདུད་བཞི་ལས་རྣམ་པར་རྒྱལ་བ་དང་མཐུ་སྟོབས་ཀྱི་བདག་པོར་གྱུར་པའོ། །དགའ་མགུར་བྱེད་པ་ནི་འགྲོ་བ་རྣམས་ལ་ཇི་ལྟར་འདོད་པའི་སྐུ་དང་གསུང་ལ་སོགས་པའི་རྣམ་པར་འཕྲུལ་པ་སྣ་ཚོགས་བསྟན་ནས་བསམ་པ་ཚིམ་པར་བྱེད་ནུས་པའོ། །ཐམས་ཅད་དབང་དུ་འགྱུར་བ་ནི་སེམས་ཅན་རྣམས་ཚོགས་གཉིས་རྫོགས་པའི་གོ་འཕང་ལ་འགོད་ནུས་པས་གཞན་དོན་དུ་མི་འགྱུར་བ་གཅིག་ཀྱང་མེད་པའོ། །ཅི་འདོད་པ་ནི་རང་གཞན་གཉིས་ཀའི་དོན་དུ་རྒྱ་མཚོ་འཁྲུགས་པའི་སྒྲ་དང༌། གཅིག་ལས་དུ་མ་དང༌། དུ་མ་གཅིག་དུ་བྱེད་པ་སོགས་རྫུ་འཕྲུལ་ལ་དབང་བའོ། །མཆོག་གི་དངོས་གྲུབ་མཐར་ཐུག་རིག་འཛིན་རྣམ་བཞིའི་ཐེམ་སྐས་ལ་བརྟེན་ནས་མྱུར་དུ་མི་སློབ་པའི་ཟུང་འཇུག་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དཀའ་བ་མེད་པར་འགྲུབ་པ་དེ་དག་ནི་བདག་གི་འདོད་པའི་དོན་ཡིན་ནོ་ཞེས་པའོ། །ཧཱུྃ་ཞེས་པ་སྟེ། ཡི་གེ་ཧ་ཨུ་མ་གསུམ་གྱིས་མཚོན་པའི་རྡོ་རྗེ་གསུམ་གྱི་དངོས་གྲུབ་བསྐུལ་བའི་སྔགས་ཡིན་པའམ། ཡང་ན་ཧཱུྃ་ཐུགས་རྡོ་རྗེའི་སྙིང་པོ་ཡིན་པས་དངོས་གྲུབ་སྩོལ་བ་ལ་ཐུགས་མངོན་དུ་ཕྱོགས་པར་བསྐུལ་བ་དང༌། དངོས་གྲུབ་དེའི་བསྒྲུབ་གཞི་ཡང་ཧཱུྃ་ཡིག་གི་མཚོན་དོན་གདོད་ནས་རྣམ་པར་གྲོལ་བའི་གཉུག་མ་མི་ཤིགས་པའི་སྒོ་གསུམ་རང་ཉིད་ཀྱི་སྙིང་ལ་གནས་པའི་དེ་ཁོ་ན་ཉིད་བསྟན་པ་ཡིན་ལ། དངོས་གྲུབ་ཀྱི་གཙོ་བོ་མཆོག་གི་ཡེ་ཤེས་ཉེར་ལེན་རང་ལ་གནས་པ་དང་ལྷན་ཅིག་བྱེད་རྐྱེན་གུ་རུ་རིན་པོ་ཆེའི་ཐུགས་རྗེ་བསྐུལ་བ་དང༌། ཐུན་མོང་གི་གྲུབ་པའི་འཆར་གཞི་དང༌། མཐུན་པའི་རྐྱེན་གཉིས་བསྟན་པ་སྟེ། མདོར་ན་དངོས་གྲུབ་འགུགས་པ་དང༌། བརྟན་པར་བྱ་བའི་སྙིང་པོ་ཡིན་ནོ། །དེ་དག་གིས་སྔགས་བླ་མེད་ཀྱི་དབང་ཐོབ་ལ། སྔགས་ཀྱི་ཚིག་འདི་དག་ལ་དད་པ་བརྟན་ཅིང་བློ་གྲོས་ལྡན་པ་རྣམས་ལ་དོན་འབྲེལ་རག་པ་རང་གིས་ཇི་ལྟར་གོ་ཚོད་ཙམ་ཞིག་བསྟན་པ་ཡིན་ལ། དེ་ཙམ་ཡང་རྟོགས་མི་ནུས་པ་ཕལ་པ་དག་གིས་ནི་རྡོ་རྗེའི་སྔགས་འདིས་དོན་ཤེས་ཤིང་བཟླས་ན་བྱིན་རླབས་དང་ཕན་ཡོན་ཆེ་བའི་ཕྱིར། སྔགས་དོན་སྐུ་གསུང་ཐུགས་རྡོ་རྗེ་བདག་ཉིད་དམ། རྡོ་རྗེ་གསུམ་གྱི་ཡོན་ཏན་ཆེན་པོ་ཚད་མེད་པས་ལྕི་ཞིང་གང་བའི་རྒྱལ་དབང་པདྨ་ཞེས་བོས་ནས་བདག་ལ་དངོས་གྲུབ་སྩོལ་ཅིག་ཅེས་པ་སྟེ། རྡོ་རྗེ་གསུམ་ནི་སྐུ་གསུང་ཐུགས་གསུམ་ཡིན་ལ། དེ་གང་གིས་བསྟན་ན་ཨོཾ་ཨཱཿཧཱུྃ་བཛྲ་ཞེས་པས་བསྟན། ཡོན་ཏན་གྱི་ལྕི་ཞེས་པ། སྐུ་མཚན་དཔེ། གསུང་ཚངས་དབྱངས། ཐུགས་རྣམ་མཁྱེན་གྱིས་ལྕི་བའི་དོན་ཏེ། སྲང་དངུལ་གྱི་ལྕི་བས་ལྕི་ལུགས་མིན་གྱི། ས་ལྕི་དང་ལྡན་པའི་ལྕི་ལུགས་ཡིན་ལ། དེ་གང་གིས་བསྟན་ན་གུ་ཎ་རུ་ཞེས་པ་བསྡུས་པ་སྟེ་གུ་རུ་ཞེས་གསུངས་པ་འདིས་བསྟན། པདྨ་ནི་སློབ་དཔོན་ཆེན་པོའི་མཚན་ཡིན་པས་གོ་སླ། སིདྡྷི་ཞེས་པ་མཆོག་དང་ཐུན་མོང་གི་དངོས་གྲུབ། ཧཱུྃ་དེ་སྩོལ་ཅིག་ཅེས་པའོ། །གཉིས་པ་ཐུན་མིན་སྐུ་ལྔ་ལྷུན་གྲུབ་ཀྱི་རྣམ་ཐར་ལྟར་བཤད་པ་ནི། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ངེས་པའི་གསང་བ་གསུམ་རྗེས་སུ་མཚོན་པའི་རྡོ་རྗེའི་གསང་སྔགས་འབྲུ་བཅུ་གཉིས་པའི་དོན་ནི། ཨོཾ་ཨཱཿཧཱུྃ་ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ་བཛྲ་ནི་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཕྱིར་ཆོས་སྐུ་པདྨ་ཀུན་ཏུ་འཆང་ངམ། རྡོ་རྗེ་གསང་བ་འདུས་པ་གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་ཏེ་འདི་ལྟར་དམིགས་པ་མེད་པའི་ཐུགས་རྒྱུད་སྙིང་རྗེ་ཆེན་པོས་ཡོངས་སུ་གང་བ་དང༌། དེའི་ཕྲིན་ལས་ཀྱི་འཇུག་པ་སེམས་ཅན་གྱི་ཁམས་ལ་རྒྱུན་མི་ཆད་པ་དང༌། གདུལ་བྱ་ནམ་འདུལ་བའི་དུས་ལ་བབ་པ་དེའི་ཚེ་ཕྲིན་ལས་འགོག་མེད་དུ་འཆར་བ་སྟེ་སྤྲུལ་སྐུའི་ཡན་ལག་གསུམ། ཡེ་ཤེས་རང་འོད་ཀྱི་ལྷ་མཆོག་དང་གཉིས་སུ་མེད་པར་སྦྱོར་བ་དང༌། དེ་ལས་ཟག་མེད་ཀྱི་བདེ་བ་རྒྱུན་མི་འཆད་པ་དང༌། ཚིག་དང་ཡི་གེ་མེད་པ་དགོངས་རྒྱུད་ཀྱི་ཆོས་འཁོར་ལ་རྟག་ཏུ་ལོངས་སྤྱོད་པ་སྟེ་ལོངས་སྐུའི་ཡན་ལག་གསུམ། རྣམ་པ་དེ་དག་དང་ལྡན་ཡང་རང་གི་ངོ་བོ་སྤྲོས་པ་ཀུན་གྱི་ཕ་རོལ་ཏུ་སོན་པས་རང་བཞིན་མེད་པ་ཆོས་སྐུའི་ཡན་ལག་གཅིག་སྟེ་བདུན་དང་ལྡན་པའོ། །ཡོན་ཏན་གྱིས་ལྕི་བ་ལ་ལོངས་སྐུ་ཐོད་ཕྲེང་སྡེ་ལྔ། པདྨ་ནི་རྒྱ་སྐད་སོར་བཞག་སྟེ་རྒྱུ་མཚན་གུ་རུ་རིན་པོ་ཆེ་སྤྲུལ་གཞི་སངས་རྒྱས་སྣང་བ་མཐའ་ཡས་སུ་གསུངས་པས་ངོ་བོའམ་རིགས་ལས་ལས་བཏགས་པ་དང༌། གུ་རུ་ཉིད་ཀྱི་སྐུ་ཡང་ཁ་དོག་དཀར་ལ་དམར་བ་སྲིན་ལག་ལ་པདྨའི་རི་མོ་ཡོད་པ། པདྨ་རྒྱས་པ་ལྟ་བུའི་མིག་དང་མཆུ་སྒྲོས་ཅན། པདྨ་ཨུཏྤལ། ལྕགས་ཀྱུ་ཞགས་པ་ལ་སོགས་པ་ཤ་མཚན་དགེ་བའི་ལྟས་དུ་མ་ཡོད་པ་ལ། ལེགས་པར་སྦྱངས་བའི་རྣལ་འབྱོར་པ་ཞིག་གིས་ལྟས་བརྟགས་པས། འདི་ནི་གསང་སྔགས་ཀྱི་སྒྲུབ་པ་པོ་མཆོག་ཏུ་འགྱུར་ཞིང༌། པདྨའི་རིགས་ཀྱི་མཚན་ཉིད་ཐམས་ཅད་ཚང་བས། འོད་དཔག་མེད་པས་བྱིན་གྱིས་རློབ་པར་འགྱུར་རོ། །དེས་ན་འདིའི་མིང་ནི་པདྨ་ཨ་བྷ་སི་མཚམས་སྦྱར་བས་པདྨ་བྷ་ཝ་སི་ཞེས་ཐོགས་ཤིག་ཟེར་བ་ལྟར་བྱས་པར་གསུངས་པ་དང༌། སློབ་དཔོན་སྔགས་མཁན་ཤཱནྟི་རཱུ་པ་ཞེས་པ་ལས་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་དཀྱིལ་འཁོར་མང་པོར་དབང་བསྐུར་བ་ཞུས་ཏེ། མེ་ཏོག་ཐམས་ཅད་པདྨའི་རིགས་ཀྱི་ལྷ་ཁོ་ན་ལ་ཕོག་གོ །སྐྱིད་མོས་ཚལ་ཞིག་ན་བསྙེན་པ་དང་ཉེར་སྒྲུབ་དང༌། སྒྲུབ་པ་དང་སྒྲུབ་པ་ཆེན་པོ་རྣམས་བྱས་པས་མི་འཚམས་པའི་ལྟས་དུ་མ་བྱུང་ཀྱང་དེ་དག་གི་དབང་དུ་མ་བཏང་བར་བསྒོམས་པས་རིག་སྔགས་གྲུབ་སྟེ་དེ་བཞིན་གཤེགས་པ་འོད་དཔག་མེད་པ་གཙོ་བོར་གྱུར་པའི་སངས་རྒྱས་བྱང་སེམས་མང་པོ་མནལ་ལམ་དུ་ཞལ་གཟིགས་པ་དང༌། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཡང་དངོས་སུ་ཞལ་གཟིགས། མཁའ་འགྲོ་མ་དང་འབྱུང་པོ་རྣམས་བྲན་དུ་ཁོལ་ལོ། །དེ་ལྟར་ན་རབ་ཏུ་བྱུང་བའི་མཚན་པདྨ་ཨ་ཀ་ར་སྟེ་པདྨ་འབྱུང་གནས། དཀྱིལ་འཁོར་དུ་དབང་བསྐུར་བའི་གསང་མཚན་པདྨ་སཾ་བྷ་ཝ་སྟེ། པདྨ་བདེ་ལྡན། སྔོན་དུ་ཨོ་རྒྱན་སྐྱེ་བོས་བླ་དྭགས་སུ་བཏགས་པ་ཀ་མ་ལ་ཀུ་ལི་ཤ་སྟེ་པདྨ་རྡོ་རྗེ། དེ་ཡང་དཔྲལ་བ་ན་རྡོ་རྗེས་མཚན་པའི་པདྨ་རྒྱས་པའི་རི་མོ་ཡོད་པས་སོ། །ཆུང་ངུའི་དུས་ནས་བཏགས་པའི་རིགས་ཀྱི་མིང་པདྨ་ཨ་བྷ་སེ་སྟེ་པདྨ་འོད་ཟེར་ལྡན། སློབ་མ་རྣམས་ཀྱིས་གུས་པས་མཚན་གསོལ་བ་ནི་ཤྲཱི་མ་ཧཱ་སུ་ཁ་སྟེ་དཔལ་བདེ་བ་ཆེན་པོ། ཕྱིས་ཨོ་རྒྱན་དུ་བྱོན་པའི་སྐབས་ཨོ་ཌི་ཡ་ན་རྣམས་ཀྱིས་མཚན་གསོལ་བར་སྔོན་གྱི་དཔལ་བདེ་བ་ཆེན་པོ་པདྨ་བཛྲ་དང་མཛད་པ་མཚུངས་པས་པདྨ་བཛྲ་ཞེས་གྲགས་སོ། །ཞེས་གསུངས་པ་ལྟར་སྤྲུལ་སྐུ་པདྨ་འབྱུང་གནས་ལ། མཚན་གྱི་ཐོག་མ་ནས་འབོད་སྟེ་ཐུགས་རྗེ་གནད་ནས་བསྐུལ་བ་སྟེ་དེའི་མཚན་དང་སྐུ་ཡི་བཀོད་པ་ཡོངས་སུ་གྲགས་པ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་གསང་བ་དང་གཉིས་སུ་མེད་པའི་གུ་རུ་མཚན་བརྒྱད། ཡིད་བཞིན་ནོར་བུ་ལྟ་བུའི་གུ་རུ་བཅུ་གསུམ། རྣམ་འཕྲུལ་བཅུ་གཉིས། འཕྲུལ་མཚན་བཞི་བཅུ། མདོ་སྔགས་ཀྱི་སྟོན་པ་བརྒྱ་རྩ་སོགས་མཚན་དང་སྐུ་ཡི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ཀྱང་གུ་རུ་རིན་པོ་ཆེ་གཅིག་གི་ཡེ་ཤེས་ལས་གཞན་དུ་མ་གྱུར་པ་སྟེ། དེས་ན་ཐམས་ཅད་མཁྱེན་པ་སྒྲོལ་མགོན་ཞབས་ཀྱིས། རྒྱ་གར་ཤར་ནུབ་ལྷོ་དང་དབུས་རྣམས་སུ་གོང་དུ་སྨོས་པ་དེ་དག་གཙོ་བོར་གྱུར་པའི་འགྲོ་དོན་ཅི་རིགས་པ་ཙམ་མཛད་ལ། དེ་བས་ཆུ་བོ་གངྒའི་བྱང་ཕྱོགས་བལ་པོ་མན་ཆད་དུ་འགྲོ་བའི་དོན་ཆེར་མཛད། དེ་བས་ཀྱང་འགྲོ་ལྡིང་གི་ཡུལ་དུ་འགྲོ་དོན་ཆེ་སྟེ་ཡུལ་ཁམས་དེ་དང་པོར་འདུལ་བར་མཛད་པ་པོ་ཡིན་པ་དང༌། གསུང་གི་རྗེས་སུ་འབྲངས་བ་རྣམས་ད་ལྟའི་བར་དུ་ཤིན་ཏུ་མང་བས་སོ། །དེ་བས་ཀྱང་བོད་ཁམས་སུ་འགྲོ་དོན་ཆེ་སྟེ། ཕྱོགས་འདིའི་སྔོན་ནས་ད་ལྟའི་བར་གྱི་མི་དང་མི་མ་ཡིན་པའི་འགྲོ་བར་གྱུར་པ་ལ་དངོས་བརྒྱུད་ཀྱི་ཁྱད་པར་ཙམ་མ་གཏོགས་སྤྲུལ་པའི་སྐུ་ཡི་རྣམ་པ་འདི་ཉིད་དང༌། མཚན་འདི་ཉིད་རྟགས་མཚན་དུ་བྱས་ཏེ་འདུལ་བྱའི་ཞིང་དུ་མ་གྱུར་པ་གཅིག་ཀྱང་མེད་པ་ལྟ་བུར་སྣང་བས་སོ། །དེ་དག་ཀྱང་རྣམ་པ་འདི་དང་མཚན་འདིས་མཚོན་པའི་དབང་དུ་བྱས་ཀྱི་གཞན་དུ་ན་ཟུང་འཇུག་ཐོབ་པ་རྣམས་ཀྱི་རྣམ་པར་ཐར་པའི་མཐའ་ནི་སུ་ཞིག་གིས་བརྗོད་པར་ནུས། སློབ་དཔོན་འདི་ནི་གཙོ་བོར་མི་མ་ཡིན་འདུལ་བའི་ཕྲིན་ལས་ཅན་ཏེ། སྔར་སྨོས་པ་དེ་དག་ཐམས་ཅད་ལས་ཀྱང་རྔ་ཡབ་གླིང་ཕྲན་སོགས་སུ་མི་མ་ཡིན་གྱི་འགྲོ་དོན་སྤྱོད་པ་ཆེས་ཆེར་རྒྱ་ཆེ་བ་ཡིན་ཏེ་སྔ་མ་དེ་དག་ནི་ཡུལ་ཉེ་ཚེ་བར་སྐྱེ་བོ་ཉུང་ངུ་ལ་དུས་ལོ་གྲངས་བརྒྱ་སྐོར་སྙེད་དང༌། སྟོང་སྐོར་སྙེད་སོགས་སུ་ཡུན་ཐུང་ངུ་ཡིན་ལ། ཕྱི་མ་འདི་ལ་ནི་ཡུལ་དང་དུས་དང་སྐྱེ་བོ་གཞལ་བར་དཀའ་བའི་ཕྱིར་རོ། །ཞེས་གསུངས། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོའི་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པས་བྲལ་བའི་རང་རྩལ་མོས་གུས་དུང་ངེ་བའི་ངང་ནས་གསོལ་བ་གདབ་པའི་མཐུ་ལས། སིདྡྷི་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཧཱུྃ་ཞེས་བདག་གི་རྒྱུད་ལ་ད་ལྟ་ཉིད་དུ་སྩོལ་ཅིག་པའི་དོན་ཡིན་པས་སྔགས་བཟླ་བའི་ཚེ། བླ་མ་སྐུ་གསུམ་གྱི་ཡོན་ཏན་དྲན་པས་གསོལ་བ་གདབ་དགོས་སོ། །གསུམ་པ་མདོ་སྔགས་ཐུན་མོང་གི་ལམ་ལྟར་བཤད་པ་ནི། དྲི་མེད་འོད་ལས། གདེངས་ཅན་གྱི་གནས་ཨོཾ། ཞེས་པ་དམྱལ་བ་ཡི་དྭགས་སོགས་ས་འོག་དང༌། མི་ཡི་འཇིག་རྟེན་ཨཱཿ ཞེས་ས་སྟེང་མི་ལྷ་ལྷ་མིན་སོགས། མཐོ་རིས་ཀྱི་གནས་ཧཱུྃ་ཁམས་གོང་མ་གཉིས་དང༌། ནང་དུ། སྒོ་གསུམ་འཁྲུལ་ ཕྱི་རུ། རྟོག་དང་བཅས་པ་འབྲུ་གསུམ་གྱིས་སྦྱོང་ཚུལ་གསུངས་པ་བཞིན། ཀུན་འབྱུང་ལས་ཉོན་དང༌། སྡུག་བསྔལ་གྱི་བདེན་པས་མཚོན་འཇིག་རྟེན་གྱི་གྲོང་ཁྱེར་གྱི་རྒྱུ་འབྲས་ལ་དམིགས་པ་འཁོར་བར་ཞེན་ལོག་གི་ངེས་འབྱུང་རྣམ་པར་དག་པ་སྐྱེས་པས་ཐེག་པ་ཆེ་ཆུང་ལམ་གྱི་གཞི་བཟུང་སྟེ། དེ་ལས་སྐྱོབས་པའི་སྐྱབས་གནས་ཀྱང་རྡོ་རྗེའི་ཕྲེང་བ་ལས། སངས་རྒྱས་ཡི་གེ་ཧཱུྃ་དུ་བཤད། །གསུང་གི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཞེས་གསུངས་པ་ལྟར་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཞུང་བཞིན་ཉམས་སུ་བླངས་བས་ལམ་བདེན་གྱི་ཐོས་བསམ་སྒོམ་པ་རྒྱུད་ལ་བསྟེན་པ་གཞི་བཟུང་སྟེ། བཛྲ་ནི་ཐེག་པ་ཆེ་ཆུང་གི་ལམ་ལྔའི་ཡོན་ཏན་གྱིས་རང་རང་གི་མི་མཐུན་པའི་ཕྱོགས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་འཇོམས་པས་སྲིད་པ་མྱ་ངན་གྱི་འདམ་ལས་གྲོལ་བ་དང༌། གུ་རུ་ནི་རྣམ་བྱང་གི་ལམ་ཐམས་ཅད་ཀྱི་བླ་མ་ཟབ་རྒྱས་ཀྱི་དོན་གྱིས་ལྕི་བས་ཐེག་པ་ཆེན་པོ། པདྨ་ནི་སྟོང་ཉིད་ཀྱི་ལང་ཚོ་ལ་སྙིང་རྗེའི་རླན་དང་མ་བྲལ་བའི་ཕར་ཕྱིན་དྲུག་གི་སྤྱོད་པ་སྦྲང་རྩིའི་བཅུད་ལྟ་བུས་ཞི་མཐའ་འགོག་པའི་ཐེག་པ་ཆེན་པོའི་ལམ་རྫོགས་པར་ཉམས་སུ་བླངས་བའི་འབྲས་བུ། སིདྡྷི་གྲུབ་པ་སྟེ། དོན་གཉིས་མཐར་ཕྱིན་འབྲས་བུ་སྐུ་གཞིའི་གོ་འཕང་མངོན་དུ་གྱུར་པས་མཁའ་ཁྱབ་ཀྱི་འགྲོ་བ་སྒྲོལ་བ་ལ་གུ་རུ་ཉིད་དང་མཉམ་པར་བྱིན་གྱིས་རློབས་པའི་གནས་ལ་ངོམས་པའི་ཚུལ་གྱིས། ཧཱུྃ་ཞེས་གསུངས་པའོ། །གཉིས་པ་སྦས་དོན་རྡོ་རྗེ་ཐེག་པ་ལྟར་བཤད་པ་ལ་བཞི། སྨིན་བྱེད་དབང་གྲོགས་དམ་ཚིག །ཐུན་མོང་ལྷ་སྔགས་ཏིང་ངེ་འཛིན་ཐུན་མིན་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལྟར་བཤད་པའོ། །དང་པོ་དབང་གི་རིམ་པ་ནི། གསང་སྙིང་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང༌། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་ཞེས་པ་ལྟར། སྤྱིར་སྔགས་ལམ་ནས་སྦྱང་གཞི་ཕྱི་སྣོད་འབྱུང་ལྔ། ནང་བཅུད་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་རྒྱུད་ཉོན་མོངས་དུག་ལྔ་རང་རྒྱུད་པ་ལ། སྦྱོང་བྱེད་དབང་དང་བསྐྱེད་རྫོགས་རྡོ་རྗེའི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླངས་བས། སྦྱངས་འབྲས་རྡོ་རྗེ་བཞི་ཡི་ཡེ་ཤེས་སྒྲིབ་བྲལ་མངོན་དུ་བྱེད་པ་ཐམས་ཅད་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ལ་སྒྲ་ཇི་བཞིན་དུ་རྫོགས་པའི་ཚུལ་བཤད་པ་སྟེ། གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སློབ་དཔོན་གསང་བ་ཤེས་རབ་དང༌། །དེ་མ་ཐག་པ་བཞི་པ་སྟེ། །ཞེས་རྒྱུད་དང་སྒྲུབ་སྡེ་སྤྱི་དང་བྱེ་བྲག་གི་དགོངས་པས་དབང་གི་དབྱེ་བསྡུ་དུ་མ་ཞིག་གསུངས་ཀྱང་དབང་བཞི་ཡི་ཁོངས་སུ་མ་འདུས་པ་མེད་པས་དེ་ལྟར་འཆད་པ་ལ། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན་ཨ་བྷི་མངོན་པ། ཥིཉྩ་གཏོར་བའམ་བླུགས་པའི་དོན་ཡིན་པས་སྔགས་ཀྱི་དབང་བསྐུར་བའི་ཆོ་ག་ཟབ་མོ་ལ་བརྟེན་ནས། སློབ་བུའི་སྒོ་གསུམ་ཆ་མཉམ་དང་བཅས་པའི་དྲི་མ་འཁྲུད་པའམ་གཏོར་བར་བྱེད་ཅིང༌། རྡོ་རྗེ་བཞི་སྨིན་པའི་ཡོན་ཏན་འཆར་བའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའམ་བླུགས་པར་བྱེད་པའོ། །དབང་བཞི་ནི་སྔགས་ལམ་ཉམས་སུ་ལེན་པའི་ཐོག་མའི་འཇུག་སྒོ་མེད་དུ་མི་རུང་བ་སྟེ། དེའི་རྒྱུ་མཚན་ཤིན་ཏུ་རྟོགས་པར་དཀའ་བའི་དབང་གི་ཡེ་ཤེས་ཉིད་གདོད་ནས་རང་སེམས་ལྷན་ཅིག་སྐྱེས་པའི་ཆོས་སུ་བཞུགས་ཤིང༌། དེའི་ནུས་པས་སྒོ་གསུམ་བྱ་བྱེད་དང་བཅས་པ་ལ་ཁྱབ་ཀྱང༌། དེ་ནུས་པ་མངོན་དུ་སད་བྱེད་ལ་དབང་ལས་མཐུ་ཆེ་བ་མེད་ཅིང༌། དབང་དེ་སྔགས་ལམ་གྱི་ནུས་པ་རྙེད་པའི་བླ་མས་སློབ་མའི་རྒྱུད་བྱིན་གྱིས་བརླབ་པ་ལ་རག་ལས་པའི་རྒྱུ་མཚན་ཤེས་པས་དབང་དངོས་ལ། ཨོཾ་ནི་ལུས་དང་རྩ་སྤྲུལ་སྐུར་དག་བྱེད་བུམ་པའི་དབང་བསྐུར་བ་སྨིན་པའི་ས་བོན་འཇོག །དེ་དང་རྗེས་འབྲེལ་ནུས་པའི་དབང་གིས་ཡེ་ཤེས་བསྐྱེད་པའི་ནུས་པ་སྨིན། ཨཱཿནི་ངག་དང་རླུང་ལོངས་སྐུར་དག་བྱེད་གསང་བའི་དབང་གིས་སྨིན་པའི་ཉམས་མྱོང་བསྐྱེད། ཧཱུྃ་ནི་ཡིད་དང་ཐིག་ལེ་ཆོས་སྐུར་དག་པར་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཉམས་མྱོང་དེ་བརྟན་པར་བྱེད་པ་དང༌། སྒོ་གསུམ་ཆ་མཉམ་དུ་ངོ་བོ་ཉིད་སྐུར་དག་པར་བྱེད་པ་ཚིག་དབང་གི་བརྟན་པ་མཐར་ཕྱིན་པ་དཔེ་དོན་གྱི་ཡེ་ཤེས་བསྐྱེད་དེ་མཆོག་གི་དངོས་གྲུབ་འགྲུབ་པར་བྱེད་པ་སྟེ། བཛྲ་ནི་མདོ་ལམ་ནས་བསྐལ་པ་གྲངས་མེད་པར་ཚོགས་གཉིས་རླབས་པོ་ཆེ་བསགས་པའི་རང་འབྲས་སུ་གྱུར་པའི་ཡེ་ཤེས་དེ་ལ། སོ་སོའི་སྐྱེ་བོ་ལས་དང་པོ་པ་ནས་བཙན་ཐབས་སུ་འཇུག་པའི་ནུས་པ་དབང་ལས་སྟོབས་ཆེ་བ་མེད་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ཞེས་གསུངས་ཏེ། གུ་རུ་ནི་དེ་ལྟ་བུའི་བྱིན་རླབས་དང་ནུས་སྟོབས་ཆེ་བའི་དབང་དེ། དཀྱིལ་འཁོར་དབང་ཕྱུག་རྡོ་རྗེ་སློབ་དཔོན་གྱི་བདག་རྐྱེན་ལས་སློབ་མའི་རྒྱུད་ལ་ཐོབ་དགོས་པས་ན་དེའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་ཡོན་ཏན་གྱིས་གང་ཞིག་ཕན་གནོད་ཀྱི་ཡུལ་དུ་ལྕི་བ་དང༌། པདྨ་ནི་འདམ་དུ་སྐྱེས་ཀྱང་དེ་ཡིས་གོས་པ་མེད་པས། དྲི་མ་དང་ཁ་དོག་གིས་ཐམས་ཅད་མཛེས་ཤིང་དགའ་བར་བྱེད་པ་བཞིན་རིམ་བརྒྱུད་ཀྱི་བྱིན་རླབས་དང་ལྡན་པའི་བླ་མ་ལས་སྔགས་ཀྱི་དབང་ཚད་ལྡན་ནོད་པས་རྒྱུད་དང་མན་ངག་བལྟ་བ་དང༌། ཉན་སྒོམ་འཆད་པ་ལ་དབང༌། ལས་ཉོན་གྱི་སྒྲིབ་ཚོགས་བྱང་ཞིང་ངན་སོང་མེད་པ་དང༌། སིདྡྷི་ནི་དབང་ཐོབ་པ་ཙམ་གྱིས་མཐོ་རིས་ཀྱི་དབང་ཕྱུག་དང་རིག་འཛིན་གྱི་ས་ལ་སྦྱོར་བ་དང༌། དབང་དངོས་མ་ཐོབ་ཀྱང་དཀྱིལ་འཁོར་མཐོང་བ་ཙམ་གྱིས་མཚམས་མེད་ཀྱི་ལས་བྱང་བ་སོགས་ཕན་ཡོན་ཚད་མེད་པ་དག་ཐོབ་པའི་རྩ་བ་ནི་བླ་སློབ་གཉིས་ཀའི་རྒྱུད་ལ་གནས་པའི་ཐུགས་ཀྱི་ཡེ་ཤེས་གཅིག་པུས་བྱེད་པས་ཧཱུྃ་ཞེས་གསུངས་པའོ། །གཉིས་པ་གྲོགས་དམ་ཚིག་དང་སྦྱར་བ་ནི། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལས། བྱང་ཆུབ་ཐམས་ཅད་ཐོབ་པའི་ཕྱིར། །ཡེ་ཤེས་རྡོ་རྗེ་དག་གིས་བྱ། །ཨོཾ་ནི་ཡེ་ཤེས་སྙིང་པོ་སྟེ། །རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཨཱཿནི་བྱང་ཆུབ་བདག་མེད་པ། །རྡོ་རྗེའི་གསུང་ནི་ཐོབ་བྱེད་པའོ། །ཧཱུྃ་ནི་སྐུ་གསུང་ཐུགས་ཉིད་དོ། །རྡོ་རྗེ་མི་ཕྱེད་གསུམ་ཐོབ་པའོ། །ཞེས་གསུངས་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་མ་སྐྱེས་པ་བསྐྱེད། སྐྱེས་པ་གོང་འཕེལ་དུ་བྱེད་པ་ནི་བླ་མ་ཁོ་ན་ལ་རག་ལས་ཤིང༌། མཚན་ཉིད་དང་ལྡན་པའི་བླ་མས་རང་ལ་རྡོ་རྗེའི་ཡེ་ཤེས་སྐྱེད་པར་མཛད་པའི་བླ་མ་དེ་སངས་རྒྱས་ཀུན་འདུས་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པས་ན། བླ་མའི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་ལྷ་སྔགས་ཆོས་སྐུ་ལས་མ་འདས་པར་ཤེས་ན་དམ་ཚིག་ཐམས་ཅད་དེར་འདུ་བས་ན། ཨོཾ་ནི། སྒོ་གསུམ་མི་དགེ་བ་ལས་ལྡོག་ཅིང་ལྷ་སྔགས་ཆོས་སྐུ་ལས་མི་འདའ་བ་ནི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཡིན་ལ། ཁྱད་པར་དུ་སྒོ་གསུམ་གཡོ་ཟོལ་མེད་པར་ཅི་མཉེས་ཀྱིས་བླ་མར་བསྐུར་བ་དང༌། མཆེད་ལྕམ་ལ་རྟག་ཏུ་མི་འབྲལ་ཞིང་ཕན་འདོགས་པའི་བསམ་པས་བརྩེ་གདུང་རྒྱུན་མི་ཆད་པར་བྱམས་པའི་བྱ་བ་གཉིས་རྡོ་རྗེ་སྐུ་ཡི་དམ་ཚིག །ཨཱཿནི་སྔགས་དང་ཕྱག་རྒྱར་བརྩོན་པ་རབ་འབྲིང་གིས་དབང་ལེན་ཉིན་མཚན་དུས་དྲུག་གམ། ཟླ་ཞག་ལོ་དུས་ལས་མི་འདའ་བར་བྱེད་པ་དང༌། ཧཱུྃ་ནི། གསང་བའི་དོན་གཞན་ལ་མི་སྨྲ་བ་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཟུང་དུ་འཇུག་པའི་ཕྱག་རྒྱ་ལས་མི་འདའ་བ་གཉིས་རྡོ་རྗེ་ཐུགས་ཀྱི་དམ་ཚིག་སྟེ། ཁྱད་པར་དུ་འགྲོ་བ་མཐའ་དག་ཡེ་ནས་རང་བཞིན་རྣམ་དག་ཡིན་པས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་མཉམ་པར་སྦྱོར་བ་ནི་མཉམ་པ་ཆེན་པོའི་དམ་ཚིག་སྟེ། དེ་ཉིད་ཤེས་རབ་དང་ཏིང་ངེ་འཛིན་གྱིས་རྟོགས་ཤིང་གོམ་པར་བྱས་པ་ལས་དངོས་གྲུབ་ཐམས་ཅད་འབྱུང་བའི་ཕྱིར་བརྩོན་པར་བྱའོ། །སྤྱིར་སོ་བྱང་སྔགས་གསུམ། ཁྱད་པར་མདོ་སྒྱུ་སེམས་གསུམ་དུ་ཡན་ལག་སྤྱད་བྱ་སྤྱོད་པའི་དམ་ཚིག་བཅོ་ལྔ། ཤེས་བྱ་ལྟ་བའི་དམ་ཚིག་ལྔ། བསྒྲུབ་བྱ་བསྒོམ་པའི་དམ་ཚིག་ལྔར་ས་མ་ཡ་འབུམ་སྡེ་འདུས་པ་རྫོགས་པ་ཆེན་པོའི་རྒྱུད་རང་ཤར་ལས་གསུངས་ཤིང༌། དེ་དག་ཀྱང་བླ་མའི་སྐུ་གསུང་ཐུགས་དང་མི་འགལ་བར་སྤྱོད་པ་ལ་འདུས་ཏེ། དམ་ཚིག་མཆོག་གི་རྒྱུད་ལས། ལུས་དང་ངག་དང་ཡིད་སྟོབས་ཀྱིས། །ཅི་ནུས་པ་ཡིས་བླ་མ་ལ། །བསྙེན་བསྐུར་སྲི་ཞུ་སུས་བྱས་པ། །འདི་ལ་མཐུ་དང་ནུས་པའི་ཚོགས། །བྱིན་རླབས་ཐོགས་པ་མེད་པར་འབྱུང༌། །ཞེས་གསུངས་པས། བཛྲ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་བསྲུངས་ན་ས་ལམ་ཡོན་ཏན་རྩོལ་མེད་དུ་འབྱུང་ཞིང༌། མི་མཐུན་པའི་ཕྱོགས་ཐམས་ཅད་ཀྱིས་མི་བརྫི་བ་དང༌། གུ་རུ་ནི། དམ་ཚིག་དེ་དག་སྲུང་བའི་གཞི་བླ་མའི་རྡོ་རྗེ་གསུམ་ནི་ཁེ་ཉན་གྱི་དཔང་པོར་ལྕི་བ་དང༌། པདྨ་ནི་འདམ་ལས་སྐྱེས་ཀྱང་དྲི་མས་མ་གོས་པ་བཞིན་དམ་ཚིག་རྣམ་པར་དག་པ་བསྲུང་བ་ཉེས་ལྟུང་གི་རྙོགས་པས་མི་གོས་ཤིང༌། དངོས་གྲུབ་ཀྱི་བཅུད་འཛིན་པའི་བརྡ་དོན་དང༌། སིདྡྷི་ནི་དམ་ཚིག་མ་ཉམས་པར་བསྲུངས་བའི་འབྲས་བུ་དང་རྡོ་རྗེ་གསང་བའི་རྒྱུད་ལས། བླ་མེད་སྔགས་ཀྱི་དངོས་གྲུབ་གང༌། །ཤིན་ཏུ་བརྩོན་པས་གང་བསྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱིས། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་པས་གནས་སྐབས་དང་མཐར་ཐུག་གི་འབྲས་བུ་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་ཐོབ་པར་བྱེད་ཅིང༌། ཧཱུྃ་གིས་མཐར་ཐུག་སེམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པས་ཕྱི་སྣང་བ་རྟེན་མེད་དུ་གོ །ནང་རིག་པ་ཡུལ་མེད་དུ་རྟོགས་པའི་དུས་ན། རིག་པའི་གཤིས་ལ་སྤང་བྱ་གཞི་ལ་མ་གྲུབ་པས། བླང་དོར་གྱི་དགག་སྒྲུབ་གང་ཡང་མེད་པ། གཅིག་པུ། ཕྱལ་བ། ལྷུན་གྲུབ་བཞིའི་དགོངས་པ་བསྲུང་དུ་མེད་པའི་དམ་ཚིག་ཏུ་ལ་བཟླ་བར་བསྟན་པའོ། །གསུམ་པ་བསྐྱེད་རིམ་ལྷ་སྔགས་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་ལྟར་བཤད་པ་ལ། བསྒྲུབ་བྱའི་ལྷ་ཡི་དཀྱིལ་འཁོར་གྱི་སྙིང་པོ་འདུས་ཚུལ་བཤད་པ། སྒྲུབ་བྱེད་བསྐྱེད་རིམ་དངོས་བཤད་པ་གཉིས་ལས། དང་པོ་ནི། ཡང་མཚོ་རྒྱལ་གྱིས་ཞུས་པ། སློབ་དཔོན་ཆེན་པོ་ལགས༔ འདི་ལྟ་བུའི་ཕན་ཡོན་དང་ནུས་པ་དཔག་ཏུ་མེད་པ་རྒྱ་ཆེན་པོ་གསུང་པ་བཀའ་དྲིན་ཆེ་ལགས༔ མ་འོངས་པའི་སེམས་ཅན་གྱི་དོན་དུ་གུ་རུ་པདྨའི་འབྲུ་འགྲེལ་གྱི་ཕན་ཡོན་དཔག་ཏུ་མེད་ན་ཡང་མདོར་བསྡུས་པ་ཞིག་གསུང་བར་ཞུ་ཞེས་ཞུས་སོ༔ དེ་ནས་སློབ་དཔོན་ཆེན་པོས་བཀའ་བསྩལ་པ༔ འོ་རིགས་ཀྱི་བུ་མོ༔ བཛྲ་གུ་རུ་ཞེས་པ་ནི༔ ང་གཅིག་པོའི་སྙིང་པོ་མ་ཡིན་ཏེ༔ ཡི་དམ་རྒྱུད་སྡེ་བཞི་དང༔ ཐེག་པ་རིམ་པ་དགུ་དང༔ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི་སྲོག་སྙིང༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་སོགས་པའི་སྙིང་པོ་འདི་ལ་ཚང་པའོ༔ ཚང་བའི་རྒྱུ་མཚན་ཅི་ལྟ་བུ་ཞིག་ཞེ་ན༔ ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག༔ བཟླ་བར་གྱིས་ཤིག༔ འབྲི་བར་གྱིས་ཤིག༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ནི་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཆོག༔ བཛྲ་རྡོ་རྗེ་རིགས་ཀྱི་སྙིང་པོ་མཆོག༔ གུ་རུ་རིན་ཆེན་རིགས་ཀྱི་སྙིང་པོ་མཆོག༔ པདྨ་པདྨ་རིགས་ཀྱི་སྙིང་པོ་མཆོག༔ སིདྡྷི་ལས་ཀྱི་རིགས་ཀྱི་སྙིང་པོ་མཆོག༔ ཧཱུྃ་ནི་བདེ་གཤེགས་རིགས་ཀྱི་སྙིང་པོ་མཆོག༔ ཅེས་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་རིགས་ལྔ་དང༌། ཨོཾ་ནི་རྒྱལ་བ་རིགས་ལྔ་ལོངས་སྤྱོད་རྫོགས༔ ཨཱཿནི་ཆོས་སྐུ་མི་འགྱུར་ཡོངས་སུ་རྫོགས༔ ཧཱུྃ་ནི་སྤྲུལ་སྐུ་གུ་རུའི་དྲུང་དུ་རྫོགས༔ བཛྲ་ཧེ་རུ་ཀ་ཡི་ལྷ་ཚོགས་རྫོགས༔ གུ་རུ་བླ་མ་རིག་འཛིན་ལྷ་ཚོགས་རྫོགས༔ པདྨ་མཁའ་འགྲོ་ཤུགས་འགྲོའི་ལྷ་ཚོགས་རྫོགས༔ སིདྡྷི་ནོར་ལྷ་གཏེར་བདག་ཀུན་གྱི་སྲོག༔ ཧཱུྃ་ནི་ཆོས་སྐྱོང་མ་ལུས་ཀུན་གྱི་སྲོག༔ ཅེས་ཨོཾ་ཡེ་ཤེས་ལྔ་ཡི་བདག་ཉིད་ཞི་ཁྲོ་རིགས་ལྔ་དང༌། ལོངས་སྐུ་བླ་མ་ཚེ་དཔག་མེད་ཞི་ཁྲོ། ཨཱཿཆོས་དབྱིངས་དགོངས་པ་མི་འགྱུར་བའི་ཡེ་ཤེས་ལྷ་ཡི་ཕྱག་རྒྱ་གུ་རུ་ཞི་བའི་ནང་སྒྲུབ་ཆོས་སྐུ་གསང་བ་འདུས་པ། ཧཱུྃ་སྤྲུལ་སྐུ་གུ་རུ་ཞི་བའི་ཐུགས་སྒྲུབ་དང་མཚན་བརྒྱད་དགོས་སྒྲུབ། བཛྲ་གསང་སྒྲུབ་བླ་མ་དྲག་པོ་དམར་མཐིང་དང་བཀའ་བརྒྱད། གུ་རུ་རྣམ་པ་གུ་རུ་ལ་རྩ་གསུམ་དང་བྱེ་བྲག །པདྨ་ཡེ་ཤེས་མཁའ་འགྲོ་རིགས་ལྔ། སིདྡྷི་གུ་རུ་མཁའ་འགྲོ་ནོར་ལྷ་རིགས་ལྔ་དང་གཏེར་བདག །ཧཱུྃ་ཡེ་ཤེས་ལྔ་ལས་དང་འཇིག་རྟེན་གྱི་ཆོས་སྐྱོང་གི་སྲོག་སྔགས་འདུས་པར་གསུངས་པས། རྩ་གསུམ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྙིང་པོ་ཀུན་འདུས་གཅིག་ཆོག་ཡིད་བཞིན་ནོར་བུ་ལྟ་བུའོ། །གཉིས་པ་སྒྲུབ་བྱེད་བསྐྱེད་རིམ་དངོས་བཤད་པ་ནི། རང་བཞིན་གཞི་རྒྱུད་ཀྱི་དོན་ངེས་པའི་ལྟ་བ་དང་རྗེས་སུ་མཐུན་པར་སྣང་སྲིད་དག་མཉམ་གྱི་ཚུལ་ལ་བློ་བཅོས་ཤིང་གོམས་པའི་ཚུལ་གྱིས་འཇུག་སྟེ། དེ་ལ་བསྐྱེད་པའི་རིམ་པའམ་ལུང་གཞན་ལས་རྗེས་སུ་དཔག་པའི་རྣལ་འབྱོར་རམ་བཅོས་མའི་ལམ་ཞེས་ཀྱང་བྱ། མདོར་ན་ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་ལྟར་སྦྱར་བ་ཀུན་རྫོབ་བདེན་པའི་རྣལ་འབྱོར་ཞེས་གསུངས་ལ། མདོར་ན་སྲིད་པའི་རིམ་པ་སྨིན་ཚུལ་དང་མཐུན་པར། ཨོཾ་ཆོས་སྐུ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་འཛིན། ཨཱཿལོངས་སྐུ་འགག་མེད་དུ་ཤར་བ་སྙིང་རྗེ་ཀུན་སྣང་གི་ཏིང་ངེ་འཛིན། ཧཱུྃ་སྤྲུལ་སྐུ་རྒྱུ་ཡི་ཏིང་འཛིན་ཕྱག་རྒྱ་གཅིག་པ་ཐུགས་སྲོག་ས་བོན། བཛྲ་ནི་སྐུ་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་བདེ་ཆེན་ཐིག་ལེ་ཉག་ཅིག་པའི་སྒྲུབ་གཞི་ཉིད། གུ་རུ་ནི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་འདི་དག་གི་སྣང་གཞི་གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཡེ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་རྣམ་པར་དག་པ་ཉིད་རང་ངོ་མ་ཤེས་ན་རང་རང་གི་བྱ་བ་བྱེད་མི་ནུས་པས་འཁྲུལ་པའི་དྲི་མ་དེ་སྦྱོང་བྱེད། པདྨ་ནི་མཚན་མའི་ལྷ་ངོ་བོ་རྒྱུད་གསུམ་གྱི་བླ་མ་རིག་འཛིན། ཐེག་པ་རིམ་དགུའི་ཡི་དམ། གནས་གསུམ་མཁའ་འགྲོའི་ཚོགས་ཏེ་རྩ་བ་གསུམ། རྣམ་པ་ཞི་བ་དང་ཁྲོ་བ་ཆགས་བྲལ་དང་ཆགས་བཅས། འཁོར་ལོའི་དབང་ཕྱུག་དང་འཁོར་གྱི་ཚུལ་དུ་བསྟན་པའི་བྱེ་བྲག་བསམ་ལས་འདས་པ་ཕྱག་རྒྱ་སྤྲོས་བཅས་ཏེ། ཚོགས་ལམ་གྱི་རྣལ་འབྱོར་བཞི་དང༌། དེ་ཚོམ་བུ་ཚོགས་སུ་སྒྲུབ་པ་སྟེ་སྦྱོར་ལམ་བར་ཆད་མེད་པ་ཟག་བཅས་ལམ་གྱི་རྣལ་འབྱོར་ལྔ་ལ་བརྟེན་ནས་སྐྱེ་གནས་བཞིའི་བག་ཆག་སྦྱང་ཚུལ་བསྐྱེད་ཚུལ་རྣམ་པ་བཞི་གང་ཡང་རུང་བ་ལ་སྲོག་སྡོམ་གཟེར་བཞིའི་མན་ངག་གནད་དང་ལྡན་པར་བསྙེན་སྒྲུབ་ཡན་ལག་བཞིས་ཉམས་སུ་བླང་བ། སིདྡྷི་ཕྱི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན། ནང་རྫོགས་རིམ་གྱིས་རྩ་རླུང་ལས་སུ་རུང༌། དེ་ལས་དོན་དམ་འོད་གསལ་གྱི་ཡེ་ཤེས་མངོན་དུ་གྱུར་པས། རྣམ་སྨིན་རིག་འཛིན་ལ་དབང་བསྐུར། ཕྱག་རྒྱ་གཅིག་སྤྲོས་ལ་བརྟན་པ་ཐོབ་ནས་ཚོགས་ཀྱི་སྒྲུབ་པས་ཆོས་ཉིད་ཀྱི་བདེན་པ་མཐོང་ཡང་བློའི་ནུས་པ་དང་ཉེ་རྒྱུའི་སྟོབས་ཆུང་བས་ངོ་བོ་གདོས་བཅས་ཀྱི་ཕུང་པོ་དང་མ་བྲལ་བས་རྣམ་པར་སྨིན་པའི་ལུས་ལ། སེམས་ཉིད་ལྷུན་གྲུབ་ཀྱི་ལྷ་སྐུར་སྨིན་པ། ལུས་རྒྱ་དང་བྲལ་མ་ཐག་ཕྱག་རྒྱའི་རིག་འཛིན་ལ་སྦྱོར་བ་མཚན་ཉིད་སུམ་ལྡན་ཟག་མེད་མྱང་འདས། དགོངས་པ་རྒྱུ་ཡི་ཐེག་པའི་མཐོང་ལམ། བློ་ནུས་དང་སྤྱོད་སྟོབས་ཆེ་བས་ཟག་པ་གསུམ་ཟད་ནས་སྐྱེ་འཇིག་མེད་པ་རྡོ་རྗེའི་ལུས་གྲུབ། ཚེ་ལ་དབང་ཐོབ་པས་ལྷག་བཅས་མྱང་འདས་མདོ་ལམ་ས་བརྒྱད་པ་དང་སྐལ་པ་མཉམ། ཡེ་ཤེས་སྒྱུ་མའི་སྐུས་སྤྲུལ་པ་ཅི་ཡང་སྟོན་པའི་ཞིང་ཁམས་རྣམས་སུ་སྤྲུལ་པ་སྣ་ཚོགས་པས་གཞན་དོན་མཛད་པ་ཕྱག་ཆེན་རིག་འཛིན་རྒྱུའི་ས་དགུ་པ་དང་མཉམ། སྤང་རྟོགས་མཐར་ཕྱིན་ནས་མི་སློབ་པའི་རྒྱལ་ཚབ་ཆེན་པོའི་ས་ལ་སྐུ་ལྔ་ལྷུན་གྲུབ་རིག་འཛིན་མདོ་ལམ་གྱི་ས་བཅུ་གཅིག་པ་དང་སྐལ་པ་མཉམ་པ་སྟེ། ཧཱུྃ་ནི་རྒྱུ་ཤེས་པའི་མཚན་ཉིད་སྒོམ་པ་དང༌། ལམ་ལྔ་མཐར་ཕྱིན་ཏེ་མཆོག་ཐུན་གྱི་དངོས་གྲུབ་རབ་འབྱམས་ལ་དབང་ཐོབ་པའོ། །བཞི་པ་ཐུན་མིན་ཟབ་དོན་རྫོགས་རིམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་ལྟར་བཤད་པ་ལ་སྤྱི་དང༌། བྱེ་བྲག་མཐར་ཐུག་དོན་དམ་གྱི་ལམ་ལྟར་བཤད་པ་གཉིས་ལས། དང་པོ་ནི། གཙོ་བོར་ཐོས་བསམ་སྒོམ་པའི་ཤེས་རབ་ཁྱད་པར་ཅན་གྱི་སྒོ་ནས་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་སུ་ཡེ་ནས་སངས་རྒྱས་པ། བཅོས་མ་དང་བྲལ་བ་ལྷུན་གྱིས་རྫོགས་པའི་དཀྱིལ་འཁོར་ཆེན་པོར་གཏན་ལ་ཕབ་ཅིང་བསྒོམས་པས། ལམ་བགྲོད་ནས་རང་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་མཉམ་པ་ཆེན་པོར་གྲོལ་བར་བྱེད་པ། བཅོས་མ་དང་བྲལ་བ་མངོན་སུམ་པའི་ལྷའི་རྣལ་འབྱོར་གྱི་ལམ་འཁོར་བཅས་རྫོགས་པའི་རིམ་པ་སྟེ། དོན་དམ་འཇིག་རྟེན་འགག་པའི་རིམ་པ་དང་སྦྱར་ཏེ་རྫོགས་རིམ་དོན་དམ་བདེན་པའི་རྣལ་འབྱོར་ཀུན་རྫོབ་རང་བྱིན་རླབས་དང༌། རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་གཞན་ལུས་ལ་བརྟེན་པའི་དཀྱིལ་འཁོར་འཁོར་ལོ། དེ་དག་རྣམས་ཀྱི་རྒྱས་འདེབས་དོན་དམ་འོད་གསལ་ཆེན་པོ་བརྗོད་མེད་ལྷན་སྐྱེས་ཀྱི་རིམ་པ་དང༌། ཁྱད་པར་རྫོགས་པ་ཆེན་པོའི་ལམ་རྣམས་ཏེ། དེའང་རྟེན་རྡོ་རྗེའི་ལུས་ལ་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལམ་དུ་བྱེད་པས་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་མི་ཤིགས་པ་གསུམ་གྱི་ལྷར་རྣམས་པར་དག་པ་མངོན་དུ་བྱེད་པའི་དོན་གྱིས། ཨོཾ་ནི་ཁམས་འཕེལ་བ་ཟླ་བའི་རླུང་རྒྱུ་བའི་གཡོན་རྐྱང་མ་དཀར་མོ་སྐུ་རྡོ་རྗེ། ཨཱཿཁམས་ཕྲ་བ་ཉི་མའི་རླུང་རྒྱུ་བའི་གཡས་རོ་མ་དམར་མོ་གསུང་རྡོ་རྗེ། ཧཱུྃ་ནི་ནམ་མཁའམ། ཡེ་ཤེས་ཀྱི་རླུང་རྒྱུ་བའི་དབུ་མ་ཐུགས་རྡོ་རྗེ། མདོར་ན་ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེ་སྟེ་འབྱུང་ལྔ་སེམས་ཀྱི་དྭངས་མ་དྲུག་པོ་གཉིས་གཉིས་ཟུང་དུ་འཇུག་པ། གདོད་ནས་མི་ཤིགས་རྡོ་རྗེ་གསུམ་གྱི་སྦྱང་གཞི་ལ། བཛྲ་ནི་རྩ་རླུང་ཐིག་ལེ་གསུམ་ལས་སྦྱང་བྱ་འཁྲུལ་པའི་ལུས་ངག་ཡིད་གསུམ། སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཐབས་ལམ་ཁྱད་པར་ཅན་རྣམས་ཀྱིས་བྱེད་བཅིངས་འོད་གསལ་དུ་སྦྱང་ནས་གློ་བུར་གྱིས་སྒྲིབ་པས་སྐབས་མི་འབྱེད་པས་ན་གདོད་མའི་ཡེ་ཤེས་སུ་ཐིམ་པ་དང༌། གུ་རུ་ནི་སྦྱངས་འབྲས་བདེ་བ་ཆེན་པོ་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་གྱི་ཡོན་ཏན་བླ་ན་མེད་པ་འགྲུབ་པས། པདྨ་སྙིགས་མའི་ཕུང་ཁམས་སྐྱེ་མཆེད་དུག་ལྔ་རྒྱུ་འབྲས་དང་བཅས་པའི་ཟག་བཅས་ཐམས་ཅད་ཟག་མེད་འཕོ་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དུ་གྲོལ་ནས། སིདྡྷི་ནི་མ་དག་སྙིགས་མའི་ཁམས་ཐམས་ཅད་བདེ་བའི་དབྱིངས་སུ་བྱང་ནས་སྣང་སྲིད་ཐམས་ཅད་བདེ་ཆེན་གྱི་ངོ་བོར་གནས་འགྱུར་ཏེ། རང་བཞིན་དུ་ཤར་བའི་མཆོག་གི་དངོས་གྲུབ་མངོན་དུ་གྱུར་ཏེ། ཧཱུྃ་ནི་འགྱུར་མེད་རྟག་པ་དམ་པའི་ཡེ་ཤེས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཐུགས་ཀྱི་གསང་བ་མཐར་ཐུག་གི་དོན། རྟོགས་ཉམས་མཐར་ཕྱིན་པའི་དོན་ཡིན་ནོ། །གཉིས་པ་བྱེ་བྲག་མཐར་ཐུག་གི་ལམ་ལྟར་བཤད་པ་ནི། ཨོཾ་ནི་སངས་རྒྱས་རྣམས་ཀྱི་སྐུ་རྡོ་རྗེ་མཐར་ཐུག་པ་སྟེ། ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བ་ཞེས་བྱ་བ། བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྟེན་དག་པ་རླུང་གི་ཆ། བདེ་བ་ཆེན་པོ་གཉུག་མའི་སེམས་དང་ངོ་བོ་གཅིག་པ་དེ་ཉིད་སྟོབས་སུ་གྱུར་པའམ་ནར་སོན་ཏེ། སྔགས་བླ་མེད་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ལུས་ཕྲ་རགས་གསུམ་དུ་ཕྱེ་བའི་རགས་པ་ཕྱི་ནང་གི་ལུས་གཉིས་དང༌། ཕྲ་བའི་ལུས་ཀྱི་ནང་ཚན་སྟོང་པ་གསུམ་གྱི་བཞོན་པའི་རླུང་གི་ཁམས་མཐའ་དག་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སུ་རང་བཞིན་ཞི་བ་ནང་གཉུག་མའི་རླུང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་ཕྱག་རྒྱར་བཞེངས་པ་ལ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་ཞེས་འདོགས་པ་ཡིན་ལ། དེ་ཉིད་ནི་ཐེག་མཆོག་རྒྱལ་པོའི་ལུགས་ཀྱི་སྐུ་རྡོ་རྗེ་མཐར་ཐུག་པའི་འཇོག་ཚུལ་ཡིན་ཏེ། བླ་མེད་རྒྱུད་གཞན་ནའང་ཚེ་འདིར་སྒྱུ་མའི་སྐུ་གྲུབ་པ་རྣམས་ཚེ་འདིར་འཚང་རྒྱ་ངེས་པར་གསུངས་ཤིང༌། དེའི་རབ་ལུས་ཤུལ་དུ་བཞག་སྟེ། སྙིང་གའི་ཡེ་ཤེས་སེམས་དཔའ་ཚོན་གང་བ་ཞིག་འཚང་རྒྱ་བ་ཡིན་པར་མ་ཟད་བསྐྱེད་རྫོགས་གང་བསྒོམས་ཀྱང་རགས་པའི་ལུས་དམ་ཚིག་སེམས་དཔའ་སྤྲུལ་སྐུ་ལམ་བྱེད་དུ་བསྒོམ་པའི་གྲུབ་དོན་ལུས་རགས་པའི་རྫས་རྒྱུན་ཀྱང་སངས་རྒྱས་སྤྲུལ་པའི་སྐུར་འགྱུར་ནས། དེ་དང་འདི་གཉིས་ཕྱོགས་མཚུངས་པར་ཤེས་པར་ནུས་སོ། །ཨཱཿཡིག་གི་མཚན་དོན་ནི་གསུང་རྡོ་རྗེ་སྟེ། དེ་ཡང་སྒྱུ་འཕྲུལ་ལས། ཨ་ནི་སྟོང་དང་མི་སྟོང་གི །དབུ་མ་དམིགས་སུ་ཡོད་མ་ཡིན། །ཞེས་གསུངས་པའི་སྐབས་ལྟར། སྤྱིར་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པ་གདུལ་བྱའི་མོས་པ་དང་བསམ་པ་ཐ་དད་པའི་རྗེས་སུ་འཇུག་པ། དབྱངས་ཀྱི་ཡན་ལག་ཚད་མེད་པའི་རང་བཞིན་ཅན་མཐའ་དག་གསུང་རྡོ་རྗེ་ཡིན་མོད་དེ། ཐེག་པའི་རྒྱལ་པོ་ཤིན་ཏུ་རྣལ་འབྱོར་གྱི་ལུགས་ཐུན་མོང་མ་ཡིན་པར། ངེས་དོན་མི་འགྱུར་བའི་ཨ་ཡིག་རྒྱུད་གཞན་དུ། སྙིང་གའི་དབུས་ན་མི་ཤིགས་པ། །གསལ་ཞིང་མར་མེ་དག་དང་མཚུངས། །མི་འགྱུར་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་ལྟ་བུའོ། །ཞེས་རླུང་སེམས་མི་ཤིགས་པའི་ཏི་ལ་ཀའི་བརྡར་ཨ་ཡིག་བཤད་པ་དང་དོན་གཅིག་པར་འོད་གསལ་རྡོ་རྗེ་རྩེ་མོ་ནང་གསལ་གཞོན་ནུ་བུམ་སྐུ་བརྗོད་མེད་རིག་སྟོང་གི་ཐིག་ལེ་སྟེ། དེ་ཉིད་རྗོད་བྱེད་རླུང་གི་འཁོར་ལོའི་རང་བཞིན་སྒྲར་སྣང་བ། དབྱིངས་སུ་བརྗོད་པ་མཐའ་དག་གི་རྟེན་གཞིར་གྱུར་པའང་ཡིན་ཏེ། ཞིབ་ཏུ་སྐྱེ་བ་དང་འཆི་བའི་རིམ་པའི་རླུང་གི་བསྐྱོད་སྡུད་ལ་མཁས་པར་བྱས་ན་ཤེས་སླ་བ་ཉིད་དོ། །ཧཱུྃ་གི་མཚན་དོན་ནི། རྒྱལ་བ་རྣམས་ཀྱི་ཐུགས་རྡོ་རྗེ་སྟེ། བཤད་མ་ཐག་པའི་འཕོ་ཆེན་འཇའ་ལུས་རྡོ་རྗེའི་ངོ་བོ་ཉིད་སྐུ་ལྷུན་གྲུབ་ཕྲ་བའི་རླུང་དང་རོ་གཅིག་ཏུ་གྱུར་པའི་འོད་གསལ་རང་བྱུང་གི་ཡེ་ཤེས་མཐར་ཐུག་གི་གཤིས་ཇི་བཞིན་པའི་ཡིན་ལུགས་མངོན་དུ་གྱུར་པ་དག་པ་རབ་ཀྱི་མཐར་ཕྱིན་པས་རྟག་ཏུ་སྐྱེ་མེད་སྤྲོས་པ་བྲལ་བའི་དེ་ཁོ་ན་ཉིད་དུ་མཉམ་པར་བཞག་པ་མེད་པའི་རིག་སྟོང་ཀ་ནས་དག་པ་ལ་གློ་བུར་གྱི་དྲི་མ་རྣམ་པར་དག་པའི་ཡོན་ཏན་ཡོངས་རྫོགས་སུ་གྲུབ་པའམ། མངོན་དུ་བྱས་པ་ནི་སྟོབས་བཅུ་མི་འཇིགས་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རབ་འབྱམས་དང་མི་ཕྱེད་པས་ན་རྡོ་རྗེའི་སྒྲ་ཞུགས་པའོ། །དེ་ལྟར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་ཡོན་ཏན་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཀྱང་རྒྱལ་དབང་པདྨཱ་ཀ་རའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྩལ་རྫོགས་པ་ཡིན་ནོ་ཞེས་བསྟན། བཛྲ་ནི་དབྱིངས་རིག་གཉིས་སུ་མི་ཕྱེད་པའི་དོན་ཏེ། དེ་ཉིད་རྡོ་རྗེ་ལུས་ཀྱི་སྦུབས་སུ་གནས་པའི་འོད་གསལ་སྣང་བ་མངོན་སུམ་ཤར་ཞིང་རྩལ་རྫོགས་པའི་གནས་ལུས་དབུས་ཙིཏྟ་ཤ་ཡི་སྒྲོན་མའི་དབུས་ནས་མིག་ཏུ་འབྲེལ་བའི་ཀ་ཏི་ཤེལ་སྦུག་ཅན་གྱི་ནང་དུ། དབྱིངས་རྣམ་དག་གི་སྒྲོན་མ་ཕྱི་ནང་ཅན་དང༌། ཐིག་ལེ་སྟོང་སྒྲོན་དང༌། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་བའི་འོད་གསལ་གྱི་སྣང་བ་འབྱམས་ཀླས་པ་ལུས་བཞུགས་སྟངས་གསུམ་དང༌། མིག་གཟིགས་སྟངས་གསུམ། རླུང་གནད་འགྲོ་འོང་ཤིན་ཏུ་དལ་བ་དང༌། རིག་པ་དབྱིངས་ལ་གཏད་པའི་གནད་བཞིས་བཟུང་སྟེ་ཉམས་སུ་བླངས། གུ་རུ་ནི་དེ་ལྟར་ཉམས་སུ་བླང་བས་མི་སློབ་པའི་ཡོན་ཏན་ཐམས་ཅད་ལམ་སྣང་དུ་རྫོགས་པས་འཁྲུལ་རྟོག་ཆོས་དབྱིངས་སུ་ཟད་ནུས་པ་ལྕི་བའི་དོན། པདྨ་ནི་