DKR-KABUM-08-NYA-009

From Khyentse Lineage - A Tsadra Foundation Project
Revision as of 09:32, 4 November 2022 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=dil mgo mkhyen brtse bka' 'bum |collectiontitletib=དིལ་མགོ་...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title DKR-KABUM-08-NYA-009.pdf
Location dil mgo mkhyen brtse bka' 'bum
Volume Expression error: Unrecognized word "nya"., Text 9, Pages (Folios to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation
Genre "NYA" is not a number.

"NYA" is not a number.

[edit]
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་སྒྲུབ་མཆོད་བཅའ་བཤམ་གྱི་ཐོ་དང་འདོན་ཟིན་ཀུན་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ།།


༄༅། །ན་མོ་གུ་རུ་བཛྲ་ཀྲོདྷཱི་ཀཱ་ལི་ཌཱ་ཀི་ནི་མཎྜ་ལ་བྷྱཿ མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་རྒྱས་པར་བྱ་བར་འདོད་པས་ནུབ་དང་པོར་སྟ་གོན་ལ། ཤོམ་འགོད་ནི་གནས་ཁང་རྒྱན་བཀོད་བྱི་དོར་བྱས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་དབུས་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའི་སྟེང་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་མཚོན་བྱེད་མཉྫིའི་ཁར་གསང་བུམ་བྷནྡྷ་མཚན་ལྡན་བླ་མེད་བུམ་རྫས་སོ་ལྔ་དང༌། མ་དཱ་ན་བཟང་པོའི་བདུད་རྩིས་བཀང་བའི་ཁར་སིནྡྷཱུ་རའི་རྡུལ་གྱིས་སྦགས་པའི་མེ་ལོང་ཆོས་འབྱུང་དབུས་སུ་ས་བོན་བྃ་ཡིག་ལ་སྐུ་གསུང་ཐུགས་སྔགས་ཀྱི་ཡིག་མགོ་ཕྱིར་བསྟན་དུ་བསྐོར་བས་བཀབ་པའི་སྟེང་རང་བྱུང་གི་ཤེལ་རྡོ་རྣམས་བརྩེགས་པ་དར་དམར་གྱིས་བཀབ། དེའི་མདུན་དུ་དཀྱིལ་འཁོར་ལྷ་ཚོགས་ཡོངས་རྫོགས་ཀྱི་ཙཀླི། འབྱོར་ན་མདུན་རྒྱབ་གང་དེར་ཐོད་པ་འབྲུ་སྨན་རིན་པོ་ཆེས་གཏམས་པར་གཞུང་མཐུན་འཁོར་ལོ་ཚད་ལྡན། སྒྲུབ་ཆེན་སོགས་ལ་དགོས་ཀྱང་སྒྲུབ་མཆོད་དཀྱུས་མ་ཙམ་ལ་མེད་ཀྱང་རུང༌། མདུན་དུ་རྟེན་གཏོར་དང༌། མཆོད་གཏོར་གཉིས་ མཆོད་གཏོར་ལ་སྐུ་ཙཀ་མི་དགོས། མཆན། གཏོར་དབང་དུ་གསལ་བ་ལྟར་གཏོར་དབང་དུ་མི་གསལ་ཡང་འདས་མཆོད་གཏོར་མའི་བཅའ་རྒྱུན་དུ་རི་རབ་སྟེང་ཆོས་འབྱུང་བསྣོལ་མ་ཞིག་བཞག་སྲོལ་འདུག་གསུངས། མཆན། བཞེངས་པ་ཕག་མགོས་མཚན་པ་དར་གདུགས་སྐུ་ཙཀ་བཙུགས་ཤིང་ཤ་ཁྲག་འབྲུ་སྨན་ལ་ཕུག་སྒོག་ཙོང་ཆང་གླུམ་སོགས་ཟས་སྣས་བསྐོར་བ། གཡས་གཡོན་དུ་ཆོས་སྐྱོང་ཕོ་རྒྱུད། མོ་རྒྱུད། མཁའ་འགྲོ་གསང་འདུས་བཀའ་སྲུང་སྤྱང་ཞོན་མཆེད་གསུམ་ལ་སྨིན་ལུགས་མོ་རྒྱུད་གཏོར་མ་གྲུ་གསུམ་གཙོ་འཁོར་གསུམ་ཅན་མཐེབ་རིལ་གྱིས་མཚན་པ། ཆད་བརྟན་རྒྱུན་བཞག་དང༌། དཀྱིལ་འཁོར་མདུན་དུ་ཞི་དྲག་གི་མཆོད་པ་མཇུག་སྤྲོད་དང༌། དཀྱིལ་འཁོར་དངོས་ལ་ཞི་མཆོད་གཡས་སུ་བསྐོར་བཤམ་བྱ། དཀྱིལ་འཁོར་མདུན་ཤར་ཕྱོགས་སུ་མཉྫའི་ཁར་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་བུམ་པ་མགུལ་ཆིངས་དཀར་པོ་ཆུ་སྣས་བཀང་པ་ཁ་རྒྱན་བཅས་དང༌། མཆོད་སྐོང་སྐབས་གསབ་རྒྱུའི་རིན་པོ་ཆེའི་སྣོད་དམ་དུང་ཆོས་སུ་ཆུ་སྣ་དྲི་བཟང་དང༌། ཆོས་སྨན། གཞུང་གསལ་རྫས་ཀྱིས་སྦགས་པ། ཐུར་མ་བཅས་དང༌། ལྷོ་ཕྱོགས་སུ་རིན་ཆེན་མཁའ་འགྲོའི་སཱཙྪའི་སྐོང་བ་སཱཙྪ་མཆོད་བརྒྱད་མདོག་ལྔ་ལ། གཟུངས་སཱཙྪ་དཀར་པོ་ཞི་བ་ལ། ཨོཾ་བྃ་བཛྲ་བྷ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་ལྃ་བཛྲ་ལོ་ཙ་ན་དྷརྨ་ཀཱ་ཡ་ས་མ་ཡ་པཱུ་ཛ་ཧོཿ ལྃ་བཛྲ་ས་མ་ཡ་ཤུདྡྷེ་ཨཱཿ བདག་ཅག་གི་དམ་ཚིག་ཉམས་ཆགས་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱཿ ཞེས་པས་མཚོན་སྐོང་བའི་སྔགས་ཤམ་སོ་སོར་སྦྱར་བ་སཱཙྪ་མདོག་སོ་སོ་ལ་གཅུག་དགོས། མཆོད་སྐོང་སྐབས་གསབ་རྒྱུའི་སཱཙྪ་ཆུང་ངུ་དཀར་པོ་སྔར་ནས་བཏབ་ཅིང་རབ་གནས་བསྡུས་ཙམ་བྱས་པ་བརྒྱ་རྩ་སོགས་གྲངས་མང་དང༌། འབྲུ་ཁ་དོག་ལྔ་པ་མཆོད་སྐོང་འདོད་གསོལ་སྐབས་འཐོར་ནས། ནུབ་ཏུ་པདྨ་མཁའ་འགྲོའི་མེ་སྐོང་ལ་མེ་ཐབ་ཕྱོགས་བཞི་དབུས་ལྔར་མཆོག་དང་ལས་བཞིའི་དབྱིབས་ཅན་ལྔ་བྱ་བར་གསུངས་ཀྱང་རྒྱུན་དུ་མི་ལྕོགས་པས་ལས་ཀུན་ལྷུན་གྲུབ་ཀྱི་མེ་ཐབ་ལྕགས་ཟངས་ལས་བྱས་པ་གཅིག་ལ་བུད་ཤིང་ལས་མཐུན་གྱི་དབྱིབས་སམ། ལས་བཞིའི་དབྱིབས་ཀུན་ཚང་བར་བརྩིགས། ཡང་ན་བྲིས་ཐབ་བྱས་ཀྱང་རུང༌། སྲེག་རྫས་མར་ཁུ་ཆོས་སྨན་སྦྱར་བ། དགང་བླུགས། ཡམ་ཤིང་མཆོག་དང་ཞི་བར་བལ་བུ་དང་ལྕང་དཀར། རྒྱས་པར་སྟར་ཁམ། ཤུག་པ། དབང་ལ་མཛོ་མོ་ཤིང་དང་འོམ་བུ། དྲག་པོར་སྐྱེར་པ་བྱ། སྦྲང་རྩི། ལན་ཚྭ། མ་དཱ་ན། དུག་ཁྲག་གིས་སྦགས་པའི་འབྲུ་སྨན་དར་ཟབ་རིན་ཆེན་ཟས་སྣ་སོགས་ལས་བཞིའི་རྫས་སྤུངས་ཕྱེ་མར་སྦྱར་བ་དང༌། སྤྲོ་ན་འདོད་གསོལ་སོ་སོའི་རྫས་གཞུང་ལྟར་བྱེ་བྲག་ཏུ་བྱས་བ་དང༌། མེ་ཐབ་འདི་གནས་ཁང་སོགས་ཀྱི་དཀྱིལ་འཁོར་ནུབ་ཏུ་དང་པོ་སྟ་གོན་ནས་བཀོད་པ་སྟབས་མ་བདེ་ན་མེ་སྐོང་སྐབས་ཐབ་བརྩིགས་ཏེ་འབུལ་བ་དང༌། སྒྲུབ་མཆོད་གཞན་ལྟར་སྒྲུབ་ཁང་གི་ཕྱི་རོལ་དུ་མེ་མཆོད་འབུལ་ཀྱང་མི་རུང་བ་མེད། བྱང་དུ་ལས་ཀྱི་མཁའ་འགྲོའི་རླུང་སྐོང་ལ། སྤོས་སྣོད་ལྔའམ་གཅིག་གི་ནང་དུ་གཞུང་མཐུན་གྱི་རྫས་བྱེ་བྲག་པ་སོ་སོ་དང་སྦྱར་བའི་བདུག་སྤོས་ཚོམ་བུ་ལྔ་བཀོད་པ་སྦར་ཆོག་དང༌། རླུང་གཡབ་བཅས་བཞག །རྡོ་རྗེ་ཕག་མོར་མར་མེའི་སྐོང་བ་ཞུན་ཆེན་དང༌། ཆོས་སྨན་གྱིས་སྦགས་པའི་མར་མེ་སྣོད་གཅིག་ཏུ་ལྔ་ཚོམ་དཀྱིལ་འཁོར་མདུན་དབུས་དང༌། བརྒྱ་རྩ་སོགས་གང་འབྱོར་དཀྱིལ་འཁོར་གྱི་མཐའ་དབུས་ཀུན་བཀྲམ། མཁའ་འགྲོ་ཡོངས་རྫོགས་མདོས་ཀྱི་སྐོང་བ་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་ལྗགས་བསྒྲིགས་བཞིན་མདོས་རྫས་ལྡན་པས་དཀྱིལ་འཁོར་གྱི་ཕྱོགས་གང་བདེར་བཀོད། སྨན་རག་གཏོར་མ། གནས་ཁང་ཆུང་བ་སོགས་ལ་རྩ་བའི་དཀྱིལ་འཁོར་མདུན་དུ་སྐོང་དཀྱིལ་འཕྲུལ་སྟེགས་ཆུང་ངུ་ལ་དབུས་སུ་མར་མེ་དང༌། ཕྱོགས་བཞིར་ཆུ་ས་རླུང་མར་མེའི་སྐོང་རྫས་རྣམས་དང༌། མེ་མཆོད་ཐབ་ཟུར་དུ་བྱས་ཀྱང་རུང༌། མདུན་སྟེགས་རིམ་པ་གཉིས་པར་ཉིན་རེ་བཞིན་གནང་རྒྱུའི་སྤྱི་དང༌། བྱེ་བྲག་གི་བཀའ་སྲུང་གི་མཆོད་གཏོར། ཆད་བརྟན། དཀར་བགེགས། ཚོགས་ཀྱི་ཡོ་བྱད་རྣམས་ཀྱང་བཀོད་མཛེས་སུ་བཤམས་ལ། བརྒྱུད་འདེབས་བཏང་ཟིན་པ་དང༌། བསང་ཆུ་སྒྲུབ་པ་ནི། ཨོཾ་བྃ་བཛྲ་བྷཱ་ར་ཧེ་སོགས་ཕག་མོའི་རྩ་སྔགས་ལན་གཅིག་བརྗོད་པས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོས་མ་ནག་མོའི་སྐུར་གྱུར་པའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཨེ་པདྨ་སཱུརྻ་ཏི་ར་བྃ༔ ཆོས་འབྱུང་པད་ཉི་རོའི་གདན་གྱི་སྟེང་དུ་སཿཡིག་ལྗང་གུ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ལས་བྱེད་ཀྱི་མཁའ་འགྲོ་མ་ཀརྨ་དྷཱ་ཀི་ནཱི་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག །གྲུ་མོ་ན་ཁཊྭཱྃ་ག་འཛིན་པ། ཁྲོ་ཞིང་གཏུམ་པའི་ཉམས་ཅན་ཁྲོ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་པའི་སྐུར་གྱུར། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཕཊ༔ བརྒྱ་རྩ་བཟླས་མཐར། ཁྲོ་མོ་འོད་དུ་ཞུ་བ་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། བདག་གནས་ཡོ་བྱད་རྣམས་ལ་བསང་ཆུས་གཏོར་བཞིན་སྔགས་བརྗོད་དོ། །དཀར་གཏོར་འབུལ་བ་ནི་ལས་རྡོར་ནས་དཀར་གཏོར་ལ་བསང་ཆུས་བྲན། ལས་སྔགས་ཀྱིས་བསང༌། རྃ་ཡྃ་ཁྃ་གིས་སྦྱངས། སྟོང་པའི་ངང་ལས་བྷཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿས་མགྲོན་དགུག བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་བསྔོས་ལ། རྡོར་དྲིལ་འཛིན་བཞིན། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། བདག་ཞུ་ཁྱོད་ཀྱིས་བསྩལ་དུ་གསོལ། །ཞེས་བརྗོད་མཐར་དཀར་གཏོར་གསེར་སྐྱེམས་མཆོད། བྷཱུ་མི་པཱ་ཏི་ས་པ་རི་ཝཱ་ར་གཙྪཿས་གཤེགས་སུ་གསོལ། ལྷ་སྟ་གོན་དངོས་ནི་ལུགས་འདིའི་དགོངས་པ་ལྟར་ངག་འདོན་ཙམ་ལས་མེད་པས་ན། བདག་ཉིད་ཁྲོས་མའི་སྐུར་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ གསང་བ་ཀུན་འདུས་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར༔ སློབ་དཔོན་གྱིས་རྡོར་དྲིལ་དང་བཅས་སྤོས་འཛིན་པས། ཨོཾ༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་མཁའ་འགྲོ་གསང་འདུས་ཀྱི༔ ཕོ་བྲང་ཆེན་པོར་འདེབས་འཚལ་ན༔ ཐུགས་རྗེས་དགོངས་ཏེ་གནང་བ་དང༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ལན་གསུམ་གྱིས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་རབ་ཏུ་དགྱེས་པའི་ཚུལ་གྱིས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱེད་ཀྱིས་རང་གཞན་ཕན་གདགས་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་བརླབས་བསམ༔ ཞེས་གསལ་བཏབ་པས་གྲུབ། ཨོཾ༔ སྐུ་ཡི་རང་བཞིན་དུར་ཁྲོད་གཞལ་མེད་ཁང༔ མཎྜལ་དབུས་སུ་བརྟན་པར་བཞུགས་ནས་ཀྱང༔ གཟུགས་ཁམས་བཀོད་པ་རྩ་ཡི་སྣང་ཞེན་སྦྱང༔ རྡོ་རྗེའི་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྃ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་ཨ༔ ཀཱ་ཡ་མཎྜལ་ས་མ་ཡ་སྟྭྃ་ཏིཥྛ་ཨོཾ༔ ཨཱཿ གསུང་གི་རང་བཞིན་བདུད་རྩི་བདེ་བ་ཆེ༔ དཀྱིལ་འཁོར་བར་དུ་བརྟན་པར་བཞུགས་ནས་ཀྱང༔ འདོད་ཁམས་འགྲོ་འོང་རླུང་གི་བྱེད་པ་སྦྱང༔ རྡོ་རྗེའི་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྃ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཝཱཀ་མཎྜལ་ས་མ་ཡ་སྟྭྃ་ཏིཥྛ་ཨཱཿ ཧཱུྃ༔ ཐུགས་ཀྱི་རང་བཞིན་སིནྡྷཱུའི་མཎྜལ་ལ༔ དཀྱིལ་འཁོར་སྟེང་དུ་བརྟན་པར་བཞུགས་ནས་ཀྱང༔ གཟུགས་མེད་ཁམས་དང་རྟོག་སྒྲིབ་བག་ཆགས་སྦྱང༔ རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ ཙིཏྟ་མཎྜལ་ལ་ས་མ་ཡ་སྟྭྃ་ཏིཥྛ་ཧཱུྃ༔ ཧོ༔ དབྱེར་མེད་རྡོ་རྗེ་སེམས་དཔའི་མེ་ལོང་ཆེ༔ ནམ་མཁའི་དབྱིངས་སུ་བརྟན་པར་བཞུགས་ནས་ཀྱང༔ ཁམས་གསུམ་རྩ་རླུང་སེམས་ཀྱི་སྒྲིབ་པ་སྦྱོངས༔ ཡེ་ཤེས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བྃ་བཛྲ་བྷཱ་ར་ཧི་ཀྲོ་དྷཱི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཛྙཱ་ན་མཎྜལ་ལ་ས་མ་ཡ་སྟྭྃ་ཏིཥྛ་ཧོཿ སྐུ་རྟེན་ཙཀླི་སོགས་དབུས་ནས་རིམ་པར་བཀོད་དེ། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ དཀྱིལ་འཁོར་དབུས་སུ་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང༌། བཛྲ་ས་མ་ཡ་སྟྭྃ༔ ཧཱུྃ༔ ཕྱོགས་བཞི་དབུས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་རིགས་བཞིའི་ཚོགས༔ དཀྱིལ་འཁོར་ཕྱོགས་བཞིར་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང༌། བཛྲ་ས་མ་ཡ་སྟྭྃ༔ ཧཱུྃ༔ འཁོར་ལོ་གསུམ་ནས་རབ་བྱུང་གྲུབ་པའི་ལྷ༔ གནས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ གསང་གསུམ་གནས་སུ་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང༌། བཛྲ་ས་མ་ཡ་སྟྭྃ༔ ཧཱུྃ༔ སྒོ་བཞི་མཚམས་བཞིར་རང་བྱུང་གྲུབ་པའི་ལྷ༔ ཕྲ་མེན་ལས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀུན༔ ཕོ་བྲང་སྒོ་མཚམས་དགྱེས་པར་བཞུགས་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས་དང༌། བཛྲ་ས་མ་ཡ་སྟྭྃ༔ ཞེས་བརྗོད་ཅིང་སོ་སོའི་མཚམས་རྣམས་སུ་རོལ་མོ་བྱ། སྒྲུབ་ཆེན་ལྟ་བུའི་དཀྱིལ་འཁོར་ལ་བསྐོར་བ་དང༌། སྐུ་གསུང་ཐུགས་རྟེན་རེ་རེ་བཞིན་ལས་རྡོར་གྱིས་བཀོད་པ་སོགས་མི་གནང༌། དེ་ནས་བུམ་པ་སྟ་གོན་ནི། དཀྱིལ་འཁོར་དབུས་ཀྱི་ཐོད་པ་བསང་སྦྱངས། སྟོང་པའི་ངང་ལས་བྷནྡྷའི་སྣོད་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་བདུད་རྩིའི་རྒྱ་མཚོར་འཁྱིལ་བའི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ། ཕྲ་མེན།་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་པའི་མཚོ་ལ་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཅེས་དམིགས། མཆོད་བསྟོད་ནི། ཧཱུྃ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱིས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ ཧཱུྃ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྣམ་འཕྲུལ་ས་གསུམ་ཁྱབ་པར་སྣང༔ ལས་དང་ཡེ་ཤེས་དངོས་གྲུབ་ཐོགས་མེད་སྩོལ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ལྷ་ལ་བསྟོད༔ གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་བར་གྱུར། ཅེས་མོས་ལ་གཙོ་འཁོར་རྣམས་ཀྱི་སྙིང་པོ་ཇི་ལྟར་འོས་པ་བཟླ། མཐར། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་པར་གྱུར། ཉིན་གཉིས་པར་སྒྲུབ་མཆོད་དངོས་གཞི་ལ། མཁྱེན་བརྩེ་རིན་པོ་ཆེའི་གསུང་གསར་རྙིང་གི་ཆོས་སྤྱོད་སྤྱི་འགྲོ། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སོགས་ཆོས་བསྐུལ་སྔོན་དུ་འགྲོ་བས། སྐྱབས་འགྲོ་རྒྱས་བསྡུས། སེམས་བསྐྱེད། ཚད་མེད་བཞི། ས་གཞི། མཆོད་པ་བྱིན་རླབས་བཅས་རྒྱལ་བ་སྲས་བཅས་སྤྱན་འདྲེན། སྐུ་ཁྲུས་ཕྱི་ཞིང་གོས་འབུལ་བཞུགས་གསོལ་བཅས་བྱས་མཐར། ཚིག་བདུན། བླ་མ་སྐུ་གསུམ་སྐབས་འདིར་སྦྱར་ཞིང་གསོལ་འདེབས་ལེའུ་བདུན་ཚང་བ་སྨིན་ལུགས་ལྟར་ཐུན་མཚམས་རྣམས་སུ་གསུངས། སྔ་འགྱུར་བསྟན་འཛིན་རྒྱ་མཚོའི་གསོལ་འདེབས། མཁྱེན་བརྩེའི་རྣམ་ཐར་གསོལ་འདེབས། རིག་འཛིན་རྩལ་འཆང་ཡབ་སྲས་ཀྱི་གསོལ་འདེབས་སྔོན་དུ་འགྲོ་བས། བརྒྱུད་འདེབས་ཁ་སྐོང་དང་བཅས་བ་བཏང༌། ཕྲིན་ལས་དངོས་ལ་རྒྱུན་ཁྱེར་ལྟར། ས་ཕྱོགས་དག་པའི་ཞིང་ཁམས་སོགས་ཀྱིས་ཚོགས་ཞིང་གསལ་ཏེ། སྐྱབས་འགྲོ། འཇིགས་རུང་འཁོར་བ་སོགས་དང་སེམས་བསྐྱེད། སྡོམ་བཟུང་བཅས་ལན་གསུམ་རེ་བྱ། འདིར་བསང་ཆུ་སྒྲུབ་པ་དང་དཀར་གཏོར་འབུལ་བ་བཅས་སྟ་གོན་སྐབས་ལྟར་བྱ། བགེགས་གཏོར། རྃ་ཡྃ་ཁྃ་གིས་སྦྱངས། ཨོཾ་ཨཱཿཧཱུྃ་ཧོཿ ཞེས་འབྲུ་བཞིས་བརླབ། སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿདང་ལྕགས་ཀྱུའི་རྒྱས་མགྲོན་དགུག ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧཱུྃ་ཧཱུྃ༔ ང་ནི་ཕག་མོ་ཁྲོས་མ་སོགས་ལས་བྱང་གཞུང་གི་བཀའ་བསྒོ། སྲུང་འཁོར། རྒྱུན་ཁྱེར་ལྟར། ཨཱཿ བདག་གི་སྤྱི་བོར་སོགས་རྡོར་སེམས་སྒོམ་བཟླས་ཀྱི་ཡིག་བརྒྱ་ཉེར་གཅིག་སོགས་ཅི་ནུས་ཀྱི་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་སོགས་ཀྱིས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་ཏེ་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ནས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ༔ རི་རབ་གླིང་བཞི་སོགས་མཎྜལ་ཚར་གཅིག་མཐར། ཕྱི་སྣོད་བཅུད་ཀྱི་འབྱོར་པ་སོགས་ངག་འདོན། བླ་མའི་རྣལ་འབྱོར་རྟེན་བསྐྱེད། ཡན་ལག་བདུན་པ་ལན་གསུམ། གསོལ་འདེབས་ལན་གསུམ་དང་ཐོད་ཕྲེང་རྩལ་གྱིས་བཟླས་བ་སྤེལ་ཏེ་བྱ། ཕྲིན་ལས་གཞུང་གི་བཤགས་པ། ཧཱུྃ༔ དགོངས་ཤིག་སོགས་མཐར་རྡོར་སེམས་ཡིག་བརྒྱ་ཚར་གཅིག་དྲིལ་བསིལ། དམ་བཅའ་བ། ཨོཾ༔ དུས་གསུམ་བླ་མ་སོགས་ཀྱི་སྐབས་རྡོ་རྗེ་རྩེ་གཅིག་རྒྱ། རྒྱུན་ཁྱེར་ལྟར་བླ་རྣལ་དབང་བཞི་ལེན་པའི་གསོལ་འདེབས་སྨིན་གླིང་བདེ་ཀུན་བརྒྱུད་འདེབས་བདེ་སྟོང་སྤྲོས་བྲལ་གདངས་གསུངས། བླ་མ་རང་ལ་བསྟིམས་རྗེས། ཕྲིན་ལས་ཀྱི་བྱིན་འབེབས། རང་གི་སྙིང་ག་ནས་སོགས། བཛྲ་ས་མ་ཡ་ཛཿ བསྡུ་རྒྱ་སེ་གོལ་བཅས། རོལ་མོ་བསྐུལ་ནས་བཏང་ལ། རྔ་བསྐུལ་ཏེ། ཧཱུྃ་ཧཱུྃ༔ བརྡལ་བ་ཆེན་པོ་སོགས་གཞུང་ལྟར་བཏང་ལ་བརྒྱུད་གསུམ་རོལ་མོའི་མཐར། ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབ་པར་གྱུར། ཞེས་བརྗོད། མཆོད་པ་བྱིན་བརླབས། སྨན་བྱིན་རླབས་སྐབས་སྒྲོན་ཐུར་གྱིས་ཕྱར། རཀྟ་བྱིན་རླབས་ལ་གཡོན་བསྐོར་དུ་དཀྲུག །གཏོར་མ་བྱིན་རླབས་སྐབས་སྨན་རག་གི་ཟེགས་མས་གཏོར་མ་ལ་བྲན་པ་རྣམས་ལན་གསུམ་རེ་བྱ། ཏིང་འཛིན་རྣམ་གསུམ་བཀའ་བརྒྱད་ལྟར་དབྱངས་རེས་མོས་དང་བཅས་ལྷུག་འདོན། ཧཱུྃ་ཧཱུྃ༔ སྟོང་པའི་ངང་ལས་སོགས་ནས་རྔ་བསྐུལ། རིགས་བཞིའི་མཁའ་འགྲོའི་ལྷ་བསྐྱེད་རྗེས་དཔའ་བོ་དཔའ་མོའི་སྒྲུབ་ཐབས་ལྡེབ་འཕྱང་སྦྱར། ཧཱུྃ༔ སྙིང་པོ་འཁོར་ལོ་སོགས་རྔ་བསྐུལ། ཧཱུྃ༔ ལུས་ནི་སོགས་ནས་ལྷུག་འདོན། ཀཱ་ཡ་ལ་རྡོ་རྗེ་རྩེ་ལྔའི་རྒྱ་དཔྲལ་བ། ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཝཱཀ་བཛྲ་ཨཱཿ རྩེ་གསུམ་རྒྱ་མགྲིན་པ། ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་ཙིཏྟ་བཛྲ་ཧཱུྃ༔ རྩེ་གཅིག་རྒྱ་སྙིང་གར་བཞག ཧཱུྃ༔ ཐབས་ཀྱི་སོགས། ཨོཾ་གུང་མོ་སྤྱི་གཙུག །ཧཱུྃ་མཛུབ་མོ་དཔྲལ་བ། ཏྲཱྃ་སྲིན་མཛུབ་རྣ་ལྟག་གཡས། ཧྲཱིཿམཐེ་བོང་ལྟག་པ། ཨཱཿཨ་བྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔གིས་མཐེའུ་ཆུང་རྣ་ལྟག་གཡོན་དུ་བཞག །རྔ་རོལ་དབྱངས་དང་བཅས་ཏེ་སྤྱན་འདྲེན། བཞུགས་གསོལ། ཕྱག་འཚལ། ཧཱུྃ༔ ཡན་ལག་བརྒྱད་སོགས་རྔ་མེད། རྟ་དང་བཅས་སྔགས་རྣམས་ཕྱག་རྒྱ། སེ་གོལ། ཤབྡ་མཆོད་སིལ། ཧཱུྃ༔ དབང་པོའི་མེ་ཏོག་མགོར་གསུམ་བརྡུང་གིས་འདོན། ཤབྡ་ལ་ཌཱ་རུ་དཀྲོལ་ཐེངས་གསུམ། རྐང་གླིང་བཞི་འབུད། སྨན་བརྒྱུད་མཆོད་མཐར་དངོས་གྲུབ་ལེན། བསྟོད་པའི་མཐར། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནཱི་མཎྜལ་སྥ་ར་ཎ་ཕཊ༔ ཅེས་པས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོ། སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར། ཞེས་ཛཔ་ཁང་ཟབ་ཁྲིད་ལྟར་དབྱེ། ཧཱུྃ་ཧཱུྃ༔ མཁའ་འགྲོ་རྒྱ་མཚོ་སོགས་ཀྱིས་ཛཔ་བསྐུལ་བྱ། ཌཱ་རྐང་མཆོད་སིལ། ཛཔ་བསྐུལ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས། བཛྲ་བྷཱ་ར་ཧི་སྐུ། བཻ་རོ་ཙ་ན་གསུང༌། ཧ་རི་ནི་ས་ཐུགས། ཧཱུྃ༔ ཕྱོགས་བཞིའི་གནས་ནས༴ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་རིགས་བཞིའི་ཚོགས༔ བཟླས་པའི་ཕྲིན་ལས༴ མཆོག་ཐུན་དངོས་གྲུབ༴ རིགས་བཞིའི་སྔགས། ཧ་བཛྲ། རི་རཏྣ། ནི་པདྨ། ས་ཀརྨ། རིགས་བཞིའི་མཁའ་འགྲོ། ཧཱུྃ༔ འཁོར་ལོ་གསུམ་ནས་རང་བྱུང༴ གནས་ཡུལ་ཉེར་བཞིའི་དཔའ་བོ་རྣལ་འབྱོར་མ༔ བཟླས་པའི་ཕྲིན་ལས༴ མཆོག་ཐུན་དངོས་གྲུབ༴ སྐུ་གསུང་ཐུགས་སྔགས། ཙིཏྟ་ཙཀྲ །ཝཱཀ་ཙཀྲ །ཀཱ་ཡ་ཙཀྲ །འཁོར་ལོ་གསུམ་གྱི་དཔའ་བོ་མཁའ་འགྲོའི་བཟླས་པ་ཚང་བ་དང༌། ཧཱུྃ༔ སྒོ་བཞི་མཚམས་བཞིར་རང་བྱུང༴ ཕྲ་མེན་ལས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀུན༔ བཟླས་པའི་ཕྲིན་ལས༴ མཆོག་ཐུན་དངོས་གྲུབ༴ ལས་དང་དམ་ཚིག་མཁའ་འགྲོའི་སྔགས། ཨོཾ་ས་ཀརྨ་ཨོཾ་ཤཱནྟིཾ། བྷཱུྃ་པུཥྚིཾ། ཧྲཱིཿཝ་ཤཾ། ཧཱུྃ་མཱ་ར་ཡ་ལས་དང་དམ་ཚིག་གི་བསྙེན་པ། ལས་བཞིའི་ཤམ་སོ་སོར་སྦྱར། སྟོང་ཚིག །ཐུགས་དགོངས་གསལ་འདེབས་བཞི་དྲིལ་བཅས་བཏང་མཐར། ཧཱུྃ་བཟླས་ཅུང་ཟད་བྱ། སྟ་གོན་སྐབས་ལྟར་ཐོད་བུམ་སྒྲུབ། དཀྱུས་སུ་མཆོད་བསྟོད་མི་དགོས། གཙོ་འཁོར་གྱི་བསྙེན་བཟླས་ཚང་བར་སྦྱར། ཟུར་བྱང་ལྟར་མཆོད་བསྟོད་ནོངས་བཤགས། ཌཱ་ཀིའི་ཡིག་བརྒྱ་མཐར། བུམ་ལྷ་འོད་ཞུ། ཕྲིན་ལས་གཞུང་གི་གཏོར་འབུལ། ཆོས་སྐྱོང་སྤྱི་དང༌། བཀའ་སྲུང་སྤྱང་ཞོན་མཆེད་གསུམ་གཏོར་འབུལ་བཅས་བྱ། མཆོད་སྐོང་དབུར། ཧཱུྃ༔ གསང་བ་མཆོག་སོགས་ལྷུག །མཆོད་སིལ། སུཾ་བྷ་ནིའི་སྔགས་སྦྱར། ཚོགས་ཞུས། རོལ་མོ་བླངས་ཏེ་ཚོགས་བྱིན་རླབས་ནས་རྔ་འདོན་གྱིས་སྤྱན་འདྲེན་ཚིག་བཞི་རེའི་མཚམས་ཌཱ་རུ་དཀྲོལ་ཐེངས་རེ་མཛད། ཕྱི་ནང་མཆོད་པ། དྲག་མཆོད་ལ་ཌཱ་རྐང༌། ཚོགས་མཆོད་པའི་སྐབས་ཚོགས་རྫས་བཏེགས། སྨན་རག་སྐབས་གཏོར་མ་ལ་སྨན་རག་བྲན། མར་མེ་བཏེགས་མི་དགོས། བཤགས་པ་རྡོར་སེམས་ཡིག་བརྒྱ་བཅས། ཚོགས་བསྒྲལ་བའི་སྐབས། ཨོཾ་ས་ཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི1$0000250[WP:5,80][WP:5,205]1$0000300ཾ་ཤ་ཏྲཱུན་མཱ་ར་ཡ་ཧཱུྃ་ཕཊ༔ རང་ཉིད་ལས་བྱེད་ཀྱི་མཁའ་འགྲོ་མ་ཀརྨ་དྷཱ་ཀི་ནཱིའི་སྐུར་གྱུར། ཨེ་ཡཾ་རཾ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་དམིགས་རྟེན་གསལ་བ་ལ། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་སོགས། ཁྱད་པར་དུ་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་ཁྲོས་མ་ནག་མོ་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་ལྷ་ཚོགས་རྡོ་རྗེ་ཆོས་སྐྱོང་བའི་བཀའ་སྡོད་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཨོཾ་ས་ཀརྨ་དྷཱ་ཀི་ནཱི་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲཱུན་བི1$0000250[WP:5,80][WP:5,205]1$0000300ཾ་བཛྲ་ཨངྐུ་ཛཿ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཛྲ་ཨ་བེ་ཤ་ཡ་ཨ་ཨཿ སྒོ་བཞིའི་དབྱེ་དབབ་ཀྱི་སྔགས་རྒྱ་བརྗོད་ཅིང་གཡབ་རོལ་སོགས་མཐོང་བརྒྱུད་ལྟར་བྱ་བའི་དགུག་པ་ཚར་གཅིག་དང༌། སློབ་དཔོན་གྱིས་ཕུར་བུ་ཐོགས་ལ། ཧཱུྃ་ཧཱུྃ༔ རྡོ་རྗེ་ཁྲོས་མ་དབྱིངས་ནས་སོགས་མཆོད་སྐོང་དཀྱུས་ལྟར་བྱའོ། །བསྒྲལ་རོལ་བཞག་རྗེས། མ་ཧཱ་མཱྃ་ས་རཀྟ་སོགས་ཞལ་སྟབ་ལྷུག །བསྐང་རྫས་བྱིན་རླབས་ལྷུག་འདོན། ནམ་མཁའ་མཛོད་རྒྱ་བཅས་སྔགས་ལན་གསུམ་མཐར། རོལ་མོ་ཐེངས་གསུམ་ཟིལ། གསུམ་བརྡུང་གིས་བསྐང་ཆོག་བཏང༌། གཙོ་མོ་སུམ་བརྡུང་རེ་རེའི་རྟགས་ཡིན། མཆན། མཁའ་འགྲོ་རིགས་བཞི། ཐུགས་གསུང་སྐུའི་འཁོར་ལོ་གསུམ་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ། གཞན་ཡང་ཕྱོགས་བཅུ་ཧཱུྃ་ཧཱུྃཿ བསྐང་ངོ་གསོལ་ལོ་མཆོད་དོ་སོགས་སོ་སོའི་ཚིག་མཚམས་སུ་སུམ་བརྡུང་གིས་བཏང་ལ་ཌཱ་ཀིའི་ཡིག་བརྒྱ་ཚར་གཅིག་བཟླ། བསྐང་བ་གྲངས་བསགས་པ་སོགས་ལ་འབྲིང་པོ་བྱེད་ན། གཙོ་མོ། རིགས་བཞི། འཁོར་ལོ་གསུམ་སོ་སོར་ལན་གསུམ། ལས་དང་དམ་ཚིག་གི་མཁའ་འགྲོ། གཞན་ཡང་ཕྱོགས་བཅུ་བཅས་འགྲེས་བྱང་ལན་རེ་སྦྱར་བས་འཐུས། གཞན་ཡང་ཚོགས་འབྲིང་བསྡུས་གཏེར་གཞུང་རྗེ་བླ་མ་མཁྱེན་བརྩེའི་ཞབས་དང༌། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེས་མཛད་པ་དང༌། ཚོགས་འབུམ་བསགས་ན་རྗེ་བླ་མ་དྷརྨ་མ་ཏིའི་གསུང་རྣམས་ཀྱང་སྐབས་ཐོབ་གང་འོས་སྦྱར། འབྱུང་ལྔའི་སྐོང་བ་ལ། རེས་མོས་བྱ་བ་ལས་མི་ལྕོགས་པས། ཉིན་དང་པོར་རྡོ་རྗེའི་མཁའ་འགྲོའི་ཆུ་སྐོང་ལ། ཨོཾ་བྃ་བཛྲ་བྷཱ་ར་ཧི་སོགས་རྩ་སྔགས་ལན་གཅིག་གིས་བདག་ཉིད་ལྷའི་ང་རྒྱལ་བཟུང༌། ཨོཾ་ས་ཀརྨ་དྷཱ་ཀི་ནཱིས་བསང་ཆུས་ཆུ་སྐོང་གི་བུམ་པ་ལ་བྲན་པ་སྐོང་བ་འོག་མ་ཐམས་ཅད་ལ་འགྲེ། ཧཱུྃ༔ རང་བྱུང་ཡེ་ཤེས་སོགས་ནས་ལྷུག །སྤྱན་འདྲེན། བཞུགས་ཕྱག་མཆོད། བསྟོད་རྟ་སྦྱར། སྤྱི་དྲིལ་གྱི་བཟླས་པ་ཅུང་ཟད་སྔོན་དུ་འགྲོ་བས། ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་སོགས་རྟ་སྦྱར་མཐར། སྤྱི་དྲིལ་སྔགས་མཐར། ཨོཾ་བྃ་བཛྲ་མཱ་མ་ཀི་སོགས་ཆུ་སྐོང་གི་སྔགས་སྦྱར་བ་གྲངས་བསགས། ལས་རྡོར་གྱིས་ཆུ་སྣ་རྫས་ལྡན་ཆུ་སྐོང་གི་བུམ་པར་ཕུལ། གྲངས་རྫོགས་པ་དང༌། བདག་ཅག་དཔོན་སློབ་སོགས་འདོད་གསོལ་ལན་རེ་སྦྱར། འབྱུང་ལྔའི་མཆོད་སྐོང་འདི་དག་གི་འདོད་གསོལ་ཀུན་གཟིགས་མཁྱེན་བརྩེ་རྡོ་རྗེ་འཆང་གི་གསུང་དངོས་གཏེར་སྟོན་བསོད་རྒྱལ་གྱིས་ཕྱག་ཐོ་བཀོད་པའང་ཡོད་པས་སྦྱར་ན་ལེགས་ཞེས་གསུངས། མཆན། དེ་འདྲ་ལན་གསུམ་སོགས་རྗེས་ཡམས་ནད་ཞི་བའི་རྫས་དང་ཆུ་སྦྱར་བ་ཕུལ་ཏེ་སྤྱི་དྲིལ། ཨོཾ་བྃ་བཛྲ་མཱ་མ་ཀི་སོགས་མཐར། སརྦ་ཛྭ་ར་པྲ་ཤ་སོགས་བཏགས་པ་ལན་བདུན་ཙམ་མཐར། ལྷ་ཚོགས་རྣམས་ཀྱི་གཙུག་ཏོར་དུ་ཕུལ་བར་མོས་ཞེས་བརྗོད་མཐར་སྔགས་གསུམ་དང་མཆོད་རོལ། དམིགས་བསལ་ཡམས་ནད་ཞི་བ་སོགས་དགོས་པ་དང་འབྲེལ་ན་སྔགས་དང་རྫས་འདི་གྲངས་བསགས་དགོས་པ་འོག་མ་ཀུན་ལ་འགྲེ། ཚུལ་དེས་དུས་འཁྲུགས་ཞིབ། ཚེ་སྤེལ་བ། ཡེ་ཤེས་རྒྱས་པ་རྣམས་སྔགས་བདུན་ཙམ་གྱིས་ཕུལ་ཅིང་མཐར། དེ་ལྟར་ཕུལ་བས་སོགས་ནས། མཆོད་བསྟོད། ནོངས་བཤགས། ལྷ་འོད་ཞུ་རྗེས། ལས་རྡོར་ནས་དཀྱིལ་འཁོར་ལ་ཁྲུས་གསོལ་དང་བཅས། གང་འདིར་བཅོམ་ལྡན་འདས་སོགས་ནས། ཁྲུས་ཀྱི་ཁང་པ༴ དེ་བཞིན་གཤེགས་པ༴ ཇི་ལྟར་བལྟམས་པ༴ འདི་ནི་ཁྲུས་མཆོག༴ རྒྱལ་བའི་སྐུ་གསུང་ཐུགས༴ དེ་དག་སྐུ་ལ༴ དེ་ནས་དེ་ལ༴ ཁྲུས་ཆུ་སླར་བུམ་པར་བླུགས་ཏེ་རྡོ་རྗེ་མཁའ་འགྲོའི་ཡིག་བརྒྱ་བཟླ་བཞིན་འདུས་པར་ཁྲུས་ཆབ་བཀྱེ་ཞིང་འཐོར་འཐུང་བྱ། ཉིན་གཉིས་པར་ས་སྐོང་ལ། སྤྱིར་སཱཙྪ་རིགས་ལྔ། བྱེ་བྲག་སཱཙྪ་དཀར་པོ་རབ་བརྒྱ་རྩ་སོགས་གསུངས་ཀྱང་འདུས་པའི་གྲངས་མཉམ་ངེས་པར་དགོས། སྦྱངས་ཁྲུས་སྔོན་དུ་འགྲོ་བས་རབ་གནས་བསྡུས་ཙམ་དགོས་པས་མཆོག་གླིང་ཟླ་བའི་བདུད་རྩི་ལྟ་བུས་རུང༌། བདག་ཉིད་ལྷའི་ང་རྒྱལ་བཟུང་བས་གཙོ་མོའི་སྔགས་དང༌། ལས་སྔགས་སྐབས་སཱཙྪ་ལ་བསང་ཆུས་བྲན་པ་སྔར་བཞིན་རྗེས། ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སྐད་ཅིག་གིས་སོགས། བྱིན་རླབས་སྔགས་ལན་གསུམ། འདོན་པ་རྒྱས་པའི་སྐབས་མཆོད་སྐོང་དྲུག་ཀ་རེ་རེ་བཞིན་བྱིན་བརླབས་རྗེས་སྤྱན་འདྲེན་བཞུགས་ཕྱག་མཆོད་བསྟོད་འགྲེས་བྱང་སྦྱར་སྲོལ་ཡོད་གསུངས་ཀྱང་རྗེ་བླ་མས་དེ་སྐབས་ཆུ་མེ་གཉིས་ལས་གཞན་ལ་སྦྱར་མ་མཛད། སྤྱི་དྲིལ་དང་ས་སྐོང་སྔགས་གཉིས་སྦྲེལ་བསགས། ལས་རྡོར་ནས་སཱཙྪ་ཁ་བསབ། འདོད་གསོལ་སྐབས་ལས་མདོག་གི་མེ་ཏོག་འཐོར། ལན་གསུམ་སོགས་ཕུལ་རྗེས། ཉམས་ཆགས་སྦྱངས་པ། ཚེ་བསྲིང་བ་སོགས་ལས་བཞི་མཆོག་དང་ལྔ་བཅས་རྫོགས་པ་དང༌། ལྷ་ཚོགས་རྣམས་སོགས་མཐར། སྤྲོ་ན་མཁའ་འགྲོའི་སྨྲེ་བཤགས་མཐར། མཆོད། བསྟོད། མཁའ་འགྲོ་མ་ཡི་དཀྱིལ་འཁོར་སོགས། རྡུལ་ཕྲ་རབ་ཏུ་གྱུར་ཞེས་པའི་སྐབས་ལས་རྡོར་གྱིས་འདུས་པ་སོ་སོའི་སྤྱི་བོར་སཱཙྪ་བཀོད་ལ། ཌཱ་ཀིའི་ཡིག་བརྒྱ་བཟླས་མཐར། དེ་ལས་བདུད་རྩིའི་སོགས་འདོན་སྐབས་སཱཙྪ་བསྡུས་ནས་དལ་དུ་བཀོད། ཉིན་གསུམ་པར་མེ་སྐོང་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜེ་ཧོཿས་དྲིལ་བུ་བསིལ་ནས་དཀུར་བསྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་པཱུ་ཛ་ཧོཿས་རྡོར་དྲིལ་ཐུགས་ཀར་བསྣོལ་ནས་འཁྱུད་རྒྱ་བཅས་བྱིན་རླབས་བྱས་ལ་མེ་མཆོད་མ་གྲུབ་བར་རྡོར་དྲིལ་ལག་ཏུ་མི་འབྲལ་བར་བཟུང་དགོས། རྩ་སྔགས་ཀྱིས་ང་རྒྱལ་བཟུང༌། ལས་སྔགས་ཀྱིས་མཆོད་སྲེག་གི་རྫས་རྣམས་བསང༌། ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་སོགས་ཀྱིས་མཆོད་སྲེག་གི་རྫས་བྱིན་རླབས་བྱ། ཨགྣེ་ཛྭ་ལ་རཾགྱིས་མེ་སྤར། ཧཱུྃ་ཧཱུྃ་ཧཱུྃ་གིས་རླུང་གཡབ། ཐབ་ལ་བསང་ཆུས་བྲན། ལས་སྔགས་བརྗོད། ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི༴ ལྷ་བསྐྱེད། སྤྱན་འདྲེན་རྗེས། དགང་བླུགས་ཐོགས་ལ་འོག་གི ཧཱུྃཿ ཐབས་དང་ཤེས་རབ༴ སྔགས་ལན་བདུན་གྱིས་བྱོན་སྐྱེམས་འབུལ། བཞུགས་གསོལ། ཕྱག །མཆོད་བསྟོད། སྤྱི་དྲིལ་སྔགས་མཐར། མ་ཧཱ་ཛྙཱ་ན་ཨ་མྲྀ་ཏ་སརྦ་པཱུ་ཛ་ཧོཿས་མར་ཁུ་དང༌། ཡམ་ཤིང་བདུན་སོགས་ཕུལ། ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་སོགས། སྤྱི་དྲིལ་སྔགས་མཐར། ཨོཾ་ཨཱཿཧཱུྃ་བྃ་པཎྜ་ར་བ་སི་མ་ཧཱ་ཛྙཱ་ན་ཨ་མྲྀ་ཏ་སརྦ་པཱུ་ཛ་ཧོཿ རྫས་སྤུངས་ལན་ཉེར་གཅིག་སོགས་འབུལ། ཡུངས་ཀར། སྨན་སྣ། སོགས་ལས་བཞིའི་རྫས་ཐམས་ཅད་རྫོགས་པ་དང༌། ཏིང་ངེ་འཛིན། མཆོད། བསྟོད། མ་ཧཱ་ཛྙཱ་ནས་མར་ཁུ་གཤེགས་སྐྱེམས་ལན་བདུན་འབུལ། ནོངས་བཤགས། སརྦ་ཌཱ་ཀི་ནི་སོགས་ཀྱིས་མེ་དཀྱིལ་གཤེགས་བསྡུ་བྱའོ། །ཉིན་བཞི་པར་རླུང་སྐོང་ལ། ལས་རྡོར་གྱིས་ཕྱོགས་བཞི་དབུས་ལྔའི་སྤོས་རྣམས་མེ་སྦརར། བསང་ཆུས་བྲན་ཏེ་རྩ་སྔགས་དང་ལས་སྔགས་སྔོན་དུ་འགྲོ་བས། ཧཱུྃ༔ ཡེ་ཤེས་རང་བཞིན་ཁྱད་པར་སོགས་བྱིན་བརླབས་སྔགས་ལན་གསུམ་མཐར། ཧཱུྃ༔ འཇིག་རྟེན་རབ་འབྱམས་སོགས་ནས་རླུང་གཡབ་ཀྱིས་སྤོས་དུད་དཀྱིལ་འཁོར་ལ་བཏང་སྟེ་སྤྱི་དྲིལ་དང༌། རླུང་སྐོང་གི་སྔགས་སྦྲེལ་བ་གྲངས་བསགས། མཚམས་སུ་རྣལ་འབྱོར་པ་སོགས་འདོད་གསོལ་ལན་གསུམ་སོགས་མཐར་མཆོད་སིལ། ལས་བཞིའི་སྔགས་སོ་སོ་བརྗོད་རིམ་བཞིན་རླུང་གཡབ་ཀྱིས་ཕྱོགས་སོ་སོ་ནས་གཡབ། སྔགས་ཐམས་ཅད་རྫོགས་པ་དང༌། དེ་ལྟར་དགྱེས་མཆོད་ཕུལ་སོགས་མཆོད་བསྟོད་ནོངས་བཤགས་རྗེས། ལྷ་རྣམས་ལས་འོད་ཟེར་སོགས་བརྗོད་སྐབས་ལས་རྡོར་ནས་འདུས་པར་སྤོས་ཀྱིས་བསང་བདུག་བྱ། ཁྱད་པར་མར་མེའི་སྐོང་བ་ནི་སྒྲུབ་མཆོད་ཚུགས་ནས་མ་རྫོགས་བར་ཉིན་རྟག་པར་སྦྱར་དགོས་པས། མར་མེའི་ནང་ཆོས་སྨན་དང༌། ཞུན་ཆེན་གཙང་མ་ཡོད་ན་བསྲེ། རྩ་སྔགས་དང་ལས་སྔགས་བརྗོད་སྐབས་མར་མེ་ལ་བསང་ཆུས་བྲན། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་དབྱིངས་སོགས་བྱིན་རླབས་ལན་གསུམ་བརྗོད། ཧཱུྃ༔ སྣོད་བཅུད་འཇིག་རྟེན་སོགས་ནས། སྤྱི་དྲིལ་སྔགས་དང་མར་མེའི་སྐོང་སྔགས་སྤྲེལ་ཏེ་གྲངས་བཟུང༌། མཚམས་སུ་འདོད་གསོལ་སྤེལ་བ་ལན་གསུམ་ལས་མི་ཉུང་བར་བྱ། ལས་བཞིའི་སྔགས་ཤམ་རྫོགས་པ་དང༌། དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་སྣང་བ་རྒྱས་པར་བསམ། ཨོཾ་བྃ་བཛྲ་བྷཱ་ར་ཧིའི་ཛཔ་དབྱངས་ལ། ཕུང་པོ་རྟེན་གྱི་སྐོང་བ་བཞི་དབྱངས་རེས་མོས་བཅས་ཚིག་མཚམས་སོ་སོར་མཆོད་སིལ། ཨོཾ་བཛྲ་ཛྙཱ་ན་སོགས་སྐབས་ལས་རྡོར་གྱིས་མར་མེ་ལྔ་ཚོམ་གདོང་དཀྱིལ་ལ་བསྟན་ནས་སྨིན་མཚམས་སུ་བཏེགས་ཏེ་འདུས་པས་མར་མེའི་སྨོན་ལམ་གདབ། ཉིན་ལྔ་བར་མདོས་སྐོང་ལ། སྔོན་ཆད་མདོས་བཅས་སྤྱི་འགྲོ་བསགས་ཏེ་སྔགས་དྲུག་ཕྱག་དྲུག་གི་བྱིན་རླབས་བཅས་རྡོ་རྗེ་བདུད་རྩིའི་སྔགས་སྲུང་གི་འཁྲུགས་སྐོང་དང༌། སྙིང་ཐིག་གི་མདོས་སྐོང་སྲིད་པ་གཞིར་བཞེངས་གྲངས་བསགས་དང༌། མ་མོའི་འཁྲུགས་སྐོང་སྦྱར་སྲོལ་མཛད་འདུག་ཀྱང་ཕྱིས་སུ་རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ལྗགས་བསྒྲིགས་ཉིད་གསུང་སྲོལ་མཛད་པས་ན། རྩ་སྔགས་དང་ལས་སྔགས་སྐབས་མདོས་བསང་ཆུས་བྲན། བྱིན་བརླབས། མདོས་ལྷར་བསྐྱེད་གྲུབ་རྗེས། རྔ་རོལ་དབྱངས་དང་བཅས་ཏེ་སྤྱན་འདྲེན་བསྟོད་པའི་བར་འགྲེས་བྱང་བཞིན་དང༌། མདོས་གཞུང༌། ཧཱུྃ༔ ང་ནི་རྡོ་རྗེ་ཁྲོས་མ་སོགས་ནས་སྨྲེང་རྫོགས་པ་དང་བཞག་རོལ་བྱ། མདོས་འབུལ་སྔགས་སྤྱི་དང་བྱེ་བྲག་འདོད་གསོལ་བཅས་པས་རིམ་བཞིན་ཕུལ་ལ་མདོས་རྫས་བསབ། མདོས་གྲངས་བསགས་ན་སྙིང་ཐིག་གི་མདོས་སྐོང་སྦྱར། དབང་ལེན་གྲུབ་རྗེས་མདོས་དཀྱིལ་བསྡུ་གཤེགས་ཉིན་ཐ་མ་བར་མི་མཛད། ཉིན་ཕྱི་མ་རྣམས་སུ་མདོས་སྐོང་རྒྱས་པ་མི་འགྲུབ་སྐབས་སྔགས་དྲུག་ཕྱག་དྲུག་སྔོན་འགྲོས་སྙིང་ཐིག་མདོས་བསྐང་སྦྱར་བར་མཛད། གང་ལྟར་ཡང་སྐོང་བ་བྱེ་བྲག་བ་རྣམས་རྫོགས་པ་དང༌། མཁའ་འགྲོའི་སྨྲེ་བཤགས། ཧཱུྃ༔ དངོས་པོ་སྟོང་ཉིད་སོགས་དོན་སྐོང་ཉིན་རྟག་པར་སྦྱར་དགོས་སོ། །འདས་མཆོད་ཚེས་༢༠་ནས་སྟ་གོན་མཛད་སྐབས་ཚེས་༢༥་ཉིན་འབྱུང་ལྔ་མདོས་སྐོང་ཁྱུག་ཙམ་གཏང་དགོས་པ་དང༌། སྐབས་སེང་གང་བྱུང་ཞིག་ཏུ་གནས་ལུང་མཛད་སྐབས་རྡོ་རྗེ་མཁའ་འགྲོའི་ཆུ་སྐོང་བཏང་ནས་བུམ་པ་དམིགས་བསལ་དུ་བསྒྲུབ། སྐོང་བ་རིགས་གྲུབ་པ་དང༌། ཁོ་བོས་བྱས་པའི་གནས་ལུང་གི་ཆོ་ག་ལྷན་སྐྱེས་ཐུགས་རྗེའི་ཕོ་ཉ་མཐར་ཆགས་སུ་བཏང་བས་གྲུབ་བོ། །ཚོགས་དྲངས་པའི་སྐབས་བསམ་པ་ལྷུན་གྲུབ་ཀྱི་ལས་ཅན་འགྲོ་བའི་མགོར་མཚམས་བཞག །ལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་བསྣོལ་མར་སྟོབ་ལ། ཧོ༔ རྡོ་རྗེ་རྣལ་འབྱོར་སོགས་ཀྱིས་དྲངས། སློབ་དཔོན་གྱིས། ཧོ༔ ཡེ་ཤེས་མཁའ་འགྲོ་སོགས་ཀྱིས་བླངས་ལ། ལས་ཅན་འགྲོ་བའི་དོན་དུ་སོགས་བསམ་ལྷུན་མཐར་དབྱུང༌། ཨོཾ་སྭ་སྟི་སིདྡྷཾ། རྡོ་རྗེ་འཆང་ཆེན་རྡོ་རྗེའི་རིག་པ་འཛིན་སོགས་མཁྱེན་བརྩེའི་གསོལ་འདེབས་གང་འོས་གསུངས་རྗེས། གཙང་ལྷག་བཏང༌། ལས་རྡོར་གྱིས་ལྷག་ཞུས་སྔོན་དུ་འགྲོ་བས། ཁ་ཕྲུ་བཏབ། ཨོཾ་ཨཱཿཧཱུྃ་པཉྩ་སོགས་ཀྱིས་བརླབས་ལ། ལྷག་རྟ་དང་བཅས་ལྷག་མ་དཀྱིལ་འཁོར་བྱང་ཤར་དུ་བསགས། སྒྲུབ་པ་གྲོལ་བ་དང་ཕྱི་རོལ་དུ་ལྷག་མ་རྣམས་བསྐྱལ། ཨེ་མ་ཀེ་རི་ཀེ་རི་སོགས་རྡོ་རྗེའི་གླུ་བླངས། བསྐུལ་གཏོར་མེ་སྒྲོན་ཅན་བཤམས་ལ། མཁའ་འགྲོ་ཀུན་དགའ་འབུམ་པའི་ཟབ་གཏེར་མ་རྒྱུད་མཁའ་འགྲོ་གསང་བ་ལམ་ཁྱེར་གྱི་བསྟོད་བསྐུལ་ལ། གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ་སོགས་འཇམ་མགོན་དྷརྨ་མ་ཏིའི་ཁ་སྐོང་ཅན་སྦྱར། ཉིན་ཐ་མའི་སྐབས་སྔར་མདོས་སྐོང་གི་རྗེས། མདོས་དཀྱིལ་དམ་ཡེ་དབྱེར་མེད་སོགས་བཏང་ལ་མདོས་དང་བསྐུལ་བ་བཅས་ཕྱི་རོལ་དུ་འབུལ། གསོལ་ཀའི་གཏོར་འབུལ། རྗེ་བླ་མ་ཡེ་ཤེས་རྡོ་རྗེའི་གསུང་ཆད་མདོ། གཞུང་གི་བརྟན་མ། རྟ་བྲོ། ཉིན་ཐ་མའི་སྐབས། མཁའ་འགྲོ་མ་ཡི་དཀྱིལ་འཁོར་སོགས་ཀྱིས་དངོས་གྲུབ་རྫས་བྱིན་རླབས་ཀྱི་ཛཔ་བཟླ། སྒྲུབ་པ་གྲོལ་ཉིན། ཧཱུྃ༔ ཡན་ལག་བརྒྱད་དང་སོགས་ཉེར་སྤྱོད་དང༌། བསྟོད་པ་རྒྱས་པ་བཏང་རྗེས། ཧཱུྃ༔ རྡོ་རྗེ་ཕག་མོའི་ལྷ་ཚོགས་སོགས་ཀྱི་ཐོད་པའི་བདུད་རྩི་དང༌། སྒྲུབ་རྫས་རྣམས་དངོས་གྲུབ་བླང་ཞིང་རོལ། རྒྱུན་གྱིས་རྗེས་རིམ་ལ་གཏང་རག་མགོར། ཧཱུྃ༔ གནས་ཁང་དུར་ཁྲོད་སོགས་ལས་བྱང་དབུའི་མཆོད་པ་བྱིན་རླབས་སྔོན་འགྲོས། དངོས་འབྱོར་ཡིད་ཀྱིས་སོགས་དང་བསྟོད་པ་ནོངས་བཤགས་བཅས་དཀྱུས་ལྟར་བྱ། རྟེན་བཞུགས། བསྡུ་ལྡང༌། བསྔོ་སྨོན། ཤིས་བརྗོད། མཁའ་འགྲོ་གསང་འདུས་ལམ་རིམ་འོག་མིན་བགྲོད་པའི་ཐེམ་སྐས་དང༌། རྒྱལ་བའི་བསྟན་པ་སོགས་སྐབས་བབས་ཀྱི་བསྔོ་སྨོན་རྒྱས་པར་བཏང་བས་གྲུབ་པའོ། །རྫོང་གསར་གཟིམ་ཆུང་དུ་འདས་མཆོད་འདི་འཇམ་མགོན་རིན་པོ་ཆེས་བཀའ་གནང་ནས་ཐོག་མར་ཀུན་གཟིགས་མཉྫུའི་ཞབས་སྐུ་གཤེགས་པའི་ཕྱི་ལོ་ནས་རྗེ་བླ་མ་རྣམ་གཉིས་ཀྱི་ཐུགས་སྲས་ཉེ་གནས་ཆེན་པོ་ཉག་བླ་བློ་གྲོས་བཟང་པོས་ལོ་བསྟར་བཙུགས་པ་དང་ཡབ་རྗེ་རིག་འཛིན་འགྱུར་མེད་ཚེ་དབང་རྒྱ་མཚོ་འཇམ་མགོན་རྣམ་གཉིས་ཞལ་བཞུགས་སྐབས་འཚོགས་གྲལ་ཕེབས་པའི་ཕྱག་བཞེས་ཚད་ལྡན་ལྟར་ཡིན་པ་བཀའ་ལས་ཐོས་སོ། །ཞེས་པའང་འཇམ་དབྱངས་བླ་མའི་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་ཀྱི་སྨིན་གྲོལ་གསན་པའི་གཏང་རག་ཏུ་ཚུལ་འདིའི་སྒྲུབ་ཆེན་མྱོང་གྲོལ་བདུད་རྩིའི་སྨན་སྒྲུབ་དང་འབྲེལ་བར་ཚུགས་པ་ལ་ཉེར་མཁོར་གྱུར་པ་དང༌། མདོ་ཁམས་སྡེ་དགེ་རྫོང་གསར་སྒང་སྣ་མཆོག་སྤྲུལ་རིན་པོ་ཆེས་བཀའ་ཡང་ཡང་བསྩལ་བ་བཞིན་འོག་མིན་བླ་མའི་གདན་ས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོའི་འདས་མཆོད་ལོ་བསྟར་མཁའ་འགྲོ་གསང་འདུས་ཀྱི་སྒྲུབ་མཆོད་ཐེངས་གསུམ་དང༌། རྗེ་བླ་མའི་ཞབས་བརྟན་ཚོགས་འབུམ་བཅས་གུས་པས་སྒྲུབ་པའི་སྐལ་བཟང་ཐོབ་པའི་ཚེ་དབུ་མཛད་བགྱིས་སྐབས་བཀའ་བསླབ་དང་ཕྱག་ལེན་སྐོར་བཀའ་འདྲི་ཞུས་པས་དེ་སྐབས་ཀྱི་ཟིན་ཐུན་བཀོད་པ་ཉིད་སླར་ཞལ་གསལ་རྒྱས་པར་བཀོད་པ་པོ་སྔགས་བཙུན་རྒན་པོ་བཀྲ་ཤིས་དཔལ་འབྱོར་རམ་པདྨ་དབང་ཆེན་དགྱེས་པ་རྩལ་གྱིས་ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཀྱི་བྱེ་བྲག་སྤ་གྲོ་སྐྱེར་ཆུའི་གཙུག་ལག་ཁང་དང་འདབས་འབྲེལ་པའི་བསམ་གཏན་གྱི་སྤྱིལ་བུ་བཀྲ་ཤིས་དགའ་འཁྱིལ་དུ་བཀོད་པ་འདིས་ཀྱང་གྲོང་ཁྱེར་གསུམ་གྱི་ཡིད་ཅན་ཐམས་ཅད་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་དུ་དབུགས་དབྱུང་བའི་རྒྱུར་གྱུར་ཅིག། །།
[edit]

@#/__/mkha' 'gro gsang ba kun 'dus kyi sgrub mchod bca' bsham gyi tho dang 'don zin kun gsal me long zhes bya ba bzhugs so//


@#/_/na mo gu ru badz+ra krod+hI kA li DA ki ni maN+Da la b+h+yaH_mkha' 'gro gsang ba kun 'dus kyi dkyil 'khor sgrub mchod rgyas par bya bar 'dod pas nub dang por sta gon la/_shom 'god ni gnas khang rgyan bkod byi dor byas pa'i gung du gzhung mthun gyi sku rten bkram pa'i spyan sngar stegs dbus ras bris kyi dkyil 'khor bkram pa'i steng sku gsung thugs kyi dkyil 'khor mtshon byed many+dzi'i khar gsang bum b+han+d+ha mtshan ldan bla med bum rdzas so lnga dang*/_ma dA na bzang po'i bdud rtsis bkang ba'i khar sin+d+hU ra'i rdul gyis sbags pa'i me long chos 'byung dbus su sa bon ba~M yig la sku gsung thugs sngags kyi yig mgo phyir bstan du bskor bas bkab pa'i steng rang byung gi shel rdo rnams brtsegs pa dar dmar gyis bkab/_de'i mdun du dkyil 'khor lha tshogs yongs rdzogs kyi tsakli/_'byor na mdun rgyab gang der thod pa 'bru sman rin po ches gtams par gzhung mthun 'khor lo tshad ldan/_sgrub chen sogs la dgos kyang sgrub mchod dkyus ma tsam la med kyang rung*/_mdun du rten gtor dang*/_mchod gtor gnyis _mchod gtor la sku tsaka mi dgos/_mchan/_gtor dbang du gsal ba ltar gtor dbang du mi gsal yang 'das mchod gtor ma'i bca' rgyun du ri rab steng chos 'byung bsnol ma zhig bzhag srol 'dug gsungs/_mchan/_bzhengs pa phag mgos mtshan pa dar gdugs sku tsaka btsugs shing sha khrag 'bru sman la phug sgog tsong chang glum sogs zas snas bskor ba/_g.yas g.yon du chos skyong pho rgyud/_mo rgyud/_mkha' 'gro gsang 'dus bka' srung spyang zhon mched gsum la smin lugs mo rgyud gtor ma gru gsum gtso 'khor gsum can mtheb ril gyis mtshan pa/_chad brtan rgyun bzhag dang*/_dkyil 'khor mdun du zhi drag gi mchod pa mjug sprod dang*/_dkyil 'khor dngos la zhi mchod g.yas su bskor bsham bya/_dkyil 'khor mdun shar phyogs su many+dza'i khar rdo rje mkha' 'gro'i chu skong bum pa mgul chings dkar po chu snas bkang pa kha rgyan bcas dang*/_mchod skong skabs gsab rgyu'i rin po che'i snod dam dung chos su chu sna dri bzang dang*/_chos sman/_gzhung gsal rdzas kyis sbags pa/_thur ma bcas dang*/_lho phyogs su rin chen mkha' 'gro'i sAts+tsha'i skong ba sAts+tsha mchod brgyad mdog lnga la/_gzungs sAts+tsha dkar po zhi ba la/_oM ba~M badz+ra b+ha ra hi kro d+hI kA li ha ri