DKR-KABUM-02-KHA-004

From Khyentse Lineage - A Tsadra Foundation Project
Revision as of 12:38, 4 November 2022 by WikiBot2015 (talk | contribs)

DKR-KABUM-02-KHA-004

Wylie title DKR-KABUM-02-KHA-004.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "kha"., Text 4, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "KHA" is not a number.

"KHA" is not a number.

[edit]
བླ་མ་མཆོད་པ་གཙོ་ཆེ་བའི་སྐབས་མཆོད་ཕྲེང་རིགས་རྒྱས་པ་སྦྱར་བ་གསུངས་པ་ལྟར་རིགས་མཐུན་གཞན་ནས་འབྱུང་བ་བཞིན་སྤྲོ་ན། དང་པོ་དངོས་འབྱོར་གྱི་མཆོད་པ་ཉེར་སྤྱོད་ཀྱི་འཇུག་ཏུ་གོས་ཟུང་གི་མཆོད་པ་ནི། སུམྦྷ་ནིས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ལྷ་རྫས་ལས་གྲུབ་པའི་ན་བཟའ་སྲབ་ལ་འཇམ་པ་ཡང་བ་ཟུང་དུ་སྦྱར་བ་དང་ལྡན་པར་བསམ་ལ། ཁ་དོག་བཟང་ཞིང་དྲི་ཞིམ་རེག་ན་བདེ། །སྲབ་འཇམ་ཡང་མཛེས་ལྷ་ལས་བྱུང་བ་ཡི། །ན་བཟའི་མཆོག་འདིར་རྡོ་རྗེའི་སྐུ་ལ་འབུལ། །བགྲེས་པ་མེད་པ་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་བཛྲ་ཝ་ས་སྱ་ཨཱཿཧཱུྃ། རིན་ཆེན་སྣ་བདུན་གྱི་མཆོད་པ་ནི། ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ བླ་མ་རྒྱལ་བ་སྲས་བཅས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བླ་མ་རྒྱལ་བ་སྲས་བཅས་ལ། །ནོར་བུ་རིན་ཆེན་འདི་ཕུལ་བས། །བཀྲེན་ཅིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་བ་ཕུན་སུམ་ཚོགས་པར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་མ་ཎི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བཙུན་མོ་རིན་ཆེན་འདི་ཕུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཝསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། བློན་པོ་རིན་ཆེན་འདི་ཕུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང༌། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་མ་ཧཱ་ཏ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། གླང་པོ་རིན་ཆེན་འདི་ཕུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པར་རབ་བཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། རྟ་མཆོག་རིན་ཆེན་འདི་ཕུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཏུ་རངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། འདོད་ཡོན་ལྔ་ཡི་མཆོད་པ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་མཆོག་སྒྲ་སྙན་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་ཤབྟ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་ཙནྡན་སྤྲུལ་སྙིང་དང༌། །ཨ་གར་ནག་སོགས་དབང་པོ་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་མཆོག་གྲུབ་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་གནྡྷེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་རཱ་ས་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་ལུས་སེམས་ཚིམ་བྱེད་རྣམས། །མོས་བློས་བླ་མ་མཆོག་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་རཏྣ་གུ་རུ་ས་པ་རི་ཝཱ་ར་སྤརྴེ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། མཎྜལ་གྱི་མཆོད་པ་ཡང་རྒྱས་པར་ཕུལ། །
[edit]