དབྱིངས་རིག་གི་སྣང་ཆ་རྩལ་རྫོགས། རིམ་གྱིས་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་སར་འཁྱོལ་བའི་ཕྱིར་མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱིས་གཟེར་བཏབ་སྟེ། ལམ་སྣང་བཞི་མཐར་ཕྱིན་པ་དང༌། སིདྡྷི་ནི་ཟག་པ་རང་སར་ཟད། འབྱུང་བ་རང་སར་དེངས། དྲན་པ་རང་སར་གྲོལ་བའི་གཞོན་ནུ་བུམ་སྐུའི་དབྱིངས་སུ་བཙན་ས་ཟིན་ཏེ། ཧཱུྃ་ནི་མཆོག་གི་དངོས་གྲུབ་མཐར་ཕྱིན་ཏེ་སྐུ་ལྔ་ལྷུན་གྲུབ་གདོད་མའི་རྒྱལ་པོ་ཀུན་ཏུ་བཟང་པོ་དང་དགོངས་པ་གཉིས་མེད་དུ་གྱུར་པའི་དོན་ནོ། །གསུམ་པ་སྔགས་ཀྱི་ཕན་ཡོན་བཤད་པ་ལ། སྤྱི་དང་བྱེ་བྲག་བཤད་པའོ། །དང་པོ་སྔགས་ཕན་ཡོན་ཆེ་བའི་རྒྱུ་མཚན་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟུང་འཇུག་གཞི་ཡི་དེ་ཁོ་ན་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བའི་གནས་སྐབས་ཀྱི་ཟུང་འཇུག་གི་སྐུ་རང་བྱུང་ཡེ་ཤེས་ཀྱི་བདག་ཉིད་ཅན་ནི་ངེས་པ་དོན་གྱི་ལྷ་ཡིན་ལ། དེའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་སྣ་ཚོགས་སུ་སྣང་བ་མ་ཤེས་པར། གཞན་རྒྱུད་ཀྱི་ལྷ་ཞིག་ཕྱོགས་ག་ཤེད་ན་གྲུབ་གྲུབ་མོ་སྒོ་གསུམ་ཉི་ཚེ་བ་ཡོད་ན། དེ་ཡང་རྡུལ་དང་སྐད་ཅིག་མའི་ཆོས་ཅན་ཡིན་པས་ཕྱོགས་དུས་ཀུན་ཏུ་ཁྱབ་ཅིང་རྣམ་པ་ཐམས་ཅད་པའི་ཡེ་ཤེས་ཀྱི་སྐུ་ཡང་མི་འགྱུར་ལ། གང་ན་ཡོད་བཞིན་པའི་ཕྱོགས་དེ་ལས་གཞན་དུ་སྣང་བ་ནི་ལྷ་མིན་དགོས་ན་ཡང༌། ཕྱོགས་བཅུའི་འཇིག་རྟེན་གྱི་གདུལ་བྱ་སྐལ་པ་ཅན་རྣམས་ཀྱི་སྤྱོད་ཡུལ་དུ་སངས་རྒྱས་ཀྱི་སྐུ་ཅིག་ཆར་སྣང་བར་མཛད་པ་ན། དེ་ལས་གཅིག་སངས་རྒྱས་དངོས་ཡིན་གྱི་གཞན་མ་ཡིན་ནོ་ཞེས་སྨྲ་བར་མི་ནུས་སོ། །དེས་ན་ཐེག་པ་ཆེན་པོའི་ཚུལ་ལ་བློ་གྲོས་སྦྱངས་ཏེ་སངས་རྒྱས་ཀྱི་ཚུལ་ཤེས་པ་ཙམ་ནི་མེད་དུ་མི་རུང་བར་ཡིན་ནོ། །དེ་ལྟར་སྤྱིར་བསྟན་ནས། སྐབས་སུ་བབ་པ་སྔགས་སོགས་རང་རྒྱུད་ཀྱིས་བསྡུས་པ་ལྟར་སྣང་ཡང་གནས་ལུགས་ཆོས་ཉིད་མཉམ་པའི་དོན་ལ་རྒྱུ་ཐ་དད་དུ་མ་གྲུབ་ལ། སྣང་ཚུལ་ལྟར་ན་ཡང་དོན་ལ་མི་འགལ་ཏེ། རང་སེམས་ཀྱི་སྣང་བ་ལ་གཞན་དུ་སྣང་བ་རྨི་ལམ་གྱི་སྣང་བ་ལྟ་བུ་དང༌། ཆོས་ཐ་དད་དུ་མ་ལ་རང་གི་རྒྱུད་ཀྱིས་བསྡུས་པའི་ཆོས་གཅིག་ཡིན་པར་སྣང་བ་ལུས་ལྟ་བུ་སྟེ། སྣང་ཚུལ་སྣ་ཚོགས་ཡོད་ཀྱང་དོན་ལ་དེ་ལྟར་མ་གྲུབ་ལ། རང་རྒྱུད་གཞན་རྒྱུད་ཀྱིས་བསྡུས་པ་གང་ལྟར་སྣང་ཡང་རུང་སྔགས་དང་ཕྱག་རྒྱར་སྣང་བ་ཉིད་ཀྱིས་སངས་རྒྱས་ཀྱི་མཛད་པ་སྒྲུབ་ཅིང༌། སངས་རྒྱས་ཀྱི་སར་རིམ་གྱིས་འཁྲིད་ནུས་པས་ན་སྣང་བ་དེ་ཉིད་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པར་འདོད་ཀྱི། ཐ་མལ་གྱི་སྣང་ཚུལ་ཙམ་ཞིག་གིས་ནི་ཆོས་ཐམས་ཅད་ལ་མངའ་དབང་འབྱོར་བའི་སངས་རྒྱས་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པ་ཁེགས་པར་མི་ནུས་སོ། །གཞན་ཡང་རྨི་ལམ་དང་ཏིང་ངེ་འཛིན་དང་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་སངས་རྒྱས་ཀྱི་བྱིན་རླབས་སྣང་བ་ཡང་དོན་ལ་རང་སྣང་ཙམ་ལས་གཞན་དུ་གྲུབ་པར་མི་ནུས་ཏེ། རང་ངོར་སྣང་བ་ཡིན་ཕན་ཆད་རང་སྣང་ཡིན་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་ཚུལ་ལུང་རིགས་རྣམས་ནས་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེས་ན་རང་སེམས་དྲི་མ་དག་པའི་རིམ་པ་དང་མཚུངས་པར་སངས་རྒྱས་ཀྱི་ཆོ་འཕྲུལ་དང་བྱིན་རླབས་ཇེ་མངོན་དུ་འགྲོ་བ་ཡིན་ལ། མཐར་དྲི་མ་ཡོངས་སུ་དག་ནས་གནས་ལུགས་མངོན་དུ་གྱུར་པ་ན་སངས་རྒྱས་ཐམས་ཅད་ཀྱང་རང་ཉིད་དང༌། རང་ཉིད་ཀྱང་སངས་རྒྱས་ཐམས་ཅད། དེ་དུས་གསུམ་གྱི་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཆོས་ཉིད་ཡེ་ཤེས་ཀྱི་སྐུ་བརྙེས་པ་ཡིན་ནོ། །དེས་ན་ད་ལྟ་སངས་རྒྱས་རྣམས་རང་ངོར་སྔགས་ཀྱི་རྣམ་པར་བྱོན་ནས་གནས་སྐབས་དང་མཐར་ཐུག་གི་དོན་མཛད་པ་ཡིན་ནོ་ཞེས་སྔགས་ལ་ཡིད་ཆེས་ཁྱད་པར་ཅན་བསྐྱེད་པ་ནི་སྔགས་འགྲུབ་པའི་རྒྱུའི་གཙོ་བོ་ཡིན་པས་ཅིས་ཀྱང་གལ་ཆེའོ། །དེ་ལྟར་ཡང་འཇམ་དཔལ་དཔའ་བོ་གཅིག་པ་ལས། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ནས་ནི། །དེ་གྲུབ་ན་ནི་འགྲུབ་འགྱུར་ཏེ། །ཞེས་དང༌། དཔུང་བཟང་གིས་ཞུས་པ་ལས། གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་ལ་ཇི་ལྟར་མཐུན་པ་ཡི། །གསང་སྔགས་གཟུགས་ཀྱི་རྗེས་སུ་འཇུག་མཛད་པ། །སྔགས་ཀྱི་འདྲེན་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། སམ་བྷུ་ཊི་ལས། སྔགས་ཀྱི་གཟུགས་ཀྱི་ལུས་ཅན་གྱི། །ལས་ཀྱི་ཚོགས་ནི་བྱེད་པར་འགྱུར། །ཞེས་དང༌། བདེ་མཆོག་འབྱུང་བའི་རྒྱུད་ལས། སྔགས་ཉིད་རྣལ་འབྱོར་མ་ཡི་གཟུགས། །རྣལ་འབྱོར་མ་ཉིད་སྔགས་ཀྱི་གཟུགས། །ཅི་སྟེ་གོ་འཕང་མཆོག་འདོད་ན། །དེ་གཉིས་དབྱེ་བར་མི་བྱའོ། །ཞེས་སོ། །སྔགས་བཟླ་བའི་དང་པོ་གུ་རུའི་བླ་སྒྲུབ་གང་ཡང་རུང་བ་ཞིག་གི་དབང་བླ་མ་མཚན་ལྡན་ནས་ནོས་ཏེ། སྦྱོར་བ་གུ་རུ་རིན་པོ་ཆེ་སྐྱབས་གསུམ་ཀུན་འདུས་སུ་ཤེས་པས། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གུ་རུའི་ཐུགས་རྗེའི་སྐྱབས་འོག་ཏུ་ཆུད་པར་རང་གིས་གསོལ་བ་འདེབས་པ་དང༌། དགོས་པ་དང་ཕན་ཡོན་ཚད་མེད་པའི་སྔགས་ཀྱི་རྒྱལ་པོ་བཟླ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་སྙམ་པའི་སེམས་བསྐྱེད་དང་ལྡན་པ་སྔོན་དུ་འགྲོ་བས། དངོས་གཞིའི་བཟླས་པ་ལ། སྒྲ་ཧ་ཅང་མི་ཆེ་མི་ཆུང་ངག་མི་མྱུར་མི་དལ་བ་བཞི། གཞན་ལ་སྨྲ་བཞིན་དུ་མ་ཡིན་པ་དང༌། གཡེང་བཞིན་དུ་བཟླས་པ་མིན་པ་དང༌། སྔགས་འབྲུ་ཆད་པ་མེད་པ་དང༌། ལྷག་པ་མེད་པ་དང༌། ཀླད་ཀོར་སོགས་ཡན་ལག་ཕྲ་མོ་ཡང་མ་ཉམས་པས་སྒྲ་དག་པ་དང༌། ཡི་གེ་རང་རང་གི་སྐྱེ་གནས་དང་བྱེད་པ་སོགས་མ་ལོག་པར་ཟུར་ཕྱིན་པར་བརྗོད་པ་སྒྲ་གསལ་བ་སྟེ་ཡོན་ཏན་བཅུ་དང་ལྡན་པར་བཟླས་པའོ། །ཐོད་ཕྲེང་རྩལ་གྱི་བཟླས་པ་དབྱངས་དང་བཅས་པས་བྱིང་རྒོད་བསལ་བ་དང༌། ཐུགས་དམ་བསྐུལ་བར་གསུངས་ཤིང༌། དེ་ལྟར་བཟླས་པའི་སྐབས་སུ་དྲན་ཤེས་བག་ཡོད་དང་ལྡན་པ། སྒོ་གསུམ་གྱི་གཡེང་བ་སྤང་ལ་ཚུལ་བཞིན་དུ་བཟླ་ཞིང༌། ལྟ་སྒོམ་དང་མ་བྲལ་བར་བྱ་དགོས་སོ། །ཐུན་མཚམས་ཀྱི་སྐབས་སུ་འགལ་རྐྱེན་དུ་གྱུར་པ་འདོད་ཡོན་ལ་གཡེང་བ་བྱུང་ན་བར་ཆད་དུ་ཤེས་པས་སྤང༌། ནད་གདོན་རྣམ་རྟོག་ལང་བ་སོགས་མི་མཐུན་པ་བྱུང་ན་ལས་ངན་འཛད་པ་ཡིན་སྙམ་དུ་མི་ཞུམ་པར་བྱ། ཉམས་དང་འགྲོགས་པ་ལ་སོགས་པ་སྔགས་འགྲུབ་པ་ལ་གནོད་པར་གསུངས་པ་ཐམས་ཅད་རྒྱང་དུ་དོར། ཤ་ཆང་སོགས་སྐབས་གཞན་དུ་བཀག་པ་རྣམས་གསང་སྔགས་ཀྱི་སྐབས་སུ་སྔགས་དམིགས་ཕྱག་རྒྱས་ཕན་པའི་རྫས་སུ་བྱིན་གྱིས་བརླབ་པར་བྱའོ། །སྔགས་འགྲུབ་པའི་མཐུན་རྐྱེན་དུ་གྱུར་པ་ཚོགས་བསགས་སྒྲིབ་སྦྱང་ཅི་རིགས་བྱ། རང་རྒྱུད་དག་པའི་ཕྱིར་དད་པ་དང༌། དམ་ཚིག་དམ་བཅའ་རྣམས་བརྟན་པོར་བཟུང༌། ཨཱ་ལི་ཀཱ་ལི་སོགས་སྔགས་ཀྱི་ནུས་པ་བསྐྱེད་པའི་གདམས་ངག་རྣམས་ལ་འབད། གོས་རྒྱན་བཟའ་བཏུང་ལ་སོགས་པ་ཐམས་ཅད་སྔགས་དམིགས་ཕྱག་རྒྱས་ཡེ་ཤེས་ཀྱི་རོལ་པར་བྱིན་གྱིས་བརླབ་པར་བྱའོ། །སྤྱིར་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་ཀྱང་གོང་དུ་སྨོས་པའི་སྔགས་འགྲུབ་པའི་མན་ངག་དང་ལྡན་ན་ནུས་པ་མྱུར་དུ་འབྱིན་ཅིང་ཕན་ཡོན་མཐོང་བའི་ཆོས་ལ་འབྱུང་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཆོ་ག་ལྡན་པའི་སྔགས་ཀྱིས་ནི། །མྱུར་དུ་གྲུབ་པ་རབ་ཏུ་ཐོབ། །ཅེས་གསུངས་པ་ལྟར་རོ། །གཉིས་པ་བྱེ་བྲག་ཏུ་བཛྲ་གུ་རུའི་ཕན་ཡོན་ནི། ཡུལ་ཕྱོགས་ཐམས་ཅད་ལ་ནད་མུག་མཚོན་གསུམ་དམག་འཁྲུགས་ལོ་ཉེས་ལྟས་ངན་ཆོ་འཕྲུལ་ངན་པ་ཐམས་ཅད་བཟློག་ཅིང༔ ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་དང་ཡུལ་ཕྱོགས་ལ་བཀྲ་ཤིས་པར་འགྱུར་རོ༔ ཚེ་འདི་དང་ཕྱི་མ་བར་དོའི་འཕྲང་གསུམ་ལ་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་ལ་ང་དང་ཡང་དུ་མཇལ་ཞིང༔ ས་ལམ་རིམ་པར་རྫོགས་ནས་རྔ་ཡབ་གླིང་དུ་རིག་འཛིན་ཕོ་མོའི་གྲལ་དུ་ཚུད་པར་ཐེ་ཚོམ་མེད་དོ༔ བརྒྱ་རེ་བཟླས་པ་མ་ཆག་ན་ཡང་གཞན་གྱིས་ཡིད་དུ་འོང་ཞིང་ཟས་ནོར་ལོངས་སྤྱོད་འབད་མེད་དུ་འབྱུང༔ སྟོང་དང་ཁྲི་ལ་སོགས་པ་བཟླས་ན་གཞན་སྣང་ཟིལ་གྱིས་གནོན་ཞིང་བྱིན་རླབས་དང་ནུས་པ་ཐོགས་པ་མེད་པར་འགྲུབ་བོ༔ འབུམ་དང་བྱེ་བ་ལ་སོགས་པ་བཟླས་པ་བྱེད་ན༔ ཁམས་གསུམ་དབང་དུ་འདུས༔ སྲིད་གསུམ་ཟིལ་གྱིས་གནོན༔ ལྷ་འདྲེ་བྲན་དུ་འཁོལ༔ ཕྲིན་ལས་རྣམ་བཞི་གང་ལའང་ཐོགས་པ་མེད་པར་འགྲུབ་ཅིང་སེམས་ཅན་ཐམས་ཅད་ལ་ཅི་བསམ་པའི་འགྲོ་དོན་དཔག་ཏུ་མེད་པ་བྱེད་ནུས་པར་འགྱུར་རོ༔ བྱེ་བ་གསུམ་མམ་བདུན་ལ་སོགས་པར་བགྲང་བར་ནུས་ན་དུས་གསུམ་སངས་རྒྱས་རྣམས་དང་འབྲལ་བ་མེད་ཅིང༔ ང་དང་དབྱེར་མི་ཕྱེད་པར་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་ཉན་གསུང་སྡོད༔ ཅི་བཅོལ་བའི་ལས་སྒྲུབ་ཅིང༔ རབ་ཚེ་འདི་ལ་འཇའ་ལུས་འགྲུབ༔ འབྲིང་འཆི་ཁར་འོད་གསལ་མ་བུ་འཕྲོད༔ ཐ་མ་ཡང་བར་དོར་ང་ཡི་ཞལ་མཐོང་ནས་སྣང་བ་རང་སར་གྲོལ་ཏེ་རྔ་ཡབ་གླིང་དུ་སྐྱེས་ནས་འགྲོ་དོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ༔ ཞེས་གསུངས་སོ༔ སློབ་དཔོན་ཆེན་པོ་ལགས༔ འདི་ལྟ་བུའི་ཕན་ཡོན་ནུས་པ་དཔག་ཏུ་མེད་པ་རྒྱ་ཆེན་པོ་གསུངས་པ་བཀའ་དྲིན་ཆེ་ལགས༔ ཞེས་དང༔ ཨོཾ་ཨཱཿཧཱུྃ་ནི་རྒྱུད་སྡེ་གསུམ་གྱི་སྲོག༔ བཛྲ་འདུལ་བ་མདོ་སྡེ་གཉིས་ཀྱི་སྲོག༔ གུ་རུ་མངོན་པ་ཀྲྀ་ཡ་གཉིས་ཀྱི་སྲོག༔ པདྨ་ཨུ་པ་ཡོ་ག་གཉིས་ཀྱི་སྲོག༔ སིདྡྷི་མ་ཧཱ་ཨ་ནུ་གཉིས་ཀྱི་སྲོག༔ ཧཱུྃ་ནི་རྫོགས་ཆེན་ཨ་ཏི་ཡོ་གའི་སྲོག༔ ཨོཾ་ཨཱཿཧཱུྃ་གིས་དུག་གསུམ་ལས་གྱུར་སྒྲིབ་པ་དག༔ བཛྲ་ཞེ་སྡང་ལས་གྱུར་སྒྲིབ་པ་དག༔ གུ་རུ་ང་རྒྱལ་ལས་གྱུར་སྒྲིབ་པ་དག༔ པདྨ་འདོད་ཆགས་ལས་གྱུར་སྒྲིབ་པ་དག༔ སིདྡྷི་ཕྲག་དོག་ལས་གྱུར་སྒྲིབ་པ་དག༔ ཧཱུྃ་གིས་ཉོན་མོངས་ལས་གྱུར་སྒྲིབ་པ་དག༔ ཨོཾ་ཨཱཿཧཱུྃ་གིས་ཆོས་ལོངས་སྤྲུལ་གསུམ་ཐོབ༔ བཛྲ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ༔ གུ་རུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ༔ པདྨ་སོ་སོར་རྟོག་པའི་ཡེ་ཤེས་ཐོབ༔ སིདྡྷི་བྱ་བ་གྲུབ་པའི་ཡེ་ཤེས་ཐོབ༔ ཧཱུྃ་གི་ཡེ་ཤེས་ལས་གྱུར་ཐམས་ཅད་ཐོབ༔ ཨོཾ་ཨཱཿཧཱུྃ་གིས་ལྷ་འདྲེ་མི་གསུམ་འདུལ༔ བཛྲ་དྲི་ཟ་མེ་ལྷའི་གདོན་རྣམས་ཐུབ༔ གུ་རུ་གཤིན་རྗེ་སྲིན་པོའི་གདོན་རྣམས་ཐུབ༔ པདྨ་ཆུ་ལྷ་རླུང་བདག་གདོན་རྣམས་ཐུབ༔ སིདྡྷི་གནོད་སྦྱིན་དབང་ལྡན་གདོན་རྣམས་ཐུབ༔ ཧཱུྃ་གིས་གཟའ་དང་ས་བདག་གདོན་རྣམས་ཐུབ༔ ཨོཾ་ཨཱཿཧཱུྃ་གིས་ཕ་རོལ་ཕྱིན་དྲུག་འགྲུབ༔ བཛྲ་ཞི་བའི་ལས་ཀུན་ཐམས་ཅད་འགྲུབ༔ གུ་རུ་རྒྱས་པའི་ལས་ཀུན་ཐམས་ཅད་འགྲུབ༔ པདྨ་དབང་གི་ལས་ཀུན་ཐམས་ཅད་འགྲུབ༔ སིདྡྷི་ཕྲིན་ལས་ལས་ཀུན་ཐམས་ཅད་འགྲུབ༔ ཧཱུྃ་གིས་དྲག་པོའི་ལས་ཀུན་ཐམས་ཅད་འགྲུབ༔ ཨོཾ་ཨཱཿཧཱུྃ་གིས་བན་བོན་བྱད་ཕུར་བཟློག༔ བཛྲ་ཡེ་ཤེས་ལྷ་ཡི་བྱད་ཁ་བཟློག༔ གུ་རུ་ལྷ་སྲིན་སྡེ་བརྒྱད་བྱད་ཁ་བཟློག༔ པདྨ་འཇིག་རྟེན་ལྷ་འདྲེའི་བྱད་ཁ་བཟློག༔ སིདྡྷི་ཀླུ་དང་ས་བདག་བྱད་ཁ་བཟློག༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་བྱད་ཁ་བཟློག༔ ཨོཾ་ཨཱཿཧཱུྃ་གིས་དུག་ལྔའི་དམག་དཔུང་འཇོམས༔ བཛྲ་ཞེ་སྡང་ལས་གྱུར་དམག་དཔུང་འཇོམས༔ གུ་རུ་ང་རྒྱལ་ལས་གྱུར་དམག་དཔུང་འཇོམས༔ པདྨ་འདོད་ཆགས་ལས་གྱུར་དམག་དཔུང་འཇོམས༔ སིདྡྷི་ཕྲག་དོགས་ལས་གྱུར་དམག་དཔུང་འཇོམས༔ ཧཱུྃ་གིས་ལྷ་འདྲེ་མི་གསུམ་དམག་དཔུང་འཇོམས༔ ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ བཛྲ་ཡི་དམ་ཞི་ཁྲོའི་དངོས་གྲུབ་ཐོབ༔ གུ་རུ་རིག་འཛིན་བླ་མའི་དངོས་གྲུབ་ཐོབ༔ པདྨ་མཁའ་འགྲོ་ཆོས་སྐྱོང་དངོས་གྲུབ་ཐོབ༔ སིདྡྷི་མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཧཱུྃ་གིས་ཅི་བསམ་དངོས་གྲུབ་མ་ལུས་ཐོབ༔ ཨོཾ་ཨཱཿཧཱུྃ་གིས་གདོད་མའི་ཞིང་ཁམས་མཐོང༔ བཛྲ་ཤར་ཕྱོགས་མངོན་དགའི་ཞིང་ཁམས་མཐོང༔ གུ་རུ་ལྷོ་ཕྱོགས་དཔལ་ལྡན་ཞིང་ཁམས་མཐོང༔ པདྨ་ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་མཐོང༔ སིདྡྷི་བྱང་ཕྱོགས་ལས་རབ་ཞིང་ཁམས་མཐོང༔ ཧཱུྃ་གིས་དབུས་ཕྱོགས་གཡོ་མེད་ཞིང་ཁམས་མཐོང༔ ཨོཾ་ཨཱཿཧཱུྃ་གིས་སྐུ་གསུམ་རིག་འཛིན་ཐོབ༔ བཛྲ་ས་ལ་གནས་པའི་རིག་འཛིན་ཐོབ༔ གུ་རུ་ཚེ་ལ་དབང་བའི་རིག་འཛིན་ཐོབ༔ པདྨ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ༔ སིདྡྷི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཐོབ༔ ཧཱུྃ་གིས་རྣམ་པར་སྨིན་པའི་རིག་འཛིན་ཐོབ༔ བཛྲ་གུ་རུ་ལན་གཅིག་བརྗོད་པ་ཡི༔ དེ་ལ་གཟུགས་མཆིས་ཛམ་གླིང་སྣོད་དུ་ཆུང༔ འདི་ཉིད་མཐོང་ཐོས་དྲན་པའི་སེམས་ཅན་ཀུན༔ རིག་འཛིན་ཕོ་མོའི་གྲལ་དུ་འཁོད་པར་ངེས༔ བསླུ་མེད་བཛྲ་གུ་རུའི་བདེན་ཚིག་ལ༔ གང་འདོད་བཀའ་བཞིན་འགྲུབ་པར་མ་གྱུར་ན༔ པདྨ་ང་ཡིས་སེམས་ཅན་བསླུའོ་ཨང༔ མི་བསླུ་ངེས་པས་བཀའ་བཞིན་བསྒྲུབ་པར་གྱིས༔ བཟླས་པ་མི་ནུབ་རྒྱལ་མཚན་རྩེ་ལ་ཕྱོར༔ རླུང་ཕོག་སེམས་ཅན་གྲོལ་བར་ཐེ་ཚོམ་མེད༔ ཡང་ན་ས་ཤིང་རྡོ་ཡི་ལོགས་སུ་བྲིས༔ རབ་གནས་བྱས་ནས་ལམ་ལ་བཀྲམ་ན་ཡང༔ མཐོང་བ་ཙམ་གྱིས་ནད་གདོན་སྒྲིབ་པ་དག༔ ས་དེར་གནས་པའི་ལྷ་སྲིན་རྒྱུ་ལམ་འཆད༔ མཐིང་ཤོག་དག་ལ་གསེར་གྱིས་བྲིས་པ་འདོགས༔ གནོད་བགེགས་འབྱུང་པོས་གནོད་པ་བྱེད་མི་ནུས༔ ཤི་ནས་རོ་དང་མ་བྲལ་བསྲེགས་ན་ནི༔ འཇའ་ཚོན་འཁྱུག་ཅིང་བདེ་ཆེན་འཕོ་བར་ངེས༔ འབྲི་ཀློག་འདོན་པའི་ཡོན་ཏན་ཚད་ལས་འདས༔ མ་འོངས་སེམས་ཅན་དོན་དུ་བཀོད་དེ་སྦས༔ སྐལ་ལྡན་ལས་ཅན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ལོག་ལྟ་ཅན་ལ་གསང་རྒྱ་རྒྱ་རྒྱ༔ དམ་ཚིག་ཅན་ལ་གཏད་རྒྱ་རྒྱ་རྒྱ༔ སྤྲུལ་སྐུ་ཀརྨ་གླིང་པས་གཏེར་ནས་གདན་དྲངས་ཏེ་ཤོག་སེར་ལས་བཤུས་པའོ༔ ཞེས་དང༌། འཇམ་མགོན་ཟབ་གཏེར་ལམ་ཟབ་ལས། ཡང་སྙིང་འདི་བཟླས་བདེ་གཤེགས་ཀྱི༔ གསུང་རབ་ཐམས་ཅད་བཀླག་དང་མཚུངས༔ ཇི་སྐད་དུ། ཨོཾ་དང་ཨཱཿདང་ཧཱུྃ་རྡོ་རྗེ་གསུམ་གྱི་བདག༔ བཛྲ་མཚན་རྟོག་བྲལ་བ་ཆོས་ཀྱི་སྐུ༔ གུ་རུ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས༔ པདྨ་སྣ་ཚོགས་དེར་སྟོན་སྤྲུལ་པའི་སྐུ༔ སིདྡྷི་མཆོག་དང་ཐུན་མོང་དངོས་གྲུབ་སྟེ༔ ཧཱུྃ་གིས་བདག་ལ་མྱུར་དུ་སྩོལ་ཅིག་ཅེས༔ རྡོ་རྗེའི་སྒྲ་དབྱངས་སྒྲ་ཚིག་དོན་དང་སྦྱར༔ ཞེས་དང༌། རིག་འཛིན་འདུས་པའི་གཞུང་ལས། འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ རིག་འཛིན་རྒྱ་མཚོས་བྱིན་གྱིས་བརླབ༔ མ་དང་ཌཱ་ཀྐིས་ལུང་ཡང་སྟོན༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ཞེས་གསུངས་པ་ལྟར་བདག་ལེགས་སུ་འདོད་པ་དག་གིས་བསྙེན་བཟླས་ལ་བརྩོན་པར་གཅེས་སོ། །པྲེ་ཏ་པུ་རི་ཡུལ་གྱི་མིང་ཆགས་ཤིང༌། །སྤྲེལ་ཕྲུག་སྲིན་མོའི་རིགས་སུ་དམན་ན་ཡང༌། །ཡིད་བཞིན་ནོར་བུ་གུ་རུའི་གདུལ་ཞིང་དུ། །གྱུར་པའི་སྐལ་བཟང་གངས་རིའི་ལྗོངས་ཙམ་པས། །སྐད་ཅིག་ཙམ་གྱིས་སེམས་ཅན་སངས་རྒྱས་སུ། །བསྒྱུར་བའི་བཀའ་དྲིན་ཅན་དེ་རྗེས་དྲན་ཚེ། །ལས་ཉོན་འདམ་དུ་བྱིང་བ་བདག་འདྲ་ཡང༌། །སེང་གེའི་འོ་མ་ལས་འཕྲོས་གསེར་སྣོད་འཁྱིལ། །འཕགས་པའི་རྣམ་ཐར་ཀུན་གསལ་དབང་པོའི་མཐའ། །ཡིད་ཀྱི་ཁུང་བུར་མ་ཆུད་ལས་ངན་འགའ། །མནར་མེད་མེ་ཡི་ཀླུབས་སུ་འཇུག་སྤྲོ་བ། །མཁས་བཙུན་གྲགས་སྙན་ཆེ་ཡང་སྙིང་རྗེའི་གནས། །རབ་འབྱམས་རྒྱལ་བའི་སྤྱི་གཟུགས་གུ་རུ་རྗེ། །རྒྱལ་ཡུམ་མཚོ་རྒྱལ་ཟབ་གསང་རྡོ་རྗེའི་མཛོད། ཐོབ་འདི་ཡིད་ཆེས་ཕྱིར་མི་ལྡོག་པ་ཡིས། །འདི་ཕྱིའི་བར་དོའི་བློ་གཏད་འཆའ་བས་འཚེངས། །གཟུར་གནས་རྣམ་དཔྱོད་སྦྲཿམ་ར་ཡི་ཁྱུ། །བཤད་སྒྲུབ་ཀ་ཆེན་བཅུ་དང་བཞི་ཟུང་གི །ཚད་མའི་མཁས་གྲུབ་རྒྱུ་སྐར་དོ་ཤལ་ནི། །སངས་རྒྱས་གཉིས་པའི་ཡེ་ཤེས་མཁའ་ལ་བྲེས། །རྣམ་འདྲེན་བཞི་པས་ལྔ་བདོར་རྗེས་བརྩེ་བའི། །སྨོན་ལམ་ལྔ་བརྒྱའི་ཕྱག་གིས་འཁྱུད་པའི་རྟགས། །མཚོ་སྐྱེས་རྒྱལ་བའི་མཛད་པའི་འདབ་སྟོང་གིས། །མཛེས་འདི་གཉིས་མིན་གཉིས་སུ་སྣང་བར་ངེས། །བདག་བློ་ཤིན་ཏུ་ཕྲ་བའི་ཁབ་མིག་ཏུ། །མཁས་གྲུབ་གོང་མའི་ཟབ་རྒྱས་གསུང་གི་འོད། །ཁུངས་ལྡན་རྡོ་རྗེའི་གསང་སྔགས་སྦས་པའི་དོན། །གསལ་བྱེད་ངག་འདིས་སྐལ་བཟང་ཀུན་དགར་བྱེད། །སྒྲོ་བཏགས་རྟོག་གེའི་བློ་ཡིས་ལན་བརྒྱ་རུ། །དཔྱད་ཀྱང་མི་རྟོགས་རང་བྱུང་རྡོ་རྗེའི་རྒྱུད། །གསང་བ་ཇི་བཞིན་རྟོགས་པའི་སྐལ་མེད་མཐུས། །ལོག་ལྟའི་ཁུར་གྱིས་ཕྱིར་ཞིང་ངན་འགྲོར་འཁྱམ། །སྙིང་གི་ཆུ་སྐྱེས་ཚལ་ན་གུ་རུ་རྗེ། །དད་པའི་སྲི་ཞུ་མཆོད་ཅིང་བསྙེན་བཀུར་བའི། །མཐུ་ལས་བྱུང་སྙམ་དཔྱད་ཅིང་འབད་པས་བྲིས། །ནོངས་པ་གཟུར་གནས་སྤྱན་སྔར་གུས་པས་བཤགས། །རབ་དགེ་དྲི་མེད་སྟོན་ཟླ་ལྟར་བསིལ་བས། །ལྔ་བདོའི་མུན་བསལ་བསྟན་འགྲོའི་སྐྱེད་མོས་ཚལ། །ཕན་བདེའི་སྦྲང་རྩིའི་ཟིལ་མངར་རྟག་འཇོ་བས། །དོན་གཉིས་ལྷུན་གྲུབ་རྐང་དྲུག་རྟག་རྩེན་ཤོག །ཅེས་མ་ཧཱ་གུ་རུའི་རྡོ་རྗེའི་གསང་སྔགས་འབྲུ་བཅུ་གཉིས་པའི་དགོངས་དོན་རྣམ་བཤད་ཞིབ་རྒྱས་ཞིག་བྲིས་ཞེས་དམ་པའི་ཡོན་ཏན་ནོར་བུའི་རྒྱན་གྱིས་མཛེས་ཤིང༌། ངེས་གསང་སྙིང་པོའི་བསྟན་པར་སྨན་པའི་ཐུགས་བསྐྱེད་རྨད་དུ་བྱུང་བ་མཆོག་སྤྲུལ་པདྨ་དབང་གི་རྒྱལ་པོས་རིན་པོ་ཆེ་སྣ་ཚོགས་པའི་གནང་སྐྱེས་དང་འབྲི་གཞི་བཅས་ཏེ་ཆེད་བསྩལ་བཞིན། རང་བྱུང་རྡོ་རྗེའི་གནས་ཆེན་སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དང་འདབས་འབྲེལ་ཞིང་མཐའ་འདུལ་གྱི་གཙུག་ལག་སྐྱེར་ཆུར་མེ་སྟག་ས་ཟླའི་དཀར་ཕྱོགས་ལ་གཉགས་ལུགས་རྡོ་རྗེ་ཕུར་པའི་སྒྲུབ་ཆེན་གྱི་ཐུན་གསེང་དུ་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མའི་གུ་རུ་སིདྡྷིའི་རྣམ་བཤད་ཀུ་མུ་ཏའི་ཕྲེང་བ་སོགས་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པས་ཡི་གེ་གཉིས་པར་དད་བློ་རབ་ཡངས་ཨོ་རྒྱན་གཞན་ཕན་གྱིས་ཞུས་པ་འདིས་ཀྱང་འབྲེལ་ཚད་མ་ཧཱ་གུ་རུ་རྡོ་རྗེ་འཆང་གིས་རྗེས་སུ་བཟུང་ཞིང༌། སྙིགས་མའི་རྒུད་པ་མཐའ་དག་ཞི་བས་བསྟན་འགྲོའི་དཔལ་ཡོན་རྒྱས་ཤིང་བརྟན་པའི་རྟེན་འབྱུང་དུ་སྨོན་པ་བཞིན་འགྲུབ་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/___/rdo rje'i gsang ba'i sngags kyi rgyal po badz+ra gu ru'i dgongs don rnam par bshad pa zab don rdo rje'i gsang mdzod las can dad brgya'i dga' ston zhes bya ba bzhugs so//