ni sa a be sha ya d+hA ka d+hA ki ni sarba sid+d+hi hU~M:_oM AHhU~M la~M badz+ra lo tsa na d+harma kA ya sa ma ya pU dza hoH_la~M badz+ra sa ma ya shud+d+he AH_bdag cag gi dam tshig nyams chags nyes ltung dri ma'i tshogs thams cad shAn+tiM ku ru swA hAH_zhes pas mtshon skong ba'i sngags sham so sor sbyar ba sAts+tsha mdog so so la gcug dgos/_mchod skong skabs gsab rgyu'i sAts+tsha chung ngu dkar po sngar nas btab cing rab gnas bsdus tsam byas pa brgya rtsa sogs grangs mang dang*/_'bru kha dog lnga pa mchod skong 'dod gsol skabs 'thor nas/_nub tu pad+ma mkha' 'gro'i me skong la me thab phyogs bzhi dbus lngar mchog dang las bzhi'i dbyibs can lnga bya bar gsungs kyang rgyun du mi lcogs pas las kun lhun grub kyi me thab lcags zangs las byas pa gcig la bud shing las mthun gyi dbyibs sam/_las bzhi'i dbyibs kun tshang bar brtsigs/_yang na bris thab byas kyang rung*/_sreg rdzas mar khu chos sman sbyar ba/_dgang blugs/_yam shing mchog dang zhi bar bal bu dang lcang dkar/_rgyas par star kham/_shug pa/_dbang la mdzo mo shing dang 'om bu/_drag por skyer pa bya/_sbrang rtsi/_lan tshwa/_ma dA na/_dug khrag gis sbags pa'i 'bru sman dar zab rin chen zas sna sogs las bzhi'i rdzas spungs phye mar sbyar ba dang*/_spro na 'dod gsol so so'i rdzas gzhung ltar bye brag tu byas ba dang*/_me thab 'di gnas khang sogs kyi dkyil 'khor nub tu dang po sta gon nas bkod pa stabs ma bde na me skong skabs thab brtsigs te 'bul ba dang*/_sgrub mchod gzhan ltar sgrub khang gi phyi rol du me mchod 'bul kyang mi rung ba med/_byang du las kyi mkha' 'gro'i rlung skong la/_spos snod lnga'am gcig gi nang du gzhung mthun gyi rdzas bye brag pa so so dang sbyar ba'i bdug spos tshom bu lnga bkod pa sbar chog dang*/_rlung g.yab bcas bzhag_/rdo rje phag mor mar me'i skong ba zhun chen dang*/_chos sman gyis sbags pa'i mar me snod gcig tu lnga tshom dkyil 'khor mdun dbus dang*/_brgya rtsa sogs gang 'byor dkyil 'khor gyi mtha' dbus kun bkram/_mkha' 'gro yongs rdzogs mdos kyi skong ba rgyal dbang karma pa mkha' khyab rdo rje'i ljags bsgrigs bzhin mdos rdzas ldan pas dkyil 'khor gyi phyogs gang bder bkod/_sman rag gtor ma/_gnas khang chung ba sogs la rtsa ba'i dkyil 'khor mdun du skong dkyil 'phrul stegs chung ngu la dbus su mar me dang*/_phyogs bzhir chu sa rlung mar me'i skong rdzas rnams dang*/_me mchod thab zur du byas kyang rung*/_mdun stegs rim pa gnyis par nyin re bzhin gnang rgyu'i spyi dang*/_bye brag gi bka' srung gi mchod gtor/_chad brtan/_dkar bgegs/_tshogs kyi yo byad rnams kyang bkod mdzes su bshams la/_brgyud 'debs btang zin pa dang*/_bsang chu sgrub pa ni/_oM ba~M badz+ra b+hA ra he sogs phag mo'i rtsa sngags lan gcig brjod pas/_rang nyid skad cig gis rdo rje khros ma nag mo'i skur gyur pa'i thugs ka nas ra~M ya~M kha~M 'phros pas ma dag pa'i dngos 'dzin thams cad bsregs gtor bkrus te stong par sbyangs/_stong pa'i ngang las bsang chu'i steng du e pad+ma sUr+Ya ti ra ba~M:_chos 'byung pad nyi ro'i gdan gyi steng du saHyig ljang gu:_s+pha ra Na phaT:_saM ha ra Na hU~M:_'phro 'dus yongs su gyur pa las/_las byed kyi mkha' 'gro ma karma d+hA ki nI sku mdog ljang nag zhal gcig phyag gnyis gri gug dang thod khrag_/gru mo na khaT+wA~M ga 'dzin pa/_khro zhing gtum pa'i nyams can khro mo'i chas thams cad kyis brgyan pa'i skur gyur/_oM sa karma d+hA ki nI phaT:_brgya rtsa bzlas mthar/_khro mo 'od du zhu ba chu'i rdul phra rab tu gyur/_bdag gnas yo byad rnams la bsang chus gtor bzhin sngags brjod do/__/dkar gtor 'bul ba ni las rdor nas dkar gtor la bsang chus bran/_las sngags kyis bsang*/_ra~M ya~M kha~M gis sbyangs/_stong pa'i ngang las b+hU~M las rin po che'i snod yangs shing rgya che ba'i nang du gtor ma kha dog dri ro nus pa phun sum tshogs par gyur/_oM AHhU~M lan gsum brjod/_b+hU mi pA ti sa pa ri wA ra badz+ra sa ma ya dzaHsa mgron dgug_b+hU mi pA ti sa pa ri wA ra a kA ro btags pa lan gsum gyis bsngos la/_rdor dril 'dzin bzhin/_gang dag 'dir gnas lha dang klu/_gnod sbyin srin po'am gzhan dag la/_dkyil 'khor don du sa phyogs 'di/_bdag zhu khyod kyis bstsal du gsol/_/zhes brjod mthar dkar gtor gser skyems mchod/_b+hU mi pA ti sa pa ri wA ra gats+tshaHsa gshegs su gsol/_lha sta gon dngos ni lugs 'di'i dgongs pa ltar ngag 'don tsam las med pas na/_bdag nyid khros ma'i skur gsal ba'i:_thugs nas 'phros pa'i 'od zer gyis:_gsang ba kun 'dus dkyil 'khor lha:_mdun gyi nam mkhar spyan drangs gyur:_slob dpon gyis rdor dril dang bcas spos 'dzin pas/_oM:_mkha' 'gro 'dus pa'i lha tshogs rnams:_sngon gyi thugs dam rjes dgongs la:_dkyil 'khor dgyes pa bskyed pa dang:_slob ma rnams la snying brtse bas:_gnas 'dir mkha' 'gro gsang 'dus kyi:_pho brang chen por 'debs 'tshal na:_thugs rjes dgongs te gnang ba dang:_snod bcud byin gyis brlab mdzad gsol:_lan gsum gyis gsol ba btab pas lha tshogs rnams rab tu dgyes pa'i tshul gyis/_rdo rje slob dpon snying rje che:_khyed kyis rang gzhan phan gdags phyir:_sgrub pa'i cho ga tshul bzhin gyis:_bde gshegs rgyal bas byin rlob 'gyur:_gnang ba bstsal nas 'od du zhu:_bdag dang gnas la thim pa yis:_tha mal snang zhen rab sbyangs te:_ye shes chen pos byin brlabs bsam:_zhes gsal btab pas grub/_oM:_sku yi rang bzhin dur khrod gzhal med khang:_maN+Dal dbus su brtan par bzhugs nas kyang:_gzugs khams bkod pa rtsa yi snang zhen sbyang:_rdo rje'i sku yi dngos grub bstsal du gsol:_oM ba~M badz+ra b+hA ra hi kro d+hI kA li ha ri ni sa a be sha ya a:_kA ya maN+Dal sa ma ya s+t+wa~M tiSh+Tha oM:_AH_gsung gi rang bzhin bdud rtsi bde ba che:_dkyil 'khor bar du brtan par bzhugs nas kyang:_'dod khams 'gro 'ong rlung gi byed pa sbyang:_rdo rje'i gsung gi dngos grub bstsal du gsol:_oM ba~M badz+ra bai ro tsa nI ye ha ri ni sa hU~M phaT:_wAka maN+Dal sa ma ya s+t+wa~M tiSh+Tha AH_hU~M:_thugs kyi rang bzhin sin+d+hU'i maN+Dal la:_dkyil 'khor steng du brtan par bzhugs nas kyang:_gzugs med khams dang rtog sgrib bag chags sbyang:_rdo rje'i thugs kyi dngos grub bstsal du gsol:_oM ba~M ha ri ni sa hU~M phaT:_tsit+ta maN+Dal la sa ma ya s+t+wa~M tiSh+Tha hU~M:_ho:_dbyer med rdo rje sems dpa'i me long che:_nam mkha'i dbyings su brtan par bzhugs nas kyang:_khams gsum rtsa rlung sems kyi sgrib pa sbyongs:_ye shes mchog gi dngos grub bstsal du gsol:_oM ba~M badz+ra b+hA ra hi kro d+hI kA li ha ri ni sa a be sha ya gu h+ya dz+nyA na bo d+hi tsit+ta ma hA su kha hU~M hU~M:_dz+nyA na maN+Dal la sa ma ya s+t+wa~M tiSh+Tha hoH_sku rten tsakli sogs dbus nas rim par bkod de/_hU~M:_dbus kyi phyogs nas rang byung grub pa'i lha:_bcom ldan khyab bdag bde chen khros ma nag:_dkyil 'khor dbus su dgyes par bzhugs nas kyang:_mchog thun dngos grub ye shes char du phob:_rtsa sngags dang*/_badz+ra sa ma ya s+t+wa~M:_hU~M:_phyogs bzhi dbus nas rang byung grub pa'i lha:_bcom ldan las kyi mkha' 'gro rigs bzhi'i tshogs:_dkyil 'khor phyogs bzhir dgyes par bzhugs nas kyang:_mchog thun dngos grub ye shes char du phob:_rtsa sngags dang*/_badz+ra sa ma ya s+t+wa~M:_hU~M:_'khor lo gsum nas rab byung grub pa'i lha:_gnas yul nyer bzhi'i dpa' bo rnal 'byor ma:_gsang gsum gnas su dgyes par bzhugs nas kyang:_mchog thun dngos