bla ma mchod pa gtso che ba'i skabs mchod phreng rigs rgyas pa sbyar ba gsungs pa ltar rigs mthun gzhan nas 'byung ba bzhin spro na/__dang po dngos 'byor gyi mchod pa nyer spyod kyi 'jug tu gos zung gi mchod pa ni/__sum+b+ha nis bsang*/__swa b+hA was sbyangs/__stong pa'i ngang las lha rdzas las grub pa'i na bza' srab la 'jam pa yang ba zung du sbyar ba dang ldan par bsam la/__kha dog bzang zhing dri zhim reg na bde/__/srab 'jam yang mdzes lha las byung ba yi/__/na bza'i mchog 'dir rdo rje'i sku la 'bul/__/bgres pa med pa rdo rje'i sku thob shog__/oM rat+na gu ru sa pa ri wA ra badz+ra wa sa s+ya AHhU~M/__rin chen sna bdun gyi mchod pa ni/__oM sarba bid pU ra pU ra/__su ra su ra/__a warta ya a warta ya hoH__bla ma rgyal ba sras bcas la/__/'khor lo rin chen 'di phul bas/__/srid pa'i 'khor lo rgyun bcad de/__/chos kyi 'khor lo bskor bar shog__/oM rat+na gu ru sa pa ri wA ra tsakra rat+na pU dzi te AHhU~M/__bla ma rgyal ba sras bcas la/__/nor bu rin chen 'di phul bas/__/bkren cing phongs pa rgyun bcad de/__/'byor ba phun sum tshogs par shog__/oM rat+na gu ru sa pa ri wA ra ma Ni rat+na pU dzi te AHhU~M/__btsun mo rin chen 'di phul bas/__/ma rig mun pa rgyun bcad de/__/shes rab dbyings kyi don rtogs nas/__/thabs dang shes rab 'brel bar shog__/oM rat+na gu ru sa pa ri wA ra wasti rat+na pU dzi te AHhU~M/__blon po rin chen 'di phul bas/__/phyi nang gsang gsum theg gsum ldan/__/bsam yas bstan pa rab 'dzin cing*/__/yon tan thams cad ldan par shog__/oM rat+na gu ru sa pa ri wA ra ma hA ta rat+na pU dzi te AHhU~M/__glang po rin chen 'di phul bas/__/lta ngan rnams ni rab bsal nas/__/bla med theg par rab bzhon te/__/thams cad mkhyen grong bgrod par shog__/oM rat+na gu ru sa pa ri wA ra hasti rat+na pU dzi te AHhU~M/__rta mchog rin chen 'di phul bas/__/srid pa'i gzeb las nges grol te/__/rdzu 'phrul mchog gi shugs thob nas/__/sangs rgyas zhing du bgrod par shog__/oM rat+na gu ru sa pa ri wA ra tu rang+ga rat+na pU dzi te AHhU~M/__dmag dpon rin chen 'di phul bas/__/nyon mongs dgra las rgyal gyur nas/__/phas kyi rgol ba tshar bcad de/__/snyems bral mchog ni thob par shog__/oM rat+na gu ru sa pa ri wA ra khang+ga rat+na pU dzi te AHhU~M/__'dod yon lnga yi mchod pa ni/__kha dog dbyibs legs yid 'ong rgyan phreng ldan/__/phyogs dus kun na gzugs mchog ci mchis rnams/__/mos blos bla ma mchog la bdag 'bul gyis/__/bzhes shig bla med grub mchog bstsal du gsol/__/oM rat+na gu ru sa pa ri wA ra rU pa kA ma gu Na pU dzi te AHhU~M/__phyogs dus kun na zin dang ma zin pa'i/__/yon tan tshig mchog sgra snyan ci mchis rnams/__/mos blos bla ma mchog la bdag 'bul gyis/__/bzhes shig bla med grub mchog bstsal du gsol/__/oM rat+na gu ru sa pa ri wA ra shab+ta kA ma gu Na pU dzi te AHhU~M/__phyogs dus kun na tsan+dan sprul snying dang*/__/a gar nag sogs dbang po tshim byed rnams/__/mos blos bla ma mchog la bdag 'bul gyis/__/bzhes shig bla med mchog grub bstsal du gsol/__/oM rat+na gu ru sa pa ri wA ra gan+d+he kA ma gu Na pU dzi te AHhU~M/__phyogs dus kun na ro dang bcud ldan pa'i/__/lus sems brtas byed ro mchog ci mchis rnams/__/mos blos bla ma mchog la bdag 'bul gyis/__/bzhes shig bla med grub mchog bstsal du gsol/__/oM rat+na gu ru sa pa ri wA ra rA sa kA ma gu Na pU dzi te AHhU~M/__phyogs dus kun na 'jam mnyen 'khril chags pa'i/__/reg bya'i khyad par lus sems tshim byed rnams/__/mos blos bla ma mchog la bdag 'bul gyis/__/bzhes shig bla med grub mchog bstsal du gsol/__/oM rat+na gu ru sa pa ri wA ra spar+she kA ma gu Na pU dzi te AHhU~M/__maN+Dal gyi mchod pa yang rgyas par phul/__/

Footnotes

Other Information