@#/___/dpal bde ba chen po rdo rje'i bla ma pad+ma saM b+ha wa'i zhabs la phyag 'tshal lo/_/rab 'byams rgyal ba'i mkhyen brtse nus pa'i mdzod/_/'chi med ye shes rdo rje'i 'dzum dkar la/_/rjes chags mtshor 'khrungs rgyal ba'i chu shel dbang*/_/dad pa'i chu mtshor ngoms pa med pas mchod/_/zab cing rgya che'i gsung gi gsang ba che/_/rdo rje'i sngags su shar ba'i dgongs pa'i mtshor/_/byis pa bdag kyang dad pas 'jug pa la/_/thugs brtse'i ba dan g.yo bas dge bar mdzod/_/spyir rdo rje theg pa gsang sngags kyi lam zab cing rgya che ba thams cad rgyud kyi dngos po'am bslab pa'i mtha' bcu gcig tu 'chad na sngags lam kun la khyab par gsungs te/_rig 'dzin rtsa rgyud thod pa'i dum bu las/_rtag chad las grol lta ba dang:_yul dus grol ba'i spyod pa dang:_dkyil 'khor phyag rgya gsal rdzogs dang:_phrin las bzhi yi mtha' bsgyur dang:_'jug sgo dbang gi bye brag dang:_de yi srog 'dzin dam tshig dang:_lha yi snying po gsang sngags dang:_bden pa'i mthu can phyag rgya dang:_lha dang snying por bsnyen pa dang:_tshom bu tshogs kyi sgrub pa dang:_bsod nams tshogs spel mchod pa ste:_rgyud kyi dngos po bcu gcig ni:_mdo chings yin par mkhas pas gzung:_zhes gsungs pa ltar las/_skabs su bab pa'i 'chad bya zlos pa sngags kyi rim pa ste/_de la sngags kyi go don spyir bshad pa dang*/_badz+ra gu ru'i dgongs don bye brag tu bshad pa/_sngags kyi phan yon bshad pas mjug bsdu ba gsum las dang po la'ang gnyis las/_dang po ni/_de yang sngags kyi rgyu ni yi ge ste ngo bo sgra gdangs kyi rnam pa so sor gsal ba'i rang bzhin a sogs shes rab dbyangs kyi yi ge bcu drug_/ka sogs gsal byed thabs kyi yi ge sum cu rtsa bzhi ste lnga bcu ni yi ge thams cad kyi phyi mo ste de thams cad 'dus pa oM la sogs pa dag kyang yi ge'i rang bzhin las ma 'das/_yi ge rnams 'dus pa la brten nas tha snyad kun nyon dang rnam byang gis bsdus pa'i don thams cad gsal nus pas/_sangs rgyas kyi mdzad pa kun yi ges dngos dang brgyud pa'i tshul gyis sgrub la/_de'i phyir 'jig rten pa'i spyod yul gyi nang na yi ge las mthu dang ngo mtshar che ba med la/_kun rdzob tu de ltar brjod cing gsal ba byed pa'i rten 'byung gi snang ba ma 'gags bzhin du/_don dam pa brjod bya med pas de'i rjod byed du'ang ma grub pas rjod byed nyid kyang cung zad ma grub pas des gang yang brjod pa med par gnas shing*/_de lta bu'i bden pa gnyis po mnyam pa nyid du yi ge 'bru gcig gi steng du mthong yang*/_de las gzungs kyi sgo bzhi thob par 'gyur ro/__/gnyis pa sngags kyi ngo bo grub pa bzhi ldan ni/_bye brag tu sangs rgyas kyis gsungs pa'i sngags rnams ni grub pa bzhi dang ldan pa ste/_dang po chos nyid ngo bo'i grub pa ni/_sgyu 'phrul drwa ba rtsa ba'i rgyud las/_dbyings la dbyings kyis bris pa ste/_/de phyir yi ge zhes brjod do/_/zhes gsungs pa ltar yi ge thams cad dbyings stong chen rnam kun mchog ldan mnyam pa nyid kyi ngo bo nyid du ye nas lhun gyis grub pa'o/__/chos can rang bzhin gyis grub pa ni/_a nyid sna tshogs par snang ba'i/_ka la sogs pa bzhi bcu gnyis/_/sgra yi ming gis thams cad bsdus/_/mngon rdzogs rgyal por de nyid nges/_/zhes pa ltar/_yi ge rang rang gi ngo bo thun mong min par snang ba'i rang bzhin bslu med du grub pa'o/__/de gnyis sngags tsam du ma zad chos kun la'ang yod med kyi de lta bu yin pa'i dbang gis sgra grags thams cad rdo rje'i sngags su byin gyi rlabs rung ba dang*/_nus pa thogs med du 'byung rung ste/_chos nyid ci yang min pa las ci yang 'char ba'i rten 'brel bslu med kyi dbang gis so/__/byin gyis brlab kyis grub pa ni/_phyogs bcu dus bzhir gshegs pa yi/_/ye shes sems dpa'i sku gsung thugs/_/dkyil 'khor nyi shu rtsa lnga ni/_/yi ge mgo nas k+Sha la rdzogs/_/zhes pa ltar/_chos kun la mnga' dbang 'byor ba'i sangs rgyas rnams kyis yi ge gcig nas mang po'i bar gyi sngags rnams ye shes nyid rnam pa'i 'phrul pa bstan pas na sangs rgyas kyi byin rlabs kyis grub pa'o/__/nus mthus grub pa ni/_e ma ngo mtshar ya mtshan gyis/_/'phrul chen bzhi bcu rtsa lnga yi/_/tshig rnams ma lus 'dzin pa'i gnas/_/sna tshogs don chen smra zhing ston/_/zhes gsungs pa ltar sman dang nor bu'i nus pa bzhin du sngags de dag las dngos grub sgrub pa'i nus pa thogs pa med par mi bslu bar yod pa'o/__/gsum pa 'bras bu nus pa thogs med ni/_de ltar grub pa'i sngags des gnas skabs dang mthar thug gi don sgrub mi nus pa med de/_sngags lha yi ngo bo yin pa'i phyir ro/__/des na so so'i skye bo'i sa na yang de bzhin gshegs pa'i stobs grogs su bkug ste las sna tshogs byed pa ni sngags yin pas/_thun mong gi spyod yul du gyur pa rnams la sngags dang mtshungs pa'i dngos grub sbyin pa gzhan 'jig rten na med de/_tshangs dbang dang dpag bsam nor bu sogs kyis kyang sngags kyi nus pa la cha tsam 'gran du med do/__/lta sgom zab mo la sogs pa ni rgyud dag pa 'ba' zhig gi yul yin gyi/_kun gyi thun mong ma yin la/_sngags ni thun mong du bzla bar btub pas phrin las khyad par du 'phags pa'o/__/gnyis pa snying po badz+ra gu ru'i sngags don bye brag tu bshad pa la/_lo rgyus kyis gleng bslang ba dang*/_sngags don dngos bshad pa'o/__/dang po ni/_gter ston grub thob yongs kyi rgyal po karma gling pa'i gter byon badz+ra gu ru'i phan yon dang 'bru 'grel las/_bdag skye dman ye shes mtsho rgyal gyis:_phyi nang gsang ba'i maN+Dal rgya chen po phul nas zhus pa:_kyai:_slob dpon pad+ma 'byung gnas lags:_bdag cag bod kyi sems can thams cad la:_tshe 'di dang phyi ma'i don rgya chen po mdzad pa shin tu bka' drin nyid las che ba sngar yang ma byon:_phyis kyang mi 'byon pas:_nyid kyi sgrub pa nying khu lta bur gnang bar:_bdag skye dman yin kyang the tshom med de:_ma 'ongs pa'i sems can blo sna mang zhing dmu rgod che ba:_dam pa'i chos la log par blta zhing:_khyad par gsang sngags bla med kyi chos la bskur 'debs byed du 'ong bas:_de dus sems can thams cad la nad mug mtshon gsum dar zhing:_khyad par du rgya bod hor gsum grogs ma'i tshang bshig pa 'dra ba bod 'bangs sdug pa'i dus la bab:_de rnams bcos pa'i thabs mang du gsungs kyang:_ma 'ongs pa'i gang zag rnams chos bsgrub long med la:_cung zad re bsgrub pa rnams kyang:_bar chad dbang che bas:_sems can kha 'khyam mi 'cham:_zas dang spyod lam mi mtshungs:_dus ngan de 'dra shin tu bzlog par dka' bas:_de 'dra'i dus su gu ru nyid kyi sgrub thabs badz+ra gu ru kho na la brten na phan yon ci lta bu lags:_ma 'ongs pa'i blo dman rnams kyi don du gsung bar zhu zhes zhus so:_de nas slob dpon chen pos bka' bstsal pa:_'o dad ldan bu mo khyod kyis zhus pa de shin tu bden no:_ma 'ongs de 'dra'i dus tshod la:_sems can la gnas skabs dang mthar thug la phan thog nges pa yi:_man ngag sgrub thabs dpag tu med pa sa gter chu gter brag dang nam mkha'i gter la sogs pa mang du sbas te:_dus ngan gyi skabs la las can rnams kyi thabs rten 'brel 'grigs pa shin tu dka':_sems can gyi bsod nams zad pa'i rtags yin no:_'on kyang de 'dra'i dus la badz+ra gu ru'i snying po 'di gnas chen po 'am:_dgon sde'am:_ri bo chen po'i rtse'am:_chu bo chen po'i 'gram dang:_lha srin 'byung po dar ba'i sa mgo:_sa mdo la sogs pa la:_sngags pa dam tshig dang ldan pa:_dge 'dun sdom ldan:_skye bo dad can:_bud med mtshan ldan la sogs pa rnams kyis sems bskyed rgya chen po'i ngang nas:_brgya stong khri 'bum bye ba dang dung phyur la sogs pa ci 'grub bzlas na phan yon dang nus pa bsam gyis mi khyab:_ces gsungs pa'i sngags dngos ni thugs sgrub bar chad kun sel gyi rgyun gyi bkol byang las/_'bru gsum sku gsum dbyer med la:_badz+ra gu ru rigs kyi gtso:_pad+ma dkyil 'khor 'khor lor snang:_sid+d+hi hU~M zhes dngos grub bskul:_bsnyen sgrub las gsum chig dril gyi:_rdo rje'i sngags 'dis las kun byed:_zhes dang*/_ji skad du/_oM dang AHhU~M rdo rje gsum gyi bdag:_badz+ra mtshan rtog bral ba chos kyi sku:_gu ru nges pa lnga ldan longs spyod rdzogs:_pad+ma sna tshogs don ston sprul pa'i sku:_sid+d+hi mchog dang thun mong dngos grub ste:_hU~M gis bdag la myur du stsol cig ces:_rdo rje'i sgra dbyangs sgra tshig don dang sbyar:_zhes gsungs pa nyid do/__/gnyis pa sngags dngos bshad pa la'ang*/_phyi tshig gi don rgyal dbang pad+ma nyid kyi rnam par thar pa'i tshul dang lto sbyar te bshad pa/_nang sbas don thabs grol gyi lam ltar bshad pa/_gsang ba mthar thug don dam gyi lam ltar bshad pa'o/__/dang po la'ang thun mong gi mdzad pa bcu gnyis ltar bshad pa/_thun min sku lnga lhun grub kyi rnam thar ltar bshad pa/_mdo sngags thun mong gi lam ltar bshad pa dang gsum las/_dang po ni pad+ma bka' thang las/_sngon tshe snang ba mtha' yas tshe dpag med:_ri bo ta lar mgon po spyan ras gzigs:_d+ha na ko shar pad+ma 'byung gnas sku:_mtshon tshul tsam la gsum du snang gyur kyang:_don la dbyer med ngo bor tha mi dad:_zhes gsungs pa ltar oM ni ye shes lnga ldan chos kyi sku snang ba mtha' yas/_AHni sprul gzhi de yi rtag pa rgyun gyi thugs rje'i rang gzugs sku dang zhing khams rgya mtsho'i 'byung gnas longs sku thugs rje chen po/_hU~M ni thun mong gi gdul bya 'dul ba'i dus la bab pa'i tshe/_yab sras mjal ba'i mdo las/_dpa' bo chen po thabs mkhas che/_/sems can yongs su smin mdzad phyir/_/bye ba phrag brgyar rgyal ba nyid/_/sangs rgyas nyid du bstan gyur kyang*/_/da dung yang ni 'dren pa khyod/_/sangs rgyas mang po ston par mdzad/_/ces gsungs pa ltar/_rgyal ba'i dbang po 'di nyid nges pa'i don du bskal pa grangs kyis mi chod pa'i snga rol nas byang chub chen por yongs su grub zin pa yin na'ang*/_tshur mthong gi gdul bya'i snang ngor slob pa'i rig 'dzin 'chi med grub pa'i rnam rol gyis gdul bya'i don sgrub pa'i ched du/_ri rab kyi lho phyogs dzam bu'i gling 'dir yul drug la sogs pa'i rnam par dbye ba las/_nub na rig pa 'dzin pa'i gnas/_o rgyan mkha' 'gro'i gling gi nub byang gi mtshams lho nub 'o ma can gyi rgya mtsho'i dbus su me tog pad+ma kha dog lnga ldan gyi pad+ma'i rigs dmar po'i ge sar la/_dus gsum rgyal ba rab 'byams kyi gsang ba gsum gyi byin rlabs yon tan thams cad rgyal ba 'od mtshan stong 'bar gyi thugs ka zag med rin po che'i mdzod bkra shis dpa' be'u la gtams pa de nyid/_yi ge hrIHlnga ldan 'od zer gyi phung po nyid rang byung zag med kyi sku mtshan dpe bzhin legs kyi khye'u lo brgyad pa'i tshul du bzhengs pa'i mtshan pad+ma 'byung gnas su grags pa gang*/_dang po o Di ya na'i rgyal po spyan med 'byor ldan gyi dam pa'i rgyal thabs la dbang bsgyur ba'i gnas skabs nyid nas ji ltar dpal sa ra has sangs rgyas thod pa'i rgyud sde la bdag nyid dbang bsgyur ba ltar/_sngon yongs su sbyangs pa'i khyad par gyis tshe 'dir rang dbang du zab mo sngags kyi tshogs lam bskyed pa'i rim pa dang*/_sbyor lam rdo rje'i lus la gnad du bsnun pa'i rdzogs rim la sbyang ba phul du son te/_phyis su dur khrod chen po bsil ba'i tshal du bogs 'byin brtul zhugs kyi spyod pas/_mda' bsnun zhabs kyis/_bro gar glu dang rol mo yis/_/phyogs rnams kun tu sgra sgrogs shing*/_/rnal 'byor ma ni g.yon nas bskor/_/dmigs gtad bral ba'i rang bzhin gyis/_/'bad pa med pa kun tu spyad/_/ces gsungs pa ltar/_zhing sngags lhan cig skyes pa'i rnal 'byor ma'i tshogs chen po dang lhan cig bde stong dga' chen rdo rje'i ting nge 'dzin gyi rol mo cir yang spel ba'i mthu la brten nas/_sngags bla med kyi sbyor lam chos mchog dka' ba med par mngon du mdzad de/_za hor rgyal po gtsug lag 'dzin dang o rgyan rgyal po in+d+ra b+hu ti gnyis kyi khab tu gshegs pa'i tshe sku zhugs la bzhun par brtsam pa'i tshe/_tsan+dan til mar gyis sbags pa'i me lce'ang bsil ba'i chu klung du bsgyur te/_yid las byung ba'i me tog gi sdong po la bsil bsil phrum phrum ltar bstan pa la sogs pa bla med kyi sbyor lam chos mchog grub pa'i lag rjes su byung ba ste/_phar phyin theg pa thun mong gi lugs la'ang srid pa tha ma pa ni bdag nyid kyis kyang mi 'chi la gzhan gyis kyang mi 'chi ba kho nar mngon pa 'og ma nas bshad na bla med kyi chos mchog pa ste der rdo rje 'dzin pa'i 'pho med zung 'jug gi sku 'grub par nges pa rnams la