grub ye shes char du phob:_rtsa sngags dang*/_badz+ra sa ma ya s+t+wa~M:_hU~M:_sgo bzhi mtshams bzhir rang byung grub pa'i lha:_phra men las byed mkha' 'gro'i tshogs rnams kun:_pho brang sgo mtshams dgyes par bzhugs nas kyang:_mchog thun dngos grub ye shes char du phob:_rtsa sngags dang*/_badz+ra sa ma ya s+t+wa~M:_zhes brjod cing so so'i mtshams rnams su rol mo bya/_sgrub chen lta bu'i dkyil 'khor la bskor ba dang*/_sku gsung thugs rten re re bzhin las rdor gyis bkod pa sogs mi gnang*/_de nas bum pa sta gon ni/_dkyil 'khor dbus kyi thod pa bsang sbyangs/_stong pa'i ngang las b+han+d+ha'i snod dur khrod rol pa'i gzhal yas khang du bcud ye shes bdud rtsi'i rgya mtshor 'khyil ba'i dbus su bcom ldan 'das ma rdo rje khros ma nag mo/_phyogs bzhir snying po'i mkha' 'gro rigs bzhi/_de rgyab gnas yul gyi dpa' bo mkha' 'gro/_phra men/ dang dam tshig gi mkha' 'gro'i tshogs kyis bskor ba dwangs pa'i mtsho la zla skar shar ba bzhin skad cig gis gsal bar gyur/_ces dmigs/_mchod bstod ni/_hU~M:_dngos 'byor yid kyis rnam sprul pa'i:_phyi nang gsang ba'i mchod rdzas kyis:_ye shes mkha' 'gro'i lha tshogs mchod:_bzhes nas dam skong dngos grub stsol:_oM sarba dz+nyA na d+hA ki nI sa pa ri wA ra badz+ra ar+g+haM pAd+yaM puSh+pe d+hU pe A lo ke gan+d+he nai wi d+ya shab+da rU pa shab+da gan+d+he rA sa spar+she pra tIts+tsha swA hA:_ma hA pany+tsa a mr-i ta rak+ta ba ling+ta khA hi:_hU~M:_bde gshegs kun gyi sku gsung thugs yon tan:_phrin las rnam 'phrul sa gsum khyab par snang:_las dang ye shes dngos grub thogs med stsol:_mkha' 'gro 'dus pa'i dkyil 'khor lha la bstod:_gzungs thag blangs la/_rang gi thugs ka nas sngags kyi 'od zer gzungs thag la 'khril te lha rnams la phog pas bde ba chen po'i rjes chags bskul/_byang chub sems kyi bdud rtsi ye shes kyi bcud du 'khyil bar gyur/_ces mos la gtso 'khor rnams kyi snying po ji ltar 'os pa bzla/_mthar/_lha rnams bde ba chen po'i ngo bor 'od du zhu nas thod pa'i bdud rtsi dang dbyer med par gyur/_nyin gnyis par sgrub mchod dngos gzhi la/_mkhyen brtse rin po che'i gsung gsar rnying gi chos spyod spyi 'gro/_dal 'byor 'di ni shin tu rnyed par dka'/_/sogs chos bskul sngon du 'gro bas/_skyabs 'gro rgyas bsdus/_sems bskyed/_tshad med bzhi/_sa gzhi/_mchod pa byin rlabs bcas rgyal ba sras bcas spyan 'dren/_sku khrus phyi zhing gos 'bul bzhugs gsol bcas byas mthar/_tshig bdun/_bla ma sku gsum skabs 'dir sbyar zhing gsol 'debs le'u bdun tshang ba smin lugs ltar thun mtshams rnams su gsungs/_snga 'gyur bstan 'dzin rgya mtsho'i gsol 'debs/_mkhyen brtse'i rnam thar gsol 'debs/_rig 'dzin rtsal 'chang yab sras kyi gsol 'debs sngon du 'gro bas/_brgyud 'debs kha skong dang bcas ba btang*/_phrin las dngos la rgyun khyer ltar/_sa phyogs dag pa'i zhing khams sogs kyis tshogs zhing gsal te/_skyabs 'gro/_'jigs rung 'khor ba sogs dang sems bskyed/_sdom bzung bcas lan gsum re bya/_'dir bsang chu sgrub pa dang dkar gtor 'bul ba bcas sta gon skabs ltar bya/_bgegs gtor/_ra~M ya~M kha~M gis sbyangs/_oM AHhU~M hoH_zhes 'bru bzhis brlab/_sarba b+hU ta A kar+Sha ya dzaHdang lcags kyu'i rgyas mgron dgug_oM sarba big+h+nAn na maHsarba ta thA ga ta b+h+yo sogs nam mkha' mdzod kyi sngags rgya lan gsum gyis bsngos la/_hU~M hU~M:_nga ni phag mo khros ma sogs las byang gzhung gi bka' bsgo/_srung 'khor/_rgyun khyer ltar/_AH_bdag gi spyi bor sogs rdor sems sgom bzlas kyi yig brgya nyer gcig sogs ci nus kyi mthar/_mgon po bdag ni mi shes rmongs sogs kyis gsol ba btab pas/_rdo rje sems dpa' dgyes bzhin 'dzum pa dang bcas te rigs kyi bu khyod kyi sdig sgrib nyes ltung thams cad dag pa yin no zhes gnang ba byin nas rdo rje sems dpa' yab yum rang nyid la thim par gyur/_oM AHhU~M:_ri rab gling bzhi sogs maN+Dal tshar gcig mthar/_phyi snod bcud kyi 'byor pa sogs ngag 'don/_bla ma'i rnal 'byor rten bskyed/_yan lag bdun pa lan gsum/_gsol 'debs lan gsum dang thod phreng rtsal gyis bzlas ba spel te bya/_phrin las gzhung gi bshags pa/_hU~M:_dgongs shig sogs mthar rdor sems yig brgya tshar gcig dril bsil/_dam bca' ba/_oM:_dus gsum bla ma sogs kyi skabs rdo rje rtse gcig rgya/_rgyun khyer ltar bla rnal dbang bzhi len pa'i gsol 'debs smin gling bde kun brgyud 'debs bde stong spros bral gdangs gsungs/_bla ma rang la bstims rjes/_phrin las kyi byin 'bebs/_rang gi snying ga nas sogs/_badz+ra sa ma ya dzaH_bsdu rgya se gol bcas/_rol mo bskul nas btang la/_rnga bskul te/_hU~M hU~M:_brdal ba chen po sogs gzhung ltar btang la brgyud gsum rol mo'i mthar/_nam mkha' gang ba'i dkyil 'khor gyi lha tshogs bdag gnas yo byad rnams la thim pas sku gsung thugs mi zad pa rgyan gyi 'khor lor byin gyis brlab par gyur/_zhes brjod/_mchod pa byin brlabs/_sman byin rlabs skabs sgron thur gyis phyar/_rak+ta byin rlabs la g.yon bskor du dkrug_/gtor ma byin rlabs skabs sman rag gi zegs mas gtor ma la bran pa rnams lan gsum re bya/_ting 'dzin rnam gsum bka' brgyad ltar dbyangs res mos dang bcas lhug 'don/_hU~M hU~M:_stong pa'i ngang las sogs nas rnga bskul/_rigs bzhi'i mkha' 'gro'i lha bskyed rjes dpa' bo dpa' mo'i sgrub thabs ldeb 'phyang sbyar/_hU~M:_snying po 'khor lo sogs rnga bskul/_hU~M:_lus ni sogs nas lhug 'don/_kA ya la rdo rje rtse lnga'i rgya dpral ba/_oM dz+nyA na d+hA ki nI wAka badz+ra AH_rtse gsum rgya mgrin pa/_oM dz+nyA na d+hA ki nI tsit+ta badz+ra hU~M:_rtse gcig rgya snying gar bzhag_hU~M:_thabs kyi sogs/_oM gung mo spyi gtsug_/hU~M mdzub mo dpral ba/_trA~M srin mdzub rna ltag g.yas/_hrIHmthe bong ltag pa/_AHa b+hi Shi ka te sa ma ya shrI ye hU~M:gis mthe'u chung rna ltag g.yon du bzhag_/rnga rol dbyangs dang bcas te spyan 'dren/_bzhugs gsol/_phyag 'tshal/_hU~M:_yan lag brgyad sogs rnga med/_rta dang bcas sngags rnams phyag rgya/_se gol/_shab+da mchod sil/_hU~M:_dbang po'i me tog mgor gsum brdung gis 'don/_shab+da la DA ru dkrol thengs gsum/_rkang gling bzhi 'bud/_sman brgyud mchod mthar dngos grub len/_bstod pa'i mthar/_oM sarba dz+nyA na d+hA ki nI maN+Dal s+pha ra Na phaT:_ces pas rang 'dra'i dkyil 'khor gnyis pa spro/_saM ha ra Na hU~M:_zhes pas mdun rten dang dbyer med du bzhugs par gyur/_zhes dzapa khang zab khrid ltar dbye/_hU~M hU~M:_mkha' 'gro rgya mtsho sogs kyis dzapa bskul bya/_DA rkang mchod sil/_dzapa bskul ni/_hU~M:_dbus kyi phyogs nas rang byung grub pa'i lha:_bcom ldan khyab bdag bde chen khros ma nag:_bzlas pa'i phrin las g.yel med mdzad nas kyang:_mchog thun dngos grub ye shes char du phob:_rtsa sngags/_badz+ra b+hA ra hi sku/_bai ro tsa na gsung*/_ha ri ni sa thugs/_hU~M:_phyogs bzhi'i gnas nas=_bcom ldan las kyi mkha' 'gro rigs bzhi'i tshogs:_bzlas pa'i phrin las=_mchog thun dngos grub=_rigs bzhi'i sngags/_ha badz+ra/_ri rat+na/_ni pad+ma/_sa karma/_rigs bzhi'i mkha' 'gro/_hU~M:_'khor lo gsum nas rang byung=_gnas yul nyer bzhi'i dpa' bo rnal 'byor ma:_bzlas pa'i phrin las=_mchog thun dngos grub=_sku gsung thugs sngags/_tsit+ta tsakra_/wAka tsakra_/kA ya tsakra_/'khor lo gsum gyi dpa' bo mkha' 'gro'i bzlas pa tshang ba dang*/_hU~M:_sgo bzhi mtshams bzhir rang byung=_phra men las byed mkha' 'gro'i tshogs rnams kun:_bzlas pa'i phrin las=_mchog thun dngos