phyi nang gi 'byung ba las gyur pa'i gnod pa mtha' dag gis mi tshugs pa lta ci smos/_de la sogs pa'i brtul zhugs rdzu 'phrul gyi spyod pa byis pa'i blos gting dpag dka' ba rgya mtsho'i 'jing lta bus rang gzhan gyi don rlabs po che bsgrubs nas/_slar yang mi 'gyur lhan cig skyes pa'i ye shes dang chos rnams kyi de kho na nyid la gnyis snang gi mtshan ma shin tu phra ba'ang nye bar zhi ba'i rnam kun mchog ldan gyi shes rab zab mo gnyis ro gcig ngo bo dbyer med du gyur pa'i don dam 'od gsal ba'i grub pa mngon du mdzad pa'i phyir/_bal yul yang le shod du tshogs kyi spyod pa'i nye rgyu yang bsten nas phyag rgya chen po mchog gi dngos grub mngon du bsgrubs te/_lam mchog yongs su rdzogs pa'i tshe dbang rig 'dzin du grags pa sngags bla med kyi mthong lam thob pa yin te/_gsol 'debs rdo rje'i tshig rkang las/_phyag rgya chen po'i dngos grub gnas der thob:_ces gsungs shing*/_phyag rgya chen po mchog gi dngos grub ni sngags bla med du lam de nyid kyi dbang du byas pa'i mthong lam yin par kun mkhyen rig 'dzin 'jigs med gling pas bshad do/__/de ltar byang chub yan lag bdun gyi yon tan mngon du snang zhing*/_sems mthong lam skyes pas mngon shes lnga dang*/_cho 'phrul bzhi la sogs pa thob/_sangs rgyas sprul sku las dngos su chos thos pa dang*/_snyigs ma'i lus rdo rje'i skur grub nas skye 'chi med pas ye shes chen po de nyid du mnyam bzhag gi lam sangs rgyas rnams dang chos mtshungs kyang*/_rjes thob la khyad par med pa chos nyid mnyam par rtsal sbyangs lus dkyil 'khor gyi rang bzhin 'ja' tshon lta bu'i cho 'phrul sna tshogs grub nas/_'phags lam brgyad kyi chos yongs su rdzogs pas sangs rgyas longs sku las dgongs pa dang brda yi chos nyan/_gnyis pa nas sa lnga pa'i bar rtogs pa rdo rje lta bus rang sa'i sgrib pa 'jigs pas rdo rje/_drug pa dang bdun pa la shes rab kyi pha rol tu phyin pa gtso bor spyod cing chos 'khor bskor bas thabs mkhas 'phrul sangs che bas 'khor lo/__brgyad pa ye shes rin po che'i khams la dbang thob pas rin po che/_dgu pa chags pa med pas zhing sbyong zhing don byed pas pad+ma/_bcu par phrin las phun sum tshogs pas sems can gyi don byed pas ral gri'i rig 'dzin zhes phrin las bzhi la dbang bsgyur/_mi slob pa'i lam mthar phyin lhun grub rig 'dzin gyi sa la bzhugs shing*/_rnga yab sprul pa'i grong khyer du da lta'ang 'chi med g.yung drung lta bu'i gzugs skur lhun gyis grub cing*/_bod khams bstan 'gro'i dpal mgon du 'khon 'jam dbyangs bdun brgyud dang*/_jo 'brom rnam gnyis/_bsil ljongs sgron me rnam gsum/_mar pa dang*/_mnyam med dwags po sogs rdo rje'i bla ma sngags rigs grub pa'i ded dpon tshad med pa'i rnam rol rgyun mi chad pa yin no/__/mdor na bla ma'i skad dod gu ru ste/_gu Na zhes pa yon tan gyi skad dod dang*/_ru lci ba'i don can yin pas/_slob dpon chen po thugs yon tan gyis gang zhing lci ba'i don te de la rgyu gang gis lci/_thabs gang la brten nas lci ba'i phyir/_lci bar byed pa'i yon tan ji lta bu zhig ce na/_badz+ra ste rdo rje'i sgo nas lci zhes pa'o/__/ji ltar na nyer len gyi rgyu kun rtog glo bur gyi dri ma cha dang bcas pas nam yang mi phyed sems kyi rdo rje'am gnyug ma'i sems su grags pa 'od gsal gzhi grol chen po gzhi gzhon nu bum sku dang*/_lhan cig byed pa'i thabs gzhi'i yin lugs nang gsal phra ba'i ye shes dang rnam pa 'dra ba'i lam lhun grub snang stong du shar ba zab mo'i bskyed rim dang*/_khams gsum ye grol du rtogs pa mthar thug gi rdzogs rim khyad par can sogs las 'bras bu sangs rgyas rnams kyi rdo rje gsum lam du byed pa'i phyir bla med rdo rje'i lam zhes bya'o/__/yon tan rang gi ngo bo ni gzhi rdo rje'i ye shes nyid rdo rje'i lam gyi thabs mkhas la brten nas yul 'od gsal rang rig pa'i chos nyid mtha' grol yangs pa chen po'i klong du/_yul can ni khyad chos drug du son pa'i rdzogs pa chen po 'bras bu'i ye shes rnam par mi phyed pa lhun grub rdo rje'i yon tan yongs su rdzogs pa'i ngo bor smin pa de nyid do/_/zhes badz+ra gyi sgra'i bstan don nyid do/__/pad+ma zhes pa ste/_gsang ba bla na med pa'i ngo mtshar yon tan gyi bkod pa rgya mtsho lta bu de dag gang la mnga' zhe na/_skabs 'dir bstan gyi dbang du byas nas/_rdzogs pa'i sangs rgyas pad+ma zhes sku gsum gyi ston pa'i zhing khams rab 'byams na mtshan yongs su grags pa de nyid do/__/de la ci'i phyir pad+ma zhes mtshan btags pa yin zhe na/_pad+ma'i sbubs su rdzus te byung ba'i 'byung khungs kyi sgras btags pa dang*/_pad+ma'i rigs de bzhin gshegs pa 'od dpag med kyi thugs rnam pa thams cad mkhyen pa'i ye shes kyi cho 'phrul yin pas ngo bo las btags pa'am yang na rigs las btags pa dang*/_sha za 'bod sgrogs rgyal po pad+ma bzhin/_/sa bcu pho nya'i lam gyis bgrod lags sam/_/zhes gsungs pa ltar/_rdo rje btsun mo'i pad+ma la brten nas zung 'jug rdo rje 'chang chen po'i go 'phang grub pa'i longs spyod kyi gtso bo las btags pa dang*/_srid pa'i 'gro ba rnams su gzugs sku'i rnam rol chu nang gi zla ba bzhin du bsten kyang pad+ma 'dam gyis ma gos par 'dam na snang ba ltar chags pa'i 'ching ba las grol bas byed las kyi sgo nas btags pa ste/_dper na 'byung khungs las btags pa gser mngal can lta bu dang*/_rigs las btags pa lha chen po lta bu dang*/_longs spyod las btags pa me tog zas can lta bu dang*/_byed las kyi sgo nas btags pa pad+mo'i dgra lta bu'o/__/sid+d+hi ni/_de lta bu'i mkhyen brtse nus par skyob pa gang gis kyang cha tsam yang 'gran du med pa'i skyob pa de'i yon tan shes pas mi phyed pa'i dad mos kyis gsol ba btab pas/_gnas skabs su mkha' spyod ral gri ril bu dang*/_rkang mgyogs bum pa gnod sbyin khol/_/bcud len dang ni mig sman no/_/zhes thun mong gi grub pa brgyad dang*/_/phra zhing yangs la phra bar nus pa dang*/_/spyod par nus dang bdag nyid chen po dang*/_/dga' mgur byed dang thams cad dbang du byed/_/ci 'dod byed dang dbang phyug don brgyad do/_/zhes pa ste/_de la phra ba ni 'khor 'das kyi chos thams cad dbu ma'i rang bzhin du mthong ba'o/__/yangs ba ni ye shes kyi rlung ste de'i stobs kyis mkha' khyab kyi 'jig rten gyi khams su rdzu 'phrul gyis skad cig tsam la 'gro ba dang blta bar nus pa'o/__/phra bar nus pa ni dbu mar rlung sems zhugs pa bdag gzhan mtha' dag stong pa nyid du thim par rtogs pas gnyis snang thams cad nub pa'o/__/spyod par nus pa'i nang gi btsun mo dbu ma yin pas der rlung sems zhugs pa'i rten 'brel gyis phyi rol du gzugs rdo rje ma'i rang bzhin can la sogs pa 'dod yon lnga la chos nyid kyi rol par spyod pa'o/__/bdag nyid chen po ni mtshan dpe 'bar ba la sogs pa dang*/_bdud bzhi las rnam par rgyal ba dang mthu stobs kyi bdag por gyur pa'o/__/dga' mgur byed pa ni 'gro ba rnams la ji ltar 'dod pa'i sku dang gsung la sogs pa'i rnam par 'phrul pa sna tshogs bstan nas bsam pa tshim par byed nus pa'o/__/thams cad dbang du 'gyur ba ni sems can rnams tshogs gnyis rdzogs pa'i go 'phang la 'god nus pas gzhan don du mi 'gyur ba gcig kyang med pa'o/__/ci 'dod pa ni rang gzhan gnyis ka'i don du rgya mtsho 'khrugs pa'i sgra dang*/_gcig las du ma dang*/_du ma gcig du byed pa sogs rdzu 'phrul la dbang ba'o/__/mchog gi dngos grub mthar thug rig 'dzin rnam bzhi'i them skas la brten nas myur du mi slob pa'i zung 'jug khyab bdag rdo rje 'chang chen po'i go 'phang dka' ba med par 'grub pa de dag ni bdag gi 'dod pa'i don yin no zhes pa'o/__/hU~M zhes pa ste/_yi ge ha u ma gsum gyis mtshon pa'i rdo rje gsum gyi dngos grub bskul ba'i sngags yin pa'am/_yang na hU~M thugs rdo rje'i snying po yin pas dngos grub stsol ba la thugs mngon du phyogs par bskul ba dang*/_dngos grub de'i bsgrub gzhi yang hU~M yig gi mtshon don gdod nas rnam par grol ba'i gnyug ma mi shigs pa'i sgo gsum rang nyid kyi snying la gnas pa'i de kho na nyid bstan pa yin la/_dngos grub kyi gtso bo mchog gi ye shes nyer len rang la gnas pa dang lhan cig byed rkyen gu ru rin po che'i thugs rje bskul ba dang*/_thun mong gi grub pa'i 'char gzhi dang*/_mthun pa'i rkyen gnyis bstan pa ste/_mdor na dngos grub 'gugs pa dang*/_brtan par bya ba'i snying po yin no/__/de dag gis sngags bla med kyi dbang thob la/_sngags kyi tshig 'di dag la dad pa brtan cing blo gros ldan pa rnams la don 'brel rag pa rang gis ji ltar go tshod tsam zhig bstan pa yin la/_de tsam yang rtogs mi nus pa phal pa dag gis ni rdo rje'i sngags 'dis don shes shing bzlas na byin rlabs dang phan yon che ba'i phyir/_sngags don sku gsung thugs rdo rje bdag nyid dam/_rdo rje gsum gyi yon tan chen po tshad med pas lci zhing gang ba'i rgyal dbang pad+ma zhes bos nas bdag la dngos grub stsol cig ces pa ste/_rdo rje gsum ni sku gsung thugs gsum yin la/_de gang gis bstan na oM AHhU~M badz+ra zhes pas bstan/_yon tan gyi lci zhes pa/_sku mtshan dpe/_gsung tshangs dbyangs/_thugs rnam mkhyen gyis lci ba'i don te/_srang dngul gyi lci bas lci lugs min gyi/_sa lci dang ldan pa'i lci lugs yin la/_de gang gis bstan na gu Na ru zhes pa bsdus pa ste gu ru zhes gsungs pa 'dis bstan/_pad+ma ni slob dpon chen po'i mtshan yin pas go sla/_sid+d+hi zhes pa mchog dang thun mong gi dngos grub/_hU~M de stsol cig ces pa'o/__/gnyis pa thun min sku lnga lhun grub kyi rnam thar ltar bshad pa ni/_phyogs dus rgyal ba kun gyi ye shes kyi spyi gzugs dpal o rgyan gyi slob dpon chen po'i nges pa'i gsang ba gsum rjes su mtshon pa'i rdo rje'i gsang sngags 'bru bcu gnyis pa'i don ni/_oM AHhU~M zhes sku gsung thugs rdo rje gsum gyi sa bon gyis thog drangs te badz+ra ni mtshan rtog gi spros pas mi phyed pa'i phyir chos sku pad+ma kun tu 'chang ngam/_rdo rje gsang ba 'dus pa gu ru ni de'i ngang las kha sbyor yan lag bdun te 'di ltar dmigs pa med pa'i thugs rgyud snying rje chen pos yongs su gang ba dang*/_de'i phrin las kyi 'jug pa sems can gyi khams la rgyun mi chad pa dang*/_gdul bya nam 'dul ba'i dus la bab pa de'i tshe phrin las 'gog med du 'char ba ste sprul sku'i yan lag gsum/_ye shes rang 'od kyi lha mchog dang gnyis su med par sbyor ba dang*/_de las zag med kyi bde ba rgyun mi 'chad pa dang*/_tshig dang yi ge med pa dgongs rgyud kyi chos 'khor la rtag tu longs spyod pa ste longs sku'i yan lag gsum/_rnam pa de dag dang ldan yang rang gi ngo bo spros pa kun gyi pha rol tu son pas rang bzhin med pa chos sku'i yan lag gcig ste bdun dang ldan pa'o/__/yon tan gyis lci ba la longs sku thod phreng sde lnga/_pad+ma ni rgya skad sor bzhag ste rgyu mtshan gu ru rin po che sprul gzhi sangs rgyas snang ba mtha' yas su gsungs pas ngo bo'am rigs las las btags pa dang*/_gu ru nyid kyi sku yang kha dog dkar la dmar ba srin lag la pad+ma'i ri mo yod pa/_pad+ma rgyas pa lta bu'i mig dang mchu sgros can/_pad+ma ut+pal/_lcags kyu zhags pa la sogs pa sha mtshan dge ba'i ltas du ma yod pa la/_legs par sbyangs ba'i rnal 'byor pa zhig gis ltas brtags pas/_'di ni gsang sngags kyi sgrub pa po mchog tu 'gyur zhing*/_pad+ma'i rigs kyi mtshan nyid thams cad tshang bas/_'od dpag med pas byin gyis rlob par 'gyur ro/__/des na 'di'i ming ni pad+ma a b+ha si mtshams sbyar bas pad+ma b+ha wa si zhes thogs shig zer ba ltar byas par gsungs pa dang*/_slob dpon sngags mkhan shAn+ti rU pa zhes pa las bya spyod rnal 'byor rgyud gsum gyi dkyil 'khor mang por dbang bskur ba zhus te/_me tog thams cad pad+ma'i rigs kyi lha kho na la phog go_/skyid mos tshal zhig na bsnyen pa dang nyer sgrub dang*/_sgrub pa dang sgrub pa chen po rnams byas pas mi 'tshams pa'i ltas du ma byung kyang de dag gi dbang du ma btang bar bsgoms pas rig sngags grub ste de bzhin gshegs pa 'od dpag med pa gtso bor gyur pa'i sangs rgyas byang sems mang po mnal lam du zhal gzigs pa dang*/_khro bo'i rgyal po rta mgrin yang dngos su zhal gzigs/_mkha' 'gro ma dang 'byung po rnams bran du khol lo/__/de ltar na rab tu byung ba'i mtshan pad+ma a ka ra ste pad+ma 'byung gnas/_dkyil 'khor du dbang bskur ba'i gsang mtshan pad+ma saM b+ha wa ste/_pad+ma bde ldan/_sngon du o rgyan skye bos bla dwags su btags pa ka ma la ku li sha ste pad+ma rdo rje/_de yang dpral ba na rdo rjes mtshan pa'i pad+ma rgyas pa'i ri mo yod pas so/__/chung ngu'i dus nas btags pa'i rigs kyi ming pad+ma a b+ha se ste pad+ma 'od zer ldan/_slob ma rnams kyis gus pas mtshan gsol ba ni shrI ma hA su kha ste dpal bde ba chen po/_phyis o rgyan du byon pa'i skabs o Di ya na rnams kyis mtshan gsol bar sngon gyi dpal bde ba chen po pad+ma badz+ra dang mdzad pa mtshungs pas pad+ma badz+ra zhes grags so/__/zhes gsungs pa ltar sprul sku pad+ma 'byung gnas la/_mtshan gyi thog ma nas 'bod ste thugs rje gnad nas bskul ba ste de'i mtshan dang sku yi bkod pa yongs su grags pa nye ba'i sras chen brgyad kyi gsang ba dang gnyis su med pa'i gu ru mtshan brgyad/_yid bzhin nor bu lta bu'i gu ru bcu gsum/_rnam 'phrul bcu gnyis/_'phrul mtshan bzhi bcu/_mdo sngags kyi ston pa brgya rtsa sogs mtshan dang sku yi bkod pa bsam gyis mi khyab pa bstan kyang gu ru rin po che gcig gi ye shes las gzhan du ma gyur pa ste/_des na thams cad mkhyen pa sgrol mgon zhabs kyis/_rgya gar shar nub lho dang dbus rnams su gong du smos pa de dag gtso bor gyur pa'i 'gro don ci rigs pa tsam mdzad la/_de bas chu bo gang+ga'i byang phyogs bal po man chad du 'gro ba'i don cher mdzad/_de bas kyang 'gro lding gi yul du 'gro don che ste yul khams de dang por 'dul bar mdzad pa po yin pa dang*/_gsung gi rjes su 'brangs ba rnams da lta'i bar du shin tu mang bas so/__/de bas kyang bod khams su 'gro don che ste/_phyogs 'di'i sngon nas da lta'i bar gyi mi dang mi ma yin pa'i 'gro bar gyur pa la dngos brgyud kyi khyad par tsam ma gtogs sprul pa'i sku yi rnam pa 'di nyid dang*/_mtshan 'di nyid rtags mtshan du byas te 'dul bya'i zhing du ma gyur pa gcig kyang med pa lta bur snang bas so/__/de dag kyang rnam pa 'di dang mtshan 'dis mtshon pa'i dbang du byas kyi gzhan du na zung 'jug thob pa rnams kyi rnam par thar pa'i mtha' ni su zhig gis brjod par nus/_slob dpon 'di ni gtso bor mi ma yin 'dul ba'i phrin las can te/_sngar smos pa de dag thams cad las kyang rnga yab gling phran sogs su mi ma yin gyi 'gro don spyod pa ches cher rgya che ba yin te snga ma de dag ni yul nye tshe bar skye bo nyung ngu la dus lo grangs brgya skor snyed dang*/_stong skor snyed sogs su yun thung ngu yin la/_phyi ma 'di la ni yul dang dus dang skye bo gzhal bar dka' ba'i phyir ro/_/zhes gsungs/_de lta bu'i sku gsum dbyer med pa'i bla ma o rgyan chen po'i yon tan rjes su dran pas/_sems kyi gshis spros pas bral ba'i rang rtsal mos gus dung nge ba'i ngang nas gsol ba gdab pa'i mthu las/_sid+d+hi ste mchog dang thun mong gi dngos grub thams cad hU~M zhes bdag gi rgyud la da lta nyid du stsol cig pa'i don yin pas sngags bzla ba'i tshe/_bla ma sku gsum gyi yon tan dran pas gsol ba gdab dgos so/__/gsum pa mdo sngags thun mong gi lam ltar bshad pa ni/_dri med 'od las/_gdengs can gyi gnas oM/_zhes pa dmyal ba yi dwags sogs sa 'og dang*/_mi yi 'jig rten AH_zhes sa steng mi lha lha min sogs/_mtho ris kyi gnas hU~M khams gong ma gnyis dang*/_nang du/_sgo gsum 'khrul _phyi ru/_rtog dang bcas pa 'bru gsum gyis sbyong tshul gsungs pa bzhin/_kun 'byung las nyon dang*/_sdug bsngal gyi bden pas mtshon 'jig rten gyi grong khyer gyi rgyu 'bras la dmigs pa 'khor bar zhen log gi nges 'byung rnam par dag pa skyes pas theg pa che chung lam gyi gzhi bzung ste/_de las skyobs pa'i skyabs gnas kyang rdo rje'i phreng ba las/_sangs rgyas yi ge hU~M du bshad/_/gsung gi yi ge AHru brjod/_/dge 'dun zhes bya yi ge oM/_/zhes gsungs pa ltar rgyu dang 'bras bu'i skyabs 'gro gzhung bzhin nyams su blangs bas lam bden gyi thos bsam sgom pa rgyud la bsten pa gzhi bzung ste/_badz+ra ni theg pa che chung gi lam lnga'i yon tan gyis rang rang gi mi mthun pa'i phyogs nyon mongs dang shes bya'i sgrib pa 'joms pas srid pa mya ngan gyi 'dam las grol ba dang*/_gu ru ni rnam byang gi lam thams cad kyi bla ma zab rgyas kyi don gyis lci bas theg pa chen po/_pad+ma ni stong nyid kyi lang tsho la snying rje'i rlan dang ma bral ba'i phar phyin drug gi spyod pa sbrang rtsi'i bcud lta bus zhi mtha' 'gog pa'i theg pa chen po'i lam rdzogs par nyams su blangs ba'i 'bras bu/_sid+d+hi grub pa ste/_don gnyis mthar phyin 'bras bu sku gzhi'i go 'phang mngon du gyur pas mkha' khyab kyi 'gro ba sgrol ba la gu ru nyid dang mnyam par byin gyis rlobs pa'i gnas la ngoms pa'i tshul gyis/_hU~M zhes gsungs pa'o/__/gnyis pa sbas don rdo rje theg pa ltar bshad pa la bzhi/_smin byed dbang grogs dam tshig_/thun mong lha sngags ting nge 'dzin thun min rdo rje gsum gyi rnal 'byor ltar bshad pa'o/__/dang po dbang gi rim pa ni/_gsang snying las/_snod bcud rgyud rnams dag rtogs shing*/_/mnyam gnyis lhag pa'i mnyam gnyis kyis/_/dkyil 'khor kun tu bzang po'i zhing zhes pa ltar/_spyir sngags lam nas sbyang gzhi phyi snod 'byung lnga/_nang bcud phung khams skye mched dbang yul dang bcas pa rgyud nyon mongs dug lnga rang rgyud pa la/_sbyong byed dbang dang bskyed rdzogs rdo rje'i rnal 'byor tshul bzhin nyams su blangs bas/_sbyangs 'bras rdo rje bzhi yi ye shes sgrib bral mngon du byed pa thams cad bdag nyid chen po pad+ma 'byung gnas kyi rnam thar la sgra ji bzhin du rdzogs pa'i tshul bshad pa ste/_gsang ba snying po'i rgyud phyi ma las/_slob dpon gsang ba shes rab dang*/_/de ma thag pa bzhi pa ste/_/zhes rgyud dang sgrub sde spyi dang bye brag gi dgongs pas dbang gi dbye bsdu du ma zhig gsungs kyang dbang bzhi yi khongs su ma 'dus pa med pas de ltar 'chad pa la/_a b+hi Shiny+tsa zhes pa'i sgra las drangs na a b+hi mngon pa/_Shiny+tsa gtor ba'am blugs pa'i don yin pas sngags kyi dbang bskur ba'i cho ga zab mo la brten nas/_slob bu'i sgo gsum cha mnyam dang bcas pa'i dri ma 'khrud pa'am gtor bar byed cing*/_rdo rje bzhi smin pa'i yon tan 'char ba'i nus pa khyad par can rgyud la 'jog pa'am blugs par byed pa'o/__/dbang bzhi ni sngags lam nyams su len pa'i thog ma'i 'jug sgo med du mi rung ba ste/_de'i rgyu mtshan shin tu rtogs par dka' ba'i dbang gi ye shes nyid gdod nas rang sems lhan cig skyes pa'i chos su bzhugs shing*/_de'i nus pas sgo gsum bya byed dang bcas pa la khyab kyang*/_de nus pa mngon du sad byed la dbang las mthu che ba med cing*/_dbang de sngags lam gyi nus pa rnyed pa'i bla mas slob ma'i rgyud byin gyis brlab pa la rag las pa'i rgyu mtshan shes pas dbang dngos la/_oM ni lus dang rtsa sprul skur dag byed bum pa'i dbang bskur ba smin pa'i sa bon 'jog_/de dang rjes 'brel nus pa'i dbang gis ye shes bskyed pa'i nus pa smin/_AHni ngag dang rlung longs skur dag byed gsang ba'i dbang gis smin pa'i nyams myong bskyed/_hU~M ni yid dang thig le chos skur dag par byed pa shes rab ye shes kyi dbang gis nyams myong de brtan par byed pa dang*/_sgo gsum cha mnyam du ngo bo nyid skur dag par byed pa tshig dbang gi brtan pa mthar phyin pa dpe don gyi ye shes bskyed de mchog gi dngos grub 'grub par byed pa ste/_badz+ra ni mdo lam nas bskal pa grangs med par tshogs gnyis rlabs po che bsags pa'i rang 'bras su gyur pa'i ye shes de la/_so so'i skye bo las dang po pa nas btsan thabs su 'jug pa'i nus pa dbang las stobs che ba med pas/_dbang bskur rdo rje chen po zhes gsungs te/_gu ru ni de lta bu'i byin rlabs dang nus stobs che ba'i dbang de/_dkyil 'khor dbang phyug rdo rje slob dpon gyi bdag rkyen las slob ma'i rgyud la thob dgos pas na de'i sku gsung thugs ye shes rdo rje'i byin rlabs dang yon tan gyis gang zhig phan gnod kyi yul du lci ba dang*/_pad+ma ni 'dam du skyes kyang de yis gos pa med pas/_dri ma dang kha dog gis thams cad mdzes shing dga' bar byed pa bzhin rim brgyud kyi byin rlabs dang ldan pa'i bla ma las sngags kyi dbang tshad ldan nod pas rgyud dang man ngag blta ba dang*/_nyan sgom 'chad pa la dbang*/_las nyon gyi sgrib tshogs byang zhing ngan song med pa dang*/_sid+d+hi ni dbang thob pa tsam gyis mtho ris kyi dbang phyug dang rig 'dzin gyi sa la sbyor ba dang*/_dbang dngos ma thob kyang dkyil 'khor mthong ba tsam gyis mtshams med kyi las byang ba sogs phan yon tshad med pa dag thob pa'i rtsa ba ni bla slob gnyis ka'i rgyud la gnas pa'i thugs kyi ye shes gcig pus byed pas hU~M zhes gsungs pa'o/__/gnyis pa grogs dam tshig dang sbyar ba ni/_dpal gsang ba 'dus pa rtsa ba'i rgyud las/_byang chub thams cad thob pa'i phyir/_/ye shes rdo rje dag gis bya/_/oM ni ye shes snying po ste/_/rdo rje'i sku ni thob byed pa'o/__/AHni byang chub bdag med pa/_/rdo rje'i gsung ni thob byed pa'o/__/hU~M ni sku gsung thugs nyid do/_/rdo rje mi phyed gsum thob pa'o/_/zhes gsungs pa ltar thar pa dang thams cad mkhyen pa'i lam gyi yon tan ma skyes pa bskyed/_skyes pa gong 'phel du byed pa ni bla ma kho na la rag las shing*/_mtshan nyid dang ldan pa'i bla mas rang la rdo rje'i ye shes skyed par mdzad pa'i bla ma de sangs rgyas kun 'dus dkyil 'khor rgya mtsho'i khyab bdag tu bzhugs pas na/_bla ma'i rdo rje gsum dang rang gi sgo gsum dbyer med lha sngags chos sku las ma 'das par shes na dam tshig thams cad der 'du bas na/_oM ni/_sgo gsum mi dge ba las ldog cing lha sngags chos sku las mi 'da' ba ni sku gsung thugs kyi dam tshig yin la/_khyad par du sgo gsum g.yo zol med par ci mnyes kyis bla mar bskur ba dang*/_mched lcam la rtag tu mi 'bral zhing phan 'dogs pa'i bsam pas brtse gdung rgyun mi chad par byams pa'i bya ba gnyis rdo rje sku yi dam tshig_/AHni sngags dang phyag rgyar brtson pa rab 'bring gis dbang len nyin mtshan dus drug gam/_zla zhag lo dus las mi 'da' bar byed pa dang*/_hU~M ni/_gsang ba'i don gzhan la mi smra ba dang*/_bla na med pa'i byang chub kyi sems zung du 'jug pa'i phyag rgya las mi 'da' ba gnyis rdo rje thugs kyi dam tshig ste/_khyad par du 'gro ba mtha' dag ye nas rang bzhin rnam dag yin pas sangs rgyas thams cad kyi sku gsung thugs dang mnyam par sbyor ba ni mnyam pa chen po'i dam tshig ste/_de nyid shes rab dang ting nge 'dzin gyis rtogs shing gom par byas pa las dngos grub thams cad 'byung ba'i phyir brtson par bya'o/__/spyir so byang sngags gsum/_khyad par mdo sgyu sems gsum du yan lag spyad bya spyod pa'i dam tshig bco lnga/_shes bya lta ba'i dam tshig lnga/_bsgrub bya bsgom pa'i dam tshig lngar sa ma ya 'bum sde 'dus pa rdzogs pa chen po'i rgyud rang shar las gsungs shing*/_de dag kyang bla ma'i sku gsung thugs dang mi 'gal bar spyod pa la 'dus te/_dam tshig mchog gi rgyud las/_lus dang ngag dang yid stobs kyis/_/ci nus pa yis bla ma la/_/bsnyen bskur sri zhu sus byas pa/_/'di la mthu dang nus pa'i tshogs/_/byin rlabs thogs pa med par 'byung*/_/zhes gsungs pas/_badz+ra ni/_sku gsung thugs kyi dam tshig bsrungs na sa lam yon tan rtsol med du 'byung zhing*/_mi mthun pa'i phyogs thams cad kyis mi brdzi ba dang*/_gu ru ni/_dam tshig de dag srung ba'i gzhi bla ma'i rdo rje gsum ni khe nyan gyi dpang por lci ba dang*/_pad+ma ni 'dam las skyes kyang dri mas ma gos pa bzhin dam tshig rnam par dag pa bsrung ba nyes ltung gi rnyogs pas mi gos shing*/_dngos grub kyi bcud 'dzin pa'i brda don dang*/_sid+d+hi ni dam tshig ma nyams par bsrungs ba'i 'bras bu dang rdo rje gsang ba'i rgyud las/_bla med sngags kyi dngos grub gang*/_/shin tu brtson pas gang bsgrub pa/_/tshe 'di nyid la sangs rgyas te/_/gdul bya'i zhing du mdzad pa ston/_/grangs med rdo rje 'chang rnams kyis/_/zab mo'i nye lam mthar thug pa'o/__/zhes pas gnas skabs dang mthar thug gi 'bras bu yon tan thams cad bde blag tu thob par byed cing*/_hU~M gis mthar thug sems kyi gnas lugs ji lta ba bzhin rtogs pas phyi snang ba rten med du go_/nang rig pa yul med du rtogs pa'i dus na/_rig pa'i gshis la spang bya gzhi la ma grub pas/_blang dor gyi dgag sgrub gang yang med pa/_gcig pu/_phyal ba/_lhun grub bzhi'i dgongs pa bsrung du med pa'i dam tshig tu la bzla bar bstan pa'o/__/gsum pa bskyed rim lha sngags ting nge 'dzin gsum gyi rnal 'byor ltar bshad pa la/_bsgrub bya'i lha yi dkyil 'khor gyi snying po 'dus tshul bshad pa/_sgrub byed bskyed rim dngos bshad pa gnyis las/_dang po ni/_yang mtsho rgyal gyis zhus pa/_slob dpon chen po lags:_'di lta bu'i phan yon dang nus pa dpag tu med pa rgya chen po gsung pa bka' drin che lags:_ma 'ongs pa'i sems can gyi don du gu ru pad+ma'i 'bru 'grel gyi phan yon dpag tu med na yang mdor bsdus pa zhig gsung bar zhu zhes zhus so:_de nas slob dpon chen pos bka' bstsal pa:_'o rigs kyi bu mo:_badz+ra gu ru zhes pa ni:_nga gcig po'i snying po ma yin te:_yi dam rgyud sde bzhi dang:_theg pa rim pa dgu dang:_chos kyi phung po brgyad khri bzhi stong la sogs pa'i srog snying:_dus gsum sangs rgyas thams cad dang bla ma yi dam mkha' 'gro chos skyong la sogs pa'i snying po 'di la tshang pa'o:_tshang ba'i rgyu mtshan ci lta bu zhig zhe na:_legs par nyon la yid la zungs shig:_bzla bar gyis shig:_'bri bar gyis shig:_oM AHhU~M badz+ra gu ru pad+ma sid+d+hi hU~M:_oM AHhU~M ni sku gsung thugs kyi snying po mchog:_badz+ra rdo rje rigs kyi snying po mchog:_gu ru rin chen rigs kyi snying po mchog:_pad+ma pad+ma rigs kyi snying po mchog:_sid+d+hi las kyi rigs kyi snying po mchog:_hU~M ni bde gshegs rigs kyi snying po mchog:_ces bde gshegs zhi ba rdo rje dbyings rigs lnga dang*/_oM ni rgyal ba rigs lnga longs spyod rdzogs:_AHni chos sku mi 'gyur yongs su rdzogs:_hU~M ni sprul sku gu ru'i drung du rdzogs:_badz+ra he ru ka yi lha tshogs rdzogs:_gu ru bla ma rig 'dzin lha tshogs rdzogs:_pad+ma mkha' 'gro shugs 'gro'i lha tshogs rdzogs:_sid+d+hi nor lha gter bdag kun gyi srog:_hU~M ni chos skyong ma lus kun gyi srog:_ces oM ye shes lnga yi bdag nyid zhi khro rigs lnga dang*/_longs sku bla ma tshe dpag med zhi khro/_AHchos dbyings dgongs pa mi 'gyur ba'i ye shes lha yi phyag rgya gu ru zhi ba'i nang sgrub chos sku gsang ba 'dus pa/_hU~M sprul sku gu ru zhi ba'i thugs sgrub dang mtshan brgyad dgos sgrub/_badz+ra gsang sgrub bla ma drag po dmar mthing dang bka' brgyad/_gu ru rnam pa gu ru la rtsa gsum dang bye brag_/pad+ma ye shes mkha' 'gro rigs lnga/_sid+d+hi gu ru mkha' 'gro nor lha rigs lnga dang gter bdag_/hU~M ye shes lnga las dang 'jig rten gyi chos skyong gi srog sngags 'dus par gsungs pas/_rtsa gsum sangs rgyas byang sems thams cad kyi snying po kun 'dus gcig chog yid bzhin nor bu lta bu'o/__/gnyis pa sgrub byed bskyed rim dngos bshad pa ni/_rang bzhin gzhi rgyud kyi don nges pa'i lta ba dang rjes su mthun par snang srid dag mnyam gyi tshul la blo bcos shing goms pa'i tshul gyis 'jug ste/_de la bskyed pa'i rim pa'am lung gzhan las rjes su dpag pa'i rnal 'byor ram bcos ma'i lam zhes kyang bya/_mdor na kun rdzob 'jig rten skye ba'i rim pa ltar sbyar ba kun rdzob bden pa'i rnal 'byor zhes gsungs la/_mdor na srid pa'i rim pa smin tshul dang mthun par/_oM chos sku de bzhin nyid stong pa chen po'i ting 'dzin/_AHlongs sku 'gag med du shar ba snying rje kun snang gi ting nge 'dzin/_hU~M sprul sku rgyu yi ting 'dzin phyag rgya gcig pa thugs srog sa bon/_badz+ra ni sku gsum dbyer mi phyed pa'i ye shes bde chen thig le nyag cig pa'i sgrub gzhi nyid/_gu ru ni ma dag pa'i phung khams skye mched kyis bsdus pa'i chos 'di dag gi snang gzhi gnyug ma'i phung khams skye mched ye nas gdan gsum tshang ba'i dkyil 'khor du rnam par dag pa nyid rang ngo ma shes na rang rang gi bya ba byed mi nus pas 'khrul pa'i dri ma de sbyong byed/_pad+ma ni mtshan ma'i lha ngo bo rgyud gsum gyi bla ma rig 'dzin/_theg pa rim dgu'i yi dam/_gnas gsum mkha' 'gro'i tshogs te rtsa ba gsum/_rnam pa zhi ba dang khro ba chags bral dang chags bcas/_'khor lo'i dbang phyug dang 'khor gyi tshul du bstan pa'i bye brag bsam las 'das pa phyag rgya spros bcas te/_tshogs lam gyi rnal 'byor bzhi dang*/_de tshom bu tshogs su sgrub pa ste sbyor lam bar chad med pa zag bcas lam gyi rnal 'byor lnga la brten nas skye gnas bzhi'i bag chag sbyang tshul bskyed tshul rnam pa bzhi gang yang rung ba la srog sdom gzer bzhi'i man ngag gnad dang ldan par bsnyen sgrub yan lag bzhis nyams su blang ba/_sid+d+hi phyi bskyed rim gyi gsal snang mthar phyin/_nang rdzogs rim gyis rtsa rlung las su rung*/_de las don dam 'od gsal gyi ye shes mngon du gyur pas/_rnam smin rig 'dzin la dbang bskur/_phyag rgya gcig spros la brtan pa thob nas tshogs kyi sgrub pas chos nyid kyi bden pa mthong yang blo'i nus pa dang nye rgyu'i stobs chung bas ngo bo gdos bcas kyi phung po dang ma bral bas rnam par smin pa'i lus la/_sems nyid lhun grub kyi lha skur smin pa/_lus rgya dang bral ma thag phyag rgya'i rig 'dzin la sbyor ba mtshan nyid sum ldan zag med myang 'das/_dgongs pa rgyu yi theg pa'i mthong lam/_blo nus dang spyod stobs che bas zag pa gsum zad nas skye 'jig med pa rdo rje'i lus grub/_tshe la dbang thob pas lhag bcas myang 'das mdo lam sa brgyad pa dang skal pa mnyam/_ye shes sgyu ma'i skus sprul pa ci yang ston pa'i zhing khams rnams su sprul pa sna tshogs pas gzhan don mdzad pa phyag chen rig 'dzin rgyu'i sa dgu pa dang mnyam/_spang rtogs mthar phyin nas mi slob pa'i rgyal tshab chen po'i sa la sku lnga lhun grub rig 'dzin mdo lam gyi sa bcu gcig pa dang skal pa mnyam pa ste/_hU~M ni rgyu shes pa'i mtshan nyid sgom pa dang*/_lam lnga mthar phyin te mchog thun gyi dngos grub rab 'byams la dbang thob pa'o/__/bzhi pa thun min zab don rdzogs rim rdo rje gsum gyi rnal 'byor ltar bshad pa la spyi dang*/_bye brag mthar thug don dam gyi lam ltar bshad pa gnyis las/_dang po ni/_gtso bor thos bsam sgom pa'i shes rab khyad par can gyi sgo nas chos thams cad rang byung ye shes su ye nas sangs rgyas pa/_bcos ma dang bral ba lhun gyis rdzogs pa'i dkyil 'khor chen por gtan la phab cing bsgoms pas/_lam bgrod nas rang snang sku dang ye shes kyi dkyil 'khor mnyam pa chen por grol bar byed pa/_bcos ma dang bral ba mngon sum pa'i lha'i rnal 'byor gyi lam 'khor bcas rdzogs pa'i rim pa ste/_don dam 'jig rten 'gag pa'i rim pa dang sbyar te rdzogs rim don dam bden pa'i rnal 'byor kun rdzob rang byin rlabs dang*/_rtsa rlung thig le'i rnal 'byor dang gzhan lus la brten pa'i dkyil 'khor 'khor lo/_de dag rnams kyi rgyas 'debs don dam 'od gsal chen po brjod med lhan skyes kyi rim pa dang*/_khyad par rdzogs pa chen po'i lam rnams te/_de'ang rten rdo rje'i lus la brten pa rtsa rlung thig le'i gnad 'ching ba lhun gyis grub pa'i dkyil 'khor lam du byed pas phra ba'i lus ngag yid gsum gdod ma nas mi shigs pa gsum gyi lhar rnams par dag pa mngon du byed pa'i don gyis/_oM ni khams 'phel ba zla ba'i rlung rgyu ba'i g.yon rkyang ma dkar mo sku rdo rje/_AHkhams phra ba nyi ma'i rlung rgyu ba'i g.yas ro ma dmar mo gsung rdo rje/_hU~M ni nam mkha'am/_ye shes kyi rlung rgyu ba'i dbu ma thugs rdo rje/_mdor na sa chu'i dwangs ma sku rdo rje/_me rlung gi dwangs ma gsung rdo rje/_mkha' sems kyi dwangs ma thugs rdo rje ste 'byung lnga sems kyi dwangs ma drug po gnyis gnyis zung du 'jug pa/_gdod nas mi shigs rdo rje gsum gyi sbyang gzhi la/_badz+ra ni rtsa rlung thig le gsum las sbyang bya 'khrul pa'i lus ngag yid gsum/_sbyong byed dbang gong ma gsum dang 'brel ba'i thabs lam khyad par can rnams kyis byed bcings 'od gsal du sbyang nas glo bur gyis sgrib pas skabs mi 'byed pas na gdod ma'i ye shes su thim pa dang*/_gu ru ni sbyangs 'bras bde ba chen po khyab byed du byas pa'i sku gsum gyi yon tan bla na med pa 'grub pas/_pad+ma snyigs ma'i phung khams skye mched dug lnga rgyu 'bras dang bcas pa'i zag bcas thams cad zag med 'pho med mchog tu mi 'gyur ba'i bde ba chen po dang*/_rnam pa kun gyi mchog dang ldan pa'i stong nyid du grol nas/_sid+d+hi ni ma dag snyigs ma'i khams thams cad bde ba'i dbyings su byang nas snang srid thams cad bde chen gyi ngo bor gnas 'gyur te/_rang bzhin du shar ba'i mchog gi dngos grub mngon du gyur te/_hU~M ni 'gyur med rtag pa dam pa'i ye shes mkha' khyab mkha' yi rdo rje thugs kyi gsang ba mthar thug gi don/_rtogs nyams mthar phyin pa'i don yin no/__/gnyis pa bye brag mthar thug gi lam ltar bshad pa ni/_oM ni sangs rgyas rnams kyi sku rdo rje mthar thug pa ste/_ye shes kyi rlung dbyings su 'khyil ba zhes bya ba/_bde chen lhan cig skyes pa'i ye shes kyi rten dag pa rlung gi cha/_bde ba chen po gnyug ma'i sems dang ngo bo gcig pa de nyid stobs su gyur pa'am nar son te/_sngags bla med thun mong ma yin pa'i lugs kyi lus phra rags gsum du phye ba'i rags pa phyi nang gi lus gnyis dang*/_phra ba'i lus kyi nang tshan stong pa gsum gyi bzhon pa'i rlung gi khams mtha' dag shin tu rnam par dag pa'i dbyings su rang bzhin zhi ba nang gnyug ma'i rlung snang stong sgyu 'phrul drwa ba'i phyag rgyar bzhengs pa la 'pho chen 'ja' lus rdo rje'i sku zhes 'dogs pa yin la/_de nyid ni theg mchog rgyal po'i lugs kyi sku rdo rje mthar thug pa'i 'jog tshul yin te/_bla med rgyud gzhan na'ang tshe 'dir sgyu ma'i sku grub pa rnams tshe 'dir 'tshang rgya nges par gsungs shing*/_de'i rab lus shul du bzhag ste/_snying ga'i ye shes sems dpa' tshon gang ba zhig 'tshang rgya ba yin par ma zad bskyed rdzogs gang bsgoms kyang rags pa'i lus dam tshig sems dpa' sprul sku lam byed du bsgom pa'i grub don lus rags pa'i rdzas rgyun kyang sangs rgyas sprul pa'i skur 'gyur nas/_de dang 'di gnyis phyogs mtshungs par shes par nus so/__/AHyig gi mtshan don ni gsung rdo rje ste/_de yang sgyu 'phrul las/_a ni stong dang mi stong gi_/dbu ma dmigs su yod ma yin/_/zhes gsungs pa'i skabs ltar/_spyir sangs rgyas kyi gsung rnam pa thams cad pa gdul bya'i mos pa dang bsam pa tha dad pa'i rjes su 'jug pa/_dbyangs kyi yan lag tshad med pa'i rang bzhin can mtha' dag gsung rdo rje yin mod de/_theg pa'i rgyal po shin tu rnal 'byor gyi lugs thun mong ma yin par/_nges don mi 'gyur ba'i a yig rgyud gzhan du/_snying ga'i dbus na mi shigs pa/_/gsal zhing mar me dag dang mtshungs/_/mi 'gyur mchog tu phra ba ste/_/a ni gtso bo lta bu'o/_/zhes rlung sems mi shigs pa'i ti la ka'i brdar a yig bshad pa dang don gcig par 'od gsal rdo rje rtse mo nang gsal gzhon nu bum sku brjod med rig stong gi thig le ste/_de nyid rjod byed rlung gi 'khor lo'i rang bzhin sgrar snang ba/_dbyings su brjod pa mtha' dag gi rten gzhir gyur pa'ang yin te/_zhib tu skye ba dang 'chi ba'i rim pa'i rlung gi bskyod sdud la mkhas par byas na shes sla ba nyid do/__/hU~M gi mtshan don ni/_rgyal ba rnams kyi thugs rdo rje ste/_bshad ma thag pa'i 'pho chen 'ja' lus rdo rje'i ngo bo nyid sku lhun grub phra ba'i rlung dang ro gcig tu gyur pa'i 'od gsal rang byung gi ye shes mthar thug gi gshis ji bzhin pa'i yin lugs mngon du gyur pa dag pa rab kyi mthar phyin pas rtag tu skye med spros pa bral ba'i de kho na nyid du mnyam par bzhag pa med pa'i rig stong ka nas dag pa la glo bur gyi dri ma rnam par dag pa'i yon tan yongs rdzogs su grub pa'am/_mngon du byas pa ni stobs bcu mi 'jigs bzhi la sogs pa sangs rgyas kyi che ba'i yon tan rab 'byams dang mi phyed pas na rdo rje'i sgra zhugs pa'o/__/de ltar na de bzhin gshegs pa rnams kyi rdo rje gsum gyi yon tan ji snyed cig mchis pa de dag thams cad kyang rgyal dbang pad+mA ka ra'i gsang gsum mi zad rgyan gyi 'khor lo'i rang bzhin du rtsal rdzogs pa yin no zhes bstan/_badz+ra ni dbyings rig gnyis su mi phyed pa'i don te/_de nyid rdo rje lus kyi sbubs su gnas pa'i 'od gsal snang ba mngon sum shar zhing rtsal rdzogs pa'i gnas lus dbus tsit+ta sha yi sgron ma'i dbus nas mig tu 'brel ba'i ka ti shel sbug can gyi nang du/_dbyings rnam dag gi sgron ma phyi nang can dang*/_thig le stong sgron dang*/_rig pa rdo rje lu gu rgyud kyi snang ba rgyang zhags chu'i sgron mas mtshams sbyar ba'i 'od gsal gyi snang ba 'byams klas pa lus bzhugs stangs gsum dang*/_mig gzigs stangs gsum/_rlung gnad 'gro 'ong shin tu dal ba dang*/_rig pa dbyings la gtad pa'i gnad bzhis bzung ste nyams su blangs/_gu ru ni de ltar nyams su blang bas mi slob pa'i yon tan thams cad lam snang du rdzogs pas 'khrul rtog chos dbyings su zad nus pa lci ba'i don/_pad+ma ni dbyings rig gi snang cha rtsal rdzogs/_rim gyis chos nyid mngon sum/_nyams gong 'phel/_rig pa tshad phebs/_chos nyid zad sar 'khyol ba'i phyir mi 'gul ba gsum gyis gzhi bca'/_sdod pa gsum gyis tshad bzung*/_thob pa gsum gyis gzer btab ste/_lam snang bzhi mthar phyin pa dang*/_sid+d+hi ni zag pa rang sar zad/_'byung ba rang sar dengs/_dran pa rang sar grol ba'i gzhon nu bum sku'i dbyings su btsan sa zin te/_hU~M ni mchog gi dngos grub mthar phyin te sku lnga lhun grub gdod ma'i rgyal po kun tu bzang po dang dgongs pa gnyis med du gyur pa'i don no/__/gsum pa sngags kyi phan yon bshad pa la/_spyi dang bye brag bshad pa'o/__/dang po sngags phan yon che ba'i rgyu mtshan ni/_chos thams cad kyi gnas lugs zung 'jug gzhi yi de kho na nyid glo bur gyi dri ma dang bral ba'i gnas skabs kyi zung 'jug gi sku rang byung ye shes kyi bdag nyid can ni nges pa don gyi lha yin la/_de'i ye shes sgyu 'phrul drwa ba sna tshogs su snang ba ma shes par/_gzhan rgyud kyi lha zhig phyogs ga shed na grub grub mo sgo gsum nyi tshe ba yod na/_de yang rdul dang skad cig ma'i chos can yin pas phyogs dus kun tu khyab cing rnam pa thams cad pa'i ye shes kyi sku yang mi 'gyur la/_gang na yod bzhin pa'i phyogs de las gzhan du snang ba ni lha min dgos na yang*/_phyogs bcu'i 'jig rten gyi gdul bya skal pa can rnams kyi spyod yul du sangs rgyas kyi sku cig char snang bar mdzad pa na/_de las gcig sangs rgyas dngos yin gyi gzhan ma yin no zhes smra bar mi nus so/__/des na theg pa chen po'i tshul la blo gros sbyangs te sangs rgyas kyi tshul shes pa tsam ni med du mi rung bar yin no/__/de ltar spyir bstan nas/_skabs su bab pa sngags sogs rang rgyud kyis bsdus pa ltar snang yang gnas lugs chos nyid mnyam pa'i don la rgyu tha dad du ma grub la/_snang tshul ltar na yang don la mi 'gal te/_rang sems kyi snang ba la gzhan du snang ba rmi lam gyi snang ba lta bu dang*/_chos tha dad du ma la rang gi rgyud kyis bsdus pa'i chos gcig yin par snang ba lus lta bu ste/_snang tshul sna tshogs yod kyang don la de ltar ma grub la/_rang rgyud gzhan rgyud kyis bsdus pa gang ltar snang yang rung sngags dang phyag rgyar snang ba nyid kyis sangs rgyas kyi mdzad pa sgrub cing*/_sangs rgyas kyi sar rim gyis 'khrid nus pas na snang ba de nyid bde bar gshegs pa'i ye shes kyi rnam par 'phrul par 'dod kyi/_tha mal gyi snang tshul tsam zhig gis ni chos thams cad la mnga' dbang 'byor ba'i sangs rgyas spyod yul bsam gyis mi khyab pa khegs par mi nus so/__/gzhan yang rmi lam dang ting nge 'dzin dang dbang po'i mngon sum gyi spyod yul du sangs rgyas kyi byin rlabs snang ba yang don la rang snang tsam las gzhan du grub par mi nus te/_rang ngor snang ba yin phan chad rang snang yin par dngos stobs kyi rigs pas grub tshul lung rigs rnams nas rgya cher gsungs pa'i phyir ro/__/des na rang sems dri ma dag pa'i rim pa dang mtshungs par sangs rgyas kyi cho 'phrul dang byin rlabs je mngon du 'gro ba yin la/_mthar dri ma yongs su dag nas gnas lugs mngon du gyur pa na sangs rgyas thams cad kyang rang nyid dang*/_rang nyid kyang sangs rgyas thams cad/_de dus gsum gyi sangs rgyas kun dang gnyis su med pa'i chos nyid ye shes kyi sku brnyes pa yin no/__/des na da lta sangs rgyas rnams rang ngor sngags kyi rnam par byon nas gnas skabs dang mthar thug gi don mdzad pa yin no zhes sngags la yid ches khyad par can bskyed pa ni sngags 'grub pa'i rgyu'i gtso bo yin pas cis kyang gal che'o/__/de ltar yang 'jam dpal dpa' bo gcig pa las/_lha nyid gsang sngags tshul gyis ni/_/dngos grub thams cad stsol mdzad pa/_/sngags pas de nyid bsgoms nas ni/_/de grub na ni 'grub 'gyur te/_/zhes dang*/_dpung bzang gis zhus pa las/_gang zhig las dang rnam smin mkhyen pa yis/_/'gro ba kun la ji ltar mthun pa yi/_/gsang sngags gzugs kyi rjes su 'jug mdzad pa/_/sngags kyi 'dren pa de la phyag 'tshal lo/_/zhes dang*/_sam b+hu Ti las/_sngags kyi gzugs kyi lus can gyi/_/las kyi tshogs ni byed par 'gyur/_/zhes dang*/_bde mchog 'byung ba'i rgyud las/_sngags nyid rnal 'byor ma yi gzugs/_/rnal 'byor ma nyid sngags kyi gzugs/_/ci ste go 'phang mchog 'dod na/_/de gnyis dbye bar mi bya'o/_/zhes so/_/sngags bzla ba'i dang po gu ru'i bla sgrub gang yang rung ba zhig gi dbang bla ma mtshan ldan nas nos te/_sbyor ba gu ru rin po che skyabs gsum kun 'dus su shes pas/_mkha' khyab kyi sems can thams cad gu ru'i thugs rje'i skyabs 'og tu chud par rang gis gsol ba 'debs pa dang*/_dgos pa dang phan yon tshad med pa'i sngags kyi rgyal po bzla ba la sems can thams cad kyi don du yin snyam pa'i sems bskyed dang ldan pa sngon du 'gro bas/_dngos gzhi'i bzlas pa la/_sgra ha cang mi che mi chung ngag mi myur mi dal ba bzhi/_gzhan la smra bzhin du ma yin pa dang*/_g.yeng bzhin du bzlas pa min pa dang*/_sngags 'bru chad pa med pa dang*/_lhag pa med pa dang*/_klad kor sogs yan lag phra mo yang ma nyams pas sgra dag pa dang*/_yi ge rang rang gi skye gnas dang byed pa sogs ma log par zur phyin par brjod pa sgra gsal ba ste yon tan bcu dang ldan par bzlas pa'o/__/thod phreng rtsal gyi bzlas pa dbyangs dang bcas pas bying rgod bsal ba dang*/_thugs dam bskul bar gsungs shing*/_de ltar bzlas pa'i skabs su dran shes bag yod dang ldan pa/_sgo gsum gyi g.yeng ba spang la tshul bzhin du bzla zhing*/_lta sgom dang ma bral bar bya dgos so/__/thun mtshams kyi skabs su 'gal rkyen du gyur pa 'dod yon la g.yeng ba byung na bar chad du shes pas spang*/_nad gdon rnam rtog lang ba sogs mi mthun pa byung na las ngan 'dzad pa yin snyam du mi zhum par bya/_nyams dang 'grogs pa la sogs pa sngags 'grub pa la gnod par gsungs pa thams cad rgyang du dor/_sha chang sogs skabs gzhan du bkag pa rnams gsang sngags kyi skabs su sngags dmigs phyag rgyas phan pa'i rdzas su byin gyis brlab par bya'o/__/sngags 'grub pa'i mthun rkyen du gyur pa tshogs bsags sgrib sbyang ci rigs bya/_rang rgyud dag pa'i phyir dad pa dang*/_dam tshig dam bca' rnams brtan por bzung*/_A li kA li sogs sngags kyi nus pa bskyed pa'i gdams ngag rnams la 'bad/_gos rgyan bza' btung la sogs pa thams cad sngags dmigs phyag rgyas ye shes kyi rol par byin gyis brlab par bya'o/__/spyir sngags kyi nus pa bsam gyis mi khyab kyang gong du smos pa'i sngags 'grub pa'i man ngag dang ldan na nus pa myur du 'byin cing phan yon mthong ba'i chos la 'byung ste/_'jam dpal rtsa rgyud las/_cho ga ldan pa'i sngags kyis ni/_/myur du grub pa rab tu thob/_/ces gsungs pa ltar ro/__/gnyis pa bye brag tu badz+ra gu ru'i phan yon ni/_yul phyogs thams cad la nad mug mtshon gsum dmag 'khrugs lo nyes ltas ngan cho 'phrul ngan pa thams cad bzlog cing:_char chu 'bebs shing lo phyugs legs pa dang yul phyogs la bkra shis par 'gyur ro:_tshe 'di dang phyi ma bar do'i 'phrang gsum la rab dngos:_'bring nyams:_tha ma rmi lam la nga dang yang du mjal zhing:_sa lam rim par rdzogs nas rnga yab gling du rig 'dzin pho mo'i gral du tshud par the tshom med do:_brgya re bzlas pa ma chag na yang gzhan gyis yid du 'ong zhing zas nor longs spyod 'bad med du 'byung:_stong dang khri la sogs pa bzlas na gzhan snang zil gyis gnon zhing byin rlabs dang nus pa thogs pa med par 'grub bo:_'bum dang bye ba la sogs pa bzlas pa byed na:_khams gsum dbang du 'dus:_srid gsum zil gyis gnon:_lha 'dre bran du 'khol:_phrin las rnam bzhi gang la'ang thogs pa med par 'grub cing sems can thams cad la ci bsam pa'i 'gro don dpag tu med pa byed nus par 'gyur ro:_bye ba gsum mam bdun la sogs par bgrang bar nus na dus gsum sangs rgyas rnams dang 'bral ba med cing:_nga dang dbyer mi phyed par lha srin sde brgyad thams cad bka' nyan gsung sdod:_ci bcol ba'i las sgrub cing:_rab tshe 'di la 'ja' lus 'grub:_'bring 'chi khar 'od gsal ma bu 'phrod:_tha ma yang bar dor nga yi zhal mthong nas snang ba rang sar grol te rnga yab gling du skyes nas 'gro don dpag tu med pa 'byung bar 'gyur ro:_zhes gsungs so:_slob dpon chen po lags:_'di lta bu'i phan yon nus pa dpag tu med pa rgya chen po gsungs pa bka' drin che lags:_zhes dang:_oM AHhU~M ni rgyud sde gsum gyi srog:_badz+ra 'dul ba mdo sde gnyis kyi srog:_gu ru mngon pa kr-i ya gnyis kyi srog:_pad+ma u pa yo ga gnyis kyi srog:_sid+d+hi ma hA a nu gnyis kyi srog:_hU~M ni rdzogs chen a ti yo ga'i srog:_oM AHhU~M gis dug gsum las gyur sgrib pa dag:_badz+ra zhe sdang las gyur sgrib pa dag:_gu ru nga rgyal las gyur sgrib pa dag:_pad+ma 'dod chags las gyur sgrib pa dag:_sid+d+hi phrag dog las gyur sgrib pa dag:_hU~M gis nyon mongs las gyur sgrib pa dag:_oM AHhU~M gis chos longs sprul gsum thob:_badz+ra me long lta bu'i ye shes thob:_gu ru mnyam pa nyid kyi ye shes thob:_pad+ma so sor rtog pa'i ye shes thob:_sid+d+hi bya ba grub pa'i ye shes thob:_hU~M gi ye shes las gyur thams cad thob:_oM AHhU~M gis lha 'dre mi gsum 'dul:_badz+ra dri za me lha'i gdon rnams thub:_gu ru gshin rje srin po'i gdon rnams thub:_pad+ma chu lha rlung bdag gdon rnams thub:_sid+d+hi gnod sbyin dbang ldan gdon rnams thub:_hU~M gis gza' dang sa bdag gdon rnams thub:_oM AHhU~M gis pha rol phyin drug 'grub:_badz+ra zhi ba'i las kun thams cad 'grub:_gu ru rgyas pa'i las kun thams cad 'grub:_pad+ma dbang gi las kun thams cad 'grub:_sid+d+hi phrin las las kun thams cad 'grub:_hU~M gis drag po'i las kun thams cad 'grub:_oM AHhU~M gis ban bon byad phur bzlog:_badz+ra ye shes lha yi byad kha bzlog:_gu ru lha srin sde brgyad byad kha bzlog:_pad+ma 'jig rten lha 'dre'i byad kha bzlog:_sid+d+hi klu dang sa bdag byad kha bzlog:_hU~M gis lha 'dre mi gsum byad kha bzlog:_oM AHhU~M gis dug lnga'i dmag dpung 'joms:_badz+ra zhe sdang las gyur dmag dpung 'joms:_gu ru nga rgyal las gyur dmag dpung 'joms:_pad+ma 'dod chags las gyur dmag dpung 'joms:_sid+d+hi phrag dogs las gyur dmag dpung 'joms:_hU~M gis lha 'dre mi gsum dmag dpung 'joms:_oM AHhU~M gis sku gsung thugs kyi dngos grub thob:_badz+ra yi dam zhi khro'i dngos grub thob:_gu ru rig 'dzin bla ma'i dngos grub thob:_pad+ma mkha' 'gro chos skyong dngos grub thob:_sid+d+hi mchog dang thun mong dngos grub thob:_hU~M gis ci bsam dngos grub ma lus thob:_oM AHhU~M gis gdod ma'i zhing khams mthong:_badz+ra shar phyogs mngon dga'i zhing khams mthong:_gu ru lho phyogs dpal ldan zhing khams mthong:_pad+ma nub phyogs bde chen zhing khams mthong:_sid+d+hi byang phyogs las rab zhing khams mthong:_hU~M gis dbus phyogs g.yo med zhing khams mthong:_oM AHhU~M gis sku gsum rig 'dzin thob:_badz+ra sa la gnas pa'i rig 'dzin thob:_gu ru tshe la dbang ba'i rig 'dzin thob:_pad+ma phyag rgya chen po'i rig 'dzin thob:_sid+d+hi lhun gyis grub pa'i rig 'dzin thob:_hU~M gis rnam par smin pa'i rig 'dzin thob:_badz+ra gu ru lan gcig brjod pa yi:_de la gzugs mchis dzam gling snod du chung:_'di nyid mthong thos dran pa'i sems can kun:_rig 'dzin pho mo'i gral du 'khod par nges:_bslu med badz+ra gu ru'i bden tshig la:_gang 'dod bka' bzhin 'grub par ma gyur na:_pad+ma nga yis sems can bslu'o ang:_mi bslu nges pas bka' bzhin bsgrub par gyis:_bzlas pa mi nub rgyal mtshan rtse la phyor:_rlung phog sems can grol bar the tshom med:_yang na sa shing rdo yi logs su bris:_rab gnas byas nas lam la bkram na yang:_mthong ba tsam gyis nad gdon sgrib pa dag:_sa der gnas pa'i lha srin rgyu lam 'chad:_mthing shog dag la gser gyis bris pa 'dogs:_gnod bgegs 'byung pos gnod pa byed mi nus:_shi nas ro dang ma bral bsregs na ni:_'ja' tshon 'khyug cing bde chen 'pho bar nges:_'bri klog 'don pa'i yon tan tshad las 'das:_ma 'ongs sems can don du bkod de sbas:_skal ldan las can bu dang 'phrad par shog:_sa ma ya:_rgya rgya rgya:_log lta can la gsang rgya rgya rgya:_dam tshig can la gtad rgya rgya rgya:_sprul sku karma gling pas gter nas gdan drangs te shog ser las bshus pa'o:_zhes dang*/_'jam mgon zab gter lam zab las/_yang snying 'di bzlas bde gshegs kyi:_gsung rab thams cad bklag dang mtshungs:_ji skad du/_oM dang AHdang hU~M rdo rje gsum gyi bdag:_badz+ra mtshan rtog bral ba chos kyi sku:_gu ru nges pa lnga ldan longs spyod rdzogs:_pad+ma sna tshogs der ston sprul pa'i sku:_sid+d+hi mchog dang thun mong dngos grub ste:_hU~M gis bdag la myur du stsol cig ces:_rdo rje'i sgra dbyangs sgra tshig don dang sbyar:_zhes dang*/_rig 'dzin 'dus pa'i gzhung las/_'di nyid sgrub pa'i rnal 'byor la:_rig 'dzin rgya mtshos byin gyis brlab:_ma dang DA k+kis lung yang ston:_phyi ma rnga yab dpal gyi rir:_the tshom med do sa ma ya:_zhes gsungs pa ltar bdag legs su 'dod pa dag gis bsnyen bzlas la brtson par gces so/__/pre ta pu ri yul gyi ming chags shing*/_/sprel phrug srin mo'i rigs su dman na yang*/_/yid bzhin nor bu gu ru'i gdul zhing du/_/gyur pa'i skal bzang gangs ri'i ljongs tsam pas/_/skad cig tsam gyis sems can sangs rgyas su/_/bsgyur ba'i bka' drin can de rjes dran tshe/_/las nyon 'dam du bying ba bdag 'dra yang*/_/seng ge'i 'o ma las 'phros gser snod 'khyil/_/'phags pa'i rnam thar kun gsal dbang po'i mtha'/_/yid kyi khung bur ma chud las ngan 'ga'/_/mnar med me yi klubs su 'jug spro ba/_/mkhas btsun grags snyan che yang snying rje'i gnas/_/rab 'byams rgyal ba'i spyi gzugs gu ru rje/_/rgyal yum mtsho rgyal zab gsang rdo rje'i mdzod/_thob 'di yid ches phyir mi ldog pa yis/_/'di phyi'i bar do'i blo gtad 'cha' bas 'tshengs/_/gzur gnas rnam dpyod sbraHma ra yi khyu/_/bshad sgrub ka chen bcu dang bzhi zung gi_/tshad ma'i mkhas grub rgyu skar do shal ni/_/sangs rgyas gnyis pa'i ye shes mkha' la bres/_/rnam 'dren bzhi pas lnga bdor rjes brtse ba'i/_/smon lam lnga brgya'i phyag gis 'khyud pa'i rtags/_/mtsho skyes rgyal ba'i mdzad pa'i 'dab stong gis/_/mdzes 'di gnyis min gnyis su snang bar nges/_/bdag blo shin tu phra ba'i khab mig tu/_/mkhas grub gong ma'i zab rgyas gsung gi 'od/_/khungs ldan rdo rje'i gsang sngags sbas pa'i don/_/gsal byed ngag 'dis skal bzang kun dgar byed/_/sgro btags rtog ge'i blo yis lan brgya ru/_/dpyad kyang mi rtogs rang byung rdo rje'i rgyud/_/gsang ba ji bzhin rtogs pa'i skal med mthus/_/log lta'i khur gyis phyir zhing ngan 'gror 'khyam/_/snying gi chu skyes tshal na gu ru rje/_/dad pa'i sri zhu mchod cing bsnyen bkur ba'i/_/mthu las byung snyam dpyad cing 'bad pas bris/_/nongs pa gzur gnas spyan sngar gus pas bshags/_/rab dge dri med ston zla ltar bsil bas/_/lnga bdo'i mun bsal bstan 'gro'i skyed mos tshal/_/phan bde'i sbrang rtsi'i zil mngar rtag 'jo bas/_/don gnyis lhun grub rkang drug rtag rtsen shog_/ces ma hA gu ru'i rdo rje'i gsang sngags 'bru bcu gnyis pa'i dgongs don rnam bshad zhib rgyas zhig bris zhes dam pa'i yon tan nor bu'i rgyan gyis mdzes shing*/_nges gsang snying po'i bstan par sman pa'i thugs bskyed rmad du byung ba mchog sprul pad+ma dbang gi rgyal pos rin po che sna tshogs pa'i gnang skyes dang 'bri gzhi bcas te ched bstsal bzhin/_rang byung rdo rje'i gnas chen stag tshang seng ge bsam 'grub ke'u tshang dang 'dabs 'brel zhing mtha' 'dul gyi gtsug lag skyer chur me stag sa zla'i dkar phyogs la gnyags lugs rdo rje phur pa'i sgrub chen gyi thun gseng du kun mkhyen 'jigs med bstan pa'i nyi ma'i gu ru sid+d+hi'i rnam bshad ku mu ta'i phreng ba sogs mkhas grub gong ma'i gsung gi snang ba la brten nas bris pas yi ge gnyis par dad blo rab yangs o rgyan gzhan phan gyis zhus pa 'dis kyang 'brel tshad ma hA gu ru rdo rje 'chang gis rjes su bzung zhing*/_snyigs ma'i rgud pa mtha' dag zhi bas bstan 'gro'i dpal yon rgyas shing brtan pa'i rten 'byung du smon pa bzhin 'grub par gyur cig_/sarba mang+ga laM/_dge'o//__//

Footnotes

Other Information