grub=_las dang dam tshig mkha' 'gro'i sngags/_oM sa karma oM shAn+tiM/_b+hU~M puSh+TiM/_hrIHwa shaM/_hU~M mA ra ya las dang dam tshig gi bsnyen pa/_las bzhi'i sham so sor sbyar/_stong tshig_/thugs dgongs gsal 'debs bzhi dril bcas btang mthar/_hU~M bzlas cung zad bya/_sta gon skabs ltar thod bum sgrub/_dkyus su mchod bstod mi dgos/_gtso 'khor gyi bsnyen bzlas tshang bar sbyar/_zur byang ltar mchod bstod nongs bshags/_DA ki'i yig brgya mthar/_bum lha 'od zhu/_phrin las gzhung gi gtor 'bul/_chos skyong spyi dang*/_bka' srung spyang zhon mched gsum gtor 'bul bcas bya/_mchod skong dbur/_hU~M:_gsang ba mchog sogs lhug_/mchod sil/_suM b+ha ni'i sngags sbyar/_tshogs zhus/_rol mo blangs te tshogs byin rlabs nas rnga 'don gyis spyan 'dren tshig bzhi re'i mtshams DA ru dkrol thengs re mdzad/_phyi nang mchod pa/_drag mchod la DA rkang*/_tshogs mchod pa'i skabs tshogs rdzas btegs/_sman rag skabs gtor ma la sman rag bran/_mar me btegs mi dgos/_bshags pa rdor sems yig brgya bcas/_tshogs bsgral ba'i skabs/_oM sa karma d+hA ki nI badz+ra kI li kI la ya sarba bi[1$0000250\[WP:5,80\]\[WP:5,205\]1$0000300\u0f7e] sha trUn mA ra ya hU~M phaT:_rang nyid las byed kyi mkha' 'gro ma karma d+hA ki nI'i skur gyur/_e yaM raM s+pha ra Na phaT:_saM ha ra Na hU~M:_zhes dmigs rten gsal ba la/_na mo/_rig 'dzin rtsa brgyud kyi dpal ldan bla ma dam pa sogs/_khyad par du bcom ldan 'das rdo rje phag mo khros ma nag mo mkha' 'gro gsang ba kun 'dus kyi lha tshogs rdo rje chos skyong ba'i bka' sdod 'khor dang bcas pa rnams kyi bka' bden pa dang*/_bden pa chen po'i mthus ma rungs pa'i sems can bsgral ba'i zhing du gyur pa thams cad mtshan ma rdzas kyi rten 'di la mchis par gyur cig_oM sa karma d+hA ki nI kI li kI la ya sarba sha trUn bi[1$0000250\[WP:5,80\]\[WP:5,205\]1$0000300\u0f7e] badz+ra ang+ku dzaH_badz+ra pa sha hU~M:_badz+ra s+pho Ta ba~M:_badz+ra gaN+De ho:_badz+ra pra we sha ya phaT:_badz+ra a be sha ya a aH_sgo bzhi'i dbye dbab kyi sngags rgya brjod cing g.yab rol sogs mthong brgyud ltar bya ba'i dgug pa tshar gcig dang*/_slob dpon gyis phur bu thogs la/_hU~M hU~M:_rdo rje khros ma dbyings nas sogs mchod skong dkyus ltar bya'o/__/bsgral rol bzhag rjes/_ma hA mA~M sa rak+ta sogs zhal stab lhug_/bskang rdzas byin rlabs lhug 'don/_nam mkha' mdzod rgya bcas sngags lan gsum mthar/_rol mo thengs gsum zil/_gsum brdung gis bskang chog btang*/_gtso mo sum brdung re re'i rtags yin/_mchan/_mkha' 'gro rigs bzhi/_thugs gsung sku'i 'khor lo gsum dur khrod brgyad kyi mkha' 'gro/_gzhan yang phyogs bcu hU~M hU~MH_bskang ngo gsol lo mchod do sogs so so'i tshig mtshams su sum brdung gis btang la DA ki'i yig brgya tshar gcig bzla/_bskang ba grangs bsags pa sogs la 'bring po byed na/_gtso mo/_rigs bzhi/_'khor lo gsum so sor lan gsum/_las dang dam tshig gi mkha' 'gro/_gzhan yang phyogs bcu bcas 'gres byang lan re sbyar bas 'thus/_gzhan yang tshogs 'bring bsdus gter gzhung rje bla ma mkhyen brtse'i zhabs dang*/_'jam mgon kong sprul rin po ches mdzad pa dang*/_tshogs 'bum bsags na rje bla ma d+harma ma ti'i gsung rnams kyang skabs thob gang 'os sbyar/_'byung lnga'i skong ba la/_res mos bya ba las mi lcogs pas/_nyin dang por rdo rje'i mkha' 'gro'i chu skong la/_oM ba~M badz+ra b+hA ra hi sogs rtsa sngags lan gcig gis bdag nyid lha'i nga rgyal bzung*/_oM sa karma d+hA ki nIs bsang chus chu skong gi bum pa la bran pa skong ba 'og ma thams cad la 'gre/_hU~M:_rang byung ye shes sogs nas lhug_/spyan 'dren/_bzhugs phyag mchod/_bstod rta sbyar/_spyi dril gyi bzlas pa cung zad sngon du 'gro bas/_hU~M:_stong gsum 'jig rten rab 'byams sogs rta sbyar mthar/_spyi dril sngags mthar/_oM ba~M badz+ra mA ma ki sogs chu skong gi sngags sbyar ba grangs bsags/_las rdor gyis chu sna rdzas ldan chu skong gi bum par phul/_grangs rdzogs pa dang*/_bdag cag dpon slob sogs 'dod gsol lan re sbyar/_'byung lnga'i mchod skong 'di dag gi 'dod gsol kun gzigs mkhyen brtse rdo rje 'chang gi gsung dngos gter ston bsod rgyal gyis phyag tho bkod pa'ang yod pas sbyar na legs zhes gsungs/_mchan/_de 'dra lan gsum sogs rjes yams nad zhi ba'i rdzas dang chu sbyar ba phul te spyi dril/_oM ba~M badz+ra mA ma ki sogs mthar/_sarba dz+wa ra pra sha sogs btags pa lan bdun tsam mthar/_lha tshogs rnams kyi gtsug tor du phul bar mos zhes brjod mthar sngags gsum dang mchod rol/_dmigs bsal yams nad zhi ba sogs dgos pa dang 'brel na sngags dang rdzas 'di grangs bsags dgos pa 'og ma kun la 'gre/_tshul des dus 'khrugs zhib/_tshe spel ba/_ye shes rgyas pa rnams sngags bdun tsam gyis phul cing mthar/_de ltar phul bas sogs nas/_mchod bstod/_nongs bshags/_lha 'od zhu rjes/_las rdor nas dkyil 'khor la khrus gsol dang bcas/_gang 'dir bcom ldan 'das sogs nas/_khrus kyi khang pa=_de bzhin gshegs pa=_ji ltar bltams pa=_'di ni khrus mchog=_rgyal ba'i sku gsung thugs=_de dag sku la=_de nas de la=_khrus chu slar bum par blugs te rdo rje mkha' 'gro'i yig brgya bzla bzhin 'dus par khrus chab bkye zhing 'thor 'thung bya/_nyin gnyis par sa skong la/_spyir sAts+tsha rigs lnga/_bye brag sAts+tsha dkar po rab brgya rtsa sogs gsungs kyang 'dus pa'i grangs mnyam nges par dgos/_sbyangs khrus sngon du 'gro bas rab gnas bsdus tsam dgos pas mchog gling zla ba'i bdud rtsi lta bus rung*/_bdag nyid lha'i nga rgyal bzung bas gtso mo'i sngags dang*/_las sngags skabs sAts+tsha la bsang chus bran pa sngar bzhin rjes/_oM AHhU~M:_stong pa'i ngang las skad cig gis sogs/_byin rlabs sngags lan gsum/_'don pa rgyas pa'i skabs mchod skong drug ka re re bzhin byin brlabs rjes spyan 'dren bzhugs phyag mchod bstod 'gres byang sbyar srol yod gsungs kyang rje bla mas de skabs chu me gnyis las gzhan la sbyar ma mdzad/_spyi dril dang sa skong sngags gnyis sbrel bsags/_las rdor nas sAts+tsha kha bsab/_'dod gsol skabs las mdog gi me tog 'thor/_lan gsum sogs phul rjes/_nyams chags sbyangs pa/_tshe bsring ba sogs las bzhi mchog dang lnga bcas rdzogs pa dang*/_lha tshogs rnams sogs mthar/_spro na mkha' 'gro'i smre bshags mthar/_mchod/_bstod/_mkha' 'gro ma yi dkyil 'khor sogs/_rdul phra rab tu gyur zhes pa'i skabs las rdor gyis 'dus pa so so'i spyi bor sAts+tsha bkod la/_DA ki'i yig brgya bzlas mthar/_de las bdud rtsi'i sogs 'don skabs sAts+tsha bsdus nas dal du bkod/_nyin gsum par me skong la/_oM ma hA badz+ra hU~M gis rdo rje snying gar gsor/_oM badz+ra gaN+De hoHsa dril bu bsil nas dkur bsten/_oM sarba ta thA ga ta ma hA a nu rA ga pU dza hoHsa rdor dril thugs kar bsnol nas 'khyud rgya bcas byin rlabs byas la me mchod ma grub bar rdor dril lag tu mi 'bral bar bzung dgos/_rtsa sngags kyis nga rgyal bzung*/_las sngags kyis mchod sreg gi rdzas rnams bsang*/_oM AHhU~M:_stong pa'i ngang las sogs kyis mchod sreg gi rdzas byin rlabs bya/_ag+ne dz+wa la raMgyis me spar/_hU~M hU~M hU~M gis rlung g.yab/_thab la bsang chus bran/_las sngags brjod/_hU~M:_skye med dbyings kyi=_lha bskyed/_spyan 'dren rjes/_dgang blugs thogs la 'og gi_hU~MH_thabs dang shes rab=_sngags lan bdun gyis byon skyems 'bul/_bzhugs gsol/_phyag_/mchod bstod/_spyi dril sngags mthar/_ma hA dz+nyA na a mr-i ta sarba pU dza hoHsa mar khu dang*/_yam shing bdun sogs phul/_hU~M:_stong gsum 'jig rten rab 'byams sogs/_spyi dril sngags mthar/_oM AHhU~M ba~M paN+Da ra ba si ma hA dz+nyA na a mr-i ta sarba pU dza hoH_rdzas spungs lan nyer gcig sogs 'bul/_yungs kar/_sman sna/_sogs las bzhi'i rdzas thams cad rdzogs pa dang*/_ting nge 'dzin/_mchod/_bstod/_ma hA dz+nyA nas mar khu gshegs skyems lan bdun 'bul/_nongs bshags/_sarba DA ki ni sogs kyis me dkyil gshegs bsdu bya'o/__/nyin bzhi par rlung skong la/_las rdor gyis phyogs bzhi dbus lnga'i spos rnams me sbarar/_bsang chus bran te rtsa sngags dang las sngags sngon du 'gro bas/_hU~M:_ye shes rang bzhin khyad par sogs byin brlabs sngags lan gsum mthar/_hU~M:_'jig rten rab 'byams sogs nas rlung g.yab kyis spos dud dkyil 'khor la btang ste spyi dril dang*/_rlung skong gi sngags sbrel ba grangs bsags/_mtshams su rnal 'byor pa sogs 'dod gsol lan gsum sogs mthar mchod sil/_las bzhi'i sngags so so brjod rim bzhin rlung g.yab kyis phyogs so so nas g.yab/_sngags thams cad rdzogs pa dang*/_de ltar dgyes mchod phul sogs mchod bstod nongs bshags rjes/_lha rnams las 'od zer sogs brjod skabs las rdor nas 'dus par spos kyis bsang bdug bya/_khyad par mar me'i skong ba ni sgrub mchod tshugs nas ma rdzogs bar nyin rtag par sbyar dgos pas/_mar me'i nang chos sman dang*/_zhun chen gtsang ma yod na bsre/_rtsa sngags dang las sngags brjod skabs mar me la bsang chus bran/_oM AHhU~M:_stong gsum dbyings sogs byin rlabs lan gsum brjod/_hU~M:_snod bcud 'jig rten sogs nas/_spyi dril sngags dang mar me'i skong sngags sprel te grangs bzung*/_mtshams su 'dod gsol spel ba lan gsum las mi nyung bar bya/_las bzhi'i sngags sham rdzogs pa dang*/_de kho na nyid ye shes kyi snang ba rgyas par bsam/_oM ba~M badz+ra b+hA ra hi'i dzapa dbyangs la/_phung po rten gyi skong ba bzhi dbyangs res mos bcas tshig mtshams so sor mchod sil/_oM badz+ra dz+nyA na sogs skabs las rdor gyis mar me lnga tshom gdong dkyil la bstan nas smin mtshams su btegs te 'dus pas mar me'i smon lam gdab/_nyin lnga bar mdos skong la/_sngon chad mdos bcas spyi 'gro bsags te sngags drug phyag drug gi byin rlabs bcas rdo rje bdud rtsi'i sngags srung gi 'khrugs skong dang*/_snying thig gi mdos skong srid pa gzhir bzhengs grangs bsags dang*/_ma mo'i 'khrugs skong sbyar srol mdzad 'dug kyang phyis su rgyal dbang mkha' khyab rdo rje'i ljags bsgrigs nyid gsung srol mdzad pas na/_rtsa sngags dang las sngags skabs mdos bsang chus bran/_byin brlabs/_mdos lhar bskyed grub rjes/_rnga rol dbyangs dang bcas te spyan 'dren bstod pa'i bar 'gres byang bzhin dang*/_mdos gzhung*/_hU~M:_nga ni rdo rje khros ma sogs nas smreng rdzogs pa dang bzhag rol bya/_mdos 'bul sngags spyi dang bye brag 'dod gsol bcas pas rim bzhin phul la mdos rdzas bsab/_mdos grangs bsags na snying thig gi mdos skong sbyar/_dbang len grub rjes mdos dkyil bsdu gshegs nyin tha ma bar mi mdzad/_nyin phyi ma rnams su mdos skong rgyas pa mi 'grub skabs sngags drug phyag drug sngon 'gros snying thig mdos bskang sbyar bar mdzad/_gang ltar yang skong ba bye brag ba rnams rdzogs pa dang*/_mkha' 'gro'i smre bshags/_hU~M:_dngos po stong nyid sogs don skong nyin rtag par sbyar dgos so/__/'das mchod tshes 20 nas sta gon mdzad skabs tshes 25 nyin 'byung lnga mdos skong khyug tsam gtang dgos pa dang*/_skabs seng gang byung zhig tu gnas lung mdzad skabs rdo rje mkha' 'gro'i chu skong btang nas bum pa dmigs bsal du bsgrub/_skong ba rigs grub pa dang*/_kho bos byas pa'i gnas lung gi cho ga lhan skyes thugs rje'i pho nya mthar chags su btang bas grub bo/__/tshogs drangs pa'i skabs bsam pa lhun grub kyi las can 'gro ba'i mgor mtshams bzhag_/las rdor gyis thabs shes kyi rdzas bsnol mar stob la/_ho:_rdo rje rnal 'byor sogs kyis drangs/_slob dpon gyis/_ho:_ye shes mkha' 'gro sogs kyis blangs la/_las can 'gro ba'i don du sogs bsam lhun mthar dbyung*/_oM swa sti sid+d+haM/_rdo rje 'chang chen rdo rje'i rig pa 'dzin sogs mkhyen brtse'i gsol 'debs gang 'os gsungs rjes/_gtsang lhag btang*/_las rdor gyis lhag zhus sngon du 'gro bas/_kha phru btab/_oM AHhU~M pany+tsa sogs kyis brlabs la/_lhag rta dang bcas lhag ma dkyil 'khor byang shar du bsags/_sgrub pa grol ba dang phyi rol du lhag ma rnams bskyal/_e ma ke ri ke ri sogs rdo rje'i glu blangs/_bskul gtor me sgron can bshams la/_mkha' 'gro kun dga' 'bum pa'i zab gter ma rgyud mkha' 'gro gsang ba lam khyer gyi bstod bskul la/_gnas yul gyi dpa' bo mkha' 'gro sogs 'jam mgon d+harma ma ti'i kha skong can sbyar/_nyin tha ma'i skabs sngar mdos skong gi rjes/_mdos dkyil dam ye dbyer med sogs btang la mdos dang bskul ba bcas phyi rol du 'bul/_gsol ka'i gtor 'bul/_rje bla ma ye shes rdo rje'i gsung chad mdo/_gzhung gi brtan ma/_rta bro/_nyin tha ma'i skabs/_mkha' 'gro ma yi dkyil 'khor sogs kyis dngos grub rdzas byin rlabs kyi dzapa bzla/_sgrub pa grol nyin/_hU~M:_yan lag brgyad dang sogs nyer spyod dang*/_bstod pa rgyas pa btang rjes/_hU~M:_rdo rje phag mo'i lha tshogs sogs kyi thod pa'i bdud rtsi dang*/_sgrub rdzas rnams dngos grub blang zhing rol/_rgyun gyis rjes rim la gtang rag mgor/_hU~M:_gnas khang dur khrod sogs las byang dbu'i mchod pa byin rlabs sngon 'gros/_dngos 'byor yid kyis sogs dang bstod pa nongs bshags bcas dkyus ltar bya/_rten bzhugs/_bsdu ldang*/_bsngo smon/_shis brjod/_mkha' 'gro gsang 'dus lam rim 'og min bgrod pa'i them skas dang*/_rgyal ba'i bstan pa sogs skabs babs kyi bsngo smon rgyas par btang bas grub pa'o/__/rdzong gsar gzim chung du 'das mchod 'di 'jam mgon rin po ches bka' gnang nas thog mar kun gzigs many+dzu'i zhabs sku gshegs pa'i phyi lo nas rje bla ma rnam gnyis kyi thugs sras nye gnas chen po nyag bla blo gros bzang pos lo bstar btsugs pa dang yab rje rig 'dzin 'gyur med tshe dbang rgya mtsho 'jam mgon rnam gnyis zhal bzhugs skabs 'tshogs gral phebs pa'i phyag bzhes tshad ldan ltar yin pa bka' las thos so/__/zhes pa'ang 'jam dbyangs bla ma'i mchog sprul 'jam dbyangs thub bstan chos kyi rgya mtsho rin po ches rin chen gter mdzod kyi smin grol gsan pa'i gtang rag tu tshul 'di'i sgrub chen myong grol bdud rtsi'i sman sgrub dang 'brel bar tshugs pa la nyer mkhor gyur pa dang*/_mdo khams sde dge rdzong gsar sgang sna mchog sprul rin po ches bka' yang yang bstsal ba bzhin 'og min bla ma'i gdan sa rdzong gsar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du kun mkhyen bla ma mkhyen brtse'i dbang po'i 'das mchod lo bstar mkha' 'gro gsang 'dus kyi sgrub mchod thengs gsum dang*/_rje bla ma'i zhabs brtan tshogs 'bum bcas gus pas sgrub pa'i skal bzang thob pa'i tshe dbu mdzad bgyis skabs bka' bslab dang phyag len skor bka' 'dri zhus pas de skabs kyi zin thun bkod pa nyid slar zhal gsal rgyas par bkod pa po sngags btsun rgan po bkra shis dpal 'byor ram pad+ma dbang chen dgyes pa rtsal gyis lho ljongs chos kyi rgyal khab kyi bye brag spa gro skyer chu'i gtsug lag khang dang 'dabs 'brel pa'i bsam gtan gyi spyil bu bkra shis dga' 'khyil du bkod pa 'dis kyang grong khyer gsum gyi yid can thams cad mkha' spyod bde ba chen po'i zhing du dbugs dbyung ba'i rgyur gyur cig/__//

Footnotes